བོད ལྷ་ཀླུ་གཉན་གསུམ།
ངའི་བསམ་བློ་མང་བོ་མང་བོ་ཞིག་བཏང་བ་ཡིན། འོན་ཀྱང་། ངའི་རྟག་པར་རང་ཉིད་ལྟ་བུའི་བོད་པ་མི་ཉུང་བ་ཞིག་གིས་ལམ་ཁ་འདི་ནི་མི་རིགས་ཤིག་ཆགས་པའི་ཉེན་ཁ་ཡིན་པ་མཐོང་བ་ལས། མི་རིགས་ཤིག་སྐྱོབས་པའི་ལམ་ཁ་ཞིག་མིན་པའི་ངེས་ཤེས་ཡང་ཡང་སྐྱེ་ཡི་འདུག ང་རང་ལ་མཚོན་ན་རང་ཡུལ་དང་བྲལ་ནས་མི་ལོ་བཅོ་ལྔ་ལྷག་འགྲོ་བཞིན་ཡོད། དང་བོ་བོད་ཡུལ་ནས་ཡོང་དུས་དམིགས་ཡུལ་ཞིག་ཡོད་པ་དེ་ནི་༧གོང་ས་མཆོག་དང་མཇལ་རྒྱུ་བྱུང་ན་ཤི་སོང་རང་འགྱོད་པ་མེད་པ་དེ་ཡིན། དེ་ནས་སེམས་ཐག་གཙང་བཅད་ཀྱིས་ནང་མི་ལ་ཞུ་བ་ཞུས་སྟབས། ནང་མིས་ཀྱང་རང་གི་བསམ་ཚུལ་རྒྱབ་སྐྱོར་བྱས་སོང་བ་མ་ཟད། དྲིན་ཆེན་མ་ལོས་ཀྱང་ཁྱེད་རང་རྒྱ་གར་དུ་འབྱོར་ནས་༧རྒྱལ་བ་རིན་པོ་ཆེ་ཚང་གི་ཞབས་ཞུ་ཞིག་བྱེད་ཐུབ་སོང་བ་ཡིན་ན་མ་རྒན་ང་ཤི་རུང་བློ་བདེ་བག་ཕེབས་ཡོང་ཁོ་ཐག་ཡིན། ༧རྒྱལ་བ་རིན་པོ་ཚང་གི་ཐུགས་དགོང་དང་འགལ་བའི་ལས་གཏན་ནས་མ་བྱེད་ཅེས་ཁ་བརྡ་སློབ་གསོ་གནང་སོང་། ངས་ཀྱང་དེ་ལྟར་དུ་ཁས་ལེན་བྱས་པ་ཡིན།
ང་རང་གིས་དཀའ་ཚེགས་མི་ཉུང་བ་ཞིག་བརྒྱུད་དེ་རྒྱ་གར་དུ་འབྱོར། ང་རང་གྲྭ་བ་ཡིན་སྟབས། རྣམ་རྒྱལ་གྲྭ་ཚང་དུ་འགྲོ་རྒྱུའི་ཐོ་འགོད་བྱས་པ་ཡིན། འོན་ཀྱང་། དེ་ནི་གྲྭ་བ་ཡིན་ཚད་ཅིག་འགྲོ་ཐུབ་སའི་གྲྭ་ཚང་ཞིག་མིན་པ་གསལ་བཤད་བྱས་པ་ལྟར། རང་ཉིད་ཀྱང་གྲྭ་སར་ཐོ་འགོད་བྱས་པ་ཡིན། གྲྭ་སར་ཐད་ཀར་བཏང་ནས་༧རྒྱལ་བ་རིན་པོ་ཆེ་ཚང་ལ་མཇལ་རྒྱུའི་གོ་སྐབས་ཀྱང་བྱུང་མ་སོང་བར་ཟླ་ངོ་ཁ་ཤས་ཤིག་བུད་སོང་བ་མ་ཟད། གྲྭ་སར་འབྱོར་དུས་གཞི་ནས་སྒེར་ནས་འགྲོ་སོང་བཏང་ནས་འགྲོ་བ་ལས་གཞུང་གིས་འགྲོ་སོང་གཏོང་གི་མི་འདུག་པ་ཤེས་སོང་། ཟླ་ངོ་རེ་ཟུང་གི་རིང་དུ་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་འདོད་ཀྱི་མདུན་པ་ནི་དངོས་ནས་ཧ་ཅང་ཤུགས་ཆེན་པོ་འདུག་སྟབས། ཐུགས་སྤྲོ་ཞིག་གི་སྟེང་ནས་ཁ་ཤགས་ཤིག་བཤད་སྐབས་མིག་ཆུ་ཡང་རང་དབང་མེད་པར་ཤོར་དུ་བཅུགས་སོང་།
སྒེར་ངོས་ནས་འགྲོ་སོང་བཏང་ནས་རྡ་སར་༧རྒྱལ་བ་རིན་པོ་ཆེ་ཚང་ལ་མཇལ་རྒྱུའི་གོ་སྐབས་རེག་སོང་བ་མ་ཟད། དངོས་སུ་མཇལ་བའི་སྐབས་དེར་མིག་ཆུ་རྐྱང་རྐྱང་ལས་ཁོང་ཚང་ལ་ཞུ་དགོས་པའི་སྐད་ཆ་གཅིག་ཀྱང་ངག་ནས་ཐོན་མ་སོང་། དེ་ནས་བཟུང་རང་ཉིད་ཀྱིས་གཟབ་ནན་གྱིས་༧རྒྱལ་བ་རིན་པོ་ཆེ་ཚང་གི་གསུང་ཆོས་ཞིབ་དུ་ཉན་པ་ཡིན། གསུང་ཆོས་ལ་ཞིབ་དུ་ཉན་ནས་རང་ཉིད་ལ་ཐག་གཅོད་ཅིག་བྱུང་བ་དེ་ནི་རང་ཉིད་ནི་རབ་བྱུང་བ་ཟེར་བའི་རྟགས་ཙམ་འཛིན་པ་ཞིག་ལས་གྲྭ་བ་ཞིག་བྱེད་རྒྱུའི་ཐོབ་ཐང་མེད་པ་གསལ་བོ་ཤེས་སུ་བཅུགས་སོང་།
