གཡང་སྐྱབས་རྒྱལ་གྱིས།
“བུ་མོ། བུ་མོ”་ཨ་མས་དུས་ཚོད་ལ་བལྟ་བཞིན་བོས།
བུ་མོ་ད་དུང་ཉལ་སའི་ནང་འདུག ག་ལེར་མིག་ཕུར་ཕུར་ཞིག་བྱས་ནས་མགོ་ཡར་བཀྱགས། སྨིན་མ་བསྡུས། ཆུ་ཚོད་ལ་བལྟས། ཆུ་ཚོད་བཅུ་དང་ཕྱེད་ཀ་ཟིན་འདུག
“བུ་མོ། ཁྱེད་རང་ལ་གཟའ་ཉི་མའི་བོད་ཡིག་འཛིན་གྲྭ་ཡོད་རེད། ད་འགྲོ་རན་སོང་ང་། མགྱོགས་པོ་བྱོས།” ཨ་མས་དྲན་གསོ་བཏང་།
བུ་མོའི་སེམས་ལ་འཚབ་ཤ་མ་ལངས། མདང་དྲ་རྒྱའི་ནང་འཛུལ་ནས་ facebook ༼ངོ་དེབ་༽ཏུ་དགའ་རོགས་བཙལ་བའི་ཐབས་ཤེས་བྱས་ཏེ་ཡུན་རིང་པོ་འགོར། མཚན་གྱི་ཆུ་ཚོད་གསུམ་པ་ལ་ད་དུང་ཉལ་མེད། མགོ་སྔས་མགོར་བཞག་དུས་ཧ་ལམ་ཆུ་ཚོད་དྲུག་པ་ཟིན་གྲབས་བྱས་འདུག ད་ཡར་ལངས་ནས་བོད་ཡིག་འཛིན་གྲྭ་ལ་འགྲོ་འདོད་རྩ་ནས་མི་འདུག
“ཨ་མ། ང་དེ་རིང་འགྲོ་དགོས་རེད་པས། ངའི་མགོ་ན་གི་འདུག”
“ཡང་ བུ་མོ་འདི་ཉལ་ཡོད་ས་མ་རེད། མི་ཉལ་དུས་ཁྱོད་ཉལ་གི་མ་རེད། མི་ལངས་དུས་ཁྱོད་ལངས་གི་མ་རེད། རྙོག་ཁྲ་བཤད་མ་ཡོང་།”
སྐད་ཆ་འདི་ནི་བུ་མོས་ལན་མང་པོར་གོ་བའི་སྐད་ཆ་ཞིག་ཡིན། ཨ་མས་སྐད་ཆ་འདི་སྟོང་བཤད་ཀྱང་བུ་མོའི་སེམས་ལ་རེད་བསམས་པ་ཞིག་གཏན་ནས་དྲན་མ་མྱོང་། ངོ་དེབ་དྲ་རྒྱའི་ནང་གི་ཕོ་གསར་དེ་ཚོ་ཡང་ང་ནང་བཞིན་མཚན་ལ་ཉལ་གི་མེད། ཨ་མ་ནི་སློབ་སྦྱོང་མེད་པའི་མི་རྙིང་པའི་གྲས་རེད། ང་ནི་ལོ་ཆུང་དེང་རབས་ཀྱི་བུ་མོ་ཡིན།
“ཨ་མ། ངའི་མགོ་ན་གི་འདུག ང་འགྲོ་གི་མིན།”
བུ་མོས་མགོ་ཡོངས་རྫོགས་ཉལ་ཆས་ཀྱིས་གཡོགས་སོང་། བུ་མོ་ལོ་བཅོ་ལྔ་རེད། ཨ་མ་ལ་ཡང་ཐབས་ཤེས་གང་ཡོད། ཨ་ཁ། ངའི་བུ་མོ་འདི་ད་ནི་བོད་པ་ཆགས་མ་སོང་། སྐྱེ་བ་སྔོན་མའི་ལས་ཟེར་བ་འདི་འདྲ་ཡིན་པ་རེད།
