རྒྱ་གཞུང་གི་རྒྱབ་ཤ་དཀར་པོ་ཐེངས་ ༡༣ པའི་སྐོར། Posted on 2015-05-022015-05-02 By ཁ་བརྡ་ 24 Comments on རྒྱ་གཞུང་གི་རྒྱབ་ཤ་དཀར་པོ་ཐེངས་ ༡༣ པའི་སྐོར། གློག་བརྙན་།
ད་དབུ་མའི་ལམ་འདོན་དོན་ནི་རྒྱ་གཞུང་གིས་གནད་དོན་སེལ་ཆེད་རེད། རྒྱ་གཞུང་གིས་དང་ལེན་མ་བྱས་པར་དགག་པ་བརྒྱབ་ཙང་། དབུ་མའི་ལམ་གྱིས་ནུས་པ་ཐོན་གྱི་མེད་པ་གསལ་ཐག་ཆོད་རེད། ད་དུང་ཡིན་མདོག་མདོག་ཅིག་བཤད་ཡ་ག་རེ་ལྷག་འདུག
ང་ཚོའི་དབུ་ལམ་ཚོགས་པས་ཐོག་མར་དབུ་མའི་ལམ་གྱི་འདོད་འདུན་འདི་རྒྱ་གཞུང་ལ་བཤད་ས་རག་གི་མི་འདུག་ཟེར་ནས་ལོ་བཅུ་ཕྲག་ཙམ་ལ་བསྡད་པ་རེད། དེ་ནས་བཤད་ས་རག་ཀྱང་གོ་བརྡ་འཕྲོད་ཀྱིན་མི་འདུག་ཟེར་ནས་ལོ་བཅུ་ཕྲག་ཙམ་ལ་བསྡད་སོང་། ད་གོ་བརྡ་འཕྲོད་ཀྱང་ལན་རྒྱག་གི་མི་འདུག་ཟེར་ནས་ལོ་ཁ་ཤས་བསྡད་པ་རེད། ད་བཤད་ས་ཡང་རག་སོང་། གོ་བརྡ་ཡང་འཕྲོད་སོང་། ཚུར་ལན་ཡང་འབྱོར་སོང་། ད་ཡིན་ན་རང་མགོ་རང་གིས་བསྐོར་ནས་འདུག་པའི་དུས་ཚོད་ཅིག་མ་རེད། མདོར་ན་དབུ་མའི་ལམ་ཟེར་བ་འདི་རྩ་བ་མེད་སར་རྩེ་མོ་འབུས་པའི་ཁུངས་མེད་ལུང་མེད་ཅིག་ཡིན་པ་རྒྱ་བོད་གཉིས་ཀས་ཤེས་ཀྱིན་ཡོད་པ་རེད། བོད་རང་དབང་རང་བཙན་དགོས་ཟེར་ནས་སྡོད་དང་དགའ་ས་རེད། རྒྱ་མིས་ཀྱང་དེ་ལུགས་ཀྱི་བསམ་བློ་བཏང་ནས་ཁ་གཏད་ཅིག་གཅོག་གི་རེད། གནས་ལུགས་ཡོད་པའི་སྐད་ཆ་བཤད་ན་རྒྱབ་སྐྱོར་བྱེད་མཁན་ཡང་ཡོང་གི་རེད། བོད་མི་ལ་ཡང་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་གྲུབ་ཅིག་འཇགས་ཀྱི་རེད། འདི་འདྲའི་བར་མ་དོ་ཞིག་ལ་མི་ཚེ་བསྐྱལ་བཞག་ན་ཐབས་སྐྱོ་བོ་རེད་བསམ་གི།
ད་དངོས་གནས་ལམ་དབུ་མ་ཟེར་བ་དེ་མཚམས་བཞག་ན་དགའ་ས་རེད། ཕར་ནུས་པ་ཐོན་རྒྱུ་མེད་པའི་སྒང་ལ་ཚུར་ནང་ཁུལ་འགལ་ཟླ་ཆགས་རོགས་ལས་ཡོང་རྒྱུ་མི་འདུག
ཆོས་མིང་སྲིད་ལ་བཏགས་པའི་དབུ་མའི་ལམ་ཟེར་དེ་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་མི་མཐུན་པ། བོད་ཆེན་པོའི་རྒྱལ་ཁབ་ཀྱི་རང་སྲོག་བློས་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་ཚོའི་ཁ་ཆེམས་དང་མི་མཐུན་པ། བོད་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱ་ཆེན་མི་དམངས་ཀྱི་མངོན་འདོད་དང་མི་མཐུན་པ། བོད་ཆེན་པོའི་རྒྱལ་ཁབ་ཀྱི་མ་འོངས་མདུན་ལམ་ལ་གནོད་སྐྱོན་ཡོད་པ། བོད་མི་རིགས་རྒྱུད་ལ་རྒྱལ་ཞེན་གྱི་འདུ་ཤེས་ཉམས་བཅུག་གི་ཡོད་པ། བོད་མི་རིགས་ནང་ཁུལ་དུ་འགལ་ཟླ་བཟོ་ཡི་ཡོད་པ། བོད་མིའི་ནང་དུ་རྒྱ་དགའ་བའི་འདུ་ཤེས་བསྐྲུན་གྱི་ཡོད་པའི་དབུ་མའི་ལམ་ཟེར་བ་དེར་མུ་མཐུད་ཨུ་ཚུགས་མཐར་བསྐྱེལ་བྱེད་པ་ཡིན་ན་བོད་ཆེན་པོའི་རྒྱལ་ཁབ་ཀྱི་མདུན་ལམ་ལ་མཛུབ་མི་འཛུགས་ས་མེད་པ་ཞིག་ཆགས་ངེས་རེད་འདོད་དོ།
དབུ་མའི་ལམ་ལ་རྒྱབ་སྐྱོར་བ་རྒྱ་རིགས་མཁས་དབང་དང་རྩོམ་བྲིས་པ་གཅིག་སྟོང་ཡོད་ཟེར་བ་དེ་དག་གི་ནང་ནས་མི་བརྒྱ་ཡི་མིང་གཞུང་ཏང་ཀྲུང་དབྱང་གིས་བཏོན་ཡོད་ས་རེད། ཏང་གིས་ངོས་ནས་རྒྱ་རིགས་ལྐོག་ཟ་རུལ་སུངས་དེ་དག་ཕྱིར་རྒྱ་ནག་བརྩིས་སྤྲོད་བྱེད་རོགས་བྱོས་ཟེར་ནས་ཨ་རི་གཙོ་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རེ་སྐུལ་བྱེད་བཞིན་འདུག་ག རྒྱ་རིགས་དེ་དག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕན་ཐོགས་ཀྱི་ཕར་ཞོག་ཁོ་རང་ཚོའི་རྒྱུ་མགོ་སྲོག་མགོ་ཐོན་མིན་གྱི་ས་མཚམས་ལ་བསླེབས་འདུག་ག ཨོ་་་་ཧཧཧཧ
ཡང་རང་བཙན་ཁ་ཁྱེར་རང་དོན་ཁོག་བཅུག་མཁན་ཚོས་ནམ་མཁར་མི་ཤོང་བའི་འུར་རྒྱག་ཡོང་གི་འདུག ཁྱོད་ཚོ་ནི་རང་བཙན་གྱི་ལག་ཆ་ཕྱར་ནས་གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་ཞབས་འཐེན་མཁན་ཡིན་པ་ལས་རང་བཙན་རྩོད་མཁན་མིན་པ་ཚང་མས་ཤེས་གསལ་རེད། གལ་སྲིད་ཁྱོད་ཚོ་ཁ་ཁོག་མཚུངས་པའི་རང་བཙན་དོན་གཉེར་མཁན་ཞིག་ཡིན་པའི་དབང་དུ་བཏང་ཡང་ཁྱོད་ཚོ་ལ་རང་བཙན་ལེན་ཐུབ་པའི་གདེང་ཚོད་ཅི་ཡོད་འཆར་གཞི་ཅི་ཡོད་ནུས་པ་ཅི་ཡོད། འགྲུབ་རྒྱུ་མེད་པའི་རང་བཙན་ཟེར་བ་ཞིག་བཤད་ནས་ངན་ཁུལ་ལ་རྒོལ་མཁན་ཁྱོད་ཚོ་ནི་བོད་མི་ནང་ཁུལ་འགལ་ཟླ་བཟོ་མཁན་ངོ་མ་དེ་ཡིན་པ་ཤེས་ན་བཟང་།
ལུང་རྟོགས་འདི་སྤྱང་པོ་ཡོད། དབུ་མའི་ལམ་ནི་ལག་ལེན་ནང་ཡོང་ཡ་ལྷག་མེད་ཀྱང་། བྱིན་རླབས་ཡོད་ཤག་ཏུ་མཐོང་སྟེ། སྐུ་རྟེན་ཞིག་ངོས་འཛིན་གནང་གི་ཡིན་ལབ་ཀྱིན་པའི་སྐབས་འདིར། ཁོ་རང་འཇབ་ནས་ཕེབས་སོང་།
ལོང་རྟོགས། དུས་ཚོད་འདི་འདྲ་ལ་བསླེབས་ནའང་རང་བཙན་འགྲུབ་ཡ་མེད་རབས་དང་དབུ་མའི་ལམ་འགྲུབ་ཡོད་རབས་བཤད་ནས་ངོ་ཚ་གི་མི་འདུག་གམ། ཁྱོད་ཚོའི་དབུ་མའི་ལམ་ག་དུས་འགྲུབ་ཀིན་རེད་ཨ། ཧཧ ཁྱོད་ཚོ་དབུ་མའི་ལམ་ཁ་ལ་ཁྱེར་ནས་བཙན་བྱོལ་བོད་གཞུང་རྩ་མེད་བཟོ་མཁན་དང་། རང་བཙན་ལག་དེབ་ཤུལ་མེད་བཟོ་མཁན། བོད་ཆེན་པོའི་རྒྱལ་ཁབ་ཀྱི་རང་བཙན་འཐབ་རྩོད་རླུང་ལ་སྐུར་མཁན་ཡིན་པར་བོད་མི་ཡོངས་ཀྱིས་ཤེས་གསལ་རེད་བ། འགྲུབ་ཀྱི་མེད་པའི་དབུ་མའི་ལམ་ཟེར་བ་ཞིག་བཤད་ནས་བོད་མི་ནང་ཁུལ་དུ་ཐུག་པ་དཀྲུགས་དཀྲུགས་ཡིན་པ། སྔ་ནས་ད་ལྟའི་བར་དུ་བོད་མི་ནང་ཁུལ་དུ་འགལ་ཟླ་དང་དུམ་བུ་ཁ་བྲལ་བཏང་བསྡད་མཁན་ཁྱོད་ཚོ་ཡིན་པ། བཙན་བྱོལ་བའི་མི་ལོ་ལྔ་བཅུའི་ལོ་རྒྱུས་ལ་ཕྱིར་བལྟས་བྱས་ན་ཤེས་གསལ་རེད་བ་་་་་ཧཧ
གང་ལྟར་ད་ལྟའི་ཆར་དབུ་ལམ་ལ་གྲུབ་འབྲས་ཆེན་པོ་ཞིག་སོན་ཐུབ་མེད་ཀྱང་དེ་ནི་རྒྱ་གཞུང་གིས་ངོ་ཚ་ཁྲེལ་མེད་དང་སྡིག་པ་མིག་བཙུམ་བྱས་ནས་བྱུང་བ་ལས། དབུ་ལམ་ལ་རྒྱུ་མཚན་མེད་པའམ་དྲང་བདེན་མིན་པ་དང་ལམ་ཡང་དག་མིན་པའི་རྒྱུ་མཚན་གྱིས་མ་རེད། གནས་ཚུལ་འདི་འདྲའི་དུས་སུ་རང་བཙན་ལེན་པའི་ནུས་པ་དང་ཆ་རྐྱེན་ཅི་ཡང་མེད་བཞིན་དུ་རང་བཙན་ལམ་ལ་འགྲོ་ཁུལ་བྱས་ཀྱང་བོད་དོན་སེལ་རྒྱུའི་ལམ་ལ་འདི་ཇེ་རིང་ལ་གཏོང་བ་ཞིག་ལས་ཕན་ཐོག་མེད་པ་གསལ་པོ་རེད། དབུ་རང་གཉིས་ཀྱི་ནང་ནས་བོད་དོན་དཀའ་རྙོག་སེལ་བ་ལ་ལམ་ཐག་ཉེ་རིང་དང་རེ་བ་ཆེ་ཆུང་བྱས་ན་དབུ་ལམ་ལ་འགྲོ་ན་རེ་བ་ཆེ་བ་དང་ལམ་ཐག་ཉེ་བ་ནི་དཔྱོད་ལྡན་སུས་ལྟས་ཀྱང་ས་རིས་ཐང་གསལ་རེད། བཙན་བྱོལ་བོད་གཞུང་གི་མིང་ལ་ཡུལ་དུས་དང་བཏུན་ནས་འགྱུར་བ་ཞིག་བཏང་བ་ལས་དོན་ལ་གྲ་མ་ཉམ་གྲུ་མ་ཞིག་པར་རྡ་རམ་ས་ལར་གནས་འདུག་ལ། རང་བཙན་ལག་དེབ་ཡང་ཡང་ལྷག་བསམ་ཅན་གྱི་བོད་མི་ཚང་མས་བེད་སྤྱོད་བཏང་དང་གཏོང་བཞིན་པ་རེད།
