ཁྲོ་གཏུམ།
དལ་བུར་རླུང་གཡུགས་པའི་ཚིག་འབྲུ་ལ
རྩྭ་ལོ་སྐམ་པོ་འགའི་སྙིང་གི་འཕར་རྩ་ལྷོད་པས
མེ་ཏོག་གི་གཞུང་རྟ་དང
བསུང་ངེད་ཀྱི་དྲི་མ་དག
དལ་བུར་རྒྱང་དུ་སྤྱུགས་པ་ནུབ་ཁའི་ཉི་མར་གསལ
རླུང་དྲག་ཏུ་ལྡང་བའི་མཚན་མོ་སྔོན་ནས་ཡོད་མྱོང་བ་ལས
དལ་བུར་ལྡང་བའི་རླུང་གིས་ཁུར་སོང་བ་དེ
ཁ་སང་དང་དེ་རིང་གི་རྩྭ་ལོ་ཡིན་དུས
ངས་དུས་རླུང་འཇམ་པོ་དག་ལ་ཡང་དོགས་ཟོན་བྱེད་ཀྱིན་ཡོད
༢༠༡༥།༠༥།༡༧ལ།