“ཐུབ་བསྟན། གཟའ་ཉི་མའི་བོད་ཡིག་དགེ་རྒན་ལ་ཁ་པར་ཐོངས། བུ་མོ་ནི་ལངས་རོགས་བྱེད་གི་མི་འདུག” མོས་རང་གི་ཁྱོ་ག་དེ་བཞིན་བཤད། ཁྱོ་གས་རྐང་རྩེད་སྤོ་ལོའི་རྩེད་མོ་ཞིག་ལ་བལྟ་བཞིན་འདུག ཆུང་མའི་ཕྱོགས་ལ་ལྟ་ཙམ་བྱས་ནས་མུ་མཐུད་ནས་རྩེད་མོའི་ཐོབ་ཤོར་གྱི་ཕྱོགས་ལ་གཡེང་བཞིན་འདུག
གཡང་སྐྱབས་རྒྱལ་ལགས། སྒྲུང་འདི་ངོ་མ་ཡག་པོ་བྲིས་འདུག གལ་སྲིད་ཁྱེད་ཀྱིས་བརྩམས་སྒྲུང་ཞིག་འབྲི་བར་འབད་བརྩོན་གནང་བ་ཡིན་ན་དེ་ལ་གྲུབ་འབྲས་ཤིག་ཡོད་ཐག་ཆོད་རེད། ཅིའི་ཕྱིར་ཞེ་ན། སྒྲུང་ལ་རིང་ཐུང་ལ་མ་ལྟོས་པའི་གྲུབ་ཆ་ཞིག་ཡོད་པ་རེད། ངས་བལྟས་ན་སྒྲུང་འདིའི་གྲུབ་ཆ་དཔེ་ཡག་པོ་བྱུང་ཡོད་འདུག ཐུགས་རྗེ་ཆེ།
mother is the only perfect figure in this family.
བུ་མོའི་སྒྲུང་བཀླགས་ཚར། རྩོམ་མཁན་གྱི་བསྟན་དོན་ཡིད་ལ་ངེས་ཤིང་གདུང་སེམས་མཉམ་སྐྱེད་ཡོད། ཡིན་ནའང་ལུང་རིགས་ཀྱིས་སྒྲུང་གི་གྲུབ་ཆའི་སྐོར་ཞིག་བཤད་པ་དེ་གསལ་བོར་མ་གོ་བས་སྒྲུང་འདིར་སྦྱར་ནས་དེ་ལ་གསལ་བཤད་ཅིག་གནང་རོགས།
ཁྱེད་རང་གིས་བརྩམས་སྒྲུང་འདིས་དེང་སང་གི་གཞོན་སྐྱེས་ཚོའི་སེམས་ཁམས་དང་འབྲེལ་བའི་གནས་བབ་ཅིག་མཚོན་གི་ཡོད་པའི་བཟོ་རེད། འདིར་ཞུ་རྒྱུ་ཞིག་ལ། བརྩམས་སྒྲུང་འབྲི་དུས། ཁྱེད་རང་གི་༸ཐྲྤཀླད་པའི་ནང་རྟོག་བཟོ་བགྱིས་པའི་མི་སྣ་དང་མི་སྣ་དེ་དག་གི་བར་གླེང་མོལ་བྱེད་འཇུག་དུས། རྩོམ་འབྲི་བ་ཁྱེད་རང་གིས་མི་སྣ་དེ་དག་གི་ཚབ་བྱས་ཏེ་སྐད་ཆ་བཤད་ན། དེ་ནི་སྐྱོན་གྱི་ལོག་འགྲོ སྐབས་དེར། རྩོམ་འབྲི་བ་ཁྱེད་རང་༸ཐྲྤཀློག་པ་པོའི་མཐོང་སར་མི་ཡོང་བར་གབ་ནས་འདུག་དགོས།
ཁྱེད་རང་གི་སྒྲུང་ཐུང་འདི་བ༸ཐྲྤཀླགས་སྐབས། ཁྱེད་ཀྱིས་མི་སྣ་དེ་དག་གི་ཚབ་བྱས་ཏེ་སྐད་ཆ་བཤད་ཀྱི་ཡོད་པའི་རྣམ་པ་ཞིག་འདུག འདི་ངའི་བསམ་ཚུལ་ཡིན། དེ་མིན་ལྟ་བ་གཞན་པ་འདྲ་མེད། བཀྲ་ཤིས་བདེ་ལེགས།
