ཅོག་མྱི།
རང་བཙན་འཚོལ་ལ་དགྲ་ལྟར་མཐོང་མི་རུང་།།
རང་སྐྱོང་ཅན་ལ་རྒྱུགས་ཁྱིར་མི་འདོགས་པར།།
རང་ཚུགས་མ་ཤོར་དོན་གཉིས་གསོང་པོར་སྒྲུབས།།
ད་ལྟའི་དབུ་ལམ་ད་དུང་དབུས་ན་མེད།།
སྟོབས་ལྡན་རྒྱ་ལ་དོགས་ཟོན་མི་ཤོར་བར།།
སྟོབས་བྲལ་རང་གི་རིགས་ལ་ཡི་མ་མུག །
སྟོབས་མེད་གཞིས་ལུས་བོད་མིར་ཕན་ཐོགས་གྱིས།།
ད་ལྟའི་དབུ་ལམ་ད་དུང་དབུས་ན་མེད།།
བླ་དཔོན་མི་དྲག་མགོ་ཐོག་ལྷ་ལྟར་བཀུར།།
ཉམ་ཐག་བེ་སང་གཡོག་པོ་དུད་འགྲོར་རྩིས།།
དེང་གི་ཀུན་སྤྱོད་ཚད་དང་མངོན་པར་འགལ།།
ད་ལྟའི་དབུ་ལམ་ད་དུང་དབུས་ན་མེད།།
སྐྱོན་ཙམ་བརྗོད་ན་དགྲ་བཞིན་འབུར་འཇོམས་བྱེད།།
སྒྲོ་སྐུར་མཚང་འདྲུར་རང་ཡན་རང་རྒྱར་བཞག །
དགྲ་འདུལ་གཉེན་སྐྱོང་ཕྲིན་ལས་མ་འཆུག་གྱིས།།
ད་ལྟའི་དབུ་ལམ་ད་དུང་དབུས་ན་མེད།།
རྒྱ་ནག་གཞུང་ལ་དངངས་བའི་གཞིས་ལུས་བ།།
བཙན་བྱོལ་གཞུང་ལ་ཞེད་པའི་བཙན་བྱོལ་བ།།
འཇིགས་སྐྲག་རེ་དོགས་རྒྱ་ལས་གྲོལ་བར་སྨོན།།
ད་ལྟའི་དབུ་ལམ་ད་དུང་དབུས་ན་མེད།།
སྣང་ཚུལ་གྲག་ཚུལ་མངོན་སུམ་བྱུང་བྱུང་རྣམས།།
རིག་པས་དཔྱད་ན་རྒྱུ་མཚན་དབེན་ན་ཡང་།།
རང་གི་རིགས་ལ་ཞེན་པས་ཉོན་མོང་ཡིན།།
ད་ལྟའི་དབུ་ལམ་ད་དུང་དབུས་ན་མེད།།
དབུས་མའི་ལམ་ལ་མཐའ་གཉིས་ཡོད། །
རྟག་མཐའ་རང་དོན་འབའ་ཞིག་དང་། །
ཆད་མཐའ་གཞན་དོན་ཡལ་བོར་གཉིས། །
མཐའ་གཉིས་བྲལ་ན་དབུས་ལམ་ཉིད། །
དབུས་མའི་ལམ་ལ་མཐའ་གཉིས་ཡོད། །
རྟག་མཐའ་བོད་ཉིད་རྒྱལ་བ་དང་། །
ཆད་མཐའ་རྒྱ་ཉིད་ཕམ་ན་དགའ། །
མཐའ་གཉིས་བྲལ་ན་དབུས་ལམ་ཉིད། །
དབུ་མ་རང་བཙན་མི་རིགས་རང་སྐྱོང་སོགས་།
བོད་རྒྱའི་དཀའ་སྙོགས་གསེལ་བའི་ལྡེ་མིག་རེད་།
ཕྱོགས་གཏོགས་དྲི་ངན་རྣ་ལ་སྣུམ་མཁན་ཚོ་།
ནང་ཁུལ་དཀྲུགས་ནས་རང་དོན་གཉེར་མཁན་ཚོ་།
དབུ་མའི་ལམ་པ་ཚོས། དབུ་མའི་ལམ་ལ་རྒྱལ་ཁབ་མང་པོས་རྒྱབ་ཡོད་ཟེར། རང་བཙན་རྩོད་ན་རྒྱབ་སྐྱོར་མེད་སྐད་འདུག ངའི་དྲི་བ་ནི། དབུ་མའི་ལམ་ལ་རྒྱབ་སྐྱོར་ངོ་མ་བྱེད་མཁན་རྒྱལ་ཁབ་སུ་དང་སུ་ཡོད་རེད། ཁ་ཙམ་གྱི་རྒྱབ་སྐྱོར་བྱེང་མཁན་ཚོར་འདིར་གྲངས་མི་རུང་།
སྲིད་དབུ་མ་ལོ་རྒྱུས་ནག་བསུབས་རེད།།
གཞུང་དབུ་མ་མཐའ་གཉིས་བྲལ་བ་ལ།།
དཔེ་དབུ་མ་ར་མགོ་ལུག་སྦྱར་ཅིག།
དོན་དབུ་མ་ཐོབ་རྒྱུ་མེད་པ་རེད།།
ད་ལྟའི་དབུ་ལམ་ད་དུང་དབུས་ན་མེད་ནི་བསྡོམས་ཚིག་གསོན་པོ་ཞིག་རེད།
