མི་གསོན་པོ།
བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མཐའ་དབུས་ཀུན་ཏུ་རྒྱས་པའི་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ཁྲོད་དུ་དངོས་གཙོ་འཇིག་རྟེན་གྱི་སྣང་ཚུལ་ལས་འདས་པའི་སྐྱེ་བ་སྔ་ཕྱི་སོགས་དངོས་གཙོའི་ཚུལ་སྣང་ལས་བརྒལ་བའི་གནས་ལུགས་ལ་དོ་སྣང་དབེན་པའི་ཚན་རིག་པས། དངོས་ཡོད་མི་ཚེའི་ནང་གི་དགོས་མཁོ་ཉག་ཅིག་ཏུ་གྱུར་པའི་སེམས་ཀྱི་བདེ་སྐྱིད་ངོ་མ་དེ་ནང་བསྟན་ཆོས་ལུགས་ཀྱིས་བསྐྲུན་བགྱི་ཡོད་པའི་ཡིད་ཆེས་རྙེད་དེ་ནང་ཆོས་དང་འབྲེལ་བའི་ལྟ་གྲུབ་དང་ཉམས་ལེན་ལ་ཞིབ་འཇུག་གི་ཁ་ཕྱོགས་བཞིན་པའི་སྐབས་འདིར། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དངོས་ཡོད་ལོ་རྒྱུས་ཐོག་ཏུ་བླ་ན་མེད་པའི་མཛད་སྤྱོད་ཅན་གྱི་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་ཨ་རི་ལ་ཕེབས་ཏེ་གསེར་གྱི་ཕ་བོང་སྒོ་ཁར་འགྲིམ་པའི་དཔེ་ཟླ་འོས་པ་དེ་ཉིད་ཀྱི་གོ་སྐབས་ཚན་རིག་པ་རྣམས་ཀྱིས་དམ་འཛིན་བྱས་ཏེ། འཇིག་རྟེན་ཧྲིལ་པོ་ལ་སྐད་གྲགས་རྒྱས་པའི་ངོ་དེབ་དང་། གྷོ་གྷོལ་སོགས་དེང་རབས་དྲ་རྒྱ་གྲགས་ཅན་ཁག་གིས་ཆེད་དུ་གདན་འདྲེན་ཞུས་ཏེ་ཁོར་ཡུག་དང་སྤྱི་ཚོགས་ལ་གཅེས་སྤྲས་ལྡན་པའི་འཕྲུལ་ཆས་བེད་སྤྱོད་ཇི་ལྟར་བྱེད་དགོས་ཚུལ་གྱི་བཀའ་སློབ་ལམ་སྟོན་ཞུས་གནང་བ་ལྟར། དེ་རིང་སྤྱི་ཟླ་ལྔ་པའི་ཚེས་དྲུག་ཉིན་གྱི་ཞོགས་པར་ཝི་སི་ཁོན་སི་གཙུག་ལག་སློབ་ཆེན་གྱི་དབང་རྩ་ཚན་རིག་བརྟག་ཞིབ་ཁང་དུ་གདན་འདྲེན་ཞུས་ཏེ་དབང་རྩ་རིག་པ་དང་སེམས་ཁམས་རིག་པའི་མཁས་དབང་ཁག་གིས་ལས་དོན་བྱེད་ཕྱོགས་སྐོར་ལ་ལམ་སྟོན་དང་བཀའ་སློབ་ཞུས་པ་མ་ཟད་དབང་རྩ་རིག་པའི་མཁས་དབང་རི་ཆེ་ཌི་ཝི་སིས་འཕྲུལ་ཆས་ཀྱིས་ཀླད་ཁམས་དང་དབང་རྩ་སོགས་ཇི་ལྟར་བརྟག་ཞིབ་བྱེད་ཚུལ་གྱིས་སྐོར་སྙན་སེང་དང་འབྲེལ་བརྟག་དཔྱད་བྱེད་པའི་འཁྲུལ་ཆས་རྣམས་གཟིགས་འབུལ་ཞུས་སོང་།
༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་ཚན་རིག་དང་ནང་ཆོས་གང་གི་ཐད་ནས་ཡིན་ནའང་ཁ་བཤད་དང་བརྟག་ཞིབ་ཙམ་གྱིས་དུས་ཚོད་མི་སྐྱེལ་བ་ལག་ལེན་དང་འགན་ཁུར་གྱི་ཐོག་ནས་གོ་ལ་དང་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་རྒྱུ་དེ་གལ་ཆེན་ཡིན་ཚུལ་གྱིས་བཀའ་སློབ་སྩལ་བ་དང་། སེམས་ཁམས་རིག་པའི་མཁས་དབང་གྲགས་ཅན་ཞིག་གིས་བྱིས་པ་ལོ་ཆུང་རྣམས་ཀྱི་ཀུན་སྤྱོད་དང་སེམས་ཁམས་ཡ་རབས་ཅན་དུ་འགྱུར་བའི་ཆེད་དུ་སྒོམ་གྱི་ཐབས་ལམ་སྤེལ་བའི་བརྒྱུད་རིམ་དག་སྙན་ཞུ་དང་འབྲེལ། བོད་དུ་ནང་བསྟན་ཆོས་ལུགས་ཀྱི་ཐབས་ལམ་དང་འབྲེལ་བའི་བྱིས་པའི་སེམས་ཁམས་དང་ཀུན་སྤྱོད་ཀྱི་སློབ་གསོ་ཡོད་མེད་ཅེས་བཀའ་འདྲི་ཞུས་ལན་དུ།
བོད་ནི་བྱིས་པའི་སེམས་ཁམས་ཀྱི་སློབ་གསོ་ཆེས་བཟང་བའི་ཁོར་ཡུག་ཅིག་ཡིན་པ་དང་། ཆུང་བྱིས་པའི་དུས་ནས་གཞན་ལ་གནོད་འཚེ་སྤོང་བའི་འཚེ་མེད་ཞི་བདེའི་འགན་ཁུར་བྱེད་པའི་སློབ་གསོ་ཆེས་ཕུལ་དུ་བྱུང་བ་ཇི་སྙེད་ཕ་མའི་དྲིན་གྱིས་ཐོབ་ཀྱི་ཡོད་སྟེ། སྲོལ་རྒྱུན་གྱི་གོམས་གཤིས་བཟང་པོ་ལ་བརྟེན་ནས་ཕ་མས་སྲོག་ཆགས་གྲོག་འབུ་ཙམ་ཡང་བསད་མི་ཉན་པའི་བསླབ་བྱ་སྩལ་བ་ལྟར་སེམས་ཅན་གཞན་གྱི་ཚེ་སྲོག་ལ་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་པའི་སེམས་ཁམས་དང་ཀུན་སྤྱོད་འབྱུང་གི་ཡོད། ང་ལའང་ད་ལྟར་སྙིང་རྗེ་དང་བྱམས་སེམས་ཀྱི་བསམ་བློ་ཅུང་མངའ་བ་འདི་ཡང་ཆུང་བྱིས་དུས་ཕ་མ་བཟང་པོ་རྩར་ནས་སློབ་གསོ་ཐོབ་པས་ཡིན་ངེས། དེས་ན་སེམས་པ་བཟང་ལ་ཀུན་སྤྱོད་ལེགས་པའི་སེམས་ཁམས་ཀྱི་བགས་ཆགས་བཟང་པོ་ཞིག་འཇོག་རྒྱུ་ནི་ཆུང་བྱིས་དུས་ཀྱི་སློབ་གསོ་ལ་རག་ལས་པས་ཕ་མས་ཀྱང་འགན་ཁུར་བྱས་ཏེ་རང་གི་བུ་ཕྲུག་གི་སེམས་ཁམས་ལ་བགས་ཆགས་བཟང་པོ་ཞིག་འཇོག་རྒྱུ་ནི་ཧ་ཅང་གལ་ཆེ། ཞེས་གསུངས།
སེམས་ཁམས་དང་དབང་རྩ་རིག་པའི་མཁས་དབང་ཁག་གིས་སོ་སོ་རང་ཉིད་ཀྱིས་རྩལ་དུ་བཏོན་ཞིང་ཞིབ་འཇུག་བྱས་པའི་གྲུབ་དོན་རྣམས་སྙན་སེང་ཞུས་ཟིན་རྗེས་ཝི་སི་ཁོན་སིའི་མཛད་སྒོ་རྣམས་ལེགས་གྲུབ་ཀྱི་མངའ་སྡེ་མི་ནི་སོ་ཊ་རུ་ཆིབས་བསྒྱུར་བསྐྱངས་གནང་། མི་ནི་སོ་ཊ་ནི་ཨ་རི་ཡུལ་དུ་བོད་རིགས་མང་ཤོས་གནས་ཡུལ་ཨང་གཉིས་པ་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ལམ་སྟོན་དང་། རྒྱབ་སྐྱོར། མཐུན་འགྱུར་སོགས་ལ་བརྟེན་བོད་མི་ན་གཞོན་རྣམས་ལ་བོད་ཀྱི་སྐད་ཡིག་གི་སློབ་སྦྱོང་བྱེད་རྒྱུའི་ཆ་རྐྱེན་བཟང་ཤོས་ཀྱི་བོད་རིགས་འདུས་སྡོད་བྱེད་ཡུལ་དེ་རེད།