ཨོཡ། ད་ཡང་འཆི་གི་མི་འཇུག་གི བུ་མོ་འདིའི་མ་འོངས་པའི་ཁྱོ་ག་སུ་རེད། བོང་མཇེ་ཁུར་བའི་སྐྲ་སེར་ཞིག་རེད། བུ་མོ་འདིའི་མ་འོངས་པའི་བུ་ཕྲུག་སུ་རེད། རྒྱ་མིན་བོད་མིན་ར་མིན་ལུག་མིན་བོད་པ་ཡིན་ཟེར་བ་བོད་སྐད་དང་བོད་ཡིག་སྣ་གཅིག་མི་ཤེས་པ། མཚམས་རེར་བོད་པ་འདུ་ས་ལ་གོང་གི་བོང་མཇེ་བ་དེ་ཁྲིད་ཡོང་ནས་འདི་ངའི་སྒྲ་སྒྲེ་ཡིན་ཟེར་བཞིན་རྐུབ་གཡུག་ཞབས་བྲོ་དང་ཝུ་ཆང་གཅིག་པོ་མ་གཏོགས་བསམ་རྒྱུ་མེད་པ་དེ་རེད། སེ་ཨ་རོལ་ན་འདི་ཚོ་མང་ཡ། འགའ་རེས་ཨེ་རག་གི་ཁ་ཆེ་རེ་འདི་ངའི་སྙིང་གྲོགས་ཡིན་ཟེར་ནས་ཁྲིད་ཡོང་གི་འདུག ཨ་ཨ་ཨ། མ་གཞི་ཁ་ཆེ་བ་ཚོ་སྡུག་པོ་ཞིག་མིན་ན་ཡང་ཁ་སང་དེ་རིང་གི་དུས་ཚོད་འདི་བོད་པའི་བུ་མོས་ཁ་ཆེ་སྤྱི་དང་དེའི་ནང་ནས་ཀྱང་ཨེ་རག་གི་ཁ་ཆེ་ལ་དགའ་རོགས་བསྒྲིག་པའི་དུས་ཚོད་ཅིག་ཡིན་མིན་མི་ཤེས།
ཨོ། གོང་གི་ཁ་ཆེ་བ་དགའ་རོགས་བསྒྲིགས་མཁན་དེ་སེ་ཨ་རོལ་གྱི་ཨ་མདོའི་བུ་མོ་ཞིག་ཡིན། དང་པོར་མགོ་སེར་བོང་མཇེ་བ་ཞིག་གི་འོག་ནས་ལོ་འགའ་ཉལ། དེ་ནས་བོང་མཇེ་བ་དེས་མོའི་ལྐོག་ནས་མགོ་སེར་བུ་མོ་ཞིག་དང་འགྲོག་གིན་ཡོད་པ་ཤེས་རྗེས་ད་ལྟའི་ཁ་ཆེ་འདི་བདམས་པ་རེད། ཁ་ཆེ་འདི་ཚོས་གཅིག་བྱས་ན་མོའི་བྱ་ལེ་གཏུབས་ན་ཐང་། གཅིག་བྱས་ན་མོའི་ཆོས་ལུགས་བསྒྱུར་ཡང་སྲིད། ཡང་མིན་ན་མོ་ལ་མགོ་རས་བསྐོན་ན་ཐང་། ཁ་ཆེ་ལ་འགྲོགས་པ་དེར་བསམ་འཆར་ཆེན་པོ་ཞིག་མེད་ན་ཡང་དེ་ཚོའི་ལུགས་སྲོལ་ལ་མནའ་མ་གསར་བ་ཁྱོ་ཀ་དེའི་རིག་གཞུང་གི་འོག་ཏུ་བཙན་གྱིས་འཇུག་གི་རེད་ཟེར།
སྤྱིར་ལུང་པ་འདིར་གང་བྱེད་རང་དབང་རེད། ཡིན་ན་ཡང་༧གོང་ས་མཆོག་གིས་རང་རིགས་གཙང་མ་རྒྱུན་འཁྱོངས་བྱེད་དགོས་པའི་བཀའ་སློབ་རིམ་པར་ཕེབས་པ་ལ་དམིགས་ནས་གོང་གི་བསམ་འཆར་དེ་ཐལ་སོང་། བོད་པ་ཨ་རི་བར་འགྱུར། བོད་པ་ཁ་ཆེ་བར་འགྱུར། བོད་པ་ཡོ་རོབ་པར་འགྱུར། བོད་པ་རྒྱ་ནག་པར་འགྱུར། བོད་པ་རྒྱ་གར་བར་འགྱུར། བོད་པ་བལ་བོ་བར་འགྱུར། བོད་པ་བོད་མིན་པར་འགྱུར། བོད་པ་རྩ་མེད་དུ་འགྱུར།