ལོང་རྟོགས། མགོ་སྟོང་ཁྱོད་ལྟ་བུ་ཞིག་གི་ཀླད་པའི་ནང་དུ་བོད་རང་བཙན་ལེན་ཐུབ་པའི་ཐབས་ཇུས་མེད་ན་བོད་མི་རྣམ་དཔྱོད་ཅན་ཚོའི་ཀླད་པའི་ནང་དུ་མེད་པའི་མ་ཁྱབ། བོད་རང་བཙན་ལེན་ཐུབ་པའི་ཆ་རྐྱེན་དང་ཐབས་ཇུས་ཀླད་པའི་ནང་དུ་འཆར་གྱི་མེད་ན་བོད་རང་བཙན་བརྩད་ཀྱི་ཡིན་ཟེར་གི་མ་རེད་བ། ང་ཚོ་བྱིས་པ་བསམ་མེད་ནི་མིན། བརྒྱད་ཅུ་ཧན་ལོག་ནི་མིན། རྨོངས་དད་ལྕགས་ཀླད་ཅན་ནི་མིན། ཡིག་རྨོངས་ཆུ་སྣེ་ག་ཁྲིད་ཅན་ནི་མིན། ཀླད་མེད་ཁྱོད་ཚོའི་ཀླད་པའི་ནང་དུ་ཐབས་ཇུས་འཆར་ཡ་མེད་ཙམ་གྱིས་བོད་རང་བཙན་ལེན་ཐུབ་པའི་བས་ཇུས་ཡོད་མ་རེད་བསམས་ན་ལུགས་མཐུན་ག་ལ་ཡིན། ངས་ལོ་མང་སྔོན་ནས་ལབ་ཡོད། གུན་ཁྲན་ཏང་གི་མཉམ་དུ་གྲོས་མོལ་བྱེད་དང་མ་བྱེད་ཁྱབ་ཡོད་མ་རེད་ལབ་ཡོད། དོན་འབྲས་ཡོང་གི་མ་རེད་ལབ་པ་ཡིན། བདེན་པ་འདུག་གམ་མི་འདུག བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་གཏུག་མ་ཞེས་པའི་རྩོམ་ཡིག་ལ་ལྟོས་དང་། དེའི་ནང་དུ་ལོ་བཞི་ལྔའི་སྔོན་ནས་ལུང་བསྟན་བརྒྱབ་ཡོད། ་་་ཧཧ
ལམ་ཐག་རིང་ཐུང་འདྲ་ཞིག་བཤད་ཀྱི་ཡོད་པེ། དབུ་མའི་ལམ་གྱིས་བོད་ཀྱི་དཀའ་རྙོག་སེལ་ཐུབ་ཀིན་མ་རེད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་ཡིན་ནའང་དཀའ་རྙོག་མུ་མཐུད་ནས་ལྷག་ངེས་རེད། དབུ་མའི་ལམ་གྱིས་བོད་ཀྱི་དཀའ་རྙོག་སེལ་ཐུབ་ཀྱི་ལས་ལྡོག་ཏེ་དཀའ་རྙོག་ཆེ་རུ་གཏོང་གི་རེད། དབུ་མའི་ལམ་གཏན་འབེབས་བྱས་པ་ནས་བཟུང་བཙན་བྱོལ་བོད་མི་ནང་ཁུལ་དུ་དཀའ་རྙོག་མང་རུ་ཕྱིན་ཡོད་པ་དངོས་ཡོད་ཡིན་པ། གལ་སྲིད་དབུ་མའི་ལམ་གྱི་བསྒྲུབ་བྱ་གྲུབ་པའི་དབང་དུ་ཡང་བོད་ཀྱི་དཀའ་རྙོག་མུ་མཐུད་གནས་ངེས་ཡིན་པ་བརྒྱ་ཆ་བརྒྱ་རེད། ངས་རེ་བ་ལ་ཡང་ཁྱོད་ཚོའི་འདོད་པ་ལྟར་རང་སྐྱོང་ཞིག་རེག་ནས་ཁྱོད་ཚོ་ལོག་ཕྱིན་ན་བསམས་ཀྱི་ཡོད། ང་ཚོས་ཀྱང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་རྒྱ་ཆེ་རུ་དང་། གཏིང་ཟབ་རུ་བཏང་ནས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་རང་བཙན་ཆེད་དུ་མུ་མཐུད་ནས་འཐབ་རྩོད་བྱེད་འདོད་ཡོད།
རྒྱ་ནག་གི་རྒྱབ་ཤ་དཀར་པོར་དྷ་སའི་ཚོགས་པ་ཚོས་འདི་ལྟར་ལྟ་བཞིན་འདུག འདོན་སྤེལ། ༢༠༡༥/༠༤/༢༩ ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼བོད་འཕེལ་རྒྱས་ཀྱི་ལམ་བུའི་ལོ་རྒྱུས་གདམ་ག༽ཅེས་པའི་ཕྱི་ལོ་ ༢༠༡༥ ལོའི་བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ཞིག་ཕྱིར་བསྒྲགས་བྱས་ཏེ། དབུ་མའི་ལམ་ནི་རྒྱ་ནག་ཁ་བྲལ་གཏོང་བའི་སྲིད་བྱུས་ཤིག་ཡིན་ལ། ཞི་བདེ་དང་འཚེ་མེད་ཀྱི་འཕྲུལ་སྣང་ཁྲོད་བོད་རང་བཙན་དང་རྒྱལ་ཁབ་འཛུགས་པའི་རེ་ངན་བཅངས་ཡོད་སྐོར་བསྒྲགས་ཡོད་སྟབས། འདི་གའི་གསར་འགོད་པས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལ་དེའི་ཐོག་དགོངས་ཚུལ་ཅི་ཡོད་བཅར་འདྲི་ཞུས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲི་ཆོས་ལགས་ཀྱིས། རྒྱ་ནག་གཞུང་གི་ངོས་ནས་རྒྱབ་ཤ་དཀར་པོ་ཟེར་བ་བཏོན་ཏེ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བདེན་པ་མ་ཡིན་པ་ཞིག་བདེན་པར་བསྒྲུབ་པའི་ཆེད་དུ་དུས་རྟག་ཏུ་འབད་བརྩོན་བྱེད་བཞིན་པ་ལྟར། ད་ལན་ཡང་ཁོ་ཚོས་འབད་བརྩོན་དེ་འདྲ་བྱས་པ་ཞིག་མ་གཏོགས་བདེན་པ་ཁོངས་སྐྱེལ་གྱི་གནས་བབ་ཅིག་རྩ་བ་ནས་མེད་པར་ངོས་འཛིན་བྱེད་བཞིན་ཡོད། ལྷག་པར་དུ་ད་ལན་གྱི་རྒྱབ་ཤ་དཀར་པོ་ཟེར་བ་དེའི་ནང་བལྟས་པ་ཡིན་ན། གཞོན་ནུ་ལྷན་ཚོགས་དང་འབྲེལ་བའི་གནད་དོན་ཐད་ཁོ་ཚོས་དུས་རྟག་ཏུ་བཤད་ཀྱི་ཡོད་པ་དེ་རང་འཇགས་བཤད་ཡོད་པ་རེད། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་འཇིགས་སྐུལ་རིང་ལུགས་ཀྱི་སྒྲིག་འཛུགས་ཤིག་དང་། ༢༠༠༩ ལོ་ནས་བཟུང་བོད་ནང་བོད་མི་མང་པོས་སྐུ་ལུས་མེར་བསྲེགས་གནང་བ་དེ། ༧གོང་ས་མཆོག་དང་གཞོན་ནུ་ལྷན་ཚོགས་ཀྱིས་བརྒྱུད་སྐུལ་རེད་ཅེས་འཚེ་བ་སྤྱོད་ཀྱི་ཡོད་ལུགས་ཤོད་ཀྱི་ཡོད་ཀྱང་། སྐད་ཆ་དེ་ཚོ་གཞི་མེད་ཀྱི་སྐྱག་རྫུན་ཁོ་ན་མ་གཏོགས་ཁོངས་འཕེལ་གྱི་དཔང་རྟགས་ཡོད་ན་འཛམ་གླིང་ལ་སྟོན་དགོས་པ་རེད། གསར་འགྱུར་བརྒྱུད་ལམ་འདིའི་ཐོག་ནས་རྒྱ་ནག་གཞུང་ལ་ཞུ་དགོས་པ་ཞིག་ནི། དངོས་གནས་དྲང་གནས་ལྷག་བསམ་རྣམ་དག་གིས་བསམ་བློ་བཏང་བའི་ཐོག་ནས་བོད་ནང་གི་དཀའ་ངལ་སེལ་ཐབས་ཆེད་གོམ་པ་མདུན་སྤོས་བྱེད་དགོས་པ་ལས། རྫུན་གཏམ་རང་བཤད་དེ་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཐུབ་པའི་གནས་བབ་ཅིག་རྩ་བ་ཉིད་ནས་ཡོད་པ་མ་རེད་ཅེས་བརྗོད་འདོད་བྱུང་ཟེར། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས། ང་ཚོ་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་གནས་ཚུལ་དེའི་ཐད་ཚོར་ཤུགས་ཆེན་པོས་ཞུ་དགོས་པ་ཞིག་ལ། གཅིག རྒྱལ་སྤྱིའི་སྟེང་ནས་འཛམ་གླིང་ཞི་བདེའི་མཚན་གནས་འབུལ་བཞེས་གནང་ཡོད་པའི་ཀུན་གྱིས་བཀུར་འོས་༧གོང་ས་མཆོག་གི་གུ་ཡངས་དཀྱིལ་ཆེའི་མཛད་འཕྲིན་ལ་ལོག་འགྲེལ་བྱེད་རྒྱུ་མཚམས་འཇོག་དགོས། གཉིས། དབུ་མའི་ལམ་གྱི་ངོ་བོ་དངོས་འབྲེལ་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་ཆ་རྐྱེན་མ་ལུས་པ་མིང་དོན་མཚུངས་པར་ལག་བསྟར་བྱེད་དགོས་པ་དང་། བོད་རིགས་ཡོངས་རྫོགས་རང་སྐྱོང་གི་འཛིན་སྐྱོང་གཅིག་གི་འོག་ཚུད་དགོས་པ་བཅས་ནི་སྲིད་བྱུས་དེའི་སྙིང་པོ་རེད། གསུམ། རྒྱབ་ཤ་དཀར་པོའི་ནང་བཤད་པ་ལྟར་དངོས་ཡོད་བོད་ལྗོངས་ནང་ཡར་རྒྱས་བཏང་ཡོད་ན། བོད་ནང་གི་དངོས་ཡོད་གནས་ཚུལ་ལ་དཔྱད་ཞིབ་ཆེད། རྒྱལ་སྤྱི་དང་རྒྱལ་ནང་གི་གསར་འགོད་པ་བོད་ནང་འགོག་དོན་ཅི་ཡིན། བཞི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨད་མཚམས་འཇོག་བྱས་ཏེ་ཁོང་གི་འཇིག་རྟེན་ཀུན་ཁྱབ་ཀྱི་མཛད་འཕྲིན་ལ་ངོས་ལེན་བྱེད་དགོས། ཞེས་བརྗོད་བྱུང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས། རྒྱབ་ཤ་དཀར་པོ་ཟེར་བའི་དེབ་དེའི་ནང་བཀོད་པའི་དོན་ཚན་ལྔ་དེར་མདོར་བསྡུས་ན་ནང་དོན་གསར་པ་མི་འདུག