ཨ་འདུས་སྐལ་བཟང་རྒྱ་མཚོ།
འདི་ག་བལ་ཡུལ་ས་དགོན་ཐུན་མོང་གིས་༧སྐྱབས་མགོན་༧གོང་མས་ཇི་ལྟར་བཀའ་སློབ་ཕེབས་དོན་ལྟར་ས་ཡོམ་གྱི་འཇིགས་པ་ལས་གྲོལ་ཆེད། སྒྲོལ་མ་འབུམ་ཚོགས་དང་། སྒྲོལ་མ་གཡུ་མདོས་ཀྱི་ཞབས་རིམ་དགེ་འདུན་པ་བཞི་བརྒྱ་ཉེ་བས་ཉིན་གྲངས་ལྔ་པ་འཚོགས་བཞིན་པའི་སྐབས་དང་བསྟུན། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་བལ་ཡུལ་ཐར་ལམ་ས་བཟང་རྣམ་རྒྱལ་གླིང་དུ་རང་གཞུང་ཤེས་རིག་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཚེ་རིང་ལགས་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་བལ་ཡུལ་ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་ < International Buddhist Academy> གི་ངེས་སྟོན་པ་ཌོཀ་ཊར་མཁན་པོ་ངག་དབང་འབྱོར་ལྡན་དང་། བལ་ཡུལ་སྐུ་ངོ་དོན་གཅོད་རྟ་མགྲིན་རྡོ་རྗེ་དཔལ་འབྱོར་དྲུང་ཆེ། ལོ་ཙཱ་བ་རྒན་བྱམས་པ་བློ་གསལ་བཅས་མཉམ་འཛོམས་བྱུང་།
དེ་སྐབས་ཌོག་ཌར་མཁན་པོ་འབྱོར་ལྡན་ལགས་ཀྱིས། ད་ལམ་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞིར་བཟུང་གིས། ས་སྐྱའི་ངོས་ནས་ཐོག་མར་ས་ཡོམ་གྱི་རོགས་ཚོགས་ཇི་ལྟར་བཙུགས་པའི་བརྒྱུད་རིམ་དང་། བལ་ཡུལ་གྱི་གནོད་ཐེབ་མང་ཚོགས་སྤྱི་ལ་ས་སྐྱ་ << ས་ཡོམ་རོགས་ཚོགས་ >> ཀྱི་ངོས་ནས་བཟའ་འབྲུ་དང་། རོགས་དངུལ་ཕུལ་བའི་སྐོར་བཅས་ངོ་སྤྲོད་མདོར་བསྡུས་བྱས། དེ་རྗེས་ཤེས་རིག་སྐུ་ངོ་མཆོག་གིས་ཐེངས་འདིའི་ས་ཡོམ་ཁྲོད་རང་གཞུང་གིས་མང་ཚོགས་ལ་ཐུགས་ཁུར་གནང་ཕྱོགས་དང་། ཁྱད་པར་བལ་ཡུལ་གནས་སྡོད་བོད་མི་ལྷག་བསམ་ཅན་སྤྱི་དང་། དམིགས་བསལ་ཆོས་བརྒྱུད་རིས་མེད་ཀྱིི་སྐྱབས་གནས་དགེ་འདུན་པའི་སྡེས་ཐུགས་སྤོབས་ཆེན་པོས་༧གོང་ས་མཆོག་གི་དུས་རྒྱུན་གསུངས་དང་གསུང་བཞིན་པའི་གཞན་ཕན་དང་། འཚེ་མེད་ཀྱི་བླ་ན་མེད་པའི་བཀའ་དགོངས་སྙིང་ལ་བཅངས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མིག་སྔར་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་ཚབ་མཚོན་ནུས་པའི་རླབས་ཆེན་ཕྱག་ལས་གནང་བ་དེར་རང་གཞུང་གིས་བསྔགས་བརྗོད་ཡོད་སྐོར་དང་།
