ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཀ་མེད་སྡུག་གིས་འཚོ་་མཁན་མང་།།
ཁ་དང་ལག་པ་མཉམ་རུབ་མང་།།
ག་ས་ག་ལ་འགྲོ་མཁན་མང་།།
ང་རྒྱལ་རློམ་སེམས་བྱེད་མཁན་མང་།།
ཅ་ལག་དངོས་པོར་རྣམ་གཡེང་མང་།།
ཆ་འཇོག་མེད་པའི་མི་རིགས་མང་།།
ཇ་ཆང་མཉམ་དུ་འཐུང་མཁན་མང་།།
ཉ་ཤ་ཕག་ཤ་ཟ་མཁན་མང་།།
རྟ་དང་བོང་བུ་ནོར་མཁན་མང་།།
ཐ་མག་ནག་པོ་འཐེན་མཁན་མང་།།
ད་ར་འོ་མ་འཐུང་མཁན་མང་།།
ན་རྒྱུ་ཚ་རྒྱུའི་ནད་རིགས་མང་།།
དཔའ་ངར་ཆེ་བའི་ཕོ་རྒོད་མང་།།
ཕ་བཟང་འདྲ་བའི་བུ་ཚ་མང་།།
བ་ཕྱུགས་མོ་ལ་འོ་མ་མང་།།
མ་མ་འདྲ་བའི་བྱམས་པ་མང་།།
རྩ་ཆུ་འཛོམས་པའི་ས་ཆ་མང་།།
ཚ་བ་ཆེ་བའི་ས་ཆ་མང་།།
འཛམ་གླིང་འདི་རུ་མི་འབོར་མང་།།
ཝ་ཞྭ་གྱོན་པའི་མི་རིགས་མང་།།
ར་ལུག་དུད་འགྲོ་སྲོག་ཆགས་མང་།།
ལ་དགས་ཡུལ་ལ་ཁམ་བུ་མང་།།
ཤ་ཚའི་གཏམ་ལ་ཟུར་ཟ་མང་།།
ས་མཚམས་མེད་པའི་ཆོས་ལུགས་མང་།།
ཧ་པ་བུ་ལོན་བཟོ་མཁན་མང་།།
ཨ་གསར་གཏམ་ལ་དགའ་མཁན་མང་།།
ལ་དགས།
འདི།
ལ་དྭགས།
བོད་ནང་སྒོ་ཕྱུགས་སེམས་ཅན་མང་། །
བོད་རིགས་བླ་མ་སྤྲུལ་སྐུ་མང་། །
བོད་རིགས་གྲྭ་བཙུན་དགེ་འདུན་མང་། །
བོད་རིགས་ཡ་རབས་ཡར་ཐོན་མང་། །