རྒྱ་གཞུང་གིས་སྔར་ནས་བཤད་ཚར་བའི་སྐད་ཆ་རྙིང་པ་རྐྱང་རྐྱང་ཆགས་འདུག ཡིན་ནའང་། ཁོ་ཚོས་དེ་འདྲ་བྱེད་དགོས་པའི་དམིགས་ཡུལ་དེར་རྒྱུ་མཚན་གཉིས་མཐོང་གི་འདུག རྒྱུ་མཚན་དང་པོ་དེ་དེང་སང་རྒྱ་ནག་གཞུང་གི་དཔོན་རིགས་ནང་ཁུལ་དུ་ཆབ་སྲིད་འགྲན་རྩོད་རྣོ་ངར་ཆེན་པོ་ཡོད་པ་དང་། དེ་ལས་གལ་ཆེ་བ་ཞིག་ལ་རྒྱ་ནག་གི་མཚོ་ཐོག་གླིང་ཕྲན་དེའི་བདག་དབང་ཆེད་ཉི་ཧོང་དང་རྩོད་གླེང་མངོན་གསལ་དོད་པོ་ཆགས་ཡོད་སྟབས། འཐབ་རྩོད་དང་རྙོག་ཟིང་དེ་རིགས་སྦས་སྐོང་དང་གཞན་གྱི་དོ་སྣང་ཁ་བསྒྱུར་ཆེད་རྒྱབ་ཤ་དཀར་པོ་ཟེར་བ་དེ་བཏོན་པ་རེད། རྒྱུ་མཚན་གཞན་དེ་ནི། དོན་ཚན་ལྔ་དེ་དུས་རྒྱུན་གཞིར་བཞག་གིས་ལོ་རྒྱུས་ལ་མི་བདེན་རྫུན་སྒྲིག་བྱེད་པ་དང་། དབུ་མའི་ལམ་ནི་ཕྱེད་རང་བཙན་རེད་ཟེར་བ་སོགས་ཀྱི་སྐད་ཆ་དེ་སྔོན་མ་ནས་བཤད་བསྡད་པ་རེད། ད་ལྟ་མངོན་གསལ་དོད་པོ་བྱས་ནས་ག་རེ་བཤད་ཡོང་གི་འདུག་ཟེར་ན། འཚེ་མེད་ཞི་བ་ཟེར་བ་དེ་ལྟར་སྣང་ཙམ་རེད། དོན་དངོས་ཐོག་བོད་ནང་སྐུ་ལུས་མེར་བསྲེགས་བཏང་བ་དེ་ཚོར་༧གོང་ས་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་སྐུལ་སློང་བྱས་བ་རེད་ཟེར་གྱིན་ཡོད། དེ་ནི་དུས་རྒྱུན་ཁོ་རང་ཚོར་འགྲོ་བ་མིའི་ཐོབ་ཐང་ཐོག་ནས་གནོན་ཤུགས་ཡོང་གི་ཡོད་སྟབས། ནག་ཉེས་དེར་གཡོལ་ཆེད་བོད་མིའི་སྒྲིག་འཛུགས་ཉེས་འགེལ་གྱི་དམིགས་ཡུལ་བཟུང་ཡོད་པ་རེད། ཅེས་བརྗོད་བྱུང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། རྒྱ་གཞུང་གིས་བོད་སྐོར་གྱི་རྒྱབ་ཤ་དཀར་པོ་ཟེར་བ་དེ་དུས་རྒྱུན་ནས་འདོན་བཞིན་ཡོད་ལ། དེར་ཆ་འཇོག་གང་ཡང་མེད་པ་འཛམ་བུ་གླིང་གི་མི་ཚང་མས་ཧ་གོ་བསྡད་ཡོད་པ་རེད། ༧གོང་ས་མཆོག་གིས་སྣེ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཁ་ཞེ་གཉིས་མེད་ཀྱིས་དབུ་མའི་ལམ་གྱི་ཐོག་ནས་རྒྱ་གཞུང་ལ་འབྲེལ་བ་གནང་བཞིན་ཡོད་པ་རྒྱ་གཞུང་གིས་མ་ཤེས་པ་མ་རེད། ཤེས་བཞིན་དུ་རང་བཙན་གྱི་སྐད་ཆ་ཞིག་གི་ཐོག་ཁ་བསྒྱུར་ཏེ་བོད་ཀྱི་འཐབ་རྩོད་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད། དེ་སྔོན་སྐབས་ཤིག་ལ་རང་བཙན་གྱི་སྐད་ཆ་མ་བཤད་པ་ཡིན་ན། སྐད་ཆ་གཞན་ག་རེ་ཡིན་ནའང་བཤད་ཆོག་ཅེས་པའི་སྐད་ཆ་བྱུང་སྟེ་བོད་རྒྱ་འབྲེལ་མོལ་མགོ་བཙུགས་པ་རེད། ད་ལྟའི་ཆར་དབུ་མའི་ལམ་གྱི་སྐད་ཆ་མ་བཤད་པ་ཡིན་ན། རེ་བ་ཡོད་པའི་རྣམ་པ་སྟོན་བཞིན་པ་དེ་ང་ཚོ་བོད་པའི་འཐབ་རྩོད་ཀྱི་ནུས་པ་ཆུང་དུ་གཏོང་ཐབས་དང་། ནང་ཁུལ་འཁྲུག་ཏུ་འཇུག་པའི་ཐབས་ཇུས་ངན་པ་ཞིག་རེད་བསམ་གྱི་འདུག དེར་བརྟེན་ང་ཚོའི་ངོས་ནས་སོ་སོའི་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་གྲོས་མོལ་བྱེད་སྐབས། སོ་སོའི་ལངས་ཕྱོགས་དང་དགོས་འདུན་བརྟན་ཞིང་ཤུགས་ཆེན་པོ་བཟུང་བ་ཡིན་ན། ཕར་ཕྱོགས་ཀྱི་ངོས་ནས་དེ་ནང་བཞིན་གྱི་འབབ་ས་ཡག་པོ་ཞིག་ཏུ་དབབ་ཐུབ་པའི་རེ་བ་ཞིག་མཐོང་གི་འདུག བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། རྒྱབ་ཤ་དཀར་པོ་ཟེར་བ་དེའི་ནང་ནང་དོན་ཁག་ ༥ ལས་རིམ་འདྲ་བོ་བྱས་ནས་མར་ཕབ་འདུག་ཀྱང་། ང་ཚོའི་ངོས་ནས་དབུ་མའི་ལམ་དང་འབྲེལ་བའི་དོན་ཚན་དེ་གལ་ཆེ་ཤོས་སུ་མཐོང་གི་འདུག རྒྱ་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཁ་བྲལ་གྱི་ཐབས་ལམ་རེད་ཟེར་བ་དེ་ཁོ་རང་ཚོའི་བསམ་ཚུལ་ཙམ་རེད་མ་གཏོགས། ༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་དང་ཁ་བྲལ་ཆེད་དབུ་མའི་ལམ་བེད་སྤྱོད་གནང་བ་ཞིག་རྩ་བ་ནས་མིན་པ་དེ་གསལ་བོ་ཞེ་དྲགས་རེད། གང་ཡིན་ཟེར་ན། བོད་མི་དང་རྒྱ་མི་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་གཞིར་བཞག་ནས་དབུ་མའི་ལམ་གཏན་ འབེབས་གནང་བ་ཡིན་ལ། ཕྱོགས་གཉིས་ཀ་གཞིར་བཞག་པའི་ལམ་དེ་སུ་གཅིག་གིས་ཁ་བྲལ་ཐབས་རེད་ཅེས་བཤད་ཐུབ་པ་མ་རེད། འཛམ་གླིང་གི་རྒྱལ་ཁབ་མང་པོས་༧གོང་ས་མཆོག་གི་དགོངས་གཞི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ཡག་པོ་འདུག སྲིད་བྱུས་དེའི་ཐོག་སྐད་ཆ་བཤད་པའི་གཞི་རྩ་འདུག་ཅེས་རྒྱབ་སྐྱོར་གནང་གིན་ཡོད། ཅེས་བརྗོད་བྱུང་། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས། རྒྱ་ནག་གཞུང་གིས་དབུ་མའི་ལམ་དེ་རྫུན་མ་རེད་ཟེར་གྱི་ཡོད་པ་དང་། རྫུན་མ་ཡིན་ན་ཁོ་ཚོས་ཁོངས་སྐྱེལ་བྱེད་དགོས་པ་རེད། ང་ཚོས་དབུ་མའི་ལམ་རྫུན་མ་མིན་པ་འཛམ་གླིང་ཐོག་ཕྱི་གསལ་ནང་གསལ་བཟོས་ཏེ། བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ནའང་། རང་བཙན་རྩོད་ཀྱི་མེད་པར་རྒྱ་མི་རིགས་དང་མཉམ་དུ་སྡོད་ཀྱི་ཡིན་གསུང་གི་ཡོད་པ་དང་། རྒྱ་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་གྱི་ཡོད་དུས། རྒྱལ་ཁབ་ཅིག་གི་ནང་ཡོད་པའི་འཛམ་བུ་གླིང་གི་ཐོག་ཞབས་ཞུ་ཞུ་ཐུབ་པའི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་དེ་ཁོ་ཚོའི་ལས་འགན་རེད་ལ། ང་ཚོའི་ལས་འགན་ཡང་རེད། ང་ཚོས་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་བོད་རིགས་ཡོངས་རྫོགས་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་དགོས་ཟེར་གྱི་ཡོད་ལ། ༡༩༥༡ ལོར་བཞག་པའི་ཆིངས་ཡིག་དོན་ཚན་ ༡༧ ནང་ཁོ་ཚོས་དེ་ལ་ཁས་ལེན་བྱས་ཟིན་པ་རེད། ང་ཚོས་རྒྱ་ནག་ལས་ལོགས་སུ་ཐོན་རྒྱུ་ཡིན་ཟེར་གྱི་མེད་པ་རྒྱ་ནག་གཞུང་གིས་གསལ་བོར་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་། བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་བཅས་རྩ་མེད་བཟོས་ནས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་བའི་འཆར་གཞི་ཞིག་གི་ཐོག་ནས་བདེན་པ་ལ་བདེན་པ་མིན་པའི་འཁྱོག་བཤད་བྱས་ཏེ། རྒྱབ་ཤ་དཀར་པོ་ཟེར་བའི་དེབ་སོགས་རབ་དང་རིམ་པ་བཏོན་ཏེ་འཛམ་གླིང་ཐོག་མགོ་སྐོར་གཏོང་གི་ཡོད་ཀྱང་མཐའ་འཁྱོལ་ངེས་མ་རེད། དེར་བརྟེན་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བའི་སྲིད་བྱུས་མི་འཛིན་པར་དངོས་གནས་དྲང་གནས་ཀྱི་ཆིག་སྒྲིལ་གྱི་དགོངས་པ་ཞིག་བཞེས་རོགས་གནང་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་བྱུང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས། དེབ་དེའི་ཐོག་ནས་ངས་གཙོ་བོ་གནས་ཚུལ་གསུམ་མཐོང་གི་འདུག