བལ་ཡུལ་སྐུ་ངོ་དོན་གཅོད་རྟ་མགྲིན་རྡོ་རྗེ་མཆོག་གིས་ས་ཡོམ་གྱི་གོད་ཆག་བྱུང་བ་ནས་བཟུང་། ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་ཚོས་མང་ཚོགས་ཀྱི་བདེ་སྡུག་ཁོ་ན་ཐུགས་ལ་བཏགས་ཏེ་གནོད་ཐེབ་ས་ཁུལ་སོ་སོར་དཀའ་བ་ཁྱད་བསད་ཀྱིས་ཕེབས་པ་དེས། ལོ་རྒྱུས་ཡུན་རིང་ལྡན་པའི་བལ་བོད་མི་མང་གི་བརྩེ་སེམས་སྔར་བས་ཀྱང་ཇེ་ཉེར་གྱུར་ཡོད་པར་མ་ཟད། ༧གོང་ས་མཆོག་གི་ཐུགས་དགོངས་རྫོགས་པ་བྱུང་ཡོད་ངེས་ཡིན་པས་དགེ་འདུན་པ་ཚོར་དམིགས་བསལ་བཀའ་དྲིན་ཆེ་སྐོར་གསུངས། ད་ལམ་སྐུ་ངོ་མཆོག་རང་གཞུང་བཀའ་ཤག་གི་ཚབ་བྱས་ཏེ་བལ་ཡུལ་ནང་གི་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་དང་། བོད་མི་ཚོས་ཛ་དྲག་གི་རོགས་སྐྱོར་ཉིན་མང་པོ་བྱས་རིང་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་དང་། ས་ཡོམ་ཁྲོད་གོད་ཆག་ཤོར་བའི་རང་རེའི་མང་ཚོགས་ཚོར་དམིགས་བསལ་བཀའ་ཤག་གི་ངོས་ནས་མཚམས་གཟིགས་གནང་བར་ཕེབས་པ་ཞིག་ཡིན་འདུག
ཨ་འདུས་སྐལ་བཟང་རྒྱ་མཚོས་བལ་ཡུལ་ནས།
ནང་སྲིད་ནས་ལས་བྱེད་མ་ཕྱིན་པར། ཤེས་རིག་ནས་འགྲོ་དགོས་དོན་གང་ཡིན་ནམ། ལགས།
ཉིན་དང་པོ་ལ་ཐོན་དགོས་བ་རེད། དེ་མིན། མི་ལ་ཆུ་ཙམ་ཡང་ཡོད་ཁག་དུས། ཁོ་རང་ཚོ་དེ་ལ་ཟ་སྐྱིད་བྱེད་དུ་བྱིན་པ་ལ་ངོ་སོ་གང་ཡང་མེད། ལྟོས་དང་། མདུན་འགྱོག་སྒང་ལ་གང་སྤུངས་འདུག།
མྱུར་དུ་བལ་ཡུལ་མི་མང་ཚོ་སྡུག་ལས་གྲོལ་བར་ཤོག།
ཤེས་རིག་བཀའ་བློན་དངོས་སྒྲུབ་ཚེ་རིད་།
སྡེ་སྲུང་བཀའ་བློན་འབྲོང་ཆུང་དངོས་སྒྲུབ་རེད་།
གནས་ཚུལ་བཀོད་སྟངས་ལ་བལྟས་ན་ལས་དཀའ་ཡང་དེ་འདྲ་བོ་ཞིག་
མ་རྟོགས་གང་ཡོང་།
བ་ཡུལ་ནང་ས་གཡོམ་རྒྱབ་ནས་ཟླ་བ་འགྲོ་གྲབ་འདུག་ན་བོང་བུ་སྔོན་ལ་
ཕྱིན་ནས་ས་རབས་རྗེས་ལ་གཏོར་བ་མ་རེད་དམ།ཧ་ཧ་ཧ་
ནོོར་བཅོས་ཤེས་རིག་བཀའ་བློན་དངོས་སྒྲུབ་ཚེ་རིང་རེད་།
ཤེས་རིག་བཀའ་བློན་བལ་ཡུལ་དུ་ས་གཡོམ་གྱི་སློབ་སྦྱོང་སྤྲོད་པར་ཕྱིན་པ་ལས་རོགས་པ་བྱེད་པར་ཡིན་གྱི་མ་རེད་དེ་མིན་ས་འགུལ་བརྒྱབ་ནས་ཟླ་བ་ལྷག་ཕྱིན་ནས་འགྲོ་མཁན་འགྲོ་ཚར་འདུག་མཁན་གཞིས་ཟིན་ཚར་བ་རེད།
ང་ནི་ལྐོག་ཟ་ཁོག་རུལ་བ་དེ་ཚོར་ཞེན་པ་ལོག་ཡོད།