རང་ཁ་རང་གསོའི་ལམ་དུ་ཞུགས་པ་ཡིན། ཟ་ཁང་ཞིག་གི་ནང་དུ་ལས་ཀ་བྱས་པ་ཡིན། ཧིན་སྒོར་གཅིག་སྟོང་ལྔ་བརྒྱ་རེ་རེག་སོང་། དེ་ཡང་དུས་ཡུན་ཐུང་ཐུང་ཞིག་རེད། ཡིན་ཡང་། ༧རྒྱལ་བ་རིན་པོ་ཆེ་ཚང་གི་ཐག་ཉེ་ཞིག་ནས་ཤུ་རེ་བྱས་དེ་བསྡོད་འདོད་ཀྱི་བསམ་བློ་ཞིབ་དུ་བཏང་བ་ཡིན་ལ། དེར་བསྟུན་གྱིས་རང་ནུས་གང་ཡོད་ཀྱིས་རང་ཁ་རང་གསོ་ལ་འབད་ནས་སྤྱིན་བདག་ཟེར་བ་ཞིག་ལ་རེ་བ་གཏན་ནས་མ་བརྒྱབ། ཉིན་མ་དང་ཟླ་བ་ནི་རི་སྤྱང་གི་དེད་པའི་ལུག་ཁྱི་བཞིན་གར་སོང་ཆ་མེད་དུ་གྱུར་ནས། ངའི་མི་ཚེ་ལ་འགྱུར་བ་སྣ་ཚོགས་ཤིག་ཐེབས་སོང་།
ངའི་ཕ་མ་གཉིས་ཀྱང་རྒྱ་གར་དུ་འབྱོར་སོང་བ་མ་ཟད། ཕ་མ་གཉིས་ཀྱིས་ཀྱང་༧རྒྱལ་བ་རིན་པོ་ཆེ་ཚང་ལ་མཇལ་ཁ་ཞུས་སོང་། སྐབས་དེར་ང་རང་གི་གནས་ཚུལ་དངོས་དེ་ཕ་མ་གཉིས་ཀྱིས་དངོས་སུ་མཐོང་ནས། རྒྱུ་མེད་ཤེས་ཡོན་མེད་པའི་གནས་སྟངས་དེར་བསམ་ནས་ངའི་ཕ་རྒན་གྱིས་ཁྱེད་རང་གིས་བོད་ཡིག་ཡག་པོ་ཞིག་ཤེས་ཀྱི་ཡོད་པ་དང་བོད་དོན་ལ་དེ་འདྲའི་སེམས་འཁུར་ཞིག་ཡོད་ན་ནི། བོད་གཞུང་གི་ལས་བྱེད་ཅིག་ཨེ་ཉན་ལ་བལྟ་དགོས་པ་རེད། དེ་མིན་ན་རང་ཁ་གསོ་བའི་ཐབས་ཤེས་ཡག་པོ་ཞིག་འཚོལ་དགོས་པ་རེད། རྒྱུ་མེད་ཤེས་ཡོན་མེད་པའི་འཚོ་བ་འདི་འདྲ་ཞིག་བསྐྱལ་བ་ཡིན་ན་དངོས་ནས་ཆུད་ཟོས་རེད། དེ་མིན་ཕྱི་རྒྱལ་ཞིག་དུ་འགྲོ་ཐུབ་པ་ཡིན་ན་ཡག་པོ་ཡོད་པ་རེད།
ངས་རང་གི་ཕ་རྒན་ལ་དེ་ཡི་གནས་ལུགས་རྒྱུ་མཚན་མང་བོ་ཞིག་བཤད་དུས། དྲིན་ཆེན་མ་ལོས་རྒྱུ་དགོས་པ་མ་རེད། མི་འཚམ་ནས་བསྡད་ན་རྒྱུ་ཡིན་ནི་རེད། དེ་ལས་ཁྱེད་རང་གི་བསམ་ཚུལ་དེ་དག་དངོས་ནས་ཡག་པོ་རེད། ཉིན་མ་ཞིག་ལ་ཁྱེད་རང་གི་དོན་དག་ལེགས་པོ་ཞིག་འགྲུབ་ཁོ་ཐག་ཡིན་པ་རེད་ཅེས་ང་ལ་རྒྱབ་སྐྱོར་ཤུགས་ཆེན་བཏང་སོང་། ད་དུང་། སྐབས་དེར་ངའི་ཉེ་ཁོར་གྱི་གྲོགས་པོ་དག་གིས་ཀྱང་། ཁྱེད་རང་གྲྭ་བ་ནི་བྱེད་ཐུབ་མ་སོང་། ད་ནི་འདི་འདྲའི་འཚོ་བ་ཐེབས་ཆག་ཞིག་བསྐྱལ་ནས་བསྡོད་པ་ལས་ཕྱི་རྒྱལ་ཞིག་དུ་འགྲོ་ཐུབ་བྱས་ན་ཡག་པོ་མི་འདུག་གམ་ཟེར་ནས་ཡང་ཡང་བཤད། ངས་ཀྱང་དེ་དག་ལ་ལན་རེ་རེ་སྤྲད་ཀྱང་། ཁོང་ཚོས་དེ་ནི་ཁྱེད་རང་ལྟ་བུ་ཞིག་གིས་འགྲུབ་པ་ཞིག་མ་རེད། བཙན་བྱོལ་བོད་གཞུང་གིས་སྐུ་ངོ་དང་ལས་བྱེད་དག་གིས་ཀྱང་གཅིག་རྗེས་གཅིག་ལ་འགྲན་ནས་ཕྱི་རྒྱལ་དུ་འགྲོ་བཞིན་པ་མཐོང་གི་མི་འདུག་གམ་ཟེར། ངས་ཀྱང་དེ་དག་ལ་གསལ་བཤད་མང་བོ་ཞིག་བྱེད་འདོད་མ་བྱུང་། རྒྱུ་མཚན་ནི་ཁོང་ཚོས་མི་རིགས་ཤིག་ལས་རང་གི་ལྟོ་གོས་ལ་བསམ་ནས་བཤད་ཀྱི་་འདུག་པ་དེ་རེད།