དང་པོ་༧གོང་ས་མཆོག་གིས་ཞི་བདེ་དང་དབུ་མའི་ལམ་གསུངས་པ་མ་གཏོགས་དོན་དངོས་ཐོག་བོད་རང་བཙན་རྩོད་ཀྱི་ཡོད་པ་རེད་ཟེར་བ་དང་། གཉིས་པ་རྒྱ་གཞུང་གིས་ཁ་ནས་རང་བཙན་རྩོད་ཀྱི་འདུག་ལབ་པ་མ་གཏོགས། དོན་དངོས་ཐོག་༧གོང་ས་མཆོག་གི་དམངས་གཙོའི་འཆར་སྣང་གིས་རྒྱ་ནག་མི་མང་གི་སེམས་བཀུག་འགྲོ་ཡི་རེད་བསམ་ནས་ཞེད་ཀྱི་ཡོད་པའི་ཚོར་སྣང་བྱུང་། གསུམ་པ་དེང་སང་བོད་ནང་རྒྱལ་ཞེན་གྱི་ངར་ཤུགས་ཆེན་པོ་ཞིག་སླེབ་ཀྱི་ཡོད་པ་དེར་སེམས་ཁྲལ་དང་ཞེད་སྣང་སྐྱེ་བཞིན་ཡོད་པ་རེད། ནམ་རྒྱུན་རྒྱབ་ཤ་དཀར་པོ་ཟེར་བ་དེ་བཏོན་ནས་རྒྱ་གཞུང་གིས་འུར་ག་རེ་རྒྱག་གི་ཡོད་པ་རེད་ཟེར་ན། བོད་གསར་པ་ཞེས་བོད་ལ་བཅིངས་གྲོལ་བཏང་ནས་དཔལ་འབྱོར་ཡར་རྒྱས་ཕྱིན་སྐོར་ངོམ་གྱི་ཡོད་པ་རེད། ཡིན་ནའང་། དེ་འུར་རང་མ་གཏོགས་དོན་དངོས་དང་གཏན་ནས་མཐུན་གྱི་ཡོད་པ་མ་རེད། ང་ཚོས་ད་ལོའི་ལོ་འཁོར་སྙན་ཐོའི་ནང་ཤེས་ཡོན་དང་སྨན་བཅོས་མཐུན་རྐྱེན་སོགས་ཀྱི་ཐོག་ནས་བོད་དེ་རྒྱ་ནག་རྒྱལ་ཡོངས་ནང་གི་སྐྱོ་ཤོས་དེ་ཆགས་ཡོད་པའི་བསྡོམས་བརྒྱབ་ཡོད། དེ་ང་ཚོའི་བསྡོམས་བརྒྱབ་པ་གཅིག་པུ་མ་རེད། འཛམ་གླིང་གི་དཔལ་འབྱོར་རིག་པའི་ཆེད་མཁས་པ་མང་པོས་དེ་ལྟར་བསྡོམས་བརྒྱབ་ཡོད་སྟབས། རྒྱ་གཞུང་གིས་རྒྱབ་ཤ་དཀར་པོ་ཟེར་བ་སོགས་ཀྱི་ནང་འུར་སྒྲོག་བྱས་པ་དང་རྦད་དེ་རྒྱབ་འགལ་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་བྱུང་། གསར་འགོད་པ། པདྨ་མཚོ།
རྒྱ་ནག་གི་རྒྱབ་ཤ་དཀར་པོར་དྷ་སའི་ཚོགས་པ་ཚོས་འདི་ལྟར་ལྟ་བཞིན་འདུག འདོན་སྤེལ། ༢༠༡༥/༠༤/༢༩ http://www.tibettimes.net/news.php?showfooter=1&id=9989
ཅོ་རི་འུར་མ་རྒྱག བོད་རང་བཙན་ཟེར་ནས་འུར་བསྒྲོགས་བྱེད་མཁན་མང་པོ་ཞིག་དབུ་ལམ་གྱིས་བོད་དོན་སེལ་སོང་ན་བོད་ལ་ལོག་རྒྱུའི་གྲ་སྒྲིག་ཡོད་ཡོད་པ་རེེ། དེའི་དུས་སུ་བོད་ནང་ལ་ལོག་མི་ཐུབ་མཁན་ནི་ཁྱོད་དང་ཁྱོད་ལྟ་བུའི་རྒྱ་མིན་བོད་མིན་དག་རེད། བོད་རང་བཙན་ལེན་པའི་འཆར་གཞི་དང་གྲ་སྒྲིག་གནད་ལ་ཁེལ་ཞིང་དོན་ལ་སྨིན་པ་ཞིག་སྟོན་རྒྱུ་ཡོད་མཁན་ད་བར་དུ་སུ་ཡང་བྱུང་མ་སོང་། ཁྱོད་ཅོ་རིའི་སྨྱོ་བཤད་དེ་དག་རང་བཙན་ལེན་རྒྱུའི་ཐབས་ཇུས་ཡིན་ཟེར་ན་བསམ་ཡོད་སུ་ཡིན་ཡང་གད་མོ་ཤོར་སྐྱེད་ལས་ཅི་ཡང་མེད། དབུ་མའི་ལམ་གྱིས་བོད་དོན་སེལ་ཐུབས་ན་དཀའ་རྙོག་གཏན་ནས་མེད་པ་ཞིག་ཡོང་རྒྱུའི་རེ་བ་བྱེད་མཁན་སུ་ཡང་མེད། འོན་ཀྱང་ཐོབ་རྒྱུ་མེད་པའི་བོད་རང་བཙན་ཟེར་བ་ཞིག་བཤད་ནས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་འགྲོ་བཅུག་པ་ལས་ལྷག་ཙམ་ཞིག་ཡོང་ངེས་པ་རེད་ལ། བོད་ཀྱི་ངོ་བོ་མ་བརླག་ན་བོད་རང་བཙན་ལེན་པའི་དུས་ཚོད་ཡོད་ཡོད་པ་རེད།
ལོང་རྟོགས་་་ང་ཅོ་རི་རྒྱ་མིན་བོད་མིན་ཡིན་པའི་ཁུངས་སྐྱེལ་ཞིག་དང་སྨྱོན་པ་ཡིན་པའི་རྒྱུ་མཚན་ཞིག་བཤད་ཀྱི་ཡོད་དམ། ཁྱོད་ཀྱིས་རང་ཚིག་སྔ་ཕྱི་འགལ་བའི་སྐད་ཆ་བཤད་ཀྱི་ཡོད་པེ། འཐོབ་ཀྱི་མེད་པའི་བོད་རང་བཙན་ཟེར་ནས་གཅིག་བཤད། དེ་ནས་བོད་རང་བཙན་ལེན་པའི་དུས་ཚོད་ཡོད་ཡོད་པ་རེད་ཟེར་ནས་གཅིག་བཤད། གང་ལ་ཆ་འཇོག་དགོས་སམ། བོད་རང་བཙན་འཐོབ་ཀྱི་མེད་པར་བདེན་ན་བོད་རང་བཙན་ལེན་པའི་དུས་ཚོད་ཡོད་ཡོད་པ་ཇི་ལྟར་ཆགས་སོང་བ་རེད་དམ། ལོང་རྟོགས་ཁྱོད་ཀྱི་སྐད་ཆ་དེ་ནི་འུག་པའི་སྐད་ཆ་འདྲ་ཞིག་འདུག ་་་ཧཧཧ དང་པོར་་་ཆོས་ཞུས་ཞུས་ཀྱིས་མགོ་ལེབ་ལེབ་ཆགས་སོང་བ་རེད་ཅེས་བཤད། དེ་ནས་ཆོས་སྒྲ་རྣ་བས་མ་གོ་ནས་རྣ་བའི་ནང་དུ་སྤུ་སྐྱེས་པ་རེད་ཅེས་བཤད་སྟངས་འདི་དང་ཁྱོད་ཀྱི་སྐད་ཆ་གཅིག་པ་རེད། ཁྱོད་ཚོ་དབུ་མའི་ལམ་དུ་ཤར་སྐྱོད་བྱེད་མཁན་ཡིན་ཟེར་མཁན་ཚོས་སྐད་ཆ་འདི་འདྲ་བཤད་བཤད་ཀྱིས་རྒྱ་གུན་ཁྲན་དོགས་པ་ཟ་སོང་བ་རེད། བྱས་ཙང་ཁ་བྲལ་དོར་མི་འདུག་ཟེར་གི་ཡོད་རེད། ཆབ་སྲིད་མ་ཤེས་ན་འུར་རྒྱབ་མ་འོང་ཨ། ཁ་བཙུམ་ནས་སྡོད་དང་ཁེ་ཕན་ཆེ་ཡི་རེད།
ཁ་བརྡ་ནང་རང་བཙན་གྱི་ཁ་དམག་རྒྱབ་ནས་འཕན་ཐོག་གང་ཡང་མེད་མིང་དོན་མཚུངས་པའི་རང་བཙན་བརྩོད་ཀྱི་ཡོད་ན་མདུན་དུ་དོན་དགོས་ འཇོན་རྒྱུ་མེད་བྱེད་རྒྱུ་མེད་ སྤྱི་ཚོགས་དཀྲུག་ཤིང་དང་ཟང་ཟིང་བཟོ་མཁན་མི་ངན་དགའ་ཞིག་ཡོད་ད་ ད་ཞག་ན་དགའ་་་
ག་པ་འཐོན་ཤོག་ཟེར་ན་རྒྱལ་བཙོང་བ་ཚོའི་མདུན་འཐོན་འཐོན་ཡོད། མི་ངན་ཁྱོད་ཚོས་བརྙས་ཇུས་ལ་ཚོད་ཤིག་ཡོད་ན་དགའ་གི་རེད། ཁྱོད་སྲོག་དེ་ལྕགས་སྲོག་་་་ང་ཚོའི་སྲོག་འདི་མར་སྲོག་མ་རེད་བ།
ག་པ་འཐོན་ཤོག་ཟེར་ན་རྒྱལ་བཙོང་བ་ཚོའི་མདུན་འཐོན་ཆོག་ཆོག་ཡིན། མི་ངན་ཁྱོད་ཚོའི་བརྙས་ཇུས་ལ་ཚོད་ཤིག་ཡོད་ན་དགའ་གི་རེད། ཁྱོད་ཚོའི་སྲོག་དེ་ལྕགས་སྲོག་་་་ང་ཚོའི་སྲོག་འདི་མར་སྲོག་མ་རེད་བ།
གོང་ས་མཆོག་དང་དབུ་མའི་ལམ་བཙན་བྱོལ་སྒྲིག་འཛུགས་གཞིས་ལུས་བོད་མིའི་ཆེད་དུ་ངའི་སྲོག་འདི་ལྕག་ལས་ངར་བ་་ཡོད་མི་ངན་ངོ་ཚ་མེད་པ་རྒྱུ་འབྲས་ལ་བརྩི་འཇོག་མེད་པ་ཁྱོད་འཚོ་ལ་ཀྲག་ལེ་མ་རེད་ཨ་རོག
བྱས་ན་ངོ་སྤྲོད་ཤིག་བྱོས་དང་། གོ་སྐབས་ཡོད་མེད་དེ་ནས་བལྟ་ཆོག་གི་རེད། ཏ་ལའི་བླ་མ་དང་གཞི་ལུས་མི་དམངས་ཁ་ལ་ཁྱེར་མ་འོང་རྒྱལ་བཙོང་བ། མི་ངན་ཁྱོད་ཚོ་ལ་རྒྱུས་ཡོད།
༡༽འདྲེ་ཤར་སྒོར་གནས་པ་ལ། གླུད་ནུབ་ཏུ་བཏང་བ་དོན་ཆུང་ཡིན། ༢༽མི་ཉན་པ་ལ་ཁ་ཏ་བྱེད་པ་དེ། ། གྱོང་པོའི་ཤིང་ལ་མདུད་པ་བརྒྱབ་པ་འདྲ། །༣༽གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་ཅི་ཞིག་ཡོད། ། འདིར་བཤད་འདོད་པ་ནི། འགན་ཁུར་མེད་པའི་དྲྭ་ལམ་ཞིག་ཏུ་འགན་ཁུར་མེད་པའི་མྱི་ལྡོམ་ལ་ལས་དོན་སྙིང་མེད་པའི་བྱ་རོག་ལ་སོ་ཡོད་མེད་ཀྱི་རྩོད་པ་ལྟ་བུ་མང་དུ་བྱོས་དང་། སྐབས་འགར་ཉོབ་ནས་ཡོད་དུས་འཁྲུག་ཏུ་འགྲོ་བར་ཕན་ཐོགས་འདུག རྣམ་པ་ཚོ་མུ་མཐུད་ཡིན་ད།