སྐབས་འདིར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་བ་བཏབས་པ་ལྟར་༧དཔལ་རྒྱལ་དབང་ཀརྨ་པ་ས་གནས་སུ་ཆིབས་བསྒྱུར་བསྐྱངས་སྐབས་སྲོལ་རྒྱུན་གྱི་ཕེབས་བསུ་ཟབ་རྒྱས་དང་ལྷན། ས་གནས་ཀྱི་བོད་རིགས་སློབ་ཕྲུག་རྣམས་ཀྱིས་མདོ་དབུས་ཁམས་གསུམ་གྱི་ཁྱད་ཆོས་ལྡན་པའི་གླུ་གར་བྲོ་གསུམ་གྱི་མཆོད་སྤྲིན་རྒྱ་ཆེར་གཟིགས་འབུལ་ཞུས་པ་དང་། དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་དབུས་ད་ལྟའི་ལས་ཐོགས་རྒྱུན་ལས་རྣམས་པས་མནྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་ཐུགས་རྗེ་བཀའ་དྲིན་རྗེས་དྲན་གྱིས་གཟེངས་རྟགས་ཤིག་ཀྱང་ཕུལ་སོང་།
གཟེངས་རྟགས་ཀྱི་ནང་དོན་ཡི་གེ་ནི། སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་འཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་བསྟན་འགྲོ་སྤྱི་དང་། བྱེ་བྲག་གངས་ཅན་བོད་ཀྱི་བསྟན་སྲིད་ལུགས་གཉིས་ལ་ཕན་པའི་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་བར་དང་། ཁྱད་པར་དུ་སྒོ་ཀུན་ནས་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ལག་གཡས་པ་ལྟ་བུར་ཕྱག་རོགས་དཔུང་འདེགས་ཀྱིས་ས་གནས་འདིར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་ཞིང་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ལམ་སྟོན་ཟབ་མོ་སྩལ་གནང་བར་བཀའ་དྲིན་རྗེས་དྲན་མཚོན་དོད་དུ་གཟེངས་རྟགས་འདི་བཞིན་གུས་ཕུལ་ཞུས།། །།
མི་ནི་སོ་ཀྲ་བོད་རིགས་སྤྱི་མཐུན་ཚོགས་པ་ནས། སྤྱི་ལོ༢༠༡༥ ཟླ་༤ ཚེས་༢༨ ཉིན།
ལོ་ངོ་དགུ་བརྒྱའི་ལོ་རྒྱུས་ལྡན་པའི་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་མཆོག།
གངས་ཅན་འགྲོ་བའི་སྐྱབས་དང་མགོན་དུ་མཆོག་སྤྲུལ་སྐུ་འཕྲེང་ན་རིམ་ཕེབས།།
༧རྒྱལ་བའི་དབང་པོ་ཀརྨ་པ་ཞེས་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་གང་།།
གངས་དཀར་ཏི་སེའི་རི་བོ་བརྒལ་ཏེ་འདི་ཕྱོགས་ཕེབས་པར་ཕྱག་གིས་བསྟོད།།
དེ་ལྟར་ཚིག་དོན་ཆ་མཐུན་པའི་རླབས་ཆེན་གྱི་གཟེངས་རྟགས་ཡི་གེ་འདི་ཉིད་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་གྱིས་སྒྲོག་སྦྱང་གནང་བ་དང་དེ་བཞིན་སྙན་ངག་གི་ལམ་ནས་བསྟོད་ཚིག་གྱེར་འདོན་གནང་བ་སོགས་ཆེ་བསྟོད་དང་གུས་བཀུར་ཞུ་བའི་ལས་རིམ་གྱི་སྔོན་འགྲོ་ལེགས་པར་གྲུབ་རྗེས། ༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་བོད་རིགས་གཙོས་པའི་འདུས་ཚོགས་ཆིག་སྟོང་བརྒྱད་བརྒྱ་ཙམ་ལ་བླང་དོར་གྱི་བཀའ་སློབ་ཟབ་མོ་སྤྱི་བོའི་རྒྱན་དང་། རྣ་བའི་བཅུད། སྙིང་གི་དཀྱིལ་དུ་འཆང་འོས་པའི་བཀའ་དྲིན་སྩལ་གནང་གྲུབ་རྗེས་གོ་སྒྲིག་པས་ཐུགས་རྗེ་བཀའ་དྲིན་ཆེ་ཞུའི་གཏམ་བཤད་བཅས་ཀྱི་མཛད་རིམ་རྣམས་ལེགས་གྲུབ་བྱུང་སོང་།
སྤྱི་ཚེས་བདུན་ཉིན་གྱི་ཞོགས་པར་མཁའ་ལམ་བརྒྱུད་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་འཁོར་ལྷན་རྒྱས་གྲོང་ཁྱེར་སེ་ཨ་ཀྲལ་དུ་ཡོད་པའི་རྫོགས་ཆེན་དཔོན་སློབ་རིན་པོ་ཆེའི་ཆོས་ཚོགས་སུ་ཞབས་ཀྱི་པདྨོ་མངོན་པར་བཀོད་པ་བཅས་ཀྱི་གནས་ཚུལ་མི་གསོན་པོས་ཟིན་བྲིས་བཏབས།། །།
སྔོན་མ་རྒྱ་ནག་གོང་མའི་བོད་ཀྱི་བླ་ཆེན་ཚོར་མིང་དང་ཐམ་ག་དབུ་ཞྭ་སོགས་ཕུལ་ནས་མགོ་བསྐོར་བཏང་། དེང་སང་ཕྱི་རྒྱལ་མགོ་སེར་ཚོར་བོད་ཀྱི་་བླ་མ་ཚོར་མཁས་པའི་གཟེངས་རྟགས་དངཕྱག་འཁྱེར། སྤྱི་ཚོགས་དང་འཁོར་ཡུག་སོགས་ལ་སྲུང་སྐྱོབ་གནང་བའི་གཟེངས་རྟགས་སྤྲོད་པ་སོགས་བྱེད་པ་འདི་དག་ཀྱང་མགོ་བསྐོར་བཏང་གི་ཡོད་འདུག ངའི་འབོད་བསྐུལ་ནི་བོད་ཀྱི་བླ་ཆེན་རྣམ་པ་ཚོ་མིང་དང་སྐད་གྲགས་སོགས་ལ་མ་བལྟ་རོགས་གནང།
ནུབ་ཕྱོགས་ལགས་ཀྱི་གསུངས་པ་ལྟར་རེད་དེ། བླ་མ་རྣམ་པས་ཕྱག་ལས་ལེགས་པོ་གནང་བར་རྟེན་གཟེངས་རྟགས་ཕུལ་བ་ལས་གཟེངས་རྟགས་ཕྱིར་དེ་འདྲ་གནང་བ་གཏན་གཏན་མ་ེེད་ཞུ། ཡང་འགའ་ཞིག་ཡོད་ཡང་སྲིད།