དྲ་འབུ་ཚོ། ཉོག་བཤད་མ་བྱེད། ཤེས་རིག་བཀའ་བློན་བོད་མི་སྒྲིགས་འཛུགས་བཀའ་ཤག་གི་ཚབ་བྱས་ནས་ཕེབས་འདུག་པར་ཧ་མ་གོ་རེད་དམ། ཧ་གོ་བཞིན་དུ་མ་གོ་མདོག་མདོག་བྱས་ཡིན། ད་ཁྱེད་ཚོ་ནི་ངོ་མ་གད་སྙིགས་རེད། གླུད་ཚོགས་རེད། འཇོན་ཡག་ནི་རྡུལ་ཙམ་མེད། བཤད་ཡག་ནི་གནམ་ས་གང་ཡག་ཞིག དཀོན་མཆོག་གསུམ། གད་སྙིགས། གད་སྙིགས།
ཤེས་རིག་བཀའ་བློན་བལ་ཡུལ་དུ་ཕེབས་པ་ནི་རང་གཞུང་གི་ཁུལ་དེའི་བོད་མིར་ཐུགས་འཁུར་བྱས་པ་མཚོན་ཡོད། ནང་སྲིད་བཀའ་བློན་མ་ཕེབས་པ་དེར་རྒྱུ་མཚན་ངེས་ཅན་ཡོད་ཀྱི་རེད། གཅིག་བྱས་ན་དུས་ཚོད་ཡོད་ཀྱི་མ་རེད། དེའི་དབང་གིས་རང་གཞུང་གིས་ཆེས་མཐོའི་དཔོན་རིགས་ཤིག་བཏང་པ་རེད། དེས་མ་འགྲིག་ན། ག་རེ་བྱེད་དགོས་རེད། མ་གཞི་ནས་ཁྱི་རྒན་ཁྱོད་ཚོའི་ཁ་ནས་ཁྱི་སྐད་རྒྱག་རྒྱུ་ལས་གཞན་ཅི་ཡོད།
གཏམ་ཨ་ཕས་མ་བཤད་ཨ་མས་བཤད་ཁྱི་བདག་པོའི་མ་བཀག་མགྲོན་པོའི་
བཀག་ཟེར་བའི་དཔེ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལན་མ་ ་གནང་
གོང་དྲ་འབུ་ཕྱོགས་གཏོགས་མགོ་གཉིས་ཚོ་སྐད་ངན་མ་རྒྱག་།
ས་སྐྱ་ཚང་ལ་སྒྲོལ་མ་གཡུ་མདོས་ཟེར་བ་ཞིག་ཀྱང་འདོན་རྒྱུ་ཡོད་ས་རེད། གཡུ་ཡི་མདོས་དེ་ཅི་འདྲ་ཞིག་ཡིན་ནམ། ཀུ་རེ་ཞུས་པ་ཡིན། སྒྲོལ་མ་ག་གཡུལ་མདོས་ཞེས་འབྲི་དགོསཔ་རེད། ང་རང་ཚོའི་ཆོས་བརྒྱུད་ཚང་མར་གཡུལ་མདོས་དང་གཡུལ་ཟློག་སོགས་དར་ཁྱབ་ཆེན་པོ་རེད། དེང་སང་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་ནས་གྲྭ་བ་ཁ་ཤས་ཀྱིས་ཆོ་ག་ཕྱག་ལེན་ལ་དགག་པ་བརྒྱབ་བསྡད་པའི་འབྲས་བུར་ད་མཁས་པ་ཚོས་ཀྱང་གཡུལ་མདོས་ཀྱི་མིང་ཙམ་ཡང་འབྲི་མི་ཤེས་པར་གཡུ་མདོས་ཞེས་བྲིས་ཡོང་གིན་འདུག
ནང་པའི་བསྟན་པ་ལ་འཇུག་མཁན་ཚོའི་གཞན་ལ་གནོད་པའི་གཡུལ་མདོས་རྒྱབ་ན་བྱང་ཆུབ་སེེམས་པའི་བསླབ་པ་དང་འགལ་གྱི་མེད་པ་ཡིན་ནམ་།
ས་ཡོམ་ལ་ཞེད་ཀྱི་ཡོད་ན་ས་བཅུད་ལྐོག་རྒྷུ་་ཡོད་མ་རེད་ལ་ས་ཡོམ་མི་འབྱུང་ཆེད་གདུགས་དཀར་གྱི་་འཁོར་ཆེ་དང་ཐང་ཐོང་གི་ས་ཡོམ་སྲུང་འཁོར་ལོ་སོགས་ཀྱི་འཁོར་ཆེན་བཞེངས་དགོས་རེད་། གཡུ་གི་མདོས་ཡོད་ན་གཟི་མདོས་དང་བྱུ་རུའི་མདོས་སོགས་དེ་བས་ཀྱང་ཡོད་་སྲིད་དེང་སང་གཟི་དང་གཡུ་བྱུར་གྱི་བསྟན་པ་དར་བའི་དུས་རེད་དོ་།