ཨེ་མ་ཧོ།
དེ་རིང་གི་དུས་བཟང་གི་ཆར་རང་ཡུལ་གནས་ཆེན་ཇོ་བོ་ཞལ་དཀར་གྱི་མདུན་རོལ་དུ་མཛངས་ཆེན་དགུ་བས་དབུས་དྲངས་ནས་ཁོར་ཡུག་གཙང་སྦྲ་བྱེད་པ་འདི་ནི་སྙིང་ནས་དགའ་བསུ་དང་བསྔགས་བརྗོད་ཞུ། གངས་ཅན་མཐོ་སྒང་གི་འཚོ་གནས་ཁྱད་པར་ཅན་དང་ཤུལ་བཞག་གི་མཛད་རྗེས་བསུབས་མེད་དང་། དེ་ཡང་ཕྱོགས་ཞེན་དང་། འགྲན་བསྡུར་གྱིས་རྒྱུ་ཤུགས་དང་། དཔུང་ངོམས་གྱིས་སྒེར་རྩོད་ཙམ་མིན་པར་དངོས་ནས་མདུན་ལམ་བཟང་པོ་ཞིག་གི་སྣ་འདྲེན་དང་ཡ་རབས་སྤྱོད་བཟང་རྒྱ་ཆེན་ཞིག་བསྟན་པ་ཡིན་པས་ཚོགས་མི་ཡོངས་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ། གལ་ཆེ་ཤོས་ནི་ཁྱེད་རྣམ་པས་ཞལ་རས་དང་ཕྱག་ཤུབས་སོགས་རང་སྲུང་བརྟེན་དགོས་པ་ཡང་སྐུ་གཟུགས་འཕྲོད་བརྟེན་ལ་མེད་དུ་མི་རུང་བ་ཡིན་པས་དེ་ལུགས་གནང་བར་མཁྱེན་ནོ།།
ཨེ་ཝྃ་མཛངས་ཆེན་བཟང་དགུའི་ལེགས་བཤད་ངེས།།
ཨེ་ཝྃ་ཆོས་སྨན་ཕན་བདེའི་དཔལ་ཡོན་བསྐྲུན།།
ཨེ་ཝྃ་ཟུང་འཇུག་བདེ་ཆེན་རྡོ་རྗེའི་གཤིས།།
ཨེ་ཝྃ་ཀུན་བཟང་རྫོགས་ལྡན་དང་པོ་མགྲོན་དུ་བསུ།།
ཞེས་པ་རབ་གནས་ཤིང་ལུག་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་གྱི་སྐབས་སུ་ཨེ་ཝྃ་གོ་ལ་སྲུང་སྐྱོབ་ཚོགས་པར་ཨེ་མ་ཧོས་དབྱིན་ཡུལ་ཀུན་བཟང་དགའ་ཚལ་ནས་གུས་པར་ཕུལ་བར་དགེའོ།། །།
བྱ་བ་འདི་འདྲ་ལ་ཀུན་གྱི་རྒྱབ་སྐྱོར་མཁོ། ཟུར་ཞུ། བསྟེན་དང་བརྟེན་གཉིས་ནོར་འདུག ཧེ་ཧེ