ལོ་འདི་གཟེངས་རྟགས་ཀྱི་ལོ་ཞིག་ཡིན་ས་རེད་གང་ནས་ལྟས་ཀྱང་གཟེངས་རྟགས་དང་གཟེངས་རྟགས་ཕུལ་ཡོང་གི་འདུག གང་ཤེས་ཕུལ་མཁན་དེ་ཚོའི་དམིགས་ཡུལ་གང་འདྲ་ཡིན་མིན་ཤོད་ཚོད་དཀའ། གང་ལྟར་གཟེངས་རྟགས་འབུལ་ཡུལ་ནི་མིང་ཆེན་པོ་གོ་གནས་ཆེན་པོ་ཁ་བདེ་བོ་རྐྱང་ལ་འབུལ་བ་མ་གཏོགས་་་་དོན་དམ་པའི་བྱམས་དང་སྙིང་རྗེའི་བདག་ཉིད་ཞི་བདེའི་འོད་སྣང་གཡོ་བའི་བྲག་ཕུག་ཁང་ཆུང་རི་གསེང་དུ་བཞུགས་མཁན་དེ་ཚོ་ལ་ངོ་བསྟོད་མེད་ལ་རྣ་བས་གོ་ཡང་ཡོད་ཚོད་མེད།
xxxxxx
ཏང་ཀྲུང་དབྱང་གིས་ཀྱང་བོད་མི་རིགས་ལ་གཉའ་གནོན་དང་དབང་སྒྱུར་བྱེད་ཆེད་དུ་བླ་སྤྲུལ་་ཚོ་བེད་སྤྱོད་བཏང་དང་བཞིན་པ་རེད་ལ་་་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ལུགས་སྲོལ་ངན་པ་དེའི་དབང་ཆ་ཡང་ཏང་གིས་བཟུང་ནས་བླ་སྤྲུལ་ཆེ་ཆེ་དྲག་དྲག་ཚོའི་ཡང་སྲིད་སྐུ་བདག་རྒྱབ་ཀྱི་ཡིན་ཟེར་བ་དང་། སྤྲུལ་སྐུ་དེ་དག་བོད་མི་རིགས་ལ་དབང་སྒྱུར་དང་གཉའ་གནོན་གྱི་ལག་ཆ་བེད་སྤྱོད་ཀྱི་ཡིིན་པ་ནི་གསལ་པོ་རེད།
མི་ལོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་བོད་མི་རིགས་ལ་གཉའ་གནོན་དང་དབང་སྒྱུར། མགོ་སྐོར་དང་བཙན་གནོན་གྱི་ལག་ཆ་སྤྲུལ་སྐུའི་སྲོལ་ངན་འདི་མཚམས་འཇོག་ན་ཡག་པོ་རེད། ཆོས་མིན་སྲིད་མིན་གྱི་ཟློས་གར་འཁྲབ་མཚམས་འཇོག་ན་ཡག་པོ་རེད།
གཟེངས་རྟགས་ཟེར་བ་དང་མཐོ་སློབ་ཀྱི་ལག་ཁྱེར་ཟེར་བའི་ནུབ་ཕྱོགས་པས་བོད་ཀྱི་བླ་སྤྲུལ་དག་ལ་ཕུལ་བསྡད་པ་དེ་ནི་སྔོན་མ་ཤར་ཕྱོགས་པས་གོང་མ་ཚོས་སྤྲད་པའི་ཐམ་ཀ་དང་འཇར་ས་སོགས་དང་གཅིག་པ་རེད་འདུག
དོན་དངོས་མའི་ཐོག་ནས་ཨ་རིའི་མཐོ་སློབ་ཀྱི་ལག་ཁྱེར་འཐོབ་དགོས་སའི་རྐམ་པ་དེ་ཨེན་ཇུས་སྐད་ཡིག་ལ་བྱང་ཆུབ་པའི་ཀརྨ་པ་མཐའ་ཡས་རྡོ་རྗེ་ལ་ཕུལ་ན་ལུགས་མཐུན་རེད་འདོད། ཡིན་ཀྱང་མཐོ་སློབ་ཀྱི་ལག་ཁྱེར་དེ་ཡོན་ཏན་ལ་བལྟ་ནས་ཕུལ་བཞིན་མེད་པ་གསལ་པོ་རེད་བ།་་་་ཧཧ
བསྟོད་ན་དགའ་བའི་འཇིག་རྟེན་ཆོས་བརྒྱད་ཀྱི།
འོད་ཀྱི་སྣང་བ་ནུབ་ཀྱི་རི་ནས་ཐོབ།
ཆོས་བརྒྱད་འོད་སྣང་མེ་ལྟར་འབར་བ་དེས།
མི་ལ་རས་པ་གསོན་སྲེག་བྱེད་ས་རེད།་་་་ཧཧཧ
ཀརྨ་བཟང་པོས་ལོ་ངོ་དགུ་བརྒྱ་རིང་། །ཀརྨའི་མཛད་པ་ཉི་ཟླ་བཞིན་དུ་ཁྱབ། །ཀརྨ་པ་ཞེས་སྙན་པར་གྲགས་འདི། །ཀརྨ་མ་བྱས་འབྲས་བུ་ག་ལ་ཡོང་། །དོན་མེད་ཆགས་སྡང་བྱས་ན་ངལ་བའི་རྒྱུ། །དོན་ཡོད་དག་སྣང་འཕེལ་ན་འདི་ཕྱི་ལམ། །དོན་མེད་མ་ཡིན་ཀརྨའི་མཛད་བཟང་ལ། །དོན་ཡོད་གསུང་གི་བདུད་རྩིར་ལན་བརྒྱར་བསྟོད། །ལོ་ན་ཆུང་བའི་བཙན་བྱོལ་བྱོན་པ་ལ། །ལོ་ན་རྒན་པོའི་ཐུགས་བསྐྱེད་རྒྱ་མཚོ་བཞིན། །ལོ་རྒྱུས་མཐུན་པའི་བོད་ཀྱི་བསྟན་སྲིད་ལའང་། །ལོ་རྒན་བསྟན་འཛིན་རྒྱ་མཚོའི་བཞེད་སྐོང་སྒྲུབ། །གང་ནི་མདོ་སྔགས་མཁྱེན་རྒྱ་ཡངས་པ་དང་། །ཕྱི་ནང་དཀའ་ཚེགས་དུ་མར་བཟོད་སྲན་ཐུབ། །དེང་དུས་རིགས་པའི་དཔལ་ཡོན་ཐུགས་རྒྱུད་རྒྱས། །རྣམ་དག་ཀརྨ་པ་ཞེས་ཁྱེད་ལ་འདུད། །
གཞན་ནི་གང་ཡང་མི་ཤེས། ཨོ་རྒྱན་ཕྲིན་ལས་ཀྱིས་ཁོང་ལ་རང་དབང་མེད་རབས་དཀའ་ངལ་ཆེ་ལུགས་སོགས་ནམ་ཡིན་ཡང་བསྒྲགས་འདུག་གི དེ་བདེན་ན་ད་རང་དབང་གི་ཡུལ་ཨ་མེ་རི་ཁ་ལ་གཏན་བཞུགས་མཛད་བཞག་ན་དགའ་ས་རེད་བསམ་གི
༄༅།།ཕྱི་རྒྱལ་བ་ཚོས་བོད་ཀྱི་བླ་མ་ཚོ་འདི་ལྟར་བྱེད་པ་ནི་ཁོང་ཚོ་ཁེ་ཕན་ཞིག་ཡོད་པས་རེད། ཁེ་ཕན་དེ་ཐོབ་ན་ང་ཚོ་འདི་ལྟར་མི་བྱེད་ཁོ་ཐག་ཡིན།
ཨོ་རྒྱན་འཕྲིན་ལས་ཨ་རིར་གཏན་བཞུགས་གནང་ན་ག་ལེར་མགོ་སེར་གྱི་གསེང་ལ་སིམས་འགྲོ་གི་རེད། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་དེའི་རིགས་ཨ་རིར་ཕྱིན་པ་དང་ཁོང་ཚོའི་ངོ་རྒ྄ོལ་དེ་ཡང་བརླག་ཟིན་པ་རེད། བཙན་བྱོལ་བའི་མཁས་པ་ང་ཡིན་ཟེར་མཁན་ཚོ་ནུབ་ཕྱོགས་སུ་འབྱོར་བ་དང་གོ་མེད་ཚོར་མེད་ཆགས་ཟིན་པ་རེད། བོད་ན་ཆབ་སྲིད་ཀྱི་བཙོན་པ་ཚོ་རྒྱ་གར་བརྒྱུད་ནུབ་ཕྱོགས་སུ་བཏང་བ་དང་ལྷན་ཁོང་ཚོའི་སྒྲུང་རྫོགས་ཟིན་པ་རེད། བོད་ཀྱི་བླ་སྤྲུལ་དགེ་བཤེས་ཚོ་ནུབ་ཕྱོགས་སུ་སླེབས་ནས་གཏན་འཇག་བསྡད་པ་དང་ལྷན་རྨོངས་དད་པ་ཚོར་མགོ་བསྐོར་གཏོང་རྒྱུ་དེ་མེད་པར་ཆགས་པ་རེད། བོད་ཀྱི་རྩོམ་པ་པོ་ཚོ་ནུབ་ཕྱོགས་སུ་གཏན་འཇགས་བསྡད་པ་དང་ལྷན་རྩོ་འབྲིའི་ལོ་རྒྱུས་ཕལ་ཆེར་མཇུག་བསྡུས་པ་རེད། ཡིན་ནའང་དེའི་རིགས་ལག་པ་འདུག་མ་ཚུགས་པའམ་ཉི་མ་མ་འཁྱོལ་བའམ་དུས་ཚོད་མི་འགྲོ་བའམ་ལག་པ་ངན་ལང་དུ་ཤོར་ནས་ཁ་བརྡ་དང་དུས་བབ་དང་གདོང་དེབ་ཝི་ཆེཌ་སོགས་སུ་སྨྱུག་མིང་གི་འོག་ནས་མཐོ་དམན་བར་གསུམ་ལ་སྐྱོན་བརྗོད་འདྲ་བྲིས་ནས་མི་ཚེ་བསྐྱེལ་བཞིན་ཡོད།
