ནམ་མཁའ།
སེམས་ཅན་ཀུན་ལ་མ་འདྲིས་མཛའ་བཤེས་སེམས།།
སེམས་ཀྱི་མཆོག་གྱུར་སྙིང་རྗེ་རྒྱ་མཚོའི་ཀློང་།།
ཀློང་ཆེན་བརྡོལ་ཏེ་ཚ་གདུང་སེལ་བའི་ཐབས།།
ཐབས་ཀྱི་ལམ་ལྔ་སྟོན་མཁས་དེ་ལ་འདུད།།
ལུས་རྟེན་གཅིག་ལ་མཉམ་བཞག་གཡོ་མེད་ཀྱིས།།
བདེན་གཉིས་མངོན་སུམ་རྟོགས་པའི་འབྲས་བུ་ལ།།
དུས་གསུམ་ཅིག་ཅར་མཁྱེན་པའི་འོད་སྣང་གི །
སྐུ་བཞིའི་བདག་ཉིད་ཅན་དེར་གུས་པས་འདུད།།
བདག་འཛིན་ཉོན་མོངས་མ་རུང་འཚིངས་པའི་ནགས་ཚལ་དུ།།
རྩ་བ་མ་རིག་གཅོད་ལ་སེམས་ཀྱི་མཚོན་ཆ་རལ་གྲི་ཡིས།།
ཡན་ལག་རེ་རེ་བཅད་དེ་ངར་འཛིན་མཐར་བསྐྲད་པས།།
བདག་མེད་བུ་ཆུང་ཤེས་རབ་ལྷ་མོའི་མངལ་དུ་སྦྲུམ།།
རྟག་དངོས་གང་ཞིག་གཞན་ལ་ལྟོས་ནས་གྲུབ་པ་ལ།།
ཆ་དང་ཆ་ཅན་མ་ལྟོས་གྲུབ་པའི་རང་རྐྱ་བ།།
ཅི་ལྟར་བཙལ་ཡང་མ་རྙེད་རང་བཞིན་གྱིས་སྟོང་པའི།།
རྟེན་འབྲེལ་བུ་མོ་བློ་ལྡན་བུ་ལ་བག་མར་བྱིན།།
འདུས་བྱས་གང་ཞིག་རྒྱུ་རྐྱེན་ལ་བརྟེན་འཕོ་འགྱུར་བཞིན།།
བདེ་སྡུག་གང་མྱོང་རྒྱུ་དང་རྐྱེན་ལས་བྱུང་བ་ཡང་།།
རྐྱེན་ཚོགས་འདུས་ཏེ་བྱུང་བའི་རྟེན་འབྲེལ་སྟོང་པ་ཉིད།།
མ་སྐྱེས་ཨ་མའི་ཞལ་རས་སྟོན་ལ་སྙིང་ནས་འདུད།།
སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་ཞེས།།
རིག་གསར་མཁན་པོ་དག་གི་སྙིང་དབུས་སུ།།
དཔྱད་གསུམ་ཚད་མས་དྲངས་པའི་དགའ་དད་སེམས།།
ཁྱེད་ལས་གཞན་པའི་སྟོན་པ་སུ་ཡིས་གདམས།།
རྟེན་འབྲེལ་ཟབ་མོའི་རིག་པའི་གཞུང་ལུགས་སྟེང་།།
གོམས་འདྲིས་ཅུང་ཟད་བྱས་ཏེ་འབད་པའི་བློ།།
ཟླ་ཟེར་ཕོག་པའི་མེ་ཏོག་པད་མ་བཞིན།།
སོར་བཅུ་སྙིང་གར་སྦྱར་ཏེ་གུས་པས་བྲིས།།
༢༠༡༥ལོའི་ས་ག་ཟླ་བ་ལ་ཡོ་རུབ་ནས་བྲིས།
བདག་འཛིན་ཉོན་མོངས་མ་རུང་འཚིངས་པའི་ནགས་ཚལ་དུ།།
ཚིག་རྐང་འདིར་ཡོད་འཚིངས་པའི་དོན་མ་ཤེས་པ་དག་ལ།
གསལ་བཤད་བྱེད་པ་ཡ་རབས་ལུགས་སུ་སྣང་བ་ལགས།
ཡང་ན་མ་རུངས་འཛིངས་པའི་དོན་དག་མ་ཡིན་ནམ།
་
ཅི་ལྟར་བཙལ་ཡང་མ་རྙེད་རང་བཞིན་གྱིས་སྟོང་པའི།།
་
ཇི་ལྟར་ཞེས་མི་དགོས་སམ། བཙལ་ཞེས་པ་འདས་ཚིག་ལ་ཀྱང་དང་མ་འོངས་པ་ལ་ཡང་ཞེས་དགོས་པས། ཚིག་རྐང་འདི་ན་ཡོད་པའི་བཙལ་ཅེས་པ་འདས་ཚིག་མ་ཡིན་ནམ།
