ལྗང་ལོ་སྒྲོལ་མ།
ས་གཞི་སྟེ།
གོད་ཆགས་ཤིག
རི་ལུང་ཐང་གསུམ་ན་མྱ་ངན་གྱིས་གདུང་སྟེ།
འདས་བོ་སྟོང་ཕྲག་གི་རྣམ་ཤེས།
འཇིགས་པའི་མུན་ནག་གི་འཚོ་བའི་ཀློང་ནས། འཁྱམ་པོ་ཞིག ངུ་ངག་སྟེ།
འོན་ཀྱང་། མྱ་ངན་མེ་ཏོག་གི་ཕྲེང་བའི་སེམས་ཀྱིས་གསོས་རུང་།
བློ་མ་ཁེངས། ཡིད་མ་ཚིམ།
ད་དུང་། ཕྱིར་དྲན་གྱི་འཚོ་བ་ཞིག་ཡིད་ཀྱིས་སྒོམ་འདུག
གནམ་རྒན་མ། འཚོ་བ་ལ། སྔ་ཕྱི་ཞིག
འཚོ་བ་འདི། གོད་ཆགས་ཤིག
རྡུལ་སྨུག་གི་ཀློང་བར་ནས་དྭ་ཕྲུག་སྟོང་གི་ཕུགས་སེམས་གཏན་ཏུ་ཡལ།
མ་ཟད། འཚོ་བ་ལ་འཆི་རྐྱེན་མང་ལ་འཚོ་རྐྱེན་ཉུང་། དེ་ནི་རྒྱུ་འབྲས་ཏེ།
རླུང་གི་གཤོག་པ་ཅན། རླུང་གསེབ་གྱི་མར་མེ་ལྟ་བའིི་དངོས་གྲུབ་གནང་དང་།
ཤམ་བྷ་ལའི་སྐྱེད་མའི་ཚལ་ན། བྱིན་གྱིས་རློབས།
ས་གཞི་ཆེན་པོ་གཡོ་འགུལ་གྱི་གོད་ཆགས་ཁྲོད་ན།
རི་ལུང་ཐང་གསུམ་མྱ་ངན་གྱི་ཐང་ཆེན་པོ་གྱུར་ཟིན།
འཇིགས་སྣང་ཞིག རྨི་ལམ་ལྟ་བའི་ཚེ་སྲོག་བཙན་གྱིས་འཕྲོག །
ཕྱིར་དྲན་ཞིག འདས་མ་ད་གསུམ།
ས་ཡོམ་སྟེ།
གདུག་རྩུབ་ཞིག
གངས་རིའི་རྒྱལ་བོ་ཏེ་སེ་ཆེན་པོ་རང་མདངས་ཤོར།
གངས་སེང་དཀར་མོའི་ང་རོ་སྒྲོགས།
ད་དུང་། ངར སྐད་ཞིག དགུང་ནས་གྲགས།
དབྱངས་ཅན་མའི་རྨི་ལམ་དཀྲོགས།
མ་ཟད། དབྱངས་ཅན་མའི་པི་ཝང་མཁའ་ནས་དཀྲོལ་རུང་།
འཚོ་བ་ནི་གོད་ཆག་ཅིག
གནམ་རྒན་མ་་་་་་་་་་
༡༩་ ༥་ ༢༠༡༥ ཉིན་མྱ་ངན་ཞིག་གི་ཚབ་དུ་བྲིས།