ད་རེས་ཀརྨ་པ་ཨ་རིར་ཡུན་རིང་ཙམ་བཞུགས་རྒྱུ་བྱུང་བ་དེ། གཅིག་བྱས་ན་ཁོང་ལ་རང་དབང་མེད་པའི་སྡུག་སྐད་རྒྱབ་པ་དང་འབྲེལ་བ་ཡོད་སྲིད། ཀརྨ་པར་ཆེ་བསྟོད་ལག་ཁྱེར་ཕུལ་བ་དེ་ཚོ་སྐུ་ཕྲེང་རིམ་པའི་གནས་བབ་དང་། མགོ་སེར་ཚོའི་ཁེ་ཕན་སོགས་ཕྱོགས་མང་པོ་ཞིག་དང་འབྲེལ་ཡོད། ཁོང་གི་མཁྱེན་ཡོན་ཁོ་ནའི་ཆ་ནས་མ་ཡིན་པར་འདོད།
# 4 པདྨ་ལགས་ཀྱིས་མཆན་བཏབ་པ།:
May 10th, 2015 at 3:54 AM
ཨ་ཙི་བལྟས་ངན་ད་ལོ་ཡང་ཨ་རིའི་གསེར་གྱི་རྟགས་མ་དེ་རྒྱ་ནག་པཎ་ཆེན་ནོར་བུ་རྒྱལ་མཚན་ལ་འབུལ་རྒྱུ་རེད་ཅེས་གསར་འགྱུར་གསར་བསྒྲགས་བྱས་བཞག། ་་་་་་་་་་་་་་་་
དེང་སང་བལ་ཡུལ་དུ་ས་འགུལ་རྒྱབ་ནས་མི་ལ་ཤི་རྨས་དང་རྒྱུ་ནོར་ཁང་པ་སོགས་ལ་གོད་ཆགས་ཚབས་ཆེན་པོ་བྱུང་ཡོད། དེ་དག་ལ་རོགས་སྐྱོར་བྱེད་མཁན་རྒྱ་དཀར་ནག་དང་ཕྱི་རྒྱལ་རྒྱལ་ཁབ་མི་ཉུང་བ་ཞིག་ཡོད། བལ་ཡུལ་ཁུལ་གྱི་བོད་པའི་དགོན་སྡེ་དང་བླ་སྤྲུལ་གྲྭ་བ་རྣམས་ནས་དེ་དག་ལ་ཟས་གོས་གནས་མལ་སོགས་རོགས་པ་གང་མང་བྱེད་བཞིན་ཡོད། ཕྱོགས་གཅིག་ནས་དེ་ཚོ་ཡག་པོ་རེད། ཕྱོགས་གཅིག་ནས་བལྟས་ན་དེ་ཚོོ་ཆབ་སྲིད་གྱི་དགོས་མཁོ་དང་རང་ཕྱོགས་ལ་ཞེན་ཁོག་གི་རོགས་སྐྱོར། དེ་བཞིན་དུ་་མིང་དང་སྐད་གྲགས་ཆེད་དུ་རེད་འདུག དཔེར་ན། མཚུར་ཕུ་ཀརྨ་པ་ཨྱོན་འཕྲིན་ལས་ནས་སྒོར་ས་ཡ་ལྔའམ་འབུམ་ལྔ་བཅུ་གནང་བ་དེ་ཚོ། ཁོ་རང་གི་ཕྱོགས་གཏོགས་ཀྱི་དགོན་པ་དང་དེ་དག་གི་ནང་མི་ཤི་རྨས་ལ་རོགས་སྐྱོར་གནང་བ་མ་གཏོགས་བལ་ཡུལ་སྤྱི་ཡོངས་ལ་གནང་མི་སྐད་འདུག དེ་ནི་ཕྱོགས་རིས་རང་རེད། བོད་པའི་བླ་མ་ཚོས་ཁ་ནས་མ་རྒན་སེམས་ཅན་འདོན། ལག་ལེན་ཕལ་ཆེར་ཁག་པོ་རེད་འདུག
ཁ་བརྡ་ཚང་ལ་ཞུ་ཡག་ལ། པདྨ་ཟེར་མཁན་མཆན་ཐམས་ཅད་བསུབ་འགྲོ་འདུག་པས། སུས་བསུབ་ཡིན་ནམ། གལ་ཏེ་ཁ་བརྡ་ཚང་གི་བསུབ་ན་རྒྱུ་མཚན་གསུང་ན་ཡག་ས་རེད། ཐམས་ཅད་ཀྱིས་ཐུགས་བློ་བདེ་བོ་ཡོང་གིས་རེད། ཁོ་རང་སྒེར་གྱི་བསུབ་ན་ཁོ་རང་ལ་རྒྱུ་མཚན་ཡོད་འདོག་རེད།
པདྨ་མཆོག
ཉེ་ཆར་ཁྱེད་མཁན་པོ་ཚུལ་ཁྲིམས་མཇལ་དུས་ང་གཉིས་ཐུག་སོང་། དེ་དུས་ཁྱེད་མི་སྙོམ་ཆུང་ཞི་ཞིང་འདུལ་བའི་རྣམ་པ་དེའི་རྒྱབ་ལ་ཁོང་ཁྲོ་མེ་ལྟར་བཅངས་པའི་ལོག་ལྟ་ཅན་ཞིག་ཡིན་པ་ཤེས་མ་བྱུང་།
ཀརྨ་པ་མཁྱེན་ནོ། གྲྭ་མགོ་ཐོན་པར་བྱིན་གྱི་བསླབ་ཏུ་གསོལ། བོད་སྤྱི་ལ་ཕན་པ་བསྒྲུབ་ཏུ་གསོལ། རྒྱ་མོའི་དུག་མདའ་ལྡོག་པར་ཤོག། དཔལ་རྒྱལ་བ་ཀརྨ་པ་མཁྱེན་ནོ། བོད་འདི་ཤི་གསོན་གཉིས་ཀྱི་སོ་མཚམས་ལ་བར་དོའི་ལམ་སྣ་འདྲེན་པར་བྱིན་གྱིས་རླབ་ཏུ་གསོལ། རྒྱལ་བ་ཡིད་ནོར་བུའི་བཀའ་དགོངས་བསྒྲུབས་པར་ཤོག། དོལ་འདྲེ་ལ་དགག་པ་ཚ་ནན་རྒྱབ་ཏུ་གསོལ། རྒྱ་འདྲེ་དམར་པོ་ལ་དགག་པ་་དམིགས་ཕུག་པ་རྒྱབ་ཏུ་གསོལ། ཀརྨ་པ་དུས་གསུམ་མཁྱེན་པ་ནས་ཀརྨ་པ་ཨྱོན་བཅུ་བདུན་བར་མཁྱེན་ནོ་
པདྨ་ཟེར་བའི་དྲྭ་འབུ་ཁྱོད་ལ་མཚོན་ན་སྒྲུབ་བརྒྱུད་བསྟན་པའི་གཙུག་ནོར་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཆེན་པོ་མཆོག་གི་མཛད་ཕྲིན་གསར་གནས་ཡོད་ཚད་ལ། བསམ་བརྗོད་ལས་འདས་པའི་སྨྲ་འབེབས་དང་སྐུར་འདེབས་ཀྱི་མཆན་འབྲི་རྒྱུ་ནི་ཁྱོད་ཀྱི་འཚོ་ཐབས་ཡིན་ཚོད་ལ། དངུལ་དངོས་ཀྱི་བསླུ་ཁྲིད་འོག་ཏུ་སོང་བའི་ལས་ངན་ཁྱོད་སྙིང་རྗེའི་ཡུལ་ལས་མ་འདས། འོན་ཀྱང་མཚམས་དང་ཚོད་གཅིག་མེད་ན་ནམ་ཞིག་ཁྲིམས་ཐོག་ནས་བརྡ་དེད་མི་ཡོང་ངེས་པ་མེད་པས་དེ་ལུགས་བྱུང་སོང་རྩིས་འགོ་ཐུག་པ་ཞིག་ད་ལྟ་ནས་སེམས་ནང་བཞག་རྒྱུ་གལ་ཆེ་བར་མཐོང། མ་གཞི་དེང་སང་བཙན་བྱོལ་སྤྱི་ཚོགས་ཁྲོད་མཛུབ་མོ་ལྔ་ལ་གྲངས་ཀ་མི་ཐེབ་པ་ཞིག་མེད་མོད། འོན་ཀྱང་མིང་རྫུ་དང་གདོང་རྫུའི་འོག་ནས་སྤྱི་ཚོགས་དཀྲུག་ཐབས་དང་། ལུགས་གཉིས་གང་སྤྱིར་མཛད་ཕྲིན་རྒྱ་ཆེ་བའི་བླ་དཔོན་སོགས་རླབས་ཆེན་གྱི་སྐྱེས་བུ་དག་ལ་ཁ་གཏོང་སྐུར་འདེབས། གཞི་མེད་སྐྱོན་འཛུག་བྱེད་པ་ནི་རྒྱུན་ལྡན་ལས་མེད་མི་འཁྱམས་དངུལ་དངོས་ཀྱིས་བསླུས་ཤིང་དགྲ་བོའི་གཡོ་འོག་ཏུ་ཚུད་པའི་དྲྭ་འབུ་ཁག་གཅིག་གི་འཚོ་བ་སྐྱལ་བཏངས་ཤིག་ཆགས་ཡོད།
ཅོ་རི་དང་སྤོབས་མཐའ་ཟེར་བ་ཁག་ཅིག་ལ་ང་དངོས་གནས་སྙིང་ཡང་རྗེ་ཀྱི་འདུག་ལ་དགོད་ཡང་ཤོར་གྱི་འདུག་་་་་་་་་ཨ་རིའི་མཐོ་སློབ་དེ་ཚོས་དབྱིན་ཇིའི་སྐད་ཡིག་ཡག་ལོས་ལ་བལྟས་ནས་གཟེངས་རྟགས་གནང་གི་ཡོད་པ་མ་རེད་