ངས་ཕྱི་ལོག་དུ་སོང་ནས་ཕྱིར་རྒྱ་གར་དུ་ཡོང་བཞིན་པའི་ཟ་ལེ་རྒྱལ་དུ་འབོད་པའི་ཕོ་གསར་རེ་རེ་བཞིན་མཐོང་བ་ཉུང་ཉུང་མིན། ངས་རང་ཉིད་ལམ་ཁ་དེར་ཞུགས་པ་ནི་ནོར་འཁྲུལ་ཞིག་ཡིན་པ་ཤེས་ཀྱི་ཡོད་ལ། དེ་ཡི་སྐོར་ལ་རྩོམ་ཡིག་ཀྱང་རེ་ཟུང་བྲིས་དེ་དུས་དེབ་གང་རུང་ཐོག་དུ་སྤེལ་བ་ཡིན། འོན་ཀྱང་། ད་དུང་ཁོང་ཚོས་སྡུག་ས་ཡང་ཟ་ལེ་རྒྱལ་དུ་འབོད་པའི་མགོ་སེར་ཚོ་གཉེན་སྒྲིག་བྱེད་མཁན་དག་ཡིན་ཡང་། ཁོང་ཚོས་ལག་དུ་ཁ་བཏགས་བཟུང་ནས་བསུ་བ་བྱེད་དུ་འགྲོ་ས་དེ་ཡང་དེ་ཚོ་ལས། བོད་ནས་རང་སྲོག་འབེན་དུ་བཞག་ནས་སྐྱབས་བཅོལ་དུ་ཡོང་བའི་སྤུན་ཟླ་དག་རེད་མི་འདུག བོད་ནས་ཕེབས་པའི་སྤུན་ཟླ་དག་གིས་ཀྱང་ག་ལེར་ཁོང་ཚོས་བྱེད་སྟངས་དེ་ནི་རང་ཉིད་ཀྱི་ལམ་ཁར་འཁྲུལ་ནས་སྐད་ཆ་བཤད་ཀྱི་ཡོད།
ངས་རྟག་དུ་༧རྒྱལ་བ་རིན་པོ་ཆེ་བསམ་པའི་དམིགས་ཡུལ་དེ་ལ་ཡང་ཕ་མ་དང་ཉེ་དུ། གྲོགས་པོ་དང་ཁོར་ཡུག་བཅས་ཀྱིས་རེ་འདོད་དེ་ལས་ང་རང་ཡང་༧རྒྱལ་བ་རིན་པོ་ཆེ་ལ་རེ་འདོད་ཡོད་པའི་མི་དེ་ལས་རིང་དུ་གྱེས་སུ་བཅུགས་སོང་། ཁོང་ཚོས་རེ་འདོད་བཞིན་ང་རང་ཕྱི་རྒྱལ་དུ་འབྱོར། ངས་ཀྱང་སྒོར་མོའི་ཆེད་དུ་ལས་ཀ་བྱས། འཚོ་བའི་ཆེད་དུ་ལས་ཀ་བྱས། ཡིན་ཡང་། མི་རིགས་ཀྱི་ཆེད་དུ་གཏན་ནས་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མེད་པ་ནི་ང་རང་གིས་གསལ་བོ་ཤེས་སོང་། འོན་ཀྱང་། མི་ཚོས་ང་ལ་ཁ་ཡག་བཤད། ཁྱེད་རང་ནི་ཕྱི་རྒྱལ་དུ་དེ་འདྲའི་ལས་སླ་བོ་ཞིག་འབྱོར་སོང་། ཁྱེད་རང་གི་ལས་ཀ་ཡག་པོ་འདུག ཁྱེད་རང་ལ་ལ་རྒྱ་དང་བོད་ཞེན་གཙང་མ་འདུག ཁྱེད་རང་གིས་བོད་ཡིག་ཡག་པོ་ཤེས་ཀྱི་འདུག་སོགས་མང་བོ་བཤད། དོན་དངོས་ཐོག་ངས་བོད་ཡིག་ཡག་པོ་ཞིག་མི་ཤེས་པ་རང་གི་སེམས་ཁོང་དུ་གསལ་བོ་ཡིན།
གང་ལྟར། ཕྱི་རྒྱལ་ནས་དཀའ་ལས་བརྒྱབ། སྒོར་རྡོག་ཁ་ཤས་རེ་རང་གི་ཉེ་མི་དག་ལ་མཚམས་རེར་སྐུར་ཁུལ་བྱས། དེས་ཉེ་མི་དག་ལ་ཕན་ངེས་ཅན་ཞིག་གཏན་ནས་ཐོག་མི་ཐུབ། རང་གིས་རིགས་རྒྱུད་ཀྱང་གཞན་ལ་ཤོར། རང་གི་འཚོ་བ་ཡང་འགྲན་རྩོད་ཀྱི་ལམ་དུ་ཞུགས། ཉིན་མཚན་མེད་པར་འདུར། ཚུར་ཡོང་བ་མང་ལ་ཕར་འགྲོ་བ་ཡང་མང་། འདི་ལྟར་ཕྱི་རྒྱལ་གྱི་འཚོ་བ་རོལ། བོད་དོན་བཤད་སའི་བོད་མི་མེད། བོད་དོན་སྒྲུབ་རོགས་ཀྱི་བོད་མི་མེད། བོད་སྐད་བཤད་སའི་ནང་མི་རེད། བོད་ཡིག་སློབ་སའི་བྱིས་པ་མེད། ཚང་མ་གཞན་ཞིག་ལ་བསྟུན་ནས་འདུག་དགོས། ཁོང་ཚོ་ང་རང་ལྟ་བུ་དག་ནི་ཕྱི་རྒྱལ་དུ་ཡོད་ལ། སྒོར་མོའི་འཇིག་རྟེན་ཞིག་དུ་ཡོད་པར་འཁྲུལ་ཡོད། ད་དུང་རང་དབང་གི་ལུང་བ་ཞིག་དུ་ཡོད་པར་འཁྲུལ་ནས་ཡོད། དོན་དངོས་སུ་རང་དབང་གི་ལུང་བར་ཡོད་ཀྱང་རྒྱལ་ཁབ་མེད་པའི་ལག་ཁྱེར་འོག་ནས་འཚོ་བ་བསྐྱེལ་བ་དེ་ནི་ལས་སླ་བོ་ཞིག་མིན་པ་ཁོང་ཚོས་གཏན་ནས་ཤེས་ཀྱི་མེད་ལ། མི་མང་བོ་ཞིག་གིས་ཀྱང་རང་ཉིད་ཕྱི་རྒྱལ་ནས་རྒྱ་གར་དུ་ལྟ་སྐོར་རེ་འགྲོ་དུས་སུ། ཕྱི་རྒྱལ་དུ་སྐྱིད་རབས་བདེ་ཐབས་ཁོ་ན་བཤད།
དོན་དངོས་གླེང་བ་ཡིན་ན་ཁ་ལ་ཟ་རྒྱུ་དང་འདུག་ས། འགྲོ་བྱེད་ཀྱི་རླངས་འཁོར། ལག་ལེན་གྱི་ཁྱིམ་ཆས་སོགས་དངོས་ནས་རྒྱ་གར་དང་བསྡུར་ཐབས་མེད་པ་བདེན་པ་ཡིན་ཡང་། མི་ཞིག་་རང་ཉིད་གང་དུ་སྐྱེ་མིན་གྱི་སྐོར་ལ་བསམ་བློ་ཞིབ་དུ་བཏང་དུས། རང་གིས་རང་གི་རིགས་ལ་འགན་མ་འཁུར། རིགས་རྒྱུད་ཤོར། རིགས་རྒྱུད་ཤོར་བའི་སྒང་ལ་རང་གི་བྱིས་པ་དག་གིས་ཀྱང་རང་སྐད་མི་ཤེས། ད་དུང་། རང་གི་རིག་གཞུང་མི་ཤེས། རང་ཡུལ་མི་དྲན། ཐ་ན་རང་ཉིད་སྐྱེ་ཡུལ་ཡང་གཞན་ཡུལ་ཡིན་པ་སོགས་ཀྱིས་ཁོང་ཚོའི་སེམས་ནང་དུ་རང་ཉིད་བོད་ཡིན། ངས་བོད་དོན་བྱེད་དགོས། ང་རང་ཤི་རེག་བར་དུ་བོད་ཀྱི་ལས་ཀ་བྱེད་དགོས་བསམ་པའི་ཚོར་བ་ཞིག་ནམ་ཡང་སླེབས་ཐུབ་མེད་པ་དེ་ཡི་ནག་ཅན་པ་གཙོ་བོ་དེ་ནི་རང་གིས་བོད་ལ་འགན་མ་ཆགས་པའི་སྒོར་རྗེས་དང་ལྟོ་རྗེས་ཁོ་ན་སྙེགས་པའི་ཉེས་པ་དང་། ༧རྒྱལ་བ་རིན་པོ་ཆེ་ཁ་ནང་གི་༧རྒྱལ་བ་རིན་པོ་ཆེ་ལ་གྱུར་བས་རེད།
གྲོགས་པོ། རང་གི་བཀའ་མོལ་དེ་ཚོ་བདེན་པ་རེད། ང་ཚོའི་སྤྱི་དང་སྒེར་གྱི་ཁ་ཕྱོགས་དང་འགྱུར་བ་མང་པོ་ཞིག་གིས་ང་ཡང་ད་ཆ་བསམ་གཞིག་གི་ནང་དུ་ལྷུང་བཅུག་སོང་། ངོ་མ་ད་ནི་ངས་ང་ཚོ་ཚང་མ་མཁའ་དབྱིངས་སུ་བསྐྱོད་བཞིན་པའི་སྟོན་དུས་ཀྱི་ལོ་མ་ཞིག་ལྟར་མཐོང་གིན་འདུག
རྫ་ཚེ་རིང་བཀྲ་ཤིས་ལགས། ང་ཚོས་དངོས་ནས་དྲང་གནས་ཀྱི་རང་གི་ངོ་གདོང་འདི་གསལ་བོ་མཐོང་བས་དུས་ཚོད་འཕྱི་མེད་ན་སྔ་མེད་པ་ང་ཚོས་ཤེས་པ་ནས་གཅིག་ནས་བཅུ་བརྒྱུད་དེ། སྤུན་ཟླ་ཡོད་ཚད་ཀྱི་ངོ་གདོང་ལ་འདེབས་དགོས་ཀྱི་འདུག ད་ནི་ང་ཚོ་འཆི་ལམ་ལས་སྐྱོབས་པའི་ཐབས་ཤིས་ཡོད་པ་དེ་ནི་རང་གིས་རང་ལ་བདག་པོ་བྱེད་རྒྱུ་དེ་ཡིན།
this is vrey truth . realy we are very difficult other country other culture.bez. we lost our fatherland.