ཨ་རོ། ཁྱེད་ཀྱིས་བུ་མོ་ཞིག་གི་ཞོགས་པའི་གནས་བབ་དང་སྦྱར་ཏེ་ཁྱིམ་ཚང་ཞིག་གི་ཞོགས་པའི་འཚོ་བ་རགས་རམ་ཙམ་ཞིག་བྲིས་འདུག་སྟབས། སྒྲུང་ཐུང་འདིའི་ཁ་བྱང་འདོགས་སྟངས་ཅུང་ནོར་འདུག བུ་མོའི་སྒྲུང་ཟེར་བ་ལས་དེང་རབས་ཀྱི་བུ་མོ་ཞེས་བཏགས་ན་འདྲ་ཆགས་པོ་འདུག
བུ་མོ་འདིའི་ཕ་མ་གཉིས་གང་ལ་ཕྱིན་པ་རེད། མཚན་གང་རྒྱོ་བརྒྱབ་བསྡད་པ་རེད་དམ། རྩོམ་འབྲི་སྟངས་དང་མིང་འདོགས་སྟངས་ཚུད་ཆད་ལ་མང་པོ་ཞིག་ཤོད་མཁན་འདི་ཚོས་སྐལ་མེད་ས་སྐེ་བསྲིང་གི་ཡོད་རེད། རང་གིས་གང་འདོད་འདོད་དུ་ཕྲིས།
ནམ་མཁའ་ལགས། ང་ལ་དམིགས་བསལ་གྱི་བསམ་ཚུལ་འདྲ་མེད། ནམ་རྒྱུན་རང་གིས་བསམ་སྡད་པ་རེ་སྒྲུང་ཐུང་ཐུང་འདིའི་ནང་དུ་འདུག་སྙམ་ནས་བཤད་པ་ཡིན། དང་པོ་དེར། སྒྲུང་ཅི་འདྲ་ཞིག་ཡིན་ནའང་རྩ་བའི་ཆ་ནས་ས་གནས་དང་མི་སྣ། དུས་ཚོད་གསུམ་གྱིས་གྲུབ་དགོས་པ་རེད། སྒྲུང་འདིའི་ནང་དུ་གྲུབ་ཆ་དེ་གསུམ་ཚང་འདུག འོན་ཀྱང་། ངས་བཤད་ཀྱིན་པ་ནི་འདི་ཙམ་མིན།
གཉིས་པ་ནི། སྒྲུང་ནི་སྙན་ཞུ་ཙམ་ཞིག་མ་རེད། གནད་དོན་ཞིག་དྲང་མོར་བཤད་པ་ཙམ་གྱིས་སྒྱུ་རྩལ་གྱི་སྒྲུང་ཞིག་འགྲུབ་ཁག་གི་རེད། དེ་འདྲའི་སྒྲུང་ལ་ཀློག་རིན་ཡང་ཞེ་དྲག་ཡོད་པ་མ་རེད། གཙོ་བོ་འགལ་འདུ་རེད། སྤྱི་ཚོགས་ཀྱི་འགལ་འདུ་ཞིག་ཅི་ཙམ་གྱིས་ཇེ་ཉོག་ལ་བཏང་ནས་འབྲི་ཐུབ་ཚེ་སྒྱུ་རྩལ་ཡང་དེ་བཞིན་དུ་ཡང་རྩེར་སྙེག་ནས་འགྲོ་གི་ཡོད་པ་རེད། སྒྲུང་ཐུང་ཐུང་འདིའི་ནང་ནའང་གཙོ་བོ་སྤྱི་ཚོགས་ཀྱི་འགལ་འདུ་ཞིག་གླེང་འདུག་སྙམ།