མངའ་རིས་འཕྲིན་ལས་། ཁྱེད་ཀྱི་གསུངས་པ་དེ་ངོ་མ་བདེན་ནོ། དེ་འདྲ་མི་ལས་ངན་ཚབ་པོ
ཆེ་བསགས་ཀྱིས་འདུག ཧ་ཕུ་ཕུ་ཕུ་ཕུ་ དེ་འདྲ་ནང་པ་ཡིན་ཆོས་པ་ཡིན་འདོག ཁ་ལ་ལྷ་ཀླུ་ཡོངས་རྫོགས་ཀྱི་རེ་བསྐུལ་བྱུང་འདོག་ཅང་བཤད་འདུག དེ་འདྲ་མི་ལ་རང་གཞན་ཐམས་ཅད་ཁྲོ་མི་ཉེན། སྙིང་རྗེའི་ཡུལ་རེད།
ངས་ཁོ་རང་ཉེ་ཆར་རྩོམ་དམ་པའི་ཆོས་ལ་འབུལ་བསྐུལ་ཟེར་བ་འདུག་དེ་ལ་ངས་ཁོ་རང་རྩོམ་པ་ཉིད་ལ་བསྐུལ་བ་གཤམ་གྱི་རྩོམ་ཆུང་དེ་བྲིས་ཡིན་གཟིགས་དང་།
༼དམ་ཆོས་སྐུལ་པོར་འབོད་བསྐུལ། ༽
ཨོཾ་ཨཱཿཧཱུཾ།
ན་མོ་གུ་རུ་ཤཱཀྱ་མུ་ནེ་ཡེ། ཕ་རྒྱུད་པ་གཅིག་ལྡན་བུ་སློབ་རྣམས། བུ་ལས་ངན་དམ་སྲི་ཁོག་ཞུག་པོར། །ཚིག་དྲང་ངེས་འཛོལ་བའི་ཤེར་འཆལ་ཅན།། སེམས་དོན་གྱི་གདམས་པ་རིང་པོར་བོར།།དེས་མི་རྟག་སྙན་པོ་ཁ་ལ་འཁྱེར།།ནང་དོན་དམ་ངོ་བོར་དབྱིངས་སུ་ཡལ།།སེམས་རེ་དྭོགས་ལྕགས་ཀྱི་མདུད་པས་འཆིང་།།དོན་བདེ་གཤེགས་ལམ་ལ་ཤིན་ཏུ་རིང་།།བློ་དུག་ལྔའི་ཆོས་ལ་མ་འཁོར་ཤོག །ཆོས་འདོད་ཡོན་ལམ་ལ་མི་སྐྱེ་ཤོག །ལམ་རེ་དྭོགས་འཁྲུལ་པ་མེད་པར་གྱུར།།འཁྲུལ་སྣང་བའི་དངོས་པོ་དག་གྱུར་ཅིག །གནད་ཡེ་ཤེས་མ་འབད་རང་བབས་ཞོག །ལས་རྒྱུ་་འབྲས་སྤང་བླང་རྩོལ་མི་དགོས།།ང་ཁྱོད་ཀྱི་གཉིས་འཛིན་བྲལ་བར་བྱོས།།དོན་ཆོས་སྐུའི་རྒྱལ་ས་དེ་ལས་མེད། སུས་ཀྱང་མ་བསྐུལ་བས་དྭངས་བླང་ཡིན།
འདི་པདྨའི་ཞལ་གདམས་རེད། ཧཧཧཇ
ན་མོ་གུ་རུ་དྷརྨ་ཀཱ་ཡ་ཡེ།
ཕ་བརྒྱུད་གསུམ་བླ་མའི་ཞབས་ལ་འདུད།།
བུ་དམ་ཚིག་ལྡན་པའི་དགོངས་པ་བཞིན།།
ཚིག་ཕྱི་ནང་མེད་པའི་གདམས་ངག་འདི།།
སེམས་གཉུག་མའི་ཀློང་དུ་སྟིམས་པར་མཛོད།།
ཕྱི་སྣོད་མི་རྟག་སྐད་ཅིག་འགྱུར་།།
ནང་རྣམ་རྟོག་མི་རྟག་འཇུ་བ་མང་།།
དོན་སངས་རྒྱས་མ་ཐོབ་འཁོར་བ་ན།།
སེམས་ཆགས་སྡང་རྨོངས་པ་དུལ་བར་མཛོད།།
བློ་ཆོས་ལ་འགྲོ་བའི་གདམས་སོམས།།
ཆོས་ལམ་དུ་འགྲོ་བའི་ངེས་འབྱུང་དང་།།
ལམ་འཁྲུལ་བ་སེལ་ཕྱིར་བྱང་སེམས་འབོད།།
གནད་ཡེ་ཤེས་རྟོགས་པའི་ཆོས་སྐུ་སྒོམས།།
ལས་རྒྱུ་འབྲས་མིག་གི་འབྲས་བཞིན་སྲུང་།།
ཀུན་ཕན་པའི་ལུས་སེམས་དགེ་བར་སྦྱོར།།
དོན་བཤད་སྒྲུབ་བསྟན་པའི་ཕྲིན་ལས་སྐྱོང་།།
མ་འགྲོ་བའི་སྡུག་བསྔལ་བསལ་བར་མཛོད།།
ཅེས་པ་འདི་ཡང་རྒྱ་མོ་ཡེ་ཤེས་ཆོས་སྒྲོན་གྱིས་སྐུལ་ངོར་ཨེ་མ་ཧོས་གདམས་པར་དགེའོ།།
ངས་ཁོང་ལ་སྐུར་འདེབས་ཞུས་པ་གང་ཡང་མིན། ཀརྨ་པས་ཁོང་ལ་རང་དབང་མེད་ལུགས་བཤད་བསྡད་པ་དེ་ཐེངས་གཅིག་དང་གཉིས་ཤིག་མ་རེད། ངས་ཡིག་ཐོག་ནས་བཀླགས་པ་ཁོ་ན་ཡང་ཐེངས་བཅུ་ཁ་ཞིག་ནི་ཡིན་ས་ཡོད། བོད་ན་རང་དབང་མི་འདུག་ཟེར་ནས་རྒྱ་གར་ལ་ཡོང་བ་རེད། ད་ཁོང་ལ་རྒྱ་གར་ན་རང་དབང་མེད་རབས་དང། དཀའ་ངལ་ཆེ་རབས་ཟེར་ནས་ནམ་ཡིན་ཡང་གསུང་འདུག་གི། ཁོང་གིས་བོད་ལ་ཡོད་པའི་ཕ་མ་ནང་མི་དགོན་པ་གྲྭ་ཚང་ཚང་མ་བློས་ཐོངས་ས་ནས་ད་རྒྱ་གར་ན་བློས་མི་ཐོངས་རྒྱུ་ཅི་ཞིག་ཡོད། སློབ་གཉེར་བྱ་དགོས་བསམ་ན་ནི་ཁོང་གི་དགེ་རྒན་ཡོད་ན་མེད་ན་དེ་རིན་ཆེན་དོན་གྲུབ་རེད། རིན་ཆེན་དོན་གྲུབ་ཀྱང་ཕར་ཨ་མེ་རི་ཁ་ལ་ཁྲིད་སོང་ན་ལོས་འགྲིགས། དེ་ཡིན་དུས་རང་དབང་ཡོད་ཟེར་ནས་སྐད་གྲགས་ཡོད་ས་དེ་ཨ་མེ་རི་ཁ་རེད། ཨ་མེ་རི་ཁར་བཞུགས་བསྡད་ན་ཅི་ཞིག་མི་འགྲིགས།
ཀརྨ་བཀའ་རྒྱུད་པ་ནི། མཉམ་མེད་དྭགས་པོ་ལྷ་རྗེ་གང་གི་ཐུག་སྲས་གཙོ་བོ་ཁམས་པ་མི་གསུམ་བྱུང་བའི་ནང་ཚན་དུས་གསུམ་མཁྱེན་པ་ལས་བརྒྱུད་པ་ལ་ཀརྨ་བཀའ་རྒྱུད་ལུགས་འཛིན་དང། གཞན་དུ་མཚུར་ཕུ་་བཀའ་རྒྱུད་པའི་མངའ་བདག་ཆེན་པོ་ཀརྨ་པ་དུས་གསུམ་མཁྱེན་པ་ནས་ཨྱོནའཕྲིན་ལེན་རྡོར་རྗེའི་་དབར་བོད་ལ་བཀའ་དྲིན་གཞལ་ཟླ་བྲལ་ལ། ད་ཡོད་ཀརྨ་པ་མཆོག་ནས་རྒྱ་རོའི་འོག་ལ་བོད་པ་རང་དབང་སྤུ་ཙམ་མེད་ཅེས་འཛམ་གླིང་ཧྲིལ་་པོ་འདིར་གཡར་རྔ་ཆེན་པོ་་བསྒྲོགས་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་་དཔེ་ཡག་དག་ཡིན་་པས་ཆོས་སྲིད་གཉིས་ཀར་གལ་ཉིདཆའོ། དེར་བརྟེན་གཞི་མེད་སྐུར་འདེབས་དག་ལ་ནི་བདག་ཡིད་མི་འགུའོ།
ཁོང་གིས་ག་དུས་ཀྱང་རང་དབང་མེད་རབས་བཤད་པ་དེ་ལ་ང་ཚོ་ཚང་མ་ཉོབ་སོང་། ཁོང་གི་ང་ཚོ་ཚང་མ་སྐྱབས་བཅོལ་ཡིན་པ་བརྗེད་སོང་བ་ཡིན་པར་འདྲ། ཁོང་གི་རྩ་བའི་བླ་མ་དགེ་བཤེས་དེ་ཁྲིད་ནས་ཨ་རིར་བཞུགས་ན་ཡག