འཆི་མེད་ལགས། སྐུ་ཉིད་འདི་རུ་ཕེབས་ནས་བསམ་ཚུལ་གསུངས་པ་དེར་དགའ་ཡོད་ཀྱང་། སྐད་ཡིག་བོད་ཡིག་སྟེང་ནས་མ་བྲིས་པ་དེར་ངེས་ལེན་བྱེད་ཐུབ་མ་སོང་ལགས། རྗེས་ཕྱོགས་བསམ་ཚུལ་ཞུ་འདོད་ཡོད་ན་བོད་ཡིག་འབྲི་རོགས་ཞུ།
དྲ་གྲོགས་ལགས། རང་གི་བུ་ཕྲུག་ལ་རང་གིས་བདག་པོ་བརྒྱབས་སྟེ། རང་གིས་བོད་ཡིག་དང་བོད་སྐད་བསླབ་ན་མི་ཆོག་གམ།
ད་ནང་ཞོགས་པ་ཡར་ལངས་ནས་རྩོམ་ཡིག་འདི་ཀློག
ཀློག་གིན་ཀློག་གིན་ངའི་མིག་མཐའ་ལ་མཆི་མ་འཁོར།
མིག་ཆུ་ཕྱིས་ནས་ཡང་བསྐྱར་ཀློག
ཀློག་གིན་ཀློག་གིན་ངའི་མགྲིན་པ་བརྣངས།
སྣ་ཁུང་དུ་ཚ་ཤུར་ཤུར་སོང་།
སྣ་ཆུ་ཕྱིས་ནས་ཡང་བསྐྱར་ཀློག
ཀློག་གིན་ཀློག་གིན་སྙིང་ཡར་འཚང་།
སྙིང་མགྲིན་པའི་འགག་ལ་འཚང་།
མནོན་མ་ཐུབ་པར་ངུ་རྒྱང་གིས་ཁང་ཆུང་ཁེངས།
མནོན་མ་ཐུབ་པར་སྒེའུ་ཁུང་ལས་ཕྱི་རོལ་ཏུ་ཁ་གཏད་དེ་ངུས།
ངུ་རྒྱང་གིས་ས་གཞི་རིལ་བོ་སྒུལ།
ཤིང་སྡོང་ཡོད་ཚད་ཀྱི་མགོ་བོ་མར་ལ་སྒུར།
ཤིང་ལོ་ལས་ཆུ་ཐིག་ས་ལ་ཟགས་ནས་ས་གཞི་བརླན།
ངས་འདི་ནས་གླུ་བཞེས་ཞིག་ཁྱོད་ལ་ཕུལ།
འདི་ནི་ལྷ་ལ་མཆོད་པ་ཕུལ་མ་འདོད།
ཀླུ་ལ་བསངས་གཏོར་གཏོང་མ་འདོད།
གཉེན་ལ་གཏོང་མ་འདོད།
དེ་རིང་ཁྱོད་ལ་བཏང་བ་ཡིན།
http://www.duojiejia080.51.com
གཞིས་ལུས་བོད་པ་ལགས། ང་རང་གིས་རང་གི་བུ་ཕྲུག་ལ་བོད་ཡིག་དང་བོད་སྐད་སློབ་འདོད་མེད་པ་ཞིག་ག་ལ་ཡིན། དེ་འདྲ་ཞིག་གཏན་ནས་མིན། ཡིན་ཡང་། ཁོར་ཡུག་མེད་ས་ནས་བོད་སྐད་བསླབ་ཀྱང་རེད། བོད་ཡིག་བསླབ་ཀྱང་རེད། བོད་གཤིས་རྒྱུད་དུ་འཇག་རྒྱུ་དེ་ནི་དངོས་ནས་དཀའ་མོ་རེད་ལགས། ང་རང་གིས་གང་ཐུབ་ཅི་ཐུབ་ཀྱིས་བོད་ཡིག་དང་བོད་སྐད་སློབ་རྒྱུ་དེ་ནི་རང་ཉིད་བོད་ཡིན་པས་ལོས་སློབ།
གཞོན་ནུ་ཟླ་མེད་ལགས། ཁྱེད་རང་གིས་གཟབ་ནན་གྱིས་ཀློག་པ་དང་ནན་ཏན་གྱིས་བསམ་གཞིགས་བྱེད་ཀྱིན་ཀློག་དུས་མིག་ཆུ་ཤོར་བ་དང་ཀུ་རིང་འདེབས་ཞོར་དུ་ཀློག་པ་དེར་དངོས་ནས་སེམས་འགུལ་ཐེབས་ཡོད་ལགས། སྐུ་ཉིད་ནས་ང་རང་ལ་སྐུར་བའི་གླུ་གཞས་དེར་ངས་ཉན་དུ་སོང་ན་ཡང་། ཉན་ཤེས་མ་སོང་། རྒྱ་ཡིག་རྐྱང་རྐྱང་རེད་འདུག་སྟབས། གང་ནས་སྣོན་དགོས་པ་ཤེས་མ་སོང་། རྒྱ་ཡིག་གིས་ང་ཡི་ཁྱིམ། ང་ཡི་གྲོགས་པོ་ཟེར་བའི་ཡིག་འབྲི་དེ་དག་ངོས་ཟིན་སོང་། དེ་ལ་བལྟས་དུས་སྐུ་ཉིད་ནས་བདག་ལ་ཞེ་འདང་ཟབ་མོ་ཞིག་བཅིངས་ཡོད་པ་དེ་ཤེས་སོང་ལ། སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
གྲོགས་པོ་ལགས།