བོད་མི་ཡོངས་ལ་འགན་ཁུར་ཡོད་ཟེར་ནས་བཤད་བསྡད་པ་དེ་རྫུན་རེད་པེ། འགན་ཁུར་མི་དགོས་མཁན་བོད་མི་ཞིག་སུ་ཡོད་རེད་ཨ། མི་རེའི་ཕྲག་པའི་སྟེང་དུ་འགན་ཁུར་རེ་ཡོད་ཟེར་ནས་ག་ཚོད་བཤད་མེད་དམ། སྔ་ནས་ད་ལྟའི་བར་དུ་བོད་དོན་ཚེ་སྲོག་གིས་འགན་ཁུར་ནས་ཡོང་མཁན་རྒྱལ་བཙོང་བ་ཚོ་མ་རེད་ད། བོད་མི་དཀྱུས་མ་བ་ཚོ་རེད། ཧ་གོ་་་་རྒྱུས་ཡོད། ལྐོག་ཟན་འདི་ཚོ།
བོད་མི་ཚང་མར་འགན་ཁུར་རེ་ཡོད་འགན་ཁུར་དེ་་ཁ་བརྡ་ནང་ཁ་དམག་རྒྱབ་ནས་འཕན་ཐོག་གང་ཡོད་དམ ཁྱོད་ཚོའི་འགན་ཁུར་དེ་ཁ་བརྡ་དྲ་རྒྱ་རེད་པས་ཁྱོད་ཚོར་བཤད་རྒྱུ་ཡོད་ངོ་ཚ་
ད་དབུ་མའི་ལམ་འདོན་དོན་ནི་རྒྱ་གཞུང་གིས་གནད་དོན་སེལ་ཆེད་རེད། རྒྱ་གཞུང་གིས་དང་ལེན་མ་བྱས་པར་དགག་པ་བརྒྱབ་ཙང་། དབུ་མའི་ལམ་གྱིས་ནུས་པ་ཐོན་གྱི་མེད་པ་གསལ་ཐག་ཆོད་རེད། ད་དུང་ཡིན་མདོག་མདོག་ཅིག་བཤད་ཡ་ག་རེ་ལྷག་འདུག
ང་ཚོའི་དབུ་ལམ་ཚོགས་པས་ཐོག་མར་དབུ་མའི་ལམ་གྱི་འདོད་འདུན་འདི་རྒྱ་གཞུང་ལ་བཤད་ས་རག་གི་མི་འདུག་ཟེར་ནས་ལོ་བཅུ་ཕྲག་ཙམ་ལ་བསྡད་པ་རེད། དེ་ནས་བཤད་ས་རག་ཀྱང་གོ་བརྡ་འཕྲོད་ཀྱིན་མི་འདུག་ཟེར་ནས་ལོ་བཅུ་ཕྲག་ཙམ་ལ་བསྡད་སོང་། ད་གོ་བརྡ་འཕྲོད་ཀྱང་ལན་རྒྱག་གི་མི་འདུག་ཟེར་ནས་ལོ་ཁ་ཤས་བསྡད་པ་རེད། ད་བཤད་ས་ཡང་རག་སོང་། གོ་བརྡ་ཡང་འཕྲོད་སོང་། ཚུར་ལན་ཡང་འབྱོར་སོང་། ད་ཡིན་ན་རང་མགོ་རང་གིས་བསྐོར་ནས་འདུག་པའི་དུས་ཚོད་ཅིག་མ་རེད། མདོར་ན་དབུ་མའི་ལམ་ཟེར་བ་འདི་རྩ་བ་མེད་སར་རྩེ་མོ་འབུས་པའི་ཁུངས་མེད་ལུང་མེད་ཅིག་ཡིན་པ་རྒྱ་བོད་གཉིས་ཀས་ཤེས་ཀྱིན་ཡོད་པ་རེད། བོད་རང་དབང་རང་བཙན་དགོས་ཟེར་ནས་སྡོད་དང་དགའ་ས་རེད། རྒྱ་མིས་ཀྱང་དེ་ལུགས་ཀྱི་བསམ་བློ་བཏང་ནས་ཁ་གཏད་ཅིག་གཅོག་གི་རེད། གནས་ལུགས་ཡོད་པའི་སྐད་ཆ་བཤད་ན་རྒྱབ་སྐྱོར་བྱེད་མཁན་ཡང་ཡོང་གི་རེད། བོད་མི་ལ་ཡང་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་གྲུབ་ཅིག་འཇགས་ཀྱི་རེད། འདི་འདྲའི་བར་མ་དོ་ཞིག་ལ་མི་ཚེ་བསྐྱལ་བཞག་ན་ཐབས་སྐྱོ་བོ་རེད་བསམ་གི།
ད་དངོས་གནས་ལམ་དབུ་མ་ཟེར་བ་དེ་མཚམས་བཞག་ན་དགའ་ས་རེད། ཕར་ནུས་པ་ཐོན་རྒྱུ་མེད་པའི་སྒང་ལ་ཚུར་ནང་ཁུལ་འགལ་ཟླ་ཆགས་རོགས་ལས་ཡོང་རྒྱུ་མི་འདུག
ཆོས་མིང་སྲིད་ལ་བཏགས་པའི་དབུ་མའི་ལམ་ཟེར་དེ་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་མི་མཐུན་པ། བོད་ཆེན་པོའི་རྒྱལ་ཁབ་ཀྱི་རང་སྲོག་བློས་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་ཚོའི་ཁ་ཆེམས་དང་མི་མཐུན་པ། བོད་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱ་ཆེན་མི་དམངས་ཀྱི་མངོན་འདོད་དང་མི་མཐུན་པ། བོད་ཆེན་པོའི་རྒྱལ་ཁབ་ཀྱི་མ་འོངས་མདུན་ལམ་ལ་གནོད་སྐྱོན་ཡོད་པ། བོད་མི་རིགས་རྒྱུད་ལ་རྒྱལ་ཞེན་གྱི་འདུ་ཤེས་ཉམས་བཅུག་གི་ཡོད་པ། བོད་མི་རིགས་ནང་ཁུལ་དུ་འགལ་ཟླ་བཟོ་ཡི་ཡོད་པ། བོད་མིའི་ནང་དུ་རྒྱ་དགའ་བའི་འདུ་ཤེས་བསྐྲུན་གྱི་ཡོད་པའི་དབུ་མའི་ལམ་ཟེར་བ་དེར་མུ་མཐུད་ཨུ་ཚུགས་མཐར་བསྐྱེལ་བྱེད་པ་ཡིན་ན་བོད་ཆེན་པོའི་རྒྱལ་ཁབ་ཀྱི་མདུན་ལམ་ལ་མཛུབ་མི་འཛུགས་ས་མེད་པ་ཞིག་ཆགས་ངེས་རེད་འདོད་དོ།
དབུ་མའི་ལམ་ལ་རྒྱབ་སྐྱོར་བ་རྒྱ་རིགས་མཁས་དབང་དང་རྩོམ་བྲིས་པ་གཅིག་སྟོང་ཡོད་ཟེར་བ་དེ་དག་གི་ནང་ནས་མི་བརྒྱ་ཡི་མིང་གཞུང་ཏང་ཀྲུང་དབྱང་གིས་བཏོན་ཡོད་ས་རེད། ཏང་གིས་ངོས་ནས་རྒྱ་རིགས་ལྐོག་ཟ་རུལ་སུངས་དེ་དག་ཕྱིར་རྒྱ་ནག་བརྩིས་སྤྲོད་བྱེད་རོགས་བྱོས་ཟེར་ནས་ཨ་རི་གཙོ་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རེ་སྐུལ་བྱེད་བཞིན་འདུག་ག རྒྱ་རིགས་དེ་དག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕན་ཐོགས་ཀྱི་ཕར་ཞོག་ཁོ་རང་ཚོའི་རྒྱུ་མགོ་སྲོག་མགོ་ཐོན་མིན་གྱི་ས་མཚམས་ལ་བསླེབས་འདུག་ག ཨོ་་་་ཧཧཧཧ
ཡང་རང་བཙན་ཁ་ཁྱེར་རང་དོན་ཁོག་བཅུག་མཁན་ཚོས་ནམ་མཁར་མི་ཤོང་བའི་འུར་རྒྱག་ཡོང་གི་འདུག ཁྱོད་ཚོ་ནི་རང་བཙན་གྱི་ལག་ཆ་ཕྱར་ནས་གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་ཞབས་འཐེན་མཁན་ཡིན་པ་ལས་རང་བཙན་རྩོད་མཁན་མིན་པ་ཚང་མས་ཤེས་གསལ་རེད། གལ་སྲིད་ཁྱོད་ཚོ་ཁ་ཁོག་མཚུངས་པའི་རང་བཙན་དོན་གཉེར་མཁན་ཞིག་ཡིན་པའི་དབང་དུ་བཏང་ཡང་ཁྱོད་ཚོ་ལ་རང་བཙན་ལེན་ཐུབ་པའི་གདེང་ཚོད་ཅི་ཡོད་འཆར་གཞི་ཅི་ཡོད་ནུས་པ་ཅི་ཡོད། འགྲུབ་རྒྱུ་མེད་པའི་རང་བཙན་ཟེར་བ་ཞིག་བཤད་ནས་ངན་ཁུལ་ལ་རྒོལ་མཁན་ཁྱོད་ཚོ་ནི་བོད་མི་ནང་ཁུལ་འགལ་ཟླ་བཟོ་མཁན་ངོ་མ་དེ་ཡིན་པ་ཤེས་ན་བཟང་།
ལུང་རྟོགས་འདི་སྤྱང་པོ་ཡོད། དབུ་མའི་ལམ་ནི་ལག་ལེན་ནང་ཡོང་ཡ་ལྷག་མེད་ཀྱང་། བྱིན་རླབས་ཡོད་ཤག་ཏུ་མཐོང་སྟེ། སྐུ་རྟེན་ཞིག་ངོས་འཛིན་གནང་གི་ཡིན་ལབ་ཀྱིན་པའི་སྐབས་འདིར། ཁོ་རང་འཇབ་ནས་ཕེབས་སོང་།
ལོང་རྟོགས། དུས་ཚོད་འདི་འདྲ་ལ་བསླེབས་ནའང་རང་བཙན་འགྲུབ་ཡ་མེད་རབས་དང་དབུ་མའི་ལམ་འགྲུབ་ཡོད་རབས་བཤད་ནས་ངོ་ཚ་གི་མི་འདུག་གམ། ཁྱོད་ཚོའི་དབུ་མའི་ལམ་ག་དུས་འགྲུབ་ཀིན་རེད་ཨ། ཧཧ ཁྱོད་ཚོ་དབུ་མའི་ལམ་ཁ་ལ་ཁྱེར་ནས་བཙན་བྱོལ་བོད་གཞུང་རྩ་མེད་བཟོ་མཁན་དང་། རང་བཙན་ལག་དེབ་ཤུལ་མེད་བཟོ་མཁན། བོད་ཆེན་པོའི་རྒྱལ་ཁབ་ཀྱི་རང་བཙན་འཐབ་རྩོད་རླུང་ལ་སྐུར་མཁན་ཡིན་པར་བོད་མི་ཡོངས་ཀྱིས་ཤེས་གསལ་རེད་བ།
འགྲུབ་ཀྱི་མེད་པའི་དབུ་མའི་ལམ་ཟེར་བ་ཞིག་བཤད་ནས་བོད་མི་ནང་ཁུལ་དུ་ཐུག་པ་དཀྲུགས་དཀྲུགས་ཡིན་པ། སྔ་ནས་ད་ལྟའི་བར་དུ་བོད་མི་ནང་ཁུལ་དུ་འགལ་ཟླ་དང་དུམ་བུ་ཁ་བྲལ་བཏང་བསྡད་མཁན་ཁྱོད་ཚོ་ཡིན་པ། བཙན་བྱོལ་བའི་མི་ལོ་ལྔ་བཅུའི་ལོ་རྒྱུས་ལ་ཕྱིར་བལྟས་བྱས་ན་ཤེས་གསལ་རེད་བ་་་་་ཧཧ
གང་ལྟར་ད་ལྟའི་ཆར་དབུ་ལམ་ལ་གྲུབ་འབྲས་ཆེན་པོ་ཞིག་སོན་ཐུབ་མེད་ཀྱང་དེ་ནི་རྒྱ་གཞུང་གིས་ངོ་ཚ་ཁྲེལ་མེད་དང་སྡིག་པ་མིག་བཙུམ་བྱས་ནས་བྱུང་བ་ལས། དབུ་ལམ་ལ་རྒྱུ་མཚན་མེད་པའམ་དྲང་བདེན་མིན་པ་དང་ལམ་ཡང་དག་མིན་པའི་རྒྱུ་མཚན་གྱིས་མ་རེད། གནས་ཚུལ་འདི་འདྲའི་དུས་སུ་རང་བཙན་ལེན་པའི་ནུས་པ་དང་ཆ་རྐྱེན་ཅི་ཡང་མེད་བཞིན་དུ་རང་བཙན་ལམ་ལ་འགྲོ་ཁུལ་བྱས་ཀྱང་བོད་དོན་སེལ་རྒྱུའི་ལམ་ལ་འདི་ཇེ་རིང་ལ་གཏོང་བ་ཞིག་ལས་ཕན་ཐོག་མེད་པ་གསལ་པོ་རེད། དབུ་རང་གཉིས་ཀྱི་ནང་ནས་བོད་དོན་དཀའ་རྙོག་སེལ་བ་ལ་ལམ་ཐག་ཉེ་རིང་དང་རེ་བ་ཆེ་ཆུང་བྱས་ན་དབུ་ལམ་ལ་འགྲོ་ན་རེ་བ་ཆེ་བ་དང་ལམ་ཐག་ཉེ་བ་ནི་དཔྱོད་ལྡན་སུས་ལྟས་ཀྱང་ས་རིས་ཐང་གསལ་རེད། བཙན་བྱོལ་བོད་གཞུང་གི་མིང་ལ་ཡུལ་དུས་དང་བཏུན་ནས་འགྱུར་བ་ཞིག་བཏང་བ་ལས་དོན་ལ་གྲ་མ་ཉམ་གྲུ་མ་ཞིག་པར་རྡ་རམ་ས་ལར་གནས་འདུག་ལ། རང་བཙན་ལག་དེབ་ཡང་ཡང་ལྷག་བསམ་ཅན་གྱི་བོད་མི་ཚང་མས་བེད་སྤྱོད་བཏང་དང་གཏོང་བཞིན་པ་རེད།
ལོང་རྟོགས། མགོ་སྟོང་ཁྱོད་ལྟ་བུ་ཞིག་གི་ཀླད་པའི་ནང་དུ་བོད་རང་བཙན་ལེན་ཐུབ་པའི་ཐབས་ཇུས་མེད་ན་བོད་མི་རྣམ་དཔྱོད་ཅན་ཚོའི་ཀླད་པའི་ནང་དུ་མེད་པའི་མ་ཁྱབ། བོད་རང་བཙན་ལེན་ཐུབ་པའི་ཆ་རྐྱེན་དང་ཐབས་ཇུས་ཀླད་པའི་ནང་དུ་འཆར་གྱི་མེད་ན་བོད་རང་བཙན་བརྩད་ཀྱི་ཡིན་ཟེར་གི་མ་རེད་བ། ང་ཚོ་བྱིས་པ་བསམ་མེད་ནི་མིན། བརྒྱད་ཅུ་ཧན་ལོག་ནི་མིན། རྨོངས་དད་ལྕགས་ཀླད་ཅན་ནི་མིན། ཡིག་རྨོངས་ཆུ་སྣེ་ག་ཁྲིད་ཅན་ནི་མིན། ཀླད་མེད་ཁྱོད་ཚོའི་ཀླད་པའི་ནང་དུ་ཐབས་ཇུས་འཆར་ཡ་མེད་ཙམ་གྱིས་བོད་རང་བཙན་ལེན་ཐུབ་པའི་བས་ཇུས་ཡོད་མ་རེད་བསམས་ན་ལུགས་མཐུན་ག་ལ་ཡིན།
ངས་ལོ་མང་སྔོན་ནས་ལབ་ཡོད། གུན་ཁྲན་ཏང་གི་མཉམ་དུ་གྲོས་མོལ་བྱེད་དང་མ་བྱེད་ཁྱབ་ཡོད་མ་རེད་ལབ་ཡོད། དོན་འབྲས་ཡོང་གི་མ་རེད་ལབ་པ་ཡིན། བདེན་པ་འདུག་གམ་མི་འདུག བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་གཏུག་མ་ཞེས་པའི་རྩོམ་ཡིག་ལ་ལྟོས་དང་། དེའི་ནང་དུ་ལོ་བཞི་ལྔའི་སྔོན་ནས་ལུང་བསྟན་བརྒྱབ་ཡོད། ་་་ཧཧ
ལམ་ཐག་རིང་ཐུང་འདྲ་ཞིག་བཤད་ཀྱི་ཡོད་པེ། དབུ་མའི་ལམ་གྱིས་བོད་ཀྱི་དཀའ་རྙོག་སེལ་ཐུབ་ཀིན་མ་རེད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་ཡིན་ནའང་དཀའ་རྙོག་མུ་མཐུད་ནས་ལྷག་ངེས་རེད། དབུ་མའི་ལམ་གྱིས་བོད་ཀྱི་དཀའ་རྙོག་སེལ་ཐུབ་ཀྱི་ལས་ལྡོག་ཏེ་དཀའ་རྙོག་ཆེ་རུ་གཏོང་གི་རེད། དབུ་མའི་ལམ་གཏན་འབེབས་བྱས་པ་ནས་བཟུང་བཙན་བྱོལ་བོད་མི་ནང་ཁུལ་དུ་དཀའ་རྙོག་མང་རུ་ཕྱིན་ཡོད་པ་དངོས་ཡོད་ཡིན་པ།
གལ་སྲིད་དབུ་མའི་ལམ་གྱི་བསྒྲུབ་བྱ་གྲུབ་པའི་དབང་དུ་ཡང་བོད་ཀྱི་དཀའ་རྙོག་མུ་མཐུད་གནས་ངེས་ཡིན་པ་བརྒྱ་ཆ་བརྒྱ་རེད། ངས་རེ་བ་ལ་ཡང་ཁྱོད་ཚོའི་འདོད་པ་ལྟར་རང་སྐྱོང་ཞིག་རེག་ནས་ཁྱོད་ཚོ་ལོག་ཕྱིན་ན་བསམས་ཀྱི་ཡོད། ང་ཚོས་ཀྱང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་རྒྱ་ཆེ་རུ་དང་། གཏིང་ཟབ་རུ་བཏང་ནས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་རང་བཙན་ཆེད་དུ་མུ་མཐུད་ནས་འཐབ་རྩོད་བྱེད་འདོད་ཡོད།
རྒྱ་ནག་གི་རྒྱབ་ཤ་དཀར་པོར་དྷ་སའི་ཚོགས་པ་ཚོས་འདི་ལྟར་ལྟ་བཞིན་འདུག
འདོན་སྤེལ། ༢༠༡༥/༠༤/༢༩
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼བོད་འཕེལ་རྒྱས་ཀྱི་ལམ་བུའི་ལོ་རྒྱུས་གདམ་ག༽ཅེས་པའི་ཕྱི་ལོ་ ༢༠༡༥ ལོའི་བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ཞིག་ཕྱིར་བསྒྲགས་བྱས་ཏེ། དབུ་མའི་ལམ་ནི་རྒྱ་ནག་ཁ་བྲལ་གཏོང་བའི་སྲིད་བྱུས་ཤིག་ཡིན་ལ། ཞི་བདེ་དང་འཚེ་མེད་ཀྱི་འཕྲུལ་སྣང་ཁྲོད་བོད་རང་བཙན་དང་རྒྱལ་ཁབ་འཛུགས་པའི་རེ་ངན་བཅངས་ཡོད་སྐོར་བསྒྲགས་ཡོད་སྟབས། འདི་གའི་གསར་འགོད་པས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལ་དེའི་ཐོག་དགོངས་ཚུལ་ཅི་ཡོད་བཅར་འདྲི་ཞུས།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲི་ཆོས་ལགས་ཀྱིས། རྒྱ་ནག་གཞུང་གི་ངོས་ནས་རྒྱབ་ཤ་དཀར་པོ་ཟེར་བ་བཏོན་ཏེ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བདེན་པ་མ་ཡིན་པ་ཞིག་བདེན་པར་བསྒྲུབ་པའི་ཆེད་དུ་དུས་རྟག་ཏུ་འབད་བརྩོན་བྱེད་བཞིན་པ་ལྟར། ད་ལན་ཡང་ཁོ་ཚོས་འབད་བརྩོན་དེ་འདྲ་བྱས་པ་ཞིག་མ་གཏོགས་བདེན་པ་ཁོངས་སྐྱེལ་གྱི་གནས་བབ་ཅིག་རྩ་བ་ནས་མེད་པར་ངོས་འཛིན་བྱེད་བཞིན་ཡོད། ལྷག་པར་དུ་ད་ལན་གྱི་རྒྱབ་ཤ་དཀར་པོ་ཟེར་བ་དེའི་ནང་བལྟས་པ་ཡིན་ན། གཞོན་ནུ་ལྷན་ཚོགས་དང་འབྲེལ་བའི་གནད་དོན་ཐད་ཁོ་ཚོས་དུས་རྟག་ཏུ་བཤད་ཀྱི་ཡོད་པ་དེ་རང་འཇགས་བཤད་ཡོད་པ་རེད། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་འཇིགས་སྐུལ་རིང་ལུགས་ཀྱི་སྒྲིག་འཛུགས་ཤིག་དང་། ༢༠༠༩ ལོ་ནས་བཟུང་བོད་ནང་བོད་མི་མང་པོས་སྐུ་ལུས་མེར་བསྲེགས་གནང་བ་དེ། ༧གོང་ས་མཆོག་དང་གཞོན་ནུ་ལྷན་ཚོགས་ཀྱིས་བརྒྱུད་སྐུལ་རེད་ཅེས་འཚེ་བ་སྤྱོད་ཀྱི་ཡོད་ལུགས་ཤོད་ཀྱི་ཡོད་ཀྱང་། སྐད་ཆ་དེ་ཚོ་གཞི་མེད་ཀྱི་སྐྱག་རྫུན་ཁོ་ན་མ་གཏོགས་ཁོངས་འཕེལ་གྱི་དཔང་རྟགས་ཡོད་ན་འཛམ་གླིང་ལ་སྟོན་དགོས་པ་རེད། གསར་འགྱུར་བརྒྱུད་ལམ་འདིའི་ཐོག་ནས་རྒྱ་ནག་གཞུང་ལ་ཞུ་དགོས་པ་ཞིག་ནི། དངོས་གནས་དྲང་གནས་ལྷག་བསམ་རྣམ་དག་གིས་བསམ་བློ་བཏང་བའི་ཐོག་ནས་བོད་ནང་གི་དཀའ་ངལ་སེལ་ཐབས་ཆེད་གོམ་པ་མདུན་སྤོས་བྱེད་དགོས་པ་ལས། རྫུན་གཏམ་རང་བཤད་དེ་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཐུབ་པའི་གནས་བབ་ཅིག་རྩ་བ་ཉིད་ནས་ཡོད་པ་མ་རེད་ཅེས་བརྗོད་འདོད་བྱུང་ཟེར།
དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས། ང་ཚོ་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་གནས་ཚུལ་དེའི་ཐད་ཚོར་ཤུགས་ཆེན་པོས་ཞུ་དགོས་པ་ཞིག་ལ། གཅིག རྒྱལ་སྤྱིའི་སྟེང་ནས་འཛམ་གླིང་ཞི་བདེའི་མཚན་གནས་འབུལ་བཞེས་གནང་ཡོད་པའི་ཀུན་གྱིས་བཀུར་འོས་༧གོང་ས་མཆོག་གི་གུ་ཡངས་དཀྱིལ་ཆེའི་མཛད་འཕྲིན་ལ་ལོག་འགྲེལ་བྱེད་རྒྱུ་མཚམས་འཇོག་དགོས། གཉིས། དབུ་མའི་ལམ་གྱི་ངོ་བོ་དངོས་འབྲེལ་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་ཆ་རྐྱེན་མ་ལུས་པ་མིང་དོན་མཚུངས་པར་ལག་བསྟར་བྱེད་དགོས་པ་དང་། བོད་རིགས་ཡོངས་རྫོགས་རང་སྐྱོང་གི་འཛིན་སྐྱོང་གཅིག་གི་འོག་ཚུད་དགོས་པ་བཅས་ནི་སྲིད་བྱུས་དེའི་སྙིང་པོ་རེད། གསུམ། རྒྱབ་ཤ་དཀར་པོའི་ནང་བཤད་པ་ལྟར་དངོས་ཡོད་བོད་ལྗོངས་ནང་ཡར་རྒྱས་བཏང་ཡོད་ན། བོད་ནང་གི་དངོས་ཡོད་གནས་ཚུལ་ལ་དཔྱད་ཞིབ་ཆེད། རྒྱལ་སྤྱི་དང་རྒྱལ་ནང་གི་གསར་འགོད་པ་བོད་ནང་འགོག་དོན་ཅི་ཡིན། བཞི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨད་མཚམས་འཇོག་བྱས་ཏེ་ཁོང་གི་འཇིག་རྟེན་ཀུན་ཁྱབ་ཀྱི་མཛད་འཕྲིན་ལ་ངོས་ལེན་བྱེད་དགོས། ཞེས་བརྗོད་བྱུང་།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས། རྒྱབ་ཤ་དཀར་པོ་ཟེར་བའི་དེབ་དེའི་ནང་བཀོད་པའི་དོན་ཚན་ལྔ་དེར་མདོར་བསྡུས་ན་ནང་དོན་གསར་པ་མི་འདུག རྒྱ་གཞུང་གིས་སྔར་ནས་བཤད་ཚར་བའི་སྐད་ཆ་རྙིང་པ་རྐྱང་རྐྱང་ཆགས་འདུག ཡིན་ནའང་། ཁོ་ཚོས་དེ་འདྲ་བྱེད་དགོས་པའི་དམིགས་ཡུལ་དེར་རྒྱུ་མཚན་གཉིས་མཐོང་གི་འདུག རྒྱུ་མཚན་དང་པོ་དེ་དེང་སང་རྒྱ་ནག་གཞུང་གི་དཔོན་རིགས་ནང་ཁུལ་དུ་ཆབ་སྲིད་འགྲན་རྩོད་རྣོ་ངར་ཆེན་པོ་ཡོད་པ་དང་། དེ་ལས་གལ་ཆེ་བ་ཞིག་ལ་རྒྱ་ནག་གི་མཚོ་ཐོག་གླིང་ཕྲན་དེའི་བདག་དབང་ཆེད་ཉི་ཧོང་དང་རྩོད་གླེང་མངོན་གསལ་དོད་པོ་ཆགས་ཡོད་སྟབས། འཐབ་རྩོད་དང་རྙོག་ཟིང་དེ་རིགས་སྦས་སྐོང་དང་གཞན་གྱི་དོ་སྣང་ཁ་བསྒྱུར་ཆེད་རྒྱབ་ཤ་དཀར་པོ་ཟེར་བ་དེ་བཏོན་པ་རེད། རྒྱུ་མཚན་གཞན་དེ་ནི། དོན་ཚན་ལྔ་དེ་དུས་རྒྱུན་གཞིར་བཞག་གིས་ལོ་རྒྱུས་ལ་མི་བདེན་རྫུན་སྒྲིག་བྱེད་པ་དང་། དབུ་མའི་ལམ་ནི་ཕྱེད་རང་བཙན་རེད་ཟེར་བ་སོགས་ཀྱི་སྐད་ཆ་དེ་སྔོན་མ་ནས་བཤད་བསྡད་པ་རེད། ད་ལྟ་མངོན་གསལ་དོད་པོ་བྱས་ནས་ག་རེ་བཤད་ཡོང་གི་འདུག་ཟེར་ན། འཚེ་མེད་ཞི་བ་ཟེར་བ་དེ་ལྟར་སྣང་ཙམ་རེད། དོན་དངོས་ཐོག་བོད་ནང་སྐུ་ལུས་མེར་བསྲེགས་བཏང་བ་དེ་ཚོར་༧གོང་ས་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་སྐུལ་སློང་བྱས་བ་རེད་ཟེར་གྱིན་ཡོད། དེ་ནི་དུས་རྒྱུན་ཁོ་རང་ཚོར་འགྲོ་བ་མིའི་ཐོབ་ཐང་ཐོག་ནས་གནོན་ཤུགས་ཡོང་གི་ཡོད་སྟབས། ནག་ཉེས་དེར་གཡོལ་ཆེད་བོད་མིའི་སྒྲིག་འཛུགས་ཉེས་འགེལ་གྱི་དམིགས་ཡུལ་བཟུང་ཡོད་པ་རེད། ཅེས་བརྗོད་བྱུང་།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། རྒྱ་གཞུང་གིས་བོད་སྐོར་གྱི་རྒྱབ་ཤ་དཀར་པོ་ཟེར་བ་དེ་དུས་རྒྱུན་ནས་འདོན་བཞིན་ཡོད་ལ། དེར་ཆ་འཇོག་གང་ཡང་མེད་པ་འཛམ་བུ་གླིང་གི་མི་ཚང་མས་ཧ་གོ་བསྡད་ཡོད་པ་རེད། ༧གོང་ས་མཆོག་གིས་སྣེ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཁ་ཞེ་གཉིས་མེད་ཀྱིས་དབུ་མའི་ལམ་གྱི་ཐོག་ནས་རྒྱ་གཞུང་ལ་འབྲེལ་བ་གནང་བཞིན་ཡོད་པ་རྒྱ་གཞུང་གིས་མ་ཤེས་པ་མ་རེད། ཤེས་བཞིན་དུ་རང་བཙན་གྱི་སྐད་ཆ་ཞིག་གི་ཐོག་ཁ་བསྒྱུར་ཏེ་བོད་ཀྱི་འཐབ་རྩོད་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད། དེ་སྔོན་སྐབས་ཤིག་ལ་རང་བཙན་གྱི་སྐད་ཆ་མ་བཤད་པ་ཡིན་ན། སྐད་ཆ་གཞན་ག་རེ་ཡིན་ནའང་བཤད་ཆོག་ཅེས་པའི་སྐད་ཆ་བྱུང་སྟེ་བོད་རྒྱ་འབྲེལ་མོལ་མགོ་བཙུགས་པ་རེད། ད་ལྟའི་ཆར་དབུ་མའི་ལམ་གྱི་སྐད་ཆ་མ་བཤད་པ་ཡིན་ན། རེ་བ་ཡོད་པའི་རྣམ་པ་སྟོན་བཞིན་པ་དེ་ང་ཚོ་བོད་པའི་འཐབ་རྩོད་ཀྱི་ནུས་པ་ཆུང་དུ་གཏོང་ཐབས་དང་། ནང་ཁུལ་འཁྲུག་ཏུ་འཇུག་པའི་ཐབས་ཇུས་ངན་པ་ཞིག་རེད་བསམ་གྱི་འདུག དེར་བརྟེན་ང་ཚོའི་ངོས་ནས་སོ་སོའི་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་གྲོས་མོལ་བྱེད་སྐབས། སོ་སོའི་ལངས་ཕྱོགས་དང་དགོས་འདུན་བརྟན་ཞིང་ཤུགས་ཆེན་པོ་བཟུང་བ་ཡིན་ན། ཕར་ཕྱོགས་ཀྱི་ངོས་ནས་དེ་ནང་བཞིན་གྱི་འབབ་ས་ཡག་པོ་ཞིག་ཏུ་དབབ་ཐུབ་པའི་རེ་བ་ཞིག་མཐོང་གི་འདུག
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། རྒྱབ་ཤ་དཀར་པོ་ཟེར་བ་དེའི་ནང་ནང་དོན་ཁག་ ༥ ལས་རིམ་འདྲ་བོ་བྱས་ནས་མར་ཕབ་འདུག་ཀྱང་། ང་ཚོའི་ངོས་ནས་དབུ་མའི་ལམ་དང་འབྲེལ་བའི་དོན་ཚན་དེ་གལ་ཆེ་ཤོས་སུ་མཐོང་གི་འདུག རྒྱ་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཁ་བྲལ་གྱི་ཐབས་ལམ་རེད་ཟེར་བ་དེ་ཁོ་རང་ཚོའི་བསམ་ཚུལ་ཙམ་རེད་མ་གཏོགས། ༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་དང་ཁ་བྲལ་ཆེད་དབུ་མའི་ལམ་བེད་སྤྱོད་གནང་བ་ཞིག་རྩ་བ་ནས་མིན་པ་དེ་གསལ་བོ་ཞེ་དྲགས་རེད། གང་ཡིན་ཟེར་ན། བོད་མི་དང་རྒྱ་མི་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་གཞིར་བཞག་ནས་དབུ་མའི་ལམ་གཏན་ འབེབས་གནང་བ་ཡིན་ལ། ཕྱོགས་གཉིས་ཀ་གཞིར་བཞག་པའི་ལམ་དེ་སུ་གཅིག་གིས་ཁ་བྲལ་ཐབས་རེད་ཅེས་བཤད་ཐུབ་པ་མ་རེད། འཛམ་གླིང་གི་རྒྱལ་ཁབ་མང་པོས་༧གོང་ས་མཆོག་གི་དགོངས་གཞི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ཡག་པོ་འདུག སྲིད་བྱུས་དེའི་ཐོག་སྐད་ཆ་བཤད་པའི་གཞི་རྩ་འདུག་ཅེས་རྒྱབ་སྐྱོར་གནང་གིན་ཡོད། ཅེས་བརྗོད་བྱུང་།
དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས། རྒྱ་ནག་གཞུང་གིས་དབུ་མའི་ལམ་དེ་རྫུན་མ་རེད་ཟེར་གྱི་ཡོད་པ་དང་། རྫུན་མ་ཡིན་ན་ཁོ་ཚོས་ཁོངས་སྐྱེལ་བྱེད་དགོས་པ་རེད། ང་ཚོས་དབུ་མའི་ལམ་རྫུན་མ་མིན་པ་འཛམ་གླིང་ཐོག་ཕྱི་གསལ་ནང་གསལ་བཟོས་ཏེ། བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ནའང་། རང་བཙན་རྩོད་ཀྱི་མེད་པར་རྒྱ་མི་རིགས་དང་མཉམ་དུ་སྡོད་ཀྱི་ཡིན་གསུང་གི་ཡོད་པ་དང་། རྒྱ་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་གྱི་ཡོད་དུས། རྒྱལ་ཁབ་ཅིག་གི་ནང་ཡོད་པའི་འཛམ་བུ་གླིང་གི་ཐོག་ཞབས་ཞུ་ཞུ་ཐུབ་པའི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་དེ་ཁོ་ཚོའི་ལས་འགན་རེད་ལ། ང་ཚོའི་ལས་འགན་ཡང་རེད། ང་ཚོས་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་བོད་རིགས་ཡོངས་རྫོགས་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་དགོས་ཟེར་གྱི་ཡོད་ལ། ༡༩༥༡ ལོར་བཞག་པའི་ཆིངས་ཡིག་དོན་ཚན་ ༡༧ ནང་ཁོ་ཚོས་དེ་ལ་ཁས་ལེན་བྱས་ཟིན་པ་རེད། ང་ཚོས་རྒྱ་ནག་ལས་ལོགས་སུ་ཐོན་རྒྱུ་ཡིན་ཟེར་གྱི་མེད་པ་རྒྱ་ནག་གཞུང་གིས་གསལ་བོར་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་། བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་བཅས་རྩ་མེད་བཟོས་ནས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་བའི་འཆར་གཞི་ཞིག་གི་ཐོག་ནས་བདེན་པ་ལ་བདེན་པ་མིན་པའི་འཁྱོག་བཤད་བྱས་ཏེ། རྒྱབ་ཤ་དཀར་པོ་ཟེར་བའི་དེབ་སོགས་རབ་དང་རིམ་པ་བཏོན་ཏེ་འཛམ་གླིང་ཐོག་མགོ་སྐོར་གཏོང་གི་ཡོད་ཀྱང་མཐའ་འཁྱོལ་ངེས་མ་རེད། དེར་བརྟེན་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བའི་སྲིད་བྱུས་མི་འཛིན་པར་དངོས་གནས་དྲང་གནས་ཀྱི་ཆིག་སྒྲིལ་གྱི་དགོངས་པ་ཞིག་བཞེས་རོགས་གནང་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་བྱུང་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས། དེབ་དེའི་ཐོག་ནས་ངས་གཙོ་བོ་གནས་ཚུལ་གསུམ་མཐོང་གི་འདུག དང་པོ་༧གོང་ས་མཆོག་གིས་ཞི་བདེ་དང་དབུ་མའི་ལམ་གསུངས་པ་མ་གཏོགས་དོན་དངོས་ཐོག་བོད་རང་བཙན་རྩོད་ཀྱི་ཡོད་པ་རེད་ཟེར་བ་དང་། གཉིས་པ་རྒྱ་གཞུང་གིས་ཁ་ནས་རང་བཙན་རྩོད་ཀྱི་འདུག་ལབ་པ་མ་གཏོགས། དོན་དངོས་ཐོག་༧གོང་ས་མཆོག་གི་དམངས་གཙོའི་འཆར་སྣང་གིས་རྒྱ་ནག་མི་མང་གི་སེམས་བཀུག་འགྲོ་ཡི་རེད་བསམ་ནས་ཞེད་ཀྱི་ཡོད་པའི་ཚོར་སྣང་བྱུང་། གསུམ་པ་དེང་སང་བོད་ནང་རྒྱལ་ཞེན་གྱི་ངར་ཤུགས་ཆེན་པོ་ཞིག་སླེབ་ཀྱི་ཡོད་པ་དེར་སེམས་ཁྲལ་དང་ཞེད་སྣང་སྐྱེ་བཞིན་ཡོད་པ་རེད། ནམ་རྒྱུན་རྒྱབ་ཤ་དཀར་པོ་ཟེར་བ་དེ་བཏོན་ནས་རྒྱ་གཞུང་གིས་འུར་ག་རེ་རྒྱག་གི་ཡོད་པ་རེད་ཟེར་ན། བོད་གསར་པ་ཞེས་བོད་ལ་བཅིངས་གྲོལ་བཏང་ནས་དཔལ་འབྱོར་ཡར་རྒྱས་ཕྱིན་སྐོར་ངོམ་གྱི་ཡོད་པ་རེད། ཡིན་ནའང་། དེ་འུར་རང་མ་གཏོགས་དོན་དངོས་དང་གཏན་ནས་མཐུན་གྱི་ཡོད་པ་མ་རེད། ང་ཚོས་ད་ལོའི་ལོ་འཁོར་སྙན་ཐོའི་ནང་ཤེས་ཡོན་དང་སྨན་བཅོས་མཐུན་རྐྱེན་སོགས་ཀྱི་ཐོག་ནས་བོད་དེ་རྒྱ་ནག་རྒྱལ་ཡོངས་ནང་གི་སྐྱོ་ཤོས་དེ་ཆགས་ཡོད་པའི་བསྡོམས་བརྒྱབ་ཡོད། དེ་ང་ཚོའི་བསྡོམས་བརྒྱབ་པ་གཅིག་པུ་མ་རེད། འཛམ་གླིང་གི་དཔལ་འབྱོར་རིག་པའི་ཆེད་མཁས་པ་མང་པོས་དེ་ལྟར་བསྡོམས་བརྒྱབ་ཡོད་སྟབས། རྒྱ་གཞུང་གིས་རྒྱབ་ཤ་དཀར་པོ་ཟེར་བ་སོགས་ཀྱི་ནང་འུར་སྒྲོག་བྱས་པ་དང་རྦད་དེ་རྒྱབ་འགལ་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། པདྨ་མཚོ།
རྒྱ་ནག་གི་རྒྱབ་ཤ་དཀར་པོར་དྷ་སའི་ཚོགས་པ་ཚོས་འདི་ལྟར་ལྟ་བཞིན་འདུག
འདོན་སྤེལ། ༢༠༡༥/༠༤/༢༩
http://www.tibettimes.net/news.php?showfooter=1&id=9989
ཅོ་རི་འུར་མ་རྒྱག བོད་རང་བཙན་ཟེར་ནས་འུར་བསྒྲོགས་བྱེད་མཁན་མང་པོ་ཞིག་དབུ་ལམ་གྱིས་བོད་དོན་སེལ་སོང་ན་བོད་ལ་ལོག་རྒྱུའི་གྲ་སྒྲིག་ཡོད་ཡོད་པ་རེེ། དེའི་དུས་སུ་བོད་ནང་ལ་ལོག་མི་ཐུབ་མཁན་ནི་ཁྱོད་དང་ཁྱོད་ལྟ་བུའི་རྒྱ་མིན་བོད་མིན་དག་རེད། བོད་རང་བཙན་ལེན་པའི་འཆར་གཞི་དང་གྲ་སྒྲིག་གནད་ལ་ཁེལ་ཞིང་དོན་ལ་སྨིན་པ་ཞིག་སྟོན་རྒྱུ་ཡོད་མཁན་ད་བར་དུ་སུ་ཡང་བྱུང་མ་སོང་། ཁྱོད་ཅོ་རིའི་སྨྱོ་བཤད་དེ་དག་རང་བཙན་ལེན་རྒྱུའི་ཐབས་ཇུས་ཡིན་ཟེར་ན་བསམ་ཡོད་སུ་ཡིན་ཡང་གད་མོ་ཤོར་སྐྱེད་ལས་ཅི་ཡང་མེད། དབུ་མའི་ལམ་གྱིས་བོད་དོན་སེལ་ཐུབས་ན་དཀའ་རྙོག་གཏན་ནས་མེད་པ་ཞིག་ཡོང་རྒྱུའི་རེ་བ་བྱེད་མཁན་སུ་ཡང་མེད། འོན་ཀྱང་ཐོབ་རྒྱུ་མེད་པའི་བོད་རང་བཙན་ཟེར་བ་ཞིག་བཤད་ནས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་འགྲོ་བཅུག་པ་ལས་ལྷག་ཙམ་ཞིག་ཡོང་ངེས་པ་རེད་ལ། བོད་ཀྱི་ངོ་བོ་མ་བརླག་ན་བོད་རང་བཙན་ལེན་པའི་དུས་ཚོད་ཡོད་ཡོད་པ་རེད།
ལོང་རྟོགས་་་ང་ཅོ་རི་རྒྱ་མིན་བོད་མིན་ཡིན་པའི་ཁུངས་སྐྱེལ་ཞིག་དང་སྨྱོན་པ་ཡིན་པའི་རྒྱུ་མཚན་ཞིག་བཤད་ཀྱི་ཡོད་དམ།
ཁྱོད་ཀྱིས་རང་ཚིག་སྔ་ཕྱི་འགལ་བའི་སྐད་ཆ་བཤད་ཀྱི་ཡོད་པེ། འཐོབ་ཀྱི་མེད་པའི་བོད་རང་བཙན་ཟེར་ནས་གཅིག་བཤད། དེ་ནས་བོད་རང་བཙན་ལེན་པའི་དུས་ཚོད་ཡོད་ཡོད་པ་རེད་ཟེར་ནས་གཅིག་བཤད། གང་ལ་ཆ་འཇོག་དགོས་སམ།
བོད་རང་བཙན་འཐོབ་ཀྱི་མེད་པར་བདེན་ན་བོད་རང་བཙན་ལེན་པའི་དུས་ཚོད་ཡོད་ཡོད་པ་ཇི་ལྟར་ཆགས་སོང་བ་རེད་དམ། ལོང་རྟོགས་ཁྱོད་ཀྱི་སྐད་ཆ་དེ་ནི་འུག་པའི་སྐད་ཆ་འདྲ་ཞིག་འདུག ་་་ཧཧཧ དང་པོར་་་ཆོས་ཞུས་ཞུས་ཀྱིས་མགོ་ལེབ་ལེབ་ཆགས་སོང་བ་རེད་ཅེས་བཤད། དེ་ནས་ཆོས་སྒྲ་རྣ་བས་མ་གོ་ནས་རྣ་བའི་ནང་དུ་སྤུ་སྐྱེས་པ་རེད་ཅེས་བཤད་སྟངས་འདི་དང་ཁྱོད་ཀྱི་སྐད་ཆ་གཅིག་པ་རེད།
ཁྱོད་ཚོ་དབུ་མའི་ལམ་དུ་ཤར་སྐྱོད་བྱེད་མཁན་ཡིན་ཟེར་མཁན་ཚོས་སྐད་ཆ་འདི་འདྲ་བཤད་བཤད་ཀྱིས་རྒྱ་གུན་ཁྲན་དོགས་པ་ཟ་སོང་བ་རེད། བྱས་ཙང་ཁ་བྲལ་དོར་མི་འདུག་ཟེར་གི་ཡོད་རེད། ཆབ་སྲིད་མ་ཤེས་ན་འུར་རྒྱབ་མ་འོང་ཨ། ཁ་བཙུམ་ནས་སྡོད་དང་ཁེ་ཕན་ཆེ་ཡི་རེད།
ཁ་བརྡ་ནང་རང་བཙན་གྱི་ཁ་དམག་རྒྱབ་ནས་འཕན་ཐོག་གང་ཡང་མེད་མིང་དོན་མཚུངས་པའི་རང་བཙན་བརྩོད་ཀྱི་ཡོད་ན་མདུན་དུ་དོན་དགོས་ འཇོན་རྒྱུ་མེད་བྱེད་རྒྱུ་མེད་ སྤྱི་ཚོགས་དཀྲུག་ཤིང་དང་ཟང་ཟིང་བཟོ་མཁན་མི་ངན་དགའ་ཞིག་ཡོད་ད་ ད་ཞག་ན་དགའ་་་
ག་པ་འཐོན་ཤོག་ཟེར་ན་རྒྱལ་བཙོང་བ་ཚོའི་མདུན་འཐོན་འཐོན་ཡོད། མི་ངན་ཁྱོད་ཚོས་བརྙས་ཇུས་ལ་ཚོད་ཤིག་ཡོད་ན་དགའ་གི་རེད། ཁྱོད་སྲོག་དེ་ལྕགས་སྲོག་་་་ང་ཚོའི་སྲོག་འདི་མར་སྲོག་མ་རེད་བ།
ག་པ་འཐོན་ཤོག་ཟེར་ན་རྒྱལ་བཙོང་བ་ཚོའི་མདུན་འཐོན་ཆོག་ཆོག་ཡིན། མི་ངན་ཁྱོད་ཚོའི་བརྙས་ཇུས་ལ་ཚོད་ཤིག་ཡོད་ན་དགའ་གི་རེད། ཁྱོད་ཚོའི་སྲོག་དེ་ལྕགས་སྲོག་་་་ང་ཚོའི་སྲོག་འདི་མར་སྲོག་མ་རེད་བ།
གོང་ས་མཆོག་དང་དབུ་མའི་ལམ་བཙན་བྱོལ་སྒྲིག་འཛུགས་གཞིས་ལུས་བོད་མིའི་ཆེད་དུ་ངའི་སྲོག་འདི་ལྕག་ལས་ངར་བ་་ཡོད་མི་ངན་ངོ་ཚ་མེད་པ་རྒྱུ་འབྲས་ལ་བརྩི་འཇོག་མེད་པ་ཁྱོད་འཚོ་ལ་ཀྲག་ལེ་མ་རེད་ཨ་རོག
བྱས་ན་ངོ་སྤྲོད་ཤིག་བྱོས་དང་། གོ་སྐབས་ཡོད་མེད་དེ་ནས་བལྟ་ཆོག་གི་རེད། ཏ་ལའི་བླ་མ་དང་གཞི་ལུས་མི་དམངས་ཁ་ལ་ཁྱེར་མ་འོང་རྒྱལ་བཙོང་བ། མི་ངན་ཁྱོད་ཚོ་ལ་རྒྱུས་ཡོད།
སྐྱག་པར་ལག་པ་འཇུས་ན་སྐྱག་དྲི་ཁ་