ཨེན་ཇུས་སྐད་ཡིག་ཤེས་ཚོད་མི་དགོས་པར་བོད་ཀྱི་རིག་གནས་ཤེས་ཚོད་ཀྱི་ཐོག་ནས་མཐོ་སློབ་ལག་ཁྱེར་གསོལ་རས་གནངས་ཀྱི་ཡོད་པ་ཡིན་ན་་་་་་བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་རབས་དང་ལོ་རྒྱུས། སུམ་རྟགས་དང་སྙན་ངག རྩོམ་རིགས་དང་ཡིག་རྩ་སོགས་ཕྱོགས་གང་ལ་བལྟས་ཀྱང་ཁ་བརྡའི་དྲ་འབུ་ཚོ་ལས་ལྷག་གི་ཤེས་ཚོད་ཤིག་ཀརྨ་པ་འཕྲུན་ལས་རྡོ་རྗེ་ལ་མེད་ངེས་ཡིན་པ་མིག་མཐོང་ལག་ཟིན་རེད།
དྲང་བདེན་སྲང་ལ་འཇལ་ནས་རྒྱ་མར་བཀྱག་པ་ཡིན་ན་དྲ་འབུ་སྤོབས་མཐའི་ཤེས་ཡོན་གྱི་ལྕི་ཚད་ཆེ་བ་ཡོད་ངེས་རེད། ཅིའི་ཕྱིར་་སྤོབས་མཐའ་ལྟ་བུའི་དྲ་འབུ་དེ་དག་ལ་ཨ་རིའི་མཐོ་སློབ་ལག་ཁྱེར་གསོལ་རས་མ་གནངས་པ་རེད་དམ།་་་ཧཧཧ
ཀརྨ་པ་འཕྲིན་ལས་རྡོ་རྗེ་ལ་རང་དབང་མེད་པར་བདེན་པ་ཡིན་གྱི་རེད། དེར་ཁྱོད་ཚོས་མྱོང་ཐུབ་ལེ་མ་རེད། བཙུན་མོའི་སྡུག་བསྔལ་མི་ཡིས་མི་ཤེས་ཟེར་སྲོལ་ཡོད་པ་ལྟར་སྐུ་སྲུང་ཁྲིད་ནས་འགྲོ་དགོས་མཁན་གྱི་བླ་ཆེན་ཚོ་ལ་ང་ཚོ་དྲ་འབུ་ཚོ་ལྟ་བུའི་རང་དབང་དང་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་ག་ལ་ཡོད།
མི་བདེན་བསམས་ན་ཁྱོད་རང་ཚོས་ཀྱང་བླ་ཆེན་ཞིག་གི་ཡང་སྲིད་ཡིན་ཟེར་ནས་མི་ཚེ་ཞིག་སྐྱོལ་དང་། དེ་ནས་ཧ་གོ་འོང་གི་རེད།
དམ་པ་དགེ་ཆོས་ཀྱིས།
ཕྱུག་པོས་ཕྱུག་པོའི་རྩ་ལ་སྡུག་གཏམ་བཤད།
སྤྲང་པོས་སྤྲང་པོའི་རྩ་ན་སྨྲ་ངན་འདོན།
མི་རེའི་སེམས་ལ་སྡུག་གི་ཁུར་པོ་རེ།
འཁོར་བའི་གནས་ལ་བདེ་བའི་སྐབས་མ་མཆིས།་་་་ཅེས་གསུངས་སོ།
ཟུར་བཀོལ། འབྲུག་པ་བཀའ་རྒྱུད་ཞེས་པའི་ཚིག་ཟུར་གྱི་འབྲུག་དེ་སེམས་ཅན་་འབྲུག་ཡིན་ནམ། གལ་སྲིད་ཡིན་ན་སེམས་ཅན་འབྲུག་ཞེས་པ་དེ་ཡོད་དམ། ནམ་མཁའི་གློག་དང་འབྲུག་སྒྲ་སྒྲོག་ཞེས་པའི་དེ་འབྲུག་སྐད་ཡིན་པ་བོད་པས་རྟོག་བཟོ་དེ་བདེན་པ་ཡིན་ནམ། སེམས་ཅན་འབྲུག་ཞེས་པ་ཡོད་པའི་བདེན་དཔང་གང་ཚད་ཡོད་དམ།
ཏི་སིས་ཨེ་མ་ཧོས་དམ་ཆོས་འབོད་བསྐུལ་ལ་དཔེ་བརྐུས་བྱས་ནས་བཀོད་པར་ཡག་བྱུང་། ཁྱོད་ཚོས་ཚུལ་ཁྲིམས་བློ་གྲོས་ལ་དམར་ཕྱོགས་བརྗོད་ལུགས་ལ་བལྟས་ན་ཆགས་སྡང་རྨོངས་པའི་གཞན་དབང་ག་ཚོད་སོང་ཡོད་པར་བཤམས་བཞགས་འདུག ། ༽
དྲ་གྲོགས་ཚོ་དད་པ་དང་བསྟོད་བསྔགས་སོགས་བྱེད་དང་མ་བྱེད་རང་ཉིད་སྒེར་གྱི་འདོད་པ་རེད་་་་་་འོན་ཀྱང་བོད་པའི་སྤྱི་ཚོགས་ནང་འཛམ་གླིང་མི་མང་གི་དགའ་མོད་དང་དད་གུས་ཞུ་ས་རེ་བཟུང་ཡོད་པ་དེར་ང་ཚོ་བོད་པ་རེ་གཉིས་ཀྱིས་དེ་འདྲའི་གཞི་མེད་སྐྱོན་འཛུགས་དང་ཚིག་ངན་མ་བཤད་ན་དགེ་མཚན་ཆེ་་་་་་་་་་་་་་
དེ་མིན་ན་དུས་རྟག་ཏུ་གཞན་ལ་སྐྱོན་འཛུགས་ཀྱི་མཆན་ཀྱང་འབྲི་མཁན་ཁྱེད་རང་འཛམ་གླིང་དེའི་སྟེང་ཆབ་དཔལ་རིག་གསུམ་གང་གི་ནང་ལ་སྐད་གྲགས་ཆོད་པའི་མི་སྣ་ཞིག་གནང་དང་་་་དམིགས་གསལ་རེ་སྐུལ་དེ་ཅོ་རི་དང་སྤོབས་མཐའ་་ཡར་ལྷ་ཤམ་པོ་་་་པདྨ་་་་་་་་་་
ཚེ་རིང་་་མི་མང་གིས་དགའ་མོས་བྱས་པ་ཙམ་གྱིས་ཧང་སང་ཡ་གས་ཡོད་མ་རེད། མའོ་དང་ཧེ་ཐི་ལ་གཉིས་ལ་མི་མང་དུང་ཕྱུར་མང་པོས་དགའ་མོས་བྱས་མྱངས་བ་རེད། མའོ་ཤི་དུས་མི་མང་ས་ཡ་མང་པོས་ངུ་འབོད་བྱས་པ་རེད།
གཞི་མེད་ཀྱི་སྐུར་འདེབས་ཟེར་ནས་བཤད་ཀྱི་ཡོད་པེ། སྐུར་འདེབས་དང་སྒྲོ་བཏགས་ཟེར་བ་ཤེས་ཀྱི་ཡོད་ན་་་མི་གསོན་པོའི་ཀརྨ་པ་ལ་ཚོད་ལས་རྒལ་པའི་སྒྲོ་བཏགས་སོང་། གཞི་མེད་ཀྱི་སྒྲོ་བཏགས་བྱས་སོང་། ང་ཚོས་བཤད་པའི་སྐད་ཆ་དེ་དག་གཞི་རྩ་མེད་པའི་སྐད་ཆ་མིན། གཞི་རྩ་མེད་པའི་སྐད་ཆ་དུས་ནམ་ཡང་བཤད་མྱངས་མེད། བཤད་འདོད་ཡང་མེད། གནད་ལ་ཕོག་ནས་སྐུར་འདེབས་ཆགས་སོང་བ་ཡིན་ན་ནི་ཐབས་ཤེས་འདྲ་ཅང་མི་འདུག་ག
ལྟོས་དང་དྲ་འབུ་ནི་དྲ་འབུ་རང་རེད། ལྟས་ངན་འདི་ཚོ་ལ་འདི་འདྲ་ཞིག་བཤད་རྒྱུ་མེད་ན་ཉི་མ་འགྲོ་ཡི་མེད་པ་འདྲ། ནུབ་ཕྱོགས་མགོ་སེར་དེ་ཚོ་ལས་ངན་དྲ་འབུ་ཁྱོད་ཚོ་ལས་སྐྱང་ཙམ་དང་གྲུང་ཙམ་ཡོད་པ་རེད། ཁོ་ཚོས་མི་བཟང་ངན་དབྱེ་འབྱེད་བྱེད་ཤེས་ཀྱི་རེད། རང་རིགས་འཇོན་ཐང་ཅན་དང་ནུས་པ་ཅན་རེ་བྱུང་ན་རྐང་པ་ནས་འཐེན་ཐབས་བྱེད་མཁན་ལས་ངན་དྲ་འབུ་ཁྱོད་ཚོ་ནང་བཞིན་མིག་རྒྱང་ཐུང་ཞིང་ཤེས་རྒྱ་མེད་མཁན་དེ་འདྲ་མ་རེད། ཁྱོད་ཚོས་ག་རེ་བཤད་ཀྱང་འདྲ་རྒྱལ་དབང་ཀརྨ་པ་མཆོག་ནི་རྣམ་དཔྱོད་ལྡན་ཞིང་རིགས་ཞེན་ཆེ་བའི་མཆོག་ཏུ་སྐུར་འོས་པའི་སྐྱེས་བུ་དམ་པ་ཞིག་རེད་ལ། དེ་ཡིན་པ་ལྟར་དུ་ཕྱི་ནང་མི་རིགས་ཁྲི་སྟོང་མང་པོས་དགའ་གུས་ཞུ་ས་ཞིག་ཆགས་དང་ཆགས་བཞིན་པ་རེད།
