སྤྱན་ཆེན་པོ།
གོམས་ལོབས་སུ་གྱུར་བའི་རྐང་གླིང་གི་འགྱུར་ཁུགས་ལས
དུར་ཁྲོད་ལ་ཆགས་པའི་རོ་ལངས་ཤིག་མངོན་བྱུང
མུན་པ་དང་མཚན་མོ་འགམ་པའི་རོ་ལངས་ཤིག་མངོན་བྱུང
དོ་ནུབ་ང་རོ་ལངས་ཡིན་པས
ངས་དུར་ཁྲོད་ཀྱི་མགོ་ཐོག་ཏུ་བག་ཡངས་སུ་རྒྱུ་ཆོག་པའི་ནམ་མཁའ་ཞིག་བྲིས
ས་གཞི་རུ་ལྐོག་གྱུར་གྱི་རྐང་ལམ་རིང་མོ་ཞིག་གི་བརྡ་རྟགས་བྲིས
ཀེང་རུས་ལ་འཐིམ་པའི་རྣམ་ཤེས་ཤིག་གི་གདུང་བ་བྲིས་ནས
ད་གཟོད་འཚོ་བའི་རྨུ་ཐག་རིང་མོ་དེ་ཕར་ལ་བསྲིངས་ཏེ
མིའི་རིགས་ལ་མཁོ་བའི་འཛུམ་མདངས་དེ་བཙལ་བ་ཡིན
དོ་ནུབ ང་དུར་ཁྲོད་ན་ཡོད་པའི་རོ་ལངས་ཤིག་ཡིན་པས
ཆར་རླུང་འཁྱག་གྲང་དང་ཡོངས་སུ་འདྲེས་ཏེ
མི་མངོན་པའི་རྣམ་ཤེས་ཀྱི་ཚོགས་དང་ལྷན་དུ
རི་ཚོགས་ཀྱི་རྩེ་ནས་མར་ལྷུང་གིན་འདུག
དོ་ནུབ ངས་ཕྱིར་དྲན་གྱི་གཏམ་རྒྱུད་ཅིག་སྒོམ་ཡོད
བསུབ་མེད་ཀྱི་ཟིན་ཐོ་ཞིག་ཉེར་ཡོད
ཞེན་ཆགས་ཀྱི་ས་བོན
དུར་ཁྲོད་འདིར་གཏོར་ནས་ཡུན་རིང་འགོར་བས
དོ་ནུབ ང་དུར་ཁྲོད་ན་ཡོད་པའི་རོ་ལངས་ཤིག་ཡིན
༢༠༡༥-༥-༣ ཉིན་གྱི་མཚན་མོར།
དིང་སང་རོ་ལངས་དངོས་གནས་བསྟན་ཐུབ་ན། ཨ་སྒོར་ས་ཡ་མང་པོ་རག་རྒྱུ་ངེས་པ་རེད། ཧ་ཧ།། །།