བོད་ཀྱི་བུ་ནས།
གྲོགས་པོ་ཚོ། ང་ནི་ཁ་བརྡའི་དྲ་རྒྱའི་མགྲོན་པོ་གསར་བ་ཞིག་ཡིན། ང་རང་སྟེང་ནས་ཁ་བརྡ་དམིགས་བསལ་མེད། ཡིན་ན་ཡང༌། ངས་མི་གཞན་ཞིག་གི་ཁ་བརྡ་ཁ་ཤས་ཁྱེད་ཚོར་བཤད་ན་འདོད། དེ་ནི། ཉེ་ཆར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་སྟེང་གི་ཚོགས་གཙོའི་གསུང་འཕྲིན་ནང་འདི་འདྲ་ཞིག་འདུག རྣ་བ་བླགས་ནས་ཉོན་ཨང༌།
༼བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་བཞིན་ཕྱི་ལོ་ ༡༩༩༤ ལོར་དབུ་བརྙེས་ནས་ད་བར་ལོ་ངོ་ཧྲིལ་བོ་ ༡༤ ཕྱིན་པ་དང།༽ ༼མི་ཐོག་སྔ་རབས་པ་ཚོས་ཚོགས་པ་འདི་ལྟ་བུ་ཞིག་འཛུགས་ཐུབ་པ་ནི་བོད་ཁ་བ་རི་པའི་ལ་རྒྱ་དང་སྤོབས་པ་ཡིན༽ ༼ཡང་ང་ཚོས་ཉེ་རབས་ལོ་རྒྱུས་ནང་གི་སྲིད་དོན་ཚོགས་པ་ཁག་བརྒྱུད་པའི་ཉམས་མྱོང་ལ་རོབ་ཙམ་བལྟས་ན། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ཉི་ཤུ་ལྷག་ཅིག་གི་རིང་ལ་གོ་མིན་ཏང་གཞུང་མགོ་གཏིང་སློག་ནས་སྲིད་དབང་སྒེར་གཅོད་ཀྱི་གཞུང་ཞིག་བཙུགས་པ་དང༌། བལ་ཡུལ་གྱི་མའོ་རིང་ལུགས་ཚོགས་པ་བཙུགས་ནས་ལོ་བཅུ་ལྷག་ནང་དཔལ་ལྔ་ལྡན་གྱི་རྒྱལ་གཞུང་གནམ་ནས་ས་ལ་ཕབ་ཐུབ་ཡོད། དེ་ག་ནང་བཞིན་འབྲུག་རྒྱལ་ཡོངས་མང་གཙོ་ཚོགས་པ་བཙུགས་ནས་ལོ་ངོ་བདུན་བརྒྱད་ཙམ་ཞིག་གི་ནང་གནམ་བསྐོས་གོང་མའི་རྒྱལ་ཁབ་དེ་སྤྱི་མཐུན་མི་སེར་གཞུང་ཞིག་ལ་བསྒྱུར་འདུག ངེད་ཅག་རྒྱལ་ཡོངས་མང་གཙོ་ཚོགས་པ་བཙུགས་ནས་མི་ལོ་ཧྲིལ་བོ་ ༡༤ འཁོར་བའི་རིང་ལ། ཚོགས་པའི་ཕུགས་བསམ་གྱི་རྨི་ལམ་རྣམས་ད་དུང་ཡིག་སྣོད་ནང་གཟིམས་ཁུག་ནས་བསྡད་ཡོད་ཙང༌། འདི་ནི་ང་ཚོ་ད་ཡོད་ཀྱི་དབུས་རྒྱུན་ལས་ཐོག་རྣམ་པ་དང༌། ད་ཐེངས་འདེམས་བསྒོ་བྱ་རྒྱུའི་དབུས་རྒྱུན་གསར་པ་རྣམས་ཀྱིས་བསམ་གཞིགས་བྱེད་ས་གལ་ཆེན་ཞིག་རེད།བྱབྱ བྱབྱངས་རང་དོན་རང་གཅེས་ངང་ཕེབས་པའི་ཚོགས་མི་ཡོངས་ལ་བབ་ལྷིང་བརྟན་གསུམ་སྒོ་ནས་ལས་རིམ་ཆ་ཤས་ལེན་ཐུབ་པའི་རེ་སྐུལ་ཤུ་རྒྱུ་ཡིན༽
༼ཡང་ལོ་རྗེས་མར་བོད་ས་ཡོངས་རྫོགས་རྒྱ་ལག་ལ་ཤོར་བ་དང༌། ྋགོང་ས་མཆོག་གི་གསེར་ཁྲི་མཐའ་ཅན་དུ་གྱུར་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་་་་་་༽ ༼དུས་དྲན་དེ་དང་བསྟུན་རང་རེའི་ཚོགས་པ་བཙུགས་ནས་ལོ་བཅོ་ལྔ་འཁོར་བའི་དུས་དྲན་བཅས་དཀྱུས་གཅིག་ཏུ་ཚོགས་གྱུར་ལས་གཞི་ཞིག་འགྲོ་བསྡད་ཡོདབྱབྱ བྱབྱམཐའ་དོན་ྋགོས་ས་མཆོག་གིས་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་འཛུགས་ཀྱི་སྐབས་སུ་མ་འོངས་པར་བོད་འདི་དངོས་འབྲེལ་མང་གཙོ་མཚན་ཉིད་ཚང་ཞིང་ཡག་པོ་ཞིག་ཡོང་བའི་དོན་དུ་སྲིད་དོན་གྱི་ཚོགས་པ་འདྲ་མིན་དགོས་ཤིང༌། དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད་ཅེས་ཤིས་ཚིག་བསྩལ་་་་་་༽