ཡང་འདི་ན་ཆགས་སྡང་གིས་དབང་དུ་སོང་ནས་བྱ་རོག་ལ་སོ་ཡོད་མེད་དང་། ལུང་རིག་གིས་རི་བོང་ལ་རྭ་གཏན་མེད་དུ་བསྒྲུབས་ཟིན་ལ་རྭ་ཡོད་པར་རྩོད་པ་དང་མཚུངས་པའི་ཁ་འཁྲུག་ཅིག་བརྒྱབས་འདུག བརྗོད་གཞི་གང་རུང་ངེས་པར་རྩོད་དགོས་ཟེར་ན། གནས་ལུགས་རྒྱུ་མཚན་ལྡན་པར་གྱིས། བདག་གིས་མཆན་དེ་རིགས་ལ་བསམ་ན། བསམ་བློ་མ་རྫོགས་པའི་བྱིས་པ་ཁྱུ་གཅིག་གིས་རྩེད་ཞོར་ཁ་རྩོད་བྱེད་བཞིན་པའི་སྣང་བ་ངང་གིས་སྐྱེ་ཡོང་གི་གདའ།
གནས་ཚུལ་འདི་དང་ལྷན་དུ། ཉེ་ཆར་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་༧དཔལ་ས་སྐྱ་༧གོང་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེར་མཇལ་ཞིང་། ༧བདག་ཆེན་རིན་པོ་ཆེས་བཀའ་སློབ་གནང་པའི་པར་དང་ཡི་གེ་བཀོད་ན་ཤིན་ཏུ་ལེགས། །ཀརྨ་མཆོག་གིས་ལེགས་སོ་མང་པོ་ཞུས་ཡོད་པའི་དོན་བཞིན་བྱུང་ན་བསྟན་པ་སྤྱི་བྱེ་བྲག་ལ་ཕན་ངེས་པའོ། །
གང་ལྟར་བཙན་བྱོལ་ནང་དུ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་ཆོས་བརྒྱུད་དགེ་ལུགས་བསྒྱུར་ཚར་བ་ལྟར་མཐོང་གི་འདུག ཀརྨ་བཀའ་བརྒྱུད་ངོ་མ་ཉམས་ལེན་གནང་མཁན་ཀརྨ་པ་མཐའ་ཡས་རྡོ་རྗེ་ཡིན་ས་རེད། མཐའ་ཡས་རྡོ་རྗེ་བླ་མ་མཉམ་ཆུང་། ཡ་རབས་ཚུལ་ལྡན། ཆབ་སྲིད་དང་མ་འདྲེས་པ། ཕྱི་ནང་གི་ཤེས་ཡོན་འཛོམས་པ་སོགས་གང་ཅིའི་ཐད་ཡག་པོ་འདུག
བདེན་པའི་གཏམ་དེ་འདི་ན་འདུག https://www.facebook.com/upai.koushal/videos/845565378870354/?pnref=story
ཀརྨ་བདེན་རྫུན་དེ་ཡིས་ཤེས།
ཀ་རྡོ་ལགས། ཀརྨ་རྫུན་མ་ག་འདྲ་སེ་ལབ་ཐུབ། ཞྭ་དམར་རིན་པོ་ཆེ་ནི་ཀམ་ཚང་ནང་དུ། དགེ་ལུགས་པའི་པཎ་ཆེན་རིན་པོ་ཆེ་་ནང་བཞིན་གོ་གནས་གཉིས་པ་དེ་རེད། ཁོང་ལ་ཀརྨ་པ་ངོས་་འཛིན་བྱེད་པའི་ཐོབ་ཐང་ཡོད། སི་ཏུ་ནི་ཀམ་ཚང་ནང་བླ་མ་གོ་གནས་གསུམ་པ་དེ་རེད། ཞྭ་དམར་བཅུ་པ་བོད་ནང་དུ་ངོས་འཛིན་བྱེད་མི་ཆོག་པ་ནས་བཟུང་། སི་ཏུ་ནས་ཀརྨ་པ་ཁ་ཤས་ངོས་འཛིན་གནང་ཡོད། ཡིན་ནའང་ཀརྨ་པ་བཅོ་ལྔ་པ་དེ་འབྲུག་ཆེན་སྐྱབས་མགོན་ཞིག་གི་ངོས་འཛིན་གནང་ཡོད།
པདྨ་། ངས་ཁྱོད་ཀྱི་རྩོམ་དཔེ་བརྐུ་དགོས་དོན་མེད། ཁྱོད་ཀྱི་རྩོམ་དེ་ང་ལ་ཕན་ཐོག་ཡོང་མི་སྲིད། གལ་སྲིད་ངས་བརྐུས་ན་། གོང་ས་མཆོག་དང་། ཀརྨ་པ་མཆོག་དང་། མཁན་ཆེན་ཚུལ་་ཁྲིམས་བློ་གྲོས། རྫོངས་སར་མཁྱེན་བརྩེ་སོགས་དང་གཞན་ཡང་གསུང་རབ་ལས་བརྐུས་རྒྱུ་ག་ཚད་དགོས་དགུ་ཡོད། ད་ལན་དེ་ཁྱེད་རང་ཉིད་ཀྱི་རྩོམ་དེ་ངས་ཁ་བསྒྱུར་ནས་ཁྱེད་རང་ལ་བབས་འདུག་ཡིན་ཟེར་རྒྱུ་ཡིན་
ད་ཞྭ་དམར་ཤོག་ཁག་གིས་སྐད་ཅི་ཙམ་རྒྱབ་ཀྱང་སྟོང་པ་རེད། ཞ་དམར་ཀརྨ་པས་ཕྱི་རྒྱལ་བ་ཁ་ཤས་ལ་ཕན་ཐོག་གི་ཡོད་ན་ལས་རང་རིགས་ལ་ཕན་ཐོག་གི་མེད་པ་གསལ་པོ་ཡིན་དུས། བོད་མིའི་ཁྲོད་ནས་ཞྭ་དམར་ཕྱོགས་ལ་དགའ་གུས་བྱེད་མཁན་ཉུང་ཉུང་རེད། ཞྭ་དམར་སྨོན་ལམ་གྱི་སྐབས་སུ་བལ་ཡུལ་སོགས་ནས་བརླང་འཁོར་རིན་མེད་བྱས་ནས་མི་འགུག་པའི་ཐབས་ཤེས་བྱེད་ཀྱི་ཡོད་ཀྱང་བོད་མི་ཉུང་ཤས་ལས་ཡོང་མཁན་རག་གི་མེད། ད་དུང་བོད་རིགས་ཁྲོད་ཀྱི་ཞྭ་དམར་ཚང་གི་སྦྱིན་བདག་གཙོ་བོ་ནི་བལ་ཡུལ་ལ་ཡོད་པའི་བློ་མཐུན་ཚོགས་པ་ཞེས་པ་དེ་རེད་ལ། ཁོ་ཚོ་ནི་རྒྱ་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པ་ཡོངས་གྲགས་ཡིན་པས་འདིས་སྟེང་ནས་ཀྱང་བོད་རིགས་མི་མང་ཞྭ་དམར་ཕྱོགས་ཁག་ལ་ཞེན་པ་ལོག་གི་ཡོད། གང་ལྟར་ཞྭ་དམར་ཀརྨ་པ་ལ་བོད་པའི་སྤྱི་ཚོགས་ཀྱིས་ཁས་ལེན་དང་གདེང་འཇོག་ཐོབ་དགོས་ན་བོད་མི་རིགས་ལ་ཕན་པའི་བྱ་བ་རེ་སྒྲུབ་དགོས་པ་རེད་མ་གཏོགས། ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་ཁ་གཏོངས་ནས་ཕན་ཐོག་གང་ཡང་མེད་པ་རེད། ཕན་ཐོག་མེད་པ་ཙམ་མ་ཟད་མི་མང་པོ་ཞིག་ལྷག་ཏུ་ཞེན་པ་ལོག་བཅུག་གི་རེད།
དག་སྣང་སྦྱང་དགོས་ལ། སོ་སོའི་བླ་མ་ལ་ཁ་གཏང་ན་འགྲོ་ས་ངན་འགྲོ་་ལས་གལ་ལ་ཡོད། དེ་བས་ཕྱི་རྒྱལ་ལ་ཕྱིན་ནས་རྒྱ་རོའི་ཟ་ཁང་ནང་ལ་ཐ་ལེབ་ཆུ་བཤལ་གཏོང་བའི་ལས་དཀའ་ལོ་མང་བྱེད། ས་སོའི་རྒན་ལ་ཁ་གཏང། གྲྭ་ཚང་དངུལ་མང་པོ་ཟ་བ་ནི་ཨེ་མཧོ། དེ་དོན་གོ་བར་བྱོས་ལ་འགྱོད་བཤག་ཉི་ལ་འབད་པར་བཟང།