གསུམ་པ་ནི། སྐད་ཆའི་སྒྱུ་རྩལ་རེད། དཔེར་ན། ང་སེམས་སྐྱོ་ནས་ངུས་པ་ཡིན་ཅེས་པ་དང་། སེམས་སྐྱོ་བྱེད་ཀྱི་དོན་དག་དེ་བཤད་ནས་མིའི་མིག་ཆུ་ཤོར་བཅུག་པ་གཉིས་ལ་ཁྱད་པར་ཞེ་དྲག་ཡོད་པ་རེད། དང་པོ་ལྟར་ན་འབྲི་མཁན་ཁོ་རང་ངུས་པ་རེད། གཉིས་པ་ལྟར་ན་ཀློག་མཁན་ངུས་པ་རེད། དེ་བས་རྩོམ་བྲིས་པའི་དམིགས་ཡུལ་གཞིར་བཟུང་ན་རྗེས་མ་དེས་ཀློག་མཁན་ལ་ཁ་འཁོར་ནས་རྩོམ་བྲིས་པའི་དམིགས་ཡུལ་དེ་འགྲུབ་བསྡད་པ་རེད། སྒྲུང་འདིའི་ནང་དུ་གྲུབ་ཆ་འདིའང་འདུག
དཔེ་གཞན་ཞིག་ནས་ཞུས་ན། མི་སྣ་འདི་དག་གིས་རང་རང་གི་བསམ་ཚུལ་དང་རྣམ་འགྱུར་རེ་བསྟན་པ་མ་གཏོགས། རྩོམ་མཁན་གཡང་སྐྱབས་རྒྱལ་ཁོ་རང་གི་ངོས་ནས་གནས་སྟངས་དེར་ཡག་རྩོག་གི་དཔྱད་བརྗོད་བྱས་མི་འདུག་ལ། མི་འདི་དག་གི་སུ་འགྲིག་མིན་ལའང་དཔྱད་གཅོད་བྱས་མི་འདུག
བཞི་པ། བོད་ཀྱི་རྩོམ་རིག་ཡིན་ན་ཕྱིའི་རྣམ་པ་འབྲི་བ་ལ་འཕེལ་ཕྱོགས་ཤིག་མཐོང་གི་འདུག་ནའང་། ནང་བསམ་བློ་ཞིབ་འབྲི་བྱས་མཁན་ཞེ་དྲག་དཀོན་པོ་རེད། བོད་དང་ཕྱི་རྒྱལ་གྱི་སྒྲུང་རྩོམ་བརྩམས་ཆོས་ཀྱི་ཁྱད་པར་ཡང་འདི་ནས་གསལ་བོར་དབྱེ་ཐུབ་གི་འདུག་སྙམ་ཡོད། འོན་ཀྱང་། གཡང་སྐྱབས་རྒྱལ་གྱིས་བུ་མོ་སློབ་གྲྭར་མ་ཕྱིན་པའི་གནས་ལུགས་གཅིག་པུ་མ་རེད། མ་གཞི་ནས་མོ་འགྲོ་མི་འདོད་པ་དང་། འགྲོ་མི་དགོས་པའི་བསམ་ཚུལ་བྲིས་འདུག དེའི་ཁར་བུ་མོ་དེས་རང་གི་ཨ་མར་ལྟ་ཚུལ་ཅི་ཡོད་ཀྱང་བྲིས་འདུག འདི་ནི་སྒྱུ་རྩལ་གྱི་ཁྱད་ཆོས་གཙོ་བོ་ཞིག་རེད།
ལྔ་བ། དེང་རབས་ཀྱི་བརྩམས་སྒྲུང་འབྲི་མཁན་ཕལ་ཆེ་བས་སྒྲུང་གི་ངོ་བོ་དང་རྩོམ་ལུས་ཀྱི་གྲུབ་མཐའ་ཅི་ཡིན་ལ་མ་ལྟོས་པར། ཚང་མས་གཙོ་བོ་འཁྲབ་གཞུང་གི་རྣམ་པར་ཡོད་པའི་སྒྲུང་འབྲི་ཐབས་བྱེད་གིན་ཡོད་པ་རེད། དེ་ནི་དེང་གི་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་འདིའི་དབང་གིས་ཐམས་ཅད་གློག་རྡུལ་གྱི་འོག་ལ་འགྲོ་བཞིན་པ་དང་། དཔལ་འབྱོར་གྱི་ལམ་ཁའང་བརྗེ་བཞིན་པའི་དབང་གིས་རེད། དེ་བས་སྒྲུང་འདི་དང་པོར་མགོ་བཙུགས་པ་ནས་མཇུག་སྒྲིལ་རག་བར་དུ་གློག་བརྙན་ཐུང་ཐུང་ཞིག་ལ་བསམ་ནས་བྲིས་པ་ལྟ་བུ་ཞིག་རེད། ལྷག་པར་དུ་སྒྲུང་འདི་ནི་དེང་སྐབས་ཀྱི་ ཡུ་ཊོབ་ youtube གློག་བརྙན་ལྟ་བུ་སྐར་མ་བཅུ་གྲངས་ཤིག་གི་རིང་ལ་སྟོན་རྒྱུའི་གྲས་ཡིན་སྟབས། ཧ་ཅང་གི་འཚམ་པོ་རེད་འདུག་སྙམ་ཡོད།
མཐའ་མ་དེར་སྒྲུང་འདིའི་དམིགས་ཡུལ་འགྲུབ་བསྡད་འདུག ཅིའི་ཕྱིར་ཅེ་ན། སྒྲུང་འདིའི་ནང་གི་བསྟན་བྱ་ངོ་མ་ནི་བུ་མོ་འདི་སྡུག་ཅག་ཡིན་པ་དང་། ཕ་རྒན་གྱིས་འགན་མི་ལེན་པ། ཨ་མས་བློས་མ་བཟོད་པ་ཙམ་མ་རེད། འདིའི་ནང་གི་བསྟན་བྱ་གཙོ་བོ་ནི་སྤྱི་ཚོགས་ཤིག་རེད། བུ་མོ་དེ་དང་མཉམ་དུ་བུ་མང་པོ་ཞིག་ཀྱང་མཚན་གྱི་ཆུ་ཚོད་ ༣ བར་དུ་ཉལ་ཡོད་པ་མ་རེད། དེའི་ཁར་ཁོང་ཚོ་འཛོམས་སའི་ཁོར་ཡུག་དེ་ནི་དེང་རབས་ཀྱི་གཞོན་སྐྱེས་ཚོའི་ཐུན་མོང་གི་ཁོར་ཡུག་སྟེ། ངོ་དེབ་ཀྱི་སྟེང་འཛོམས་ཀྱིན་པ་དེ་རེད། འདི་ནི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ཤིག་རེད། ད་དུང་ཁོར་ཡུག་མང་གི་རེད། འོན་ཀྱང་ཨ་རི་ལྟ་བུ་ཡིན་ན་ངོ་དེབ་ནི་རྒྱུགས་ཆེ་ཤོས་དེ་ཡིན་སྐད་འདུག དེའི་ཁར་བོད་ཀྱི་ཕ་མ་རྣམས་ཀྱིས་བྱིས་པ་ལ་བཟུང་བའི་རྣམ་འགྱུར། བྱིས་པས་ཕ་མར་བཟུང་བའི་རྣམ་འགྱུར་སོགས་མདོ་དོན་སྤྱི་ཚོགས་ཆེན་པོ་ཞིག་སྒྲུང་ཐུང་ཐུང་ཞིག་གི་ནང་དུ་བཤད་འདུག་སྙམ་སྟེ། སྐད་ཆ་དེ་བཤད་པ་ཡིན། འོན་ཀྱང་། འདི་ལས་གཞན་མིན་པའི་སྒྲུབ་བྱེད་ནི་ང་ལའང་མེད།
ལུང་རིགས་རྒྱལ་ལགས། བརྩམས་སྒྲུང་ཁག་ཅིག་བཀླགས་མྱོང་བ་མ་གཏོགས་སྒྲུང་གི་གྲུབ་ཆ་ཟེར་བ་དེ་འདྲར་བསམ་བློ་བཏང་མ་མྱོང་བས། འདི་ལྟར་གསལ་བཤད་རྒྱས་པ་ཞིག་བྱས་ཡོང་དུས་སེམས་ནས་དགའ་ནི་ཞིག་རེད། ཐུགས་རྗེ་ཆེ།
