ཨེ་མ་ཧོ།
ན་མོ་གུ་རུ་ཤཱཀྱ་མུ་ནེ་ཡེ།
ཐུགས་རྗེ་ཀུན་ཁྱབ་ཆོས་སྐུ་ཀུན་ཏུ་བཟང་།།
རང་བཞིན་ལྷུན་གྲུབ་ལོངས་སྐུ་རིགས་ལྔའི་ཚོགས།།
ངོ་བོ་དབྱེད་མེད་སྣ་ཚོགས་སྤྲུལ་པའི་སྐུ།།
སངས་རྒྱས་ཤཱཀྱ་ཐུབ་པས་དུས་ཀུན་སྐྱོངས།།
གཟིགས་པ་རྣམ་ལྔས་མི་མཇེད་ཞིང་དུ་གཟིགས།།
སྙིགས་མ་ལྔ་བདོའི་འགྲོ་ཁམས་འདུལ་བའི་ཕྱིར།།
རྒྱལ་བ་རིགས་ལྔའི་ཁྱབ་བདག་སྟོན་པ་མཆོག།
འགྲོ་བ་རྣམ་ལྔའི་དེད་དཔོན་རྗེས་སུ་དྲན།།
སྐུ་ཡི་མཛད་པ་བཅུ་གཉིས་ཞིང་འདིར་སྟོན།།
གསུང་རབ་སྡེ་སྣོད་བཅུ་གཉིས་འགྲོ་ལ་བསྟན།།
ཐུགས་རྗེ་རྫོགས་ཆེན་སྟོན་པ་བཅུ་གཉིས་དཔལ།།
དབྱེར་མེད་ཤཱཀྱ་སེངྒེས་རྟག་ཏུ་སྐྱོབས།།
བཅུ་གཉིས་རྟེན་འབྲེལ་ལོག་ལྡོག་བདེན་པའི་མཐུས།།
བཅུ་གཅིག་ཀུན་ཏུ་འོད་ཀྱི་དཔལ་མངའ་བའི།།
སྟོབས་བཅུའི་དབང་ཕྱུག་རྒྱལ་བ་བཅོམ་ལྡན་འདས།།
ཐེག་དགུའི་སྟོན་པ་ཕྱོགས་ལས་རྣམ་རྒྱལ་སྨོན།།
རྟགས་བརྒྱད་བཀྲ་ཤིས་དཔག་བསམ་སྡང་པོ་ལས།།
རྒྱལ་སྲིད་སྣ་བདུན་ཆོས་ཀྱི་འཁོར་ལོར་བསྒྱུར།།
ཕྱིན་དྲུག་འཕགས་པའི་ཏིང་འཛིན་ཤེས་རབ་རྒྱས།།
དད་དམ་དབང་ལྔའི་འབྲས་བཟང་བདེ་ལེགས་སྨིན།།
བདེན་བཞི་བླང་དོར་མ་ནོར་ཉམས་བླངས་མཐུས།།
མཆོག་གསུམ་རྒྱལ་བའི་སྣང་བ་རྟག་ཏུ་འགྲོག།
སྐུ་གཉིས་འབྲས་བུས་བསྟན་འགྲོར་ཕན་བདེས་ཆོས།།
ཉག་གཅིག་རྒྱལ་སར་འགྲོ་བ་ཀུན་འགོད་ཤོག།
ཅེས་པ་འདི་ཡང་རབ་གནས་ཤིང་ལུག་ས་ག་ཟླ་བ་ཉ་ཡོངས་སུ་གང་བའི་ཉིན་མོར་མཆོག་གསུམ་ལ་དད་པའི་སྣང་བ་རྟག་ཏུ་འགྲོག་ཞིང་འགྲོ་ཁམས་དམིགས་པའི་སྙིང་རྗེ་ཆེན་པོ་དང་གསུང་རབ་དམ་པའི་ཆོས་ལ་མི་ཕྱེད་པའི་ཤེས་རབ་འཁྲུངས་པའི་ཤྰཀྱའི་དགེ་སྦྱོང་བ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འམ་སྨྱུག་མིང་ཨེ་མ་ཧོས་ནུབ་ཕྱོགས་རྒྱ་མཚོ་གླིང་ཕྲན་ཤར་ཕྱོགས་ཨེར་ལན་ནས་གསོལ་བ་འདེབས་པར་དགེའོ།། །།
སྟོན་པའི་བསྟན་ལ་འཇུག་པའི་གང་ཟག་གི་།
ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན་།
སྟོན་པའི་བསྟན་ལ་འཇུག་པའི་གང་ཟག་གི་།
འཐོལ་བྱུང་གཏམ་གྱི་སྣྲ་བ་ཉུང་ན་དགའ་།
སྟོན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་།
མདོ་དང་རྒྱུད་སྡེའི་མན་ངག་ཤེས་ན་་དགའ་།
སྟོན་པའི་བསྟན་པ་ཡུན་རིང་གནས་པ་ལ་།
མདོ་སྔགས་བཟུང་དུ་སྦྲེལ་ནས་འབད་ན་ལེསག
ཡག་པོ་བྲིས་འདུག་བཀའ་དྲིན་ཆེ།
་་་་་་་་་་་་་་་་་་་ཆོས་ལ་མི་ཕྱེད་པའི་ཤེས་རབ་འཁྲུངས་པའི་ཤྰཀྱའི་དགེ་སྦྱོང་བ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འམ་སྨྱུག་མིང་ཨེ་མ་ཧོས་་་་་་་་་་་་
ཀྱེ་མ་ཀྱེ་ཧུད། །
ལྔ་བརྒྱ་དུས་ཀྱི་ཐ་མ་ལ།།
ཁ་ནས་ཀ་དག་ལྷུན་གྲུབ་གྱེར།།
དོན་ལ་ཀླ་ཀློ་ལྟ་བུ་བཞིན།།
ནུབ་ཕྱོགས་ཨིང་ལེན་ཡུལ་ལྗོས་སུ།།
ཉིན་མཚན་མེད་པའི་ཁ་བརྡའི་ནང་།།
ལྟ་སྒོམ་ཐམས་ཅད་བགྲོ་བཀུར་ལས།།
ཆགས་སྡང་ཁོ་ནར་སྟོན་པ་ཅན།།
དེ་འདྲ་བླ་མ་ཡ་མཚན་ཅན།།
http://www.rangwang.biz/?essayId=2416
ཧ ཧ ཏི་སི་ཅུང་ཟད་ཆང་བཟི་ཁུར་སོང་ཟིག་མ་གཏོགས ཁ་ཚང་སྔ་བས་་་་
ཏི་སི།་ལགས་ཀྱིས་མཆན་བཏབ་པ།:
June 3rd, 2015 at 11:27 PM
སྒྲུབ་བརྒྱུད་དམ་པའི་མཁན་ཆེན་བླ་མ་དྲན།།
ཨེ་མ་ཧོ།།
དབྱིངས་སྐྱེ་བ་མེད་པར་ཆོས་ཀྱི་སྐུ།།
གདངས་འགགས་པ་མེད་པར་ལོངས་སྤྱོད་རྫོགས།།
ཐབས་སྣ་ཚོགས་སྤྲུལ་པའི་སྐུར་སྣང་བ།།
དཔལ་དགྱེས་པ་རྡོ་རྗེ་ཡང་ཡང་དྲན།།
བླ་མ་ཁྱེད་རང་ལྟ་བུ་བྱིན་གྱིས་རློབས།།
ལུས་མི་རྟག་ཤེས་ཀྱང་རྟག་པར་འཛིན།།
འཆི་ངེས་མེད་ཤེས་ཀྱང་