སེམས་ནང་གི་སྐད་ཆ་བཤད་པར་དགའ་བོ་བྱུང་། གང་ལྟར་ཁྱེད་དང་ང་། ཁོ་དང་མོ་སོགས་རང་གི་ལྟོ་ཁོག་དོན་ཕྱི་རྒྱལ་ཁག་ལ་མ་སྦྱོར་སྔོན་སྦྱོར་ན་བསམ་པའི་རེ་བ་དང་སྦྱོར་རྗེས་ཁོར་ཡུག་གསར་བའི་ནང་དཀའ་ངལ་གཞན་ཞིག་མཐོང་མཁན་གང་མང་ཞིག་བྱུང་ཡོད་ལ་ད་དུང་བྱུང་ངེས་ཡིན།
ཕྱིའི་རྒྱལ་ཁབས་ཁག་ནས་བོད་སྐད་དང་བོད་ཡིག་བེད་སྤྱོད་མི་ཐུབ་པ་འདི་ལ་ཁྱེད་དང་ངེད་གཉིས་ཀྱིས་སྒྱུར་བཅོས་བྱེད་དཀའ་མོད། རང་གི་བུ་ཕྲུག་ལ་བོད་སྐད་དང་བོད་ཡིག་སླབས་རྒྱུ་སོ་སོ་ལ་རེགས་ལས་ཡོད།
གལ་སྲིད་ཁྱེད་རང་ཡོད་སའི་རྒྱལ་ཁབ་ན་བོད་ཕྲུག་གཅིག་གཉིས་རེ་ཡོད་ན་བདུན་གཅིག་ལ་ཐེངས་རེར་བོད་ཡིག་དང་བོད་སྐད་ཀྱི་སློབ་ཁྲིད་རེ་བྱས་ན་བསམས།
ལྷ་ཀླུ་གཉེན་གསུམ། ངས་བཏང་བའི་དྲ་བ་དེ་ག་རང་ལ་སྣུམ་རྗེས་དྲ་རྒྱའི་ངོས་ཤར་ཡོང་གི་རེད། དེ་ནས་གང་ལ་ཡང་མ་སྣུམ་པར་ཅུང་ཟད་སྒུག་དང་། དབྱངས་སྙན་མོ་ཅིག་གིས་དྲངས་ནས་གླུ་དབྱངས་གཅིག་རང་གཅིག་བཏང་གི་རེད།
ཨ་མཆོག་ཆོས་དར་ལགས། ཉིད་ནས་གསུངས་པ་ལྟར་འུ་ཅག་ཕྱི་རྒྱལ་ལུང་བར་ཡོད་ཀྱང་། འུ་ཅག་གིས་རང་གི་ཕྲུ་གུ་ལ་བོད་སྐད་དང་བོད་ཡིག་སློབ་རྒྱུ་དེ་ནི་རང་གིས་འགན་ཡིན་ཡང་། འགན་དེ་ལ་ཡང་ཁོར་ཡུག་ཞིག་མེད་དུས་སུ་དངོས་ནས་དཀའ་ལས་ཁག་པོ་རེད། ལྷག་པར་དུ་འདི་ཁུལ་ན་བོད་པ་མི་ཉུང་བ་ཞིག་འདུག་ཀྱང་བུ་ཕྲུག་དག་གིས་ཁྲོད་དུ་བོད་སྐད་བཤད་ཤེས་མཁན་གཅིག་ཀྱང་མི་འདུག དེ་ནི་ཕ་རྒན་དག་གིས་མ་འཇོན་པ་ཡིན་ཤེས་ཆེ་བ་རེད་ལ། ཕ་རྒན་ཚོ་ཡང་རང་ཚུགས་མེད་པ་དང་རང་ཞེན་ཆེན་པོ་མེད་པས་རེད་ཟེར་ན་འགྲིག་གི་རེད། ང་ཚོ་ནམ་རྒྱུན་དེ་ཡི་སྒང་ལ་ཁ་མཐུན་པོ་མི་འདུག དེ་ནི་དཀའ་ལས་ཤིག་རེད། བོད་ནས་སླེབས་དེ་འདི་ཡོང་མཁན་ལྔ་དྲུག་ཞིག་དང་རྒྱ་གར་ནས་སྐྱེ་ཞིང་འཚར་བ་འདི་རུ་ཡོང་མཁན་བཞི་ལྔ་ཞིག་ཡོད། བྱིས་པ་མེད་མཁན་གཅིག་ལས་མེད། རེད་དེ། ད་ལྟ་བྱིས་པ་ཆེ་ཤོས་ནི་ལོ་བཅུ་མ་ཟིན་པ་རྐྱང་རེད་འདུག བྱིས་པ་ཆུང་ཤོས་དེ་ནི་ངའི་བུ་མོ་རེད། སྐྱེ་ནས་ཟླ་བདུན་ཡིན།
གཞོན་ནུ་ཟླ་མེད་ལགས། ཁྱེད་རང་སླར་ཡང་ཡོང་ནས་ལམ་སྟོན་གནང་བ་དེར་དགའ་ཡོད། དེ་ལྟར་ཉན་ཨེ་ཐུབ་ཅིག་ལྟ་ངེས་ཡིན། ད་ལྟ་ཁོམ་པ་མེད་འགྲོ་རན་སོང་། ཕྱིར་འབྱོར་དུས་ལྟ་ངེས་ཡིན།
Tashi delek
To all readers. i am so sorry i used english lauguage.because i have no programs in my computer all is Roman letters in my computer. but i prepared tibetan language so that’s why i want to express what i feel to explain the situation of our country.