སྒྲུང་འདི་གྲུབ་ཆ་གི་ཐོག་ནས་རྩམ་སྒྲུང་ཞིག་གིས་ཁྱད་ཆོས་ལྡན་མོད་ཚིག་སྦྱོར་གི་ཉམས་འདོན་སྟངས་དེ་ཙམ་ལེགས་པོ་ཞིག་མ་རེད་སྙམ། ཁྱད་པར་ད་ནི་བོ་མོ་འདི་བོད་པ་ཆགས་མ་སོང་ཞེས་པའི་སྐད་ཆ་འདི་འབྲེལ་ཡོད་ཅན་ཞིག་ཏུ་མཐོང་མ་སོང་།
ཚིག་དང་དོན་ལ་དཔྱད་པ་དྲིན་དུ་ཆེ།།
རུང་དང་མི་རུང་གསུངས་པ་དོན་རེ་ཆུང་།།
རྣམ་རྟོག་གློག་འགྱུའི་ཡུན་ལས་འཕྲོས་པ་ཡི།།
ཀུན་རྟོག་རི་མོ་གཡག་ཞྭར་རྩྭ་ཟ་ལགས།།
སྒྲུང་ཡག་པོ་བྲིས་ཡོད་མེད་དེ་སྐུ་ཞབས་ལུང་རིགས་རྒྱལ་ནས་གསལ་བཤད་གནང་འདུག གནས་སྟངས་འདི་འདྲའི་འོག་ནས་ང་ཚོའི་ཟ་ཟུར་མང་པོ་ཞིག་ཉམས་འགྲོ་བཞིན་པར་སེམས་འཚབ་དང་འབྲེལ་བའི་གནས་ལུགས་དེ་ཀླུ་སྨྱོན་ལགས་ནས་གསལ་བཤད་གནང་འདུག ད་ནི་ང་ཚོས་འདི་ལྟར་ང་ཚོའི་ཟ་ཟུར་ཉམས་པ་ལས་སྐྱོབ་ཐབས་གང་ཡོད་དམ། དེ་གནད་འགག་རེད།
མི་མཁས་མཁས་པར་འདོད་པའི་ང་རྒྱལ་དང་།
མི་འཇོན་འཇོན་པར་སྙམ་པའི་ཁེངས་དྲགས་ཀྱིས།།
བསྐྲུན་པའི་རྩོམ་ཡིག་ན་ཆུང་རང་ཤེད་ཅན།།
མཛེས་ཀྱང་སྙིང་པོ་སྦྲང་མའི་གཤོག་རླུང་ཙམ།།
ཚེ་རིང་གི་བུ་ལ་བཤད་རྒྱུར། གཅིག་དེ་ཁྱོད་ཀྱིས་ནོར་འདུག་ཅེས་བཤད་སོང་། མིང་ནོར་འདུག དོན་ནོར་འདུག་ཟེར། ངས་ཅི་ཡང་བཤད་མེད། ད་ནི་ཁྱོད་ཀྱིས་”ང་རྒྱལ་” དང་ “མི་མཁས་མཁས་པར་འདོད་པ་”ཞེས་བཤད་འདུག ང་ལ་དྲི་བ་གཉིས་ཡོད། དང་པོ། ཁྱོད་ལ་བོད་ཀྱི་རྩོམ་ཡིག་ཅིག་ནོར་དང་མ་ནོར་ཐག་གཅོད་བྱེད་པའི་དབང་ཚད་སུས་སྤྲད་ཡོད། གཉིས་པ། ང་རྒྱལ་ཟེར་བ་དེ་རྩོམ་མཁན་ང་ལ་འདུག་ཟེར་གི་ཡོད་རེད། དེའི་ཁུངས་སྐྱེལ་ཅི་ཡོད། འཁྱེར་ཤོག
གཡང་སྐྱབས་རྒྱལ་ལགས། སྤོ་མ་ལངས། ངས་ཁྱེད་ཀྱིས་བྲིས་པའི་བུ་མོའི་སྒྲུང་དེ་མཆན་གཉིས་བཏབ་པ་བདེན་པ་ཡིན། དེ་ཡང་ཁྱེད་ཀྱིས་སྒྲུང་རྩོམ་འབྲི་ཤེས་ཀྱི་མི་འདུག་ཅེས་བཤད་ཀྱི་མེད། སྒྲུང་རྩོམ་ཡག་པོ་ཞིག་བྲིས་འདུག