ཨེ་མ་ཧོ།
ན་མོ་གུ་རུ་ཨརྱ་ཏཱ་ར་ཡེ།
ཨ་མ་ལགས། བཀའ་དྲིན་ཆེ།
ཁྱོད་ཀྱིས་ནི་ཉི་མ་བཞིན་དུ་རྨོངས་པའི་མ་རིག་བསལ་ཞིང་ལུས་ཟུངས་ཀྱི་དྲོད་བཅུད་གསོས།
ཨ་མ་ལགས། བཀའ་དྲིན་ཆེ།
ཁྱོད་ཀྱིས་ནི་ཟླ་བ་བཞིན་དུ་བརྩེ་བའི་བྱམས་སྐྱོང་གནང་ཞིང་སྒྱུ་ལུས་ཀྱི་ཀུ་མུད་བཞད་པར་མཛད།
ཨ་མ་ལགས། བཀའ་དྲིན་ཆེ།
ཁྱོད་ཀྱིས་ནི་ས་གཞི་བཞིན་དུ་མཁྱེན་བརྩེའི་སྣོད་བཅུད་སྤེལ་ཞིང་དལ་འབྱོར་གྱི་སྙིང་པོ་ཡང་དག་བྱིན།
ནུབ་ཕྱོགས་ཨ་མའི་དུས་ཆེན་ལ་དཔལ་ལྡན་ལྷ་མོས་སྐུལ་བ་བཞིན་དུ་གང་ཤར་དུ་་ཨེ་མ་ཧོས་ཨ་མའི་སྒོམ་དུ་བྲིས་པར་དགེའོ།། །།
་་་་་་་་་དཔལ་ལྡན་ལྷ་མོས་སྐུལ་བ་བཞིན་་་་་་་་ ཞེས་པ་འདི་མི་ཞིག་རེད་དམ། ལྷ་ཞིག་རེད། ཨེ་མ་ཧོ་ལགས།
འདི་སྲུང་མ་དཔལ་ལྡན་ལྷ་མོ་ཞུ་རྒྱུ་ཡིན་ནམ།
ཁ་བརྡ་ཚང་ལ་ཞུ་ཡག་ལ། པདྨ་ཟེར་མཁན་མཆན་ཐམས་ཅད་བསུབ་འགྲོ་འདུག་པས། སུས་བསུབ་ཡིན་ནམ། གལ་ཏེ་ཁ་བརྡ་ཚང་གི་བསུབ་ན་རྒྱུ་མཚན་གསུང་ན་ཡག་ས་རེད། ཐམས་ཅད་ཀྱིས་ཐུགས་བློ་བདེ་བོ་ཡོང་གིས་རེད། ཁོ་རང་སྒེར་གྱི་བསུབ་ན་ཁོ་རང་ལ་རྒྱུ་མཚན་ཡོད་འདོག་རེད།
ས་བཅུའི་དབང་ཕྱུག་ངའི་སྲུང་མ་དཔལ་ལྡན་ལྷ་མོ་ལ་ཟེར་ན་ནི། ཨེ་མ་ཧོ་ཁྱོད་ཀྱིས་མི་ཆོས་བླ་མས་རྫུན་བཤད་པ་ལ་འགྲོ་བར་ངེས་པས། ད་ནས་བཟུང་གཟབ་དགོས་སོ།།
མི་ཆོས་བླ་མས་བརྫུན་མ་ཟད་ས་ལ་གནས་པའི་སྐྱེས་ཆེན་ལའང་དམའ་འབེབས་དང་། བགྲོ་བཀུར་གཏོང་བ་ལ་ཀརྡོ་ལགས་ཁྱེད་མཁས་པ་ཞིག་ཡིན་པས་དགོངས་མ་སོང་བས། རེད་ཁྱེད་གསུངས་པ་དེ་བདེན་ནོ་གཟབ་དགོས།
ཨོཾ་ཨཱཿཧཱུཾ། ན་མོ་གུ་རུ་ས་ར་ས་ཝ་ཏི།
ཨ་མ་ལགས། ཐུགས་རྗེ་ཆེ།
༡༽ ཁྱོད་ནི་ཉི་མའི་དྲོད་བཞིན་ལུས་སེམས་བརྩེ་དྲོད་ཀྱིས་གསོས། ཨ་མ་ལགས། ཐུགས་རྗེ་ཆེ།
༢༽ ཁྱོད་ནི་ཟླ་བ་ལྟ་བུས། ཤེས་བྱའི་བསླབ་པའི་གནས་ལ་བསྐུལ་ཏེ་པདྨོ་ལྟ་བུ་རྒྱས། ཨ་མ་ལགས། ཐུགས་རྗེ་ཆེ།
༣༽ ཁྱོད་ནི་ས་གཞི་ལྟ་བུས། དབྱར་དགུན་ཚ་གྲང་གི་ངལ་བ་མེད་པས་བཟོ་སྲན་གྱིས་ལྟ་སྐྱོང་བྱས། ཨ་མ་ལགས། ཐུགས་རྗེ་ཆེ།
བྱང་ཕྱོགས་ཨ་རིའི་ལུང་པའི་མ་ཡི་དྲན་ལེན་ཉི་མ་དང་བསྟུན་ནས་དཔལ་ལྔ་ལྷ་མོ་སོགས་སུས་མ་བསྐུལ་ཡང་དེང་དུས་ཡུལ་དུས་མཐུན་པའི་དྭངས་བླང་ངང་ནས་བྲིས།། འདི་སུས་བཀླགས་ན་ཨོཾ་ཨཱཿཧཱུཾ་བྱིན་གྱིས་རློབས་པར་ཤོག
འདི་ཨ་མ་ལགས་རེད་མི་འདུག ཨ་ནེ་ལགས་རེད་འདུག གཟབ་གཟབ་གྱིས།
ལགས་སོ། ནག་ཆུ་བླ་མ་ལ་ཁྱོད་ཀྱི་མ་དགོངས་པ་གང་ཡོད། ཉམས་མྱོང་ངང་ནས་གསུངས་པ་དགའ་བསུ་ཞུ།