མུ་ལ།
འབྱུང་བ་བཞི་ལས་གྲུབ་པའི། །
རབ་མཛེས་གོ་ལ་ཟླུམ་པོའི། །
གཏེར་རྫས་སྣ་ཚོགས་སློག་ན། །
ས་ཡི་ལྷ་མོ་ཁྲོ་ཡོང་། །
རིན་ཆེན་སྣ་ལྔའི་གོང་བུ། །
ས་ཡི་གོ་ལའི་སྟེང་ལ། །
བཟོ་གྲྭ་འདྲ་མིན་བཙུགས་ན། །
ས་བཅུད་ཉམས་ནས་འཇིག་འགྲོ། །
སྐྱེས་འགྲོ་ཀུན་ཀྱི་འཚོ་གནས། །
འཛམ་གླིང་ས་ཡི་གོ་ལའི། །
གཏེར་ཁ་སྲུང་སྐྱོབ་མེད་ན། །
འབྱུང་བཞི་འཁྲུག་ནས་འཇིག་འགྲོ། །
རིན་ཆེན་ནོར་བུའི་འབྱུང་ཁུངས། །
ཡིད་འོང་གོ་ལའི་སྟེང་ལ། །
གད་སྙིགས་གང་སར་གཡུག་ན། །
ནད་རིགས་སྣ་ཚོགས་འབྱུང་ཡོང་། །