གྲོགས་པོ་ལགས།
འདི་ལྟར་བྱས་ན་ལེགས་སམ། ངའི་བུ་མོ་ལོ་༡༥་ཡིན་ལ་བོད་སྐད་ཡག་པོ་མི་ཤིས་མོད། མོའི་ཨ་མ་དབྱིན་ཇི་ཡིན་ཡང་བོད་སྐད་ཡག་ཐག་ཆོད་འདུག སྤྱིར་ང་དང་མོ་གཉིས་ཁ་བྲལ་ནས་ལོ་མང་སོང་ཡང་རང་གི་བུ་ཕྲུག་ལ་བལྟས་འབྲེལ་བ་ཡག་པོ་ཡོད།
གལ་སྲིད་ཁྱེད་ཀྱི་བུ་མོ་ལོ་ཅུང་ཙམ་ཆེ་ཡོང་དུས་ང་ཚོས་བོད་ཕྲུག་གང་ཡོད་པ་དེ་བསྡུས་ནས་དབྱར་ཁའི་དགུང་བསང་རེ་ (summer camp) བཟོ་ཐུབ་བམ།
I have a tibetan yong childen’s School In New York
ཨ་ཤུ་རེ་གོ་་་་་་་་ཁྱོད་ཀྱི་གཅེས་ཕྲུག་དེའང་བོད་སྐད་དང་་་་་བོད་ཡིག་ཤེས་མཁན་ཞིག་ཡིན་ན་དགའ་བ་ལགས།
འཆི་མེད་ལགས། སྐུ་ཉིད་སླར་ཡང་ཕེབས་པ་དགའ་ན་ཡང་། བོད་པ་ཞིག་གིས་རང་གི་སྐད་ཡིག་འབྲི་བར་ཐབས་ཤེས་མི་བྱེད་པ་དེར་དགས་བོ་བྱེད་ཐུབ་མ་སོང་། འོན་ཀྱང་། སྐུ་ཉིད་ལ་གནས་སྐབས་རིང་དཀའ་ཚེགས་འདྲ་ཡོད་ཀྱང་། ཀློག་མཁན་ཞིག་བྱས་དེ་བསྡད་ན་ཡག་པོ་འདུག་པ་མ་ཟད། རྗེས་སུ་བོད་ཡིག་འབྲི་ཐུབ་འགྲིག་པ་དང་བསམ་ཚུལ་བྲིས་ན་ཡག་པོ་རེད་ལགས།
ཨ་མཆོག་ཆོས་དར་ལགས། ཁྱེད་རང་གི་བུ་མོའི་བོད་སྐད་མི་ཤེས་པས་སྒང་ལ་བོད་ཡིག་ཀྱང་མི་ཤེས་པ་རེད་དམ། ཁྱེད་རང་ད་ལྟའི་བར་དུ་བུ་མོའི་ལྷན་དུ་བསྡད་པ་ཡིན་ནམ།
རྡོ་རྗེ་ལགས། ཁྱེད་རང་ལ་བོད་ཡིག་གི་སློབ་གྲྭ་ཡོད་པ་དགའ་ནི་ཡིན། འོན་ཀྱང་ཉིད་ནས་འདི་རུ་བོད་ཡིག་མ་བྲིས་པ་དེར་གཏན་ནས་དགའ་བོ་བྱེད་ཐུབ་མ་སོང་།
རྩམ་དགའ་ལགས། ངེད་རང་ལ་ཟེར་གྱི་ཡོད་དམ། ཡོད་ན་ངས་རང་གི་བུ་མོ་འདི་བོད་སྐད་དང་བོད་ཡིག་ཤེས་མཁན་ཞིག་ཆགས་རྒྱུར་འབད་པ་བྱེད་འདོད་ཀྱི་སེམས་ཤུགས་ད་དུང་གསོན་པོ་ཡིན། ནམ་ཞིག་བཙན་ཤི་རྒྱག་དགོས་འདྲ་མ་ཐུག་པ་ཡིན་ན།
བོད་་་ཀླུ་ལྷ་གཉན་གསུམ་ཁྱེད་ལ་ཞུས་པ་མིན། ཁྱོད་ཀྱི་གཅེས་ཕྲུག་དེས་བོད་སྐད་དང་བོད་ཡིག་ཤེས་རྒྱུའི་རེ་བ་དེ་སྔར་ནས་བཟུང་ཡོད། ཕ་རྒན་ཁྱོད་ཀྱིས་འགན་གང་ཐུབ་ཐུབ་གིས་འཁུར་གི་རེད་བསམ་ནས་སེམས་བདེ་བསྡད་ཡོད་ལགས།
གོང་གི་སྐད་ཆ་འདི་རྡོ་རྗེ་ཟེར་བ་དེ་ལ་བཤད་པ་ཡིན་་་ཁོང་གིས་བོད་ཡིག་མ་ཤེས་པ་ཡིན་ནམ་བོད་ཡིག་ལ་ཁྱད་གསོད་བྱས་པ་ཡིན། གང་ལྟར་བོད་ཡིག་འབྲི་སར་བོད་ཡིག་མ་བྲིས་པ་དབྱིན་ཡིག་བྲིས་འདུག་པར་ཡག་པོ་བསམ་བཏང་ན། མི་འདི་རིགས་ལ་སེམས་འཁུར་ཇི་ཙམ་ཡོད་མེད་གསལ་རྐྱང་རེད། རྒྱུ་མཚན་འདི་ལ་བསམ་བློར་བཏང་ཡོང་དུས་མ་འོངས་བོད་ཀྱི་གསོན་རྩ་བུ་ཕྲུག་དེའང་། ཕ་རྒན་ཁོ་རང་ལྟ་བུའི་བོད་ལ་སེམས་འཁུར་མེད་མཁན་ཞིག་ལ་ཆགས་མི་ཡོང་ངམ་སྙམ་པའི་བློ་འགྱོད་ཀྱིས་བྲིས་པ་ཡིན་ལགས། །