དེས་ན། དང་པོ། ཕྱི་ལོ་ ༡༩༩༤ སྐབས་ཀྱི་མི་དེ་དག་མི་རབས་གང་དུ་བརྩིའམ། གཉིས་པ། ཡིག་སྣོད་ནང་གཟིམས་ཁུག་ནས་བསྡད་ཡོད་པའི་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཕུགས་བསམ་གྱི་རྨི་ལམ་དེ་གང་ཡིན་ནམ། གསུམ་པ། ཁོང་ཚོའི་ཚོགས་མི་ཚང་མ་རང་དོན་རང་གཅེས་བྱེད་མཁན་རྐྱང་རྐྱང་ཡིན་ནམ། བཞི་པ། ྋགོང་ས་མཆོག་གི་གསེར་ཁྲི་མཐའ་ཅན་དུ་གྱུར་ཟེར་བ་ཅི་ལ་གོ་དགོས་སམ། ལྔ་པ། ཚོགས་གཙོས་དྲངས་པའི་ྋགོང་ས་མཆོག་གི་གསུང་འཕྲིན་དེ་ཤིས་ཚིག་ཅིག་རེད་དམ།
ཚང་མར་བཀྲ་ཤིས་བདེ་ལེགས།
ཀུན་སློང་གང་ཡིན་མི་ཤེས་ན་ཡང་ཚིག་སྦྱོར་འབྲི་རྩལ་གྱིས་མ་འདངས་པ་གསལ་བོ་རེད། དྲི་བ་གོང་མ་གསུམ་དེ་གནད་འགག་ཆེན་པོ་ཞིག་ཏུ་མ་མཐོང་ཡང་། མཐའ་མ་དེ་ནི་ཤིན་ཏུ་མི་ལེགས། བླ་མ་མང་པོའི་རྣམ་ཐར་དུ་གཟིམ་ཁྲི་མཐའ་ཅན་དུ་གྱུར་ཅེས་པ་ནི་བླ་མ་དེ་དགོངས་པ་རྫོགས་པ་ལ་གོ་བས། གོང་ས་མཆོག་གི་གསེར་ཁྲི་མཐའ་ཅན་དུ་གྱུར་ཅེས་པའི་གོ་དོན་ཡང་དེ་ལས་མ་འདས། ཡིན་ན་ཡང་ཁོ་ཚོས་གོང་ས་མཆོག་གི་གསེར་ཁྲི་ཤོར་ནས་ཟེར་འདོད་པ་འདྲ། གལ་སྲིད་ཚོགས་གཙོར་ཀུན་སློང་གཞན་རེ་མེད་པའི་དཔང་རྟགས་ཡོད་ན། གྲྭ་ས་ཁག་ཏུ་དམིགས་བསལ་ཟེར་སྲོལ་ཞིག་ཡོད་པ་དེ་སྟེར་དགོས་པ་འདྲ།
འདི་ཚོ་མཐོང་ན་སྔོན་མར་ངའི་ཕ་ཡུལ་གྱི་ཨ་རིག་རྒད་པོ་ཚོས་རྒྱལ་བ་རིན་པོ་ཆེ་ལ་ཞུ་ཡིག་ཅིག་འབུལ་དུས། ཁོ་ཚོས་བརྒྱད་སྟོང་བ་འདི་རོ་ཆེ་བ་མ་གཏོགས་ཅི་ཡང་མེད། དེ་ལས་རྡོ་རྗེ་གཅོད་པ་འདི་ཉུང་ཉུང་ཞིག་མ་གཏོགས་མེད་ན་ཡང་འདི་གོ་ཆོད་ཅིག་ཡིན་ལབ་ནས་དེའི་ནང་གི་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བཀའ་བསྩལ་པ་ཞེས་པ་དེ། ཨ་རིག་རྒན་པོ་རྣམས་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་བཀའ་བསྩལ་པ་ཞེས་པར་བཟོ་བཅོས་བྱས་པའི་དགོད་སྒྲུང་དེ་ཡང་སེམས་ནང་དྲན་ཡོང་།
ད་ཤེས་མཁན་ཞིག་ནས་ཨ་རིག་གི་ལོ་རྒྱུས་ཤིག་ཤོད་དང་། མདོ་སྨད་ཆོས་འབྱུང་ནང་བྲིས་པ་དེ་ཚོ་མ་བཤད་ན་འགྲིགས། ཡེ་ཤེས་ཁྱེད་རང་གི་ཨ་རིག་ཟེར་བ་དེ་མཚོ་སྔོན་པོའི་ཨ་རིག་མདའ་བཞི་ཟེར་བ་དེ་ཤོད་ཀྱི་ཡོད་ཡང་ན་གང་ཤོད་ཀྱི་ཡོད། ཨ་རིག་འདི་སྔོན་མ་སྡེ་ཐོར་བྱུང་ནས་མཚོ་སྔོན་ཕྱོགས་སུ་གནས་མ་སྤོར་སྔོན་ལ་སྡེ་ཆེན་ཞིག་ཡོད་པ་འདྲ། ད་ལྟ་རྨ་ལྷོ་སོག་རྫོང་ཁོངས་མི་ཁྱིམ་སྟོང་ཁ་ལོངས་པ་ཞིག་མ་གཏོགས་མེད། ཨ་རིག་གི་སྐོར་འདི་ལོ་རྒྱུས་ཁྲོད་གསལ་ཁ་ཞེ་དྲག་མི་འདུག