་
ཚིག་བཅད་དང་པོ་གཉིས་གོ་བདེ་བོ་རེད།དེ་མིན་འོག་གི་ཚིག་བཅད་རྣམས་གོ་མཁྲེགས་པོ་རེད།རྒན་ལ་དགས་པས་གསུངས་པ་དེ་ཡང་བརྟག་དགོས་བར་སྙམ
ལྷག་པར་དུ་ཤོ་ལོ་ཀ་གཉིས་པ་དེ་གྲངས་ཀ་བསྒྲིགས་པ་ཧ་ཅང་དགའ་སོང་།
འཚིངས་པ་དང་འཚངས་པ་ཞེས་པ་དོན་མཚུངས།
འདིར་ཡང་བསྐྱར་དྲི་བ་ཞིག་ལ།མ་སྐྱེས་ཨ་མའི་ཞལ་རས་ནི་སྟོང་ཉིད་ཀྱི་དོན་ཡིན་ནམ། ཡིན་ཚུལ་གསུང་རོགས
ལོ་དྲུག་དཀའ་སྤྱད་མཛད་ལ་གུས་ཕྱག་འཚལ།།
གོང་གི་པར་དེ་འདྲ་པོ་ཆགས་སོང་ན་རྩ་ཆེན་པོ་ཞེ་བོ་ཡིན་དགོས་པ་གང་ཡིན་ནམ།
དེ་འདྲ་པོ་་་ཨཱཕ་རི་ཀ་་་ལ་མི་རྒན་མི་ཚད་ཕྲུག་གུ་ཆུང་ཆུང་ཡང་མང་པོ་འདུག་ད། ཁྱེད་ཚོས་གཟིགས་སོང་ངམ། །
བོན་པོ་ལགས་གྲུབ་མཐའི་ཕྱོགས་ཞེན་བྱས་ཏེ་སེམས་སུ་སྡུག་ཆུ་བསགས་ན་སྐྱིད་པོ་འདུག་གམ།གོང་གི་པར་དེ་འདྲ་བོ་གྱུར་ན་རྩ་ཆེན་ལབ་མི་འདུག དེས་ན་སྟོན་པ་གཤེན་རབ་ཀྱི་པར་ཡང་འདྲ་བོ་བྲིས་ན་རྩ་ཆེན་ཡིན་དོན་གང་རེད།སུས་སྟོན་པ་གཤེན་རབ་མཐོང་ནས་བྲིས་པ་རེད། གོང་གི་པར་དེ་ལོ་དྲུག་དཀའ་སྤྱད་ཀྱི་རྣམ་པ་མཚོན་བྱེད་ཞིག་མ་རེད་དམ།ད་བཞག་ཞོག
ཏ་ཐའ་ག་ཏ་ཁྱེད།
མཐའ་འཇུག་རེ་ས་ཁྱེད།
ད་ལྟ་སྐྱོབ་མཁན་ཁྱེད།
ན་རྒས་དྲན་ཡུལ་ཁྱེད།
ཁྱེད་རང་དེ་རིང་དྲན།
གསལ་བྱེད་ཏ་ཡི་དོད་དུ་བོད་སྐད་མེད་དམ། གོང་ས་མཆོག་ནས་ར་སྐད་ལུག་སྐད་མ་བརྒྱབ་གསུངས་སོང་དྲན།
རིན་ཆེན་ལགས་ཁྲིས་ནད་ཅན་གྱི་ངོར་གང་སྣང་ཐམས་ཆད་སེར་པོ་རེད། ང་བོན་པོ་དུང་དཀར་ཡང་སེར་པོར་མཐོང་། དེ་ཁྱེད་རང་རིན་ཆེན་ཁྲིས་ནད་ན་བའི་སྐྱོན་རེད་མ་གཏོགས། ང་བོན་པོ་དུང་དཀར་གྱི་སྐྱོན་རྩ་བ་ཉིད་ནས་མ་རེད་དོ། ། ཧ་ཧ་ཧ
སྐུ་བཞིའི་བདག་ཉིད་ཅན་དེར་གུས་པའི་འདུད།།ཞེས་བའི་རྗེས་སུ་མུ་མཐུད་ནས་འདི་འདྲ་ཞིག་བྲིས་ན་ག་འདྲ་འདུག་གམ།
ལྔ་ཆེན་སྙིགས་མ་ཆལ་ཆིལ་བརྡོལ་བའི་དུས།།
ལོ་དྲུག་དཀའ་སྤྱད་མཛད་པའི་ཟས་གཙང་བུས།།
རྒྱལ་སྲིད་སྣ་བདུན་ཆགས་ཞེན་སྤངས་བའི་འབྲས།།
བརྒྱད་བཅུའི་མཚན་དཔེ་འོད་སྣང་འབར་བ་ཡིས།།
སྐྱེ་དགུའི་སྨག་རུམ་བཅོམ་པའི་མགོན་པོ་ཉིད།།
ས་བཅུའི་གོ་འཕང་ཅན་ཁྱོད་ཅིས་མི་བཀུར།།