རྩམ་དགའ་ལགས། ལན་དུས་ཐོག་དུ་འབྱོར་བ་དགའ་ཡོད། ང་ཚོས་ལག་འདང་སྤྲེལ་ཕྱོགས་ལ་ཕན་ཚུན་གྱི་ཉམ་མྱོང་སྟེང་ནས་རང་ཤ་ཆད་དེ་ཁྱི་ཁ་མི་གཡུགས་པ་ཞིག་བྱེད་རྒྱུ་དེ་ནི་དངོས་ནས་གལ་ཆེན་པོ་རེད་སྙམ་གྱི་ཡོད། དེ་ཡི་ཐད་དུ་ང་ཚོས་ཚང་མས་རང་རང་ས་ནས་ཤུ་རེ་བྱེད།
བོད་སྐད་དང་བོད་ཡིག་གཏན་ནས་མི་ཤེས་བ་ཙམ་ཡང་མ་རེད། གང་ལྟར་འབྲི་ཀློག་ཙམ་ལས་དོན་རྒྱ་ཆེན་པོ་ཧ་གོ་ས་མ་རེད། ང་དང་ངའི་བུ་མོ་ཝེ་ཡ་ན་གྲོང་ཁྱེར་ནང་ཡོད་ལ་བདུན་གཅིག་རེ་ཐེངས་༣་དང་བཞིར་ཐུག་བཞིན་ཡོད།
གལ་སྲིད་བོད་ཕྲུག་འགའ་བསྡུས་ནས་དབྱར་ཁའི་མལ་སྲོལ་དུས་སུ་ summer camp རེ་བཟོ་ཐུབ་ན་ཡག་པོ་འདུག་བསམས།
ཨ་མཆོག་ཆོས་དར་ལགས། སྐུ་ཉིད་ཡོད་སའི་ཉེ་འཁོར་དུ་དེ་འདྲ་མི་འདུག་གམ། སྤྱིར་ཨ་རི་ན་ཡོད་པའི་བོད་ཀྱི་བུ་ཕྲུག་མི་ཉུང་བ་ཞིག་ལ་བོད་སྐད་དང་བོད་ཡིག་སྤྱོང་བའི་གོ་སྐབས་ཐོབ་ཀྱི་ཡོད་རབས་ཐོས་སོང་། དེ་བདེན་པ་མ་རེད་དམ།
ང་ཡོིད་ས་ན་དེ་འདྲ་མི་འདུག ང་ཨ་རི་ན་མེད། Austria ན་ཡོད། ཨ་རིའི་རྒྱུ་མཚན་ཡག་པོ་ཞིག་ཧ་གོ་མ་སོང་།
ཨ་མཆོག་ཆོས་དར་ངེད་གཉིས་རྒྱལ་ཁབ་གཅིག་ན་འདུག་གཱ ཁྱོད་གྲོང་ཁྱེར་གང་དུ་ཡོད། ང་graz ན་ཡོད།
ཨ་ལ་རྩེད་མོ་བརྩེས་པ་ཡིན། ང་རྒྱ་གར་དྷ་རམ་ས་ལའི་སྐྱོད་གྲོང་སྟོད་མ་ན་ཡོད། གཞུག་ནས་དྷ་སར་ཡོང་ན་ཁྱིམ་མ་ཤོག་དང་མར་རྩམ་པ་རེ་ཟ་རྒྱུ་ཡོད་ཡ། ཧ་ཧ་ཧ།
ཨ་མཆོག་ཆོས་དར་ཁྱེད་རང་གང་དུ་ཡོད་ཀྱང་འགྲིག རང་ཉིད་བོད་མི་ཡིན་པ་དང་བོད་མིས་བོད་སྐད་བཤད་ཤེས་པ་དང་བོད་ཡིག་འབྲི་ཐུབ་པ་ཞིག་ཆགས་ན་དེ་བས་འགྲིག་གི་ཡོད་ལ། ད་དུང་། འཇོན་ན་བོད་དོན་དུ་རྐ་ལག་གཉིས་ཀ་འགུལ་ཐུབ་པ་ཡིན་ན་དེ་བས་ཀྱང་རབ་ཡིན་པ་རེད།
གཅན་བཟོད་རྒྱམ་ལགས། སྐྱིད་གྲོང་གྲོང་བརྡལ་ནས་མི་ཚེ་བསྐྱེལ་བཞིན་པ་དེར་ཡིད་མ་འཕངས། སྐུ་ཉིད་ནི་བོད་དོན་དུ་ཕྱག་ལས་གནང་མཁན་ཞིག་ཡིན་པ་དེ་བས་རབ་ཡིན་པ་རེད། ང་ཚོས་བལྟས་ཤིག་དང་། རང་དོན་ཡང་མི་འཁྱོང་། བོད་དོན་ཡང་མི་འཁྱོང་བར། བར་མ་བར་ནས་མི་ཚེ་ཟད་དེ་ཡོད་པ་མཐོང་གི་མི་འདུག་གམ།