སྐད་ཆ་བདེན་པ་ཡིན། ཡིན་ནའང་། དྲ་རྒྱ་འདིར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་མཆན་བུ་འདེབས་ཆོག་ཆོག་ཡིན་སྟབས། ངས་ཁྱེད་ཀྱི་སྒྲུང་རྩོམ་བྐླགས་མ་ཐག བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་མཆན་བུ་གཉིས་བཏབ་པ་རེད། དེ་ལ་སྐྱོན་ཅི་ཡོད། ངས་བྲིས་པའི་ཚིགས་བཅད་དེ་གཏོང་ས་ནོར་འདུག ངས་ཁྱེད་མཁས་དང་མི་མཁས་དང་། ཁྱེད་ཀྱིས་འཇོན་དང་མི་འཇོན་བཤད་ཀྱི་མེད། དེ་ནི་ང་ལ་བབ་ཡོད་པ་ཞིག་མ་རེད། ཨ་རོ། ངེད་གཉིས་ཀྱི་བར་ན་རྩོད་པ་ཞིག་ག་ལ་ཡོད། རྩོད་པ་ཡོད་རུང་ངས་རྔོ་ཐོགས་གི་མ་རེད། ངེད་གཉིས་ཕ་ཡུལ་གཅིག་པ། བསམ་ཕྱོགས་གཅིག་པ། བོད་མི་གཅིག་པ། ངོ་ཤེས་གཅིག་པ་ཡིན་སྟབས། ངས་ཁྱོད་ལ་མཁས་དང་མི་མཁས། ང་རྒྱལ་ཡོད་དང་མེད་པའི་སྐད་ཆ་ཞིག་ཤོད་སྲོལ་ག་ལ་ཡོད། དེ་ཙམ་ཡིན། ཨ་རོ། ཐང་སྨུག་སྦྲ་ཡི་ཆོན་ཐག་གཅིག་ཆད་ལ་ཉེ་སོང་ཞེས་པའི་མཆན་བུ་འདེབས་མཁན་གྱི་དྲ་གྲོགས་ཤིག་གིས་ང་ལ་ཕར་ཕྱོགས་ནས་སྐད་ཆ་ཞིག་ཤོད་ཀྱི་འདུག ངས་དེ་ལ་རྒྱབ་ཕྱོགས་ནས་ལན་ཞིག་བཏབ་པ་རེད། དངོས་གནས་ཚིགས་བཅད་འདི་གཏོང་ས་དེ་ཐང་སྨུག་སྦྲ་ཡི་ཆོན་ཐག་གཅིག་ཆད་ལ་ཉེ་སོང་ཞེས་པ་དེ་རེད། ཨ་རོ། བོད་ཀྱི་རྩོམ་ཡིག་གི་དབང་ཚད་དེ་སུར་ཡོད་མིན་དེ་བཤད་ལས་ཚོད་གི་མི་ཐུག སླར་ཡང་། འདིར་དགོངས་དག་ཞུ།
དྲིན་ཆེན་པོ། ངའི་ལས་བཅོལ་དེ་ཟུར་འཇོག་མ་བྱེད། ངས་བསྒུག་ནས་བསྡད་ཡོད།
ºI¤-mG-¾GÅü Eïh-ˆÛÅ-P-¾-zÁh-ˆÛ-»ôh-h¤ü Eïh-ˆÛÅ-P-¾-zÁh-GÛ-»ôh-m-¾Å-zTô¾-¸ï¼-z-ŸÛG-¤Û-ÁïÅü Gž-D-ŸÛG-GmP-¼ôGÅü
འགྲམ་ནག་ལགས། ཁྱེད་ཀྱིས་ང་ལ་བཤད་ཀྱི་ཡོད་དམ། ཁྱེད་ཀྱིས་ང་ལ་བཤད་གི་ཡོད་ན་ལས་བཅོལ་ཟེར་བ་ཞིག་མི་ཤེས། གསལ་ཁ་ཞིག་གནང་རོགས།
ཁྱེད་ཀྱིས་ལྟོས་དང་། དཀའ་ངལ་སེལ་སོང་། བཀའ་དྲིན་ཆེ་ཞུ།
དགོངས་དག ཁྱོད་ལ་བཤད་པ་མིན།