ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
དཀར་པོའི་དགེ་བ་སྒྲུབ་མཁན་ཉུང་།།
ཁ་ནས་དྲང་གཏམ་བཤད་མཁན་ཉུང་།།
ག་ས་ག་ལ་འགྲོ་མཁན་ཉུང་།།
ང་རྒྱལ་གཏམ་ལ་ཉན་མཁན་ཉུང་།།
ཅ་ལག་དངོས་པོ་ཉོ་མཁན་ཉུང་།།
ཆ་ཚང་རྟོགས་པའི་མཁས་པ་ཉུང་།།
ཇ་ནག་ཚ་མེད་འཐུང་མཁན་ཉུང་།།
ཉ་ཤ་དམར་པོར་ཟ་མཁན་ཉུང་།།
རྟ་བོང་གསོ་ཉར་བྱ་མཁན་ཉུང་།།
ཐབ་ནང་མེ་དམར་གསོ་མཁན་ཉུང་།།
ད་ལྟ་བོད་ཡིག་སྦྱང་མཁན་ཉུང་།།
ན་དུས་ཚ་དུས་རོགས་སྐྱོར་ཉུང་།།
པ་ཊ་འདྲ་བའི་རི་མོ་ཉུང་།།
ཕ་ལམ་འདྲ་བའི་ནོར་བུ་ཉུང་། །
“བ་མོ་འདྲ་བའི་དུད་འགྲོ་ཉུང་།།
མ་མ་འདྲ་བའི་བྱམས་སྐྱོང་ཉུང་་།།
རྩ་བ་མེད་པའི་ཡན་ལག་ཉུང་།།”
ཚ་བ་མེད་པའི་ལུང་པ་ཉུང་།།
མཛའ་བརྩེ་མེད་པའི་མི་རིགས་ཉུང་།།
ཝ་མོ་འདྲ་བའི་སྤྱན་གཟན་ཉུང་།།
ཞྭ་མོ་མེད་པའི་མི་རིགས་ཉུང་།།
ཟ་རྒྱུ་མེད་པའི་མི་རིགས་ཉུང་།།
འ་ཞ་མེད་པའི་མི་རིགས་ཉུང་།།
ཡ་རབས་མེད་པའི་བོད་མི་ཉུང་།།
རཱ་ཅོ་མེད་པའི་ར་ལུག་ཉུང་།།
ལ་ལུང་མེད་པའི་ས་ཆ་ཉུང་།།
ཤ་བ་མེད་པའི་ས་ཆ་ཉུང་།།
ས་མཚམས་མེད་པའི་རྒྱལ་ཁབ་ཉུང་།།
ཧོང་ཀོང་འདྲ་བའི་ས་ཆ་ཉུང་།།
ཨ་གསར་མེད་པའི་མི་རིགས་ཉུང་།།
དཀའ་ལས་རྒྱག་མཁན་བོད་རིགས་ཉུང་། །
ཁ་ལུད་རྒྱག་མཁན་བོད་རིགས་ཉུང་། །
གང་འདོད་ཤོད་མཁན་བོད་རིགས་ཉུང་། །
ང་ལྟར་འབྲི་མཁན་བོད་རིགས་ཉུང་། །
དཀར་པོའི་ཆོས་ལ་མི་དད་བོད་རིགས་ཉུང་། །
ཁ་ནས་མཎི་མི་འདོན་བོད་རིགས་ཉུང་། །
ག་ས་ག་རུ་མ་སླེབས་བོད་རིགས་ཉུང་། །
ངར་པོ་གྲུང་པོ་མེད་པའི་བོད་རིགས་ཉུང་། །
དཀའ་དཔྱད་སྡུག་རུས་རྒྱོབས་ཤོག །
ཁ་བཤད་ལག་ལེན་བཀལ་ཤོག །
གར་སྡོད་བོད་དོན་སྒྲུབས་ཤོག །
ང་ཚོ་ཆིག་སྒྲིལ་དྲིལ་ཤོག །
བཀའ་གསུང་ཅི་སྒྲུབ་གྱིས་དང་། །
ཁ་སང་གཏིང་སངས་གྱིས་དང་། །
དགའ་དད་བློ་སྤོབས་གྱིས། །
ང་ཁྱོད་མཉམ་རུབ་གྱིས་དང་། །
(“རྩ་བ་མེད་པའི་ཡན་ལག་ཉུང་།།”) ཧ་ཧ་ཧ།
ཀྱེ། ཞབས་འདྲེན། ད་རང་སྨྱོ་མ་རེད་དོ། ཧ་ཧ་ཧ།
ཤ་རིགས་ས་རྒྱུ་ཉུང་ཙམ་གྱིས། །
ཆང་རིགས་འཐུང་རྒྱུ་ཉུང་ཙམ་གྱིས། །
འཁྲིད་སྤྱོད་ལས་རྒྱུ་ཉུང་ཙམ་གྱིས། །
ཉུང་ཉུང་དགོས་ཚད་ཉུང་ཙམ་གྱིས། །
ཧ་ཧ་ཧོ་ཧོ་མང་ཙམ་གྱིས། །
ཧ་ཧ་ཧོ་ཧོ་ཧི་ཧི་ཧ། །
པ་ཕའི་ཕ་སྐད་ཉུང་། །
ཕ་མའི་སྨྲ་ལྕེ་ཉུང་། །
བོད་པའི་ཁ་སྐད་ཉུང་། །
མ་ཡི་ཁ་ལྕེ་ཉུང་། །