དབུ་མའམ་དབུས་མ་ཟེར་ན་མང་དུ་གོ་རྒྱུ་ཡོད་པ་འདྲ། དབུ་མ་ཟེར་ན་བར་དོ་དང་ཡར་མེད་མར་མེད་ཟེར་ནའང་འདྲ་གང་གི་ཕྱོགས་སུ་མ་གཏོགས་པ་དེ་འདྲ་ལ་བཤད་པ་རེད། བྱས་ཙང་བོད་དོན་ནམ་བོད་མི་རིགས་འདི་རྒྱ་མི་རེད་ཟེར་ནའང་མ་ཡིན་པའི་བཟོ་འདྲ་ཞིག རེད་ཟེར་ནའང་མིན་པའི་བཟོ་འདྲ་ཞིག་རེད། བྱང་ཙང་དབུ་མའི་ལམ་ཟེར་ནའང་འདྲ་དབུ་མའི་སྲིད་བྱུས་ཟེར་ནའང་འདྲ་གང་དུའང་མ་ཚུད་པའི་བར་དོ་བ་ཞིག་དང་འདྲ་བར་གནས་པའི་རྒྱུ་མཚན་གྱིས་དབུ་མ་ཞེས་འགྲེལ་ན་གོ་དོན་ཆེ་ཤོས་རེད་བསམ་པ་འདུག
དབུ་མའི་ལམ་ནི་རྒྱ་བོད་གཉིས་ཆའི་དབུ་རྨོངས་བྱེད་ཀྱི་ཐབ་ཇུས་ཞིག་དང་སྲིད་དོན་པ་རྣམས་ཀྱིས་འགན་ཁུར་མི་དགོས་པའི་ཁ་དམག་རྒྱབ་སའི་འཁོར་ཡུག་ཞིག་རེད། དེ་བཞིན་མི་སྣ་འགའི་མིང་གྲགས་དང་འཚོ་ཐབ་སྤྱོད་སའི་ཆོས་མིན་སྲིད་མིན་གྱི་བྱ་སྤྱོད་སྤེལ་ཡུལ་ཞིག་ཀྱང་རེད།
སློབ་གྲོགས་དམ་པ་ཕེབས་ནས་སྐད་བཞག་པ་དངོས་གནས་དགའ་ཡོད། ད་ལྟའི་འོ་སྐོལ་ཚོའི་ཆབ་སྲིད་ལམ་ལུགས་ལ་དབུས་མཐའ་རྣམ་འབྱེད་ཅིག་དགོས་པས་གྲོགས་དག་གིས་འདི་འདྲ་ཞིག་འབྲི་རྒྱུར་རེ་བ་ཡོད།
རྒྱ་ནག་གཞུང་ལ་དངངས་བའི་གཞིས་ལུས་བ།།
བཙན་བྱོལ་གཞུང་ལ་ཞེད་པའི་བཙན་བྱོལ་བ།།
འཇིགས་སྐྲག་རེ་དོགས་རྒྱ་ལས་གྲོལ་བར་སྨོན།།
ད་ལྟའི་དབུ་ལམ་ད་དུང་དབུས་ན་མེད།།
ཚིག་བཅད་འདི་ལ་ཚང་མ་དགའ་པོ་ཡོད་ངེས།
དམར་གཞུང་འདི་དབུས་མའི་མ་ཡིན་ནམ།
https://www.facebook.com/1767162235/videos/vb.1767162235/10200515800615324/?type=2&theater
བོད་ཀྱི་བསྟན་སྲུང་དམག་མིའི་སྐོར།
https://www.facebook.com/tashi.phuntsok.16/videos/vb.824661459/10152368974346460/?type=2&theater
ཕ་རྒན་ཁྲི་བྱང་དབུ་མ་མ་ཡོད་ཟིག།
མ་རྒན་རང་བཙན་དབུ་མ་རྩོད་ཟིག།
ཞྭ་དམར་ཐུག་དུས་དབུ་མ་མ་ཡོད་ཟིག།
ཀརྨ་ནག་རུལ་ཁོ་ནས་དབུ་མ་རྙེད།།
རྐུན་མ་རྫུན་མ་དབུ་མ་མ་འགྱུར་རམ།།
བོད་མིའི་གཤིས་ཀ
སྲིད་ཀྱི་ལམ་དུ་ཆོས་ཀྱི་སྐད་ཆ་དང་།
ཆོས་ཀྱི་མདུན་སར་སྲིད་ཀྱིས་བགྲོ་གླེང་མང་།
ར་མགོ་ཟེར་དུས་ལུག་མགོ་སྟོན་རྩིས་བྱེད།
རྒྱུ་མཚན་དེ་ཡིས་ཡ་ངའི་གནས་སུ་ལྷུང་།
དབུ་མའི་ལམ་ལ་རྒྱ་ནག་ཡིད་ཆེས་མེད།
དབུ་མའི་ལམ་ལ་བོད་མི་རྨོངས་སུ་བཅུག
དབུ་མའི་ལམ་ལ་རྒྱལ་སྤྱི་དྭོགས་པ་ཟ།
དབུ་མའི་ལམ་འདི་ཆུ་ཤིང་སྙིང་པོ་མེད།
རང་བཙན་དགོས་ན་རང་བཙན་རྩོད། །
དབུས་མ་དགོས་ན་དབུས་ལམ་རྩོད། །
དེ་མིན་རང་མིན་དབུས་མིན་འདྲའི། །
བོད་རིགས་བོད་པར་མཁོ་དོན་མེད། །
རང་བཙན་དབུ་མ་ས་གནས་རང་སྐྱོང་སོགས་།
བོད་དོན་སྒྲུབ་པའི་ལྡེ་མིག་རེད་།
མིང་རྫུན་འོག་གི་དྲ་འབུ་ཚོ་།
ཁ་བདེ་ལྕེ་བདེ་མ་མང་ཨ་།