སྐྱོ་བྲག་དགའ་དབང་།
འདུས་བྱས་ཤ་ཁྲག་གི་ཕུང་པོ་འདི་ཉིད་འཐོར་ཞིག་ཏུ་འགྲོ་ཆོག་ཡོད་པས། ག་དུས་ཡིན་ནའང་ན་ན་ཚ་ཚ་རུ་ཡོད་པ་ནི་ཀུན་ལ་མངའ་བའི་ཆོས་ཉིད་ཅིག་ཡིན་ཕྱིར། རྒྱུ་འབྱོར་ཡོད་པ་ཚོས་ནམ་རྒྱུན་ཚབས་ཆེའི་ནད་རིགས་ཡོད་མེད་ཀྱི་བརྟགས་དཔྱད་རེ་བྱེད་ཀྱི་ཡོད་པ་བཞིན། ངས་ཀྱང་མཐུན་རྐྱེན་ཚང་བའི་དུས་སྐབས་ནམ་ཤར་རེ་ལ། སྨན་ཁང་ཆེ་གེ་མོ་ཞིག་ཏུ་འགྲོ་སོང་མང་ཐག་ཆོད་རེ་བཏང་ནས་གཟུགས་པོ་བརྟགས་དཔྱད་རེ་བྱེད་ཀྱིན་ཡོད།
ཐེངས་འདིར་ཁོ་བོའི་གྲོགས་པོ་ཚངས་གསར་བླ་མ་རྒྱལ་མཚན་གྱིས་ཐའེ་ཝན་སྒོར་མོ་ཉིས་ཁྲི་ཉིས་སྟོང་ལྔ་བརྒྱའི་འགྲོ་སོང་བཏང་སྟེ། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་སྨན་ཁང་ཆེ་གེ་མོ་ཞིག་ཏུ། སྤྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༦ ཉིན་གཟུགས་པོ་བརྟགས་དཔྱད་བྱས་པ་ཡིན།
བརྟགས་དཔྱད་སྔོན་གྱི་ཉིན་གང་པོར་འབྲས་ཐུག་སླ་མོ་སོགས་ཁ་ཤས་ཤིག་ལས། ཤ་དང་སྔོ་ཚལ་རིགས་སོགས་གཏན་ནས་བཟའ་མ་བཅུག་པར་དགོང་མོ་དང་ནམ་ཕྱེད་སོ་སོར་བཤལ་སྨན་ཐེངས་རེ་སྤྲད་པས་བཤལ་བ་ཆུ་རྐྱང་དུ་བསྒྱུར་གྱི་འདུག །
བརྟགས་པའི་སྐབས་ན། ཁྲག་དང་གཅིན་སྐྱག་ཙམ་དུ་མ་ཟད། མགོ་སྤྱི་གཙུག་ནས་རྐང་མཛུབ་མཐིལ་བར་དང་། ཤི་སྨན་བརྒྱབས་ཏེ་གློག་སྐུད་འདྲ་མིན་ཁ་སྣ་ནས་མར་དྲངས། རྐུབ་ནས་ཡར་དྲངས་ཏེ་ཕྱི་ནང་མེད་པར་ཞིབ་འཇུག་གིས་གཟུགས་པོ་ཐང་ཆད་དེ་ཤི་ལ་ཁད་དུ་འགྱུར་བཅུག་པའི་ཐ་མ་བརྟགས་འབྲས་སུ་བསླེབས་སོང་།
དུས་རྒྱུན་སེམས་ལས་ཆེ་བའི་ཕོ་མོ་གང་མང་ཞིག་གིས་སྨན་ཁང་དུ་བརྟགས་དཔྱད་རེ་བྱས་པ་ན། བཅོས་མེད་ཀྱི་ན་ཚར་གྲག་པའི་བརྟགས་འབྲས་རེ་ཐོན་ཏེ། སེམས་ནད་ཁོ་ནས་མགྱོགས་ཤི་བྱེད་བཅུག་གི་ཡོད་པ་རེད་ལ། ང་ཡང་སྐྱེ་རྒ་ན་འཆིའི་ཡོ་ལང་གི་ཁྲོད་ན་ཡོད་ཕྱིར། བཟང་ངན་ཅི་ཞིག་ལབ་མིན་མ་འཚལ་བའི་དངངས་སྐྲག་གིས་བལྟ་ཉན་བྱས་བསྡད་པ་ན། མཁྲིས་མགོ་མཐོ་བ་ཙམ་དང་། ཁྲག་གི་ནང་དུ་ཞག་རྩི་ཅུང་མང་བ་དང་། གཟུགས་པོའི་རིང་ཚད་ལས་ལྗིད་ཚད་ཅུང་ཆེ་བ་སོགས་ཕྲན་བུ་འགའ་ལས་ཚབས་ཆེའི་ནད་རིགས་ཅི་ཡང་ཡོད་སྐད་མ་རེད།
སྤྱིར་དིང་སང་བཅོས་མེད་ཀྱི་ན་ཚ་གཉན་ནད་དང་འབྲས་ནད་སོགས་མང་ཞིང་། ད་དུང་ཁྲག་རྩ་རལ་བ་དང་སྙིང་རྩ་འགག་པ་སོགས་མཐོང་ཐོས་མང་པོ་ཞིག་འབྱུང་དུ་ཡོད་མོད། གནས་སྐབས་དེ་རིགས་གང་ཡང་མེད་ནས་ལོ་ཤས་མི་ཡུལ་དུ་སྡོད་པའི་སྐལ་བ་ཡོད་པ་འདྲ་སྙམ་པ་བྱུང་ངོ་། །
སྐད་ཆ་སྔ་ཕྱི་འགལ་བ་དང་པོ་མཐུན་རྐྱེན་ནམ་ཤར་འགྲོ་སོང་མང་ཐག་ཆོད་བཏང་ཡོད་ལབ་མཇུག་ཏུ་གྲོགས་པོས་སྤྲད་སོང་བཤད་
རྩོམ་སྣང་བ་སྐྱིད་པོ་ཞིག་རེད། སྟོན་པ་བཀའ་དྲིན་ཅན་གྱི་རྗེས་སུ་འཇུག་པ་ཚོས་འཆི་རྐྱེན་གསུམ་དུ་བལྟ་བ་ཡིན་ཏེ། ཚེ་ཟད་པ་དང་དུས་མིན་འཆི་བ། བསོད་ནམས་ཟད་ནས་འཆི་བ་བཅས་སོ། །ཚེ་ཟད་པ་ན་གཟུགས་ཕུང་ནད་ཀྱིས་ཟིན་མེད་ཀྱང་འཆི་དགོས།
དུས་མིན་འཆི་བའི་ལས་བསགས་པ་དང་བསོད་ནམས་ཟད་པའང་གོང་མཚུངས་སོ། །
སྐྱོ་བྲག་དགའ་དབང་ལགས། ངོ་མ་ཆོས་པ་རྣམ་དག་ཞིག་ཡིན་པ་འདྲ། ང་འདིའི་སྡེང་ཆ་ནང་ལ་འཛུལ་ནས་ད་བར་དུ་འཆི་བའི་སྐོར་དྲན་ནས་གནས་ཚུལ་བཤད་མཁན་དང་པོ་མཐོང་སོང་། མ་ཟད་འཆི་བ་ལ་འདང་རྒྱབ་མཁན་ཡིན་པ་རེད་འདུག ད་ལན་ཁྱེད་ཀྱི་ཟག་ཕུང་དེར་དེངསང་བཅོས་མེད་ཀྱི་ནད་ངན་དེ་འདྲ་མེད་པ་བཤད་པས་དགའ་སྤྲོ་དང་། སླད་དུ་ནད་མེད་ཚེ་རིང་དུ་འདུག་པར་སྨོན་ལམ་ཞུ།
སྐུ་གཟུགས་བདེ་ཐང་ཡིན་པས་དགའ་བོ་བྱུང་་་་་
ངས་ཀྱང་ཉིན་ཤས་གོང་ཞོགས་ཇ་རྒྱག་ཐག་ཆོད་ཅིག་འཐུང་ནས་བདེ་ལེགས་སྨན་ཁང་ལ་སོང་ནས་བརྟག་དཔྱད་ཅིག་བྱས་པར་ད་སྔ་ནད་རྟགས་གང་ཡང་མེད་རབས་ཟེར་་་་སྨན་པ་ཁོང་གིས་ལག་པས་ངའི་ལག་རྩར་རེག་ཙམ་རེག་ཙམ་བྱས་ནས་་་འོ་བདེ་ཐང་རེད་སྨན་ཁང་གཞན་པར་སོང་ནས་བརྟག་དཔྱད་བྱ་དགོས་པ་མི་འདུག་་་ན་ཚ་མེད་པ་ཁག་ཐག་རེད་ཟེར་་་་དགའ་བཞིན་ཕྱིར་ཡོང་བ་ཡིན་་་་
ལོ་ལྟར་ལུས་ན་ཚ་ཡོད་མེད་བརྟག་དཔྱད་བྱ་རྒྱུ་ནི་ཤིནད་ཏུ་གལ་ཆེན་པོ་རེད། འོནད་ཀྱང་། རིན་གོང་ཆེན་པོ་སྤྲད་ནས་བརྟག་དཔྱད་བྱ་རྒྱུ་དེ་ཡང་། སེམས་ནད་ཅིག་མིན་ནམ་སྙམ་མོ།། ཧ་ཧ།། ཀུ་རེ་དང་བཅས།།