ལུང་རྟོགས་ལགས། ཀརྨ་པ་ཡིན་ན་ཀརྨ་བཀའ་བརྒྱུད་ཆོས་བརྒྱུད་འཛིན་མཁན་བོད་པ་དང་ཧི་མ་ལ་ཡ་ཕྱི་རྒྱལ་སོགས་ཕན་ཐོགས་དགོས་པ་ལས། བོད་པ་ཡོངས་རྫོགས་ལ་ཕན་ཐོགས་དགོས་པའི་ཁྱབ་པ་མེད། བོད་པ་ཡོངས་རྫོགས་ཆོས་བརྒྱུད་གཅིག་མ་རེད། ཆོས་བརྒྱུད་ཀྱི་བླ་མ་ཟེར་བ་དེ་ལུང་པ་ག་གེ་མོ་འམ་རྒྱལ་ཁབ་གང་རུང་ཞིག་ལ་ཕན་ཐོགས་པའི་དཔོན་པོ་དང་རྒྱལ་པོ་སོགས་དང་མི་འདྲ།
་་་་་་་་་་་་་་་་ ད་དུང་བོད་རིགས་ཁྲོད་ཀྱི་ཞྭ་དམར་ཚང་གི་སྦྱིན་བདག་གཙོ་བོ་ནི་བལ་ཡུལ་ལ་ཡོད་པའི་བློ་མཐུན་ཚོགས་པ་ཞེས་པ་དེ་རེད་ལ། ཁོ་ཚོ་ནི་རྒྱ་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པ་ཡོངས་གྲགས་ཡིན་པས་འདིས་སྟེང་ནས་ཀྱང་བོད་རིགས་མི་མང་ཞྭ་དམར་ཕྱོགས་ཁག་ལ་ཞེན་པ་ལོག་གི་ཡོད། ་་་་་་་་་་་་
ཧ ཧ ཏི་སིས་རང་སྐྱོན་གཞན་ལ་བརྗོད་པར་ཡག་བྱུང་། ཁྱོད་ཀྱིས་འདོད་པའི་དམར་པོ་ལྐོག་ལབ་ཟེར་ས་དེ་ཡར་ཕུད་དེ་མིན་ཁ་བཤད་དང་ལེན་ཡོད་པར་དཀོན་པོ་རེད། ཆིག་སྒྲིལ་དང་རིས་མེད་མཐུན་ལམ་ཟེར་ནས་འབྲི་གུང་ཚོ་གཉིས་བཟོས། དགེ་ལུགས་ཁག་གཉིས་གཏོར། ཀཾ་ཚང་དུམ་གཉིས་ཕུད། བ་ར་ནང་འཁྲུག་ལས་ད་ངོ་མ་ཁ་བཤད་ལག་ཏུ་ལེན་མཁན་དེ་སུ་རེད་ཤོད་དང་། མཚན་གཞི་ཞོགས་ས་མེད་པ། གོང་དུ་ཨེ་མ་ཧོས་དམ་ཆོས་འབོད་སྐུལ་དེ་ུཡང་རྒྱལ་བཀའ་བསྟན་དང་མཐུན་པ། ཀུན་མཁྱེན་གྱི་སྣང་ཆོས་བཞི་དང་། དྭགས་པོའི་ཆོས་བཞི་དང་ས་སྐྱའི་ཞེན་པ་བཞི་བྲལ། དགེ་ལུགས་དག་མའི་མདོ་སྔགས་ལམ་རིམ་གྱི་མདོ་འགགས་སོགས་བཤད་འདུག ཁྱོད་ལ་མ་མཁོ་ན་རང་སྐྱོན་ལས་གཞན་དུ་མ་མཐོང་ངོ་། ད་མི་བཤད། ཁ་བརྡ་ཚང་གིས་ཕལ་ཆེར་བསུབས་འགྲོ་གི་འདུག་བཀའ་དྲིན་ཆེ། གཏམ་འདི་ཡང་ཐ་མ་ཡིན་སྲིད་པས་མ་བསུབ་རོགས། དྲ་གྲོགས་གཟུར་གནས་ཡོངས་ལ་འཚམས་འདྲི་དང་བདེ་མོ་གྱྀས་ཞུ་བཞིན་ཡོད། དྲང་བདེན་རྒྱལ་ལོ།།
་་་་་་་་་ སེམས་ཅན་འབྲུག་ཞེས་པ་ཡོད་པའི་བདེན་དཔང་གང་ཚད་ཡོད་དམ། ་་་་་་་་་་
པདྨ་ལགས།
https://www.facebook.com/upai.koushal/videos/845565378870354/?pnref=story
ཞྭ་དམར་གྱི་འདི། བདེན་པ་ཡིན་ན།
མཐའ་ཡས་རྡོ་རྗེའི་མཛད་འཕྲིན་དེ། འཕྲིན་ལས་རྡོ་རྗེ་ལྟར། རྒྱས་མི་ཐུབ་དེ། གང་་ཡིན་ནམ། ད་ལས་འབྲས་མེད་སོང་བ་རེད་དམ། ལགས།
་་་་་་་་་་་་་ # 35 པདྨ་ལགས་ཀྱིས་མཆན་བཏབ་པ།:
May 11th, 2015 at 4:26 PM
བདེན་པའི་གཏམ་དེ་འདི་ན་འདུག https://www.facebook.com/upai.koushal/videos/845565378870354/?pnref=story
ཀརྨ་བདེན་རྫུན་དེ་ཡིས་ཤེས། ་་་་་་་་་་་་ཟེར།། །།
རི་བོ་དགེ་ལྡན་པའི་ལམ་རིམ་དང་། བཀའ་བརྒྱུད་པའི་ལམ་རིམ། ས་སྐྱའི་ཞེན་བྲལ། སྔ་འགྱུར་བའི་ཞལ་ལུང་དང་། ཇོ་ནང་པའི་ཁྲིད་བརྒྱ། གཤེན་རབ་བོན་གྱི་སྡོམ་གསུམ་སོགས་གང་ལ་མ་མཐུན་པའི་ཆོས་རྒྱུད་ཡོངས་རྫོགས་བགྲོ་བཀུར་འདེབས། མཚན་སྨད་ཞུས། ཁྱོད་ཀྱི་མཆན་ལ་ཁ་བརྡ་ཚང་གིས་བསུབ་རྒྱུ་དེ་ཆུང་ཆུང་རེད། ད་ཁྱོད་རང་ཉིད་དེ་ཆུད་ཟོས་འགྲོ་རན་འདུག ཉིན་གཅིག་ཁྱེད་རང་ཡོངས་རྫོགས་བསུབ་ཡོང་ངོ་། ད་ཕྱིན་ཆད་གཟབ་གཟབ་བྱོས། སྔ་བྱས་ལ་འགྱོད་བཤགས་དང་། ཕྱིན་ཆད་ལ་སྡོམ་སེམས་བྱས་ནས། ཁ་བརྡ་ནང་ལ་ཚུལ་བཞིན་བཟོད་གསོལ་ཞུས་ན་ལེགས།
དགོངས་དག་ཞུ། གོང་གི་མཆན་47་པ་དེ་རྒྱག་འདོད་ཡོད་པ་མིན་ཏེ། མཛུབ་གནོན་སྤྱོད་ནོར་སོང་། གསུབ་ནི་མ་ཤེས། །
ཀརྨ་པ་ནི་གནས་བབ་ཧ་ཅང་མཐོ་བའི་བོད་ཀྱི་བླ་མ་ཞིག་ཡིན་པས་བོད་སྤྱི་ལ་ཕན་ཐོག་དགོས་དང་དགོས། ལྷག་ཏུ་བོད་མི་རིགས་དཀའ་ངལ་ལ་འཕྲད་པའི་དུས་འདི་འདྲར་བོད་ཀྱི་བླ་ཆེན་ཚོས་ཕན་མ་ཐོག་ན་བོད་མི་མང་གིས་གསོ་གསོ་མཆོད་མཆོད་བྱས་པ་སྟོང་པ་རེད་ལ་བླ་མ་རང་ཉིད་ཀྱང་བོད་པ་ཞིག་ཡིན་པའི་འགན་མ་ཁུར་བ་རེད།
སོ་སོ་ཆོས་བྱེད་པ་ཞིག་ཡིན་ན། སྟོན་པས། གང་ཟག་གི་ཚོད་གང་ཟག་གིས་བཟུང་བར་མི་བྱ་གསུང་པའི་གཏན་ཚིགས་ཐུགས་ལ་བཞག་ནས་རང་རང་ཆོས་ལུགས་ཅི་ལ་དད་པ་དེར་དད་ནས་གཞན་ལ་དད་པ་བྱེད་མ་ཐུབ་ན་ཡང་ཉོན་མོངས་དབང་དུ་ཤོར་ནས་ཕྲག་དོག་གིས་བཀུར་འདེབས་བྱེད་ན་རང་གི་ཚེ་བསོད་ཟད་པ་ལས་གཞན་ཅི་ཡང་མི་ཐོབ། ད་དུང་སོ་སོ་ལྷག་བསམ་ཅན་དང་ཆོས་པ་ཨའུ་ཙམ་ཡིན་སྙམ་པ་ནི། གོང་གི་སྟོན་པའི་ཚིག་གཅིག་ཡང་ཉམས་ལེན་མི་ཐུབ་པའི་ཆོས་པ་གཡོན་ཐལ་ཅན་ཡིན་པ་ཤེས་པར་བྱའོ།
སོ་སོ་ཆོས་དང་འབྲེལ་བ་མེད་ན་ཆོས་ཀྱི་དབུ་འཁྲིད་རྣམ་པར་ཁང་ར་བྱེད་ནས་ངལ་བ་དོན་མེད་བྱིས་པ་ཡང་ཐལ་ཅན་ཡིན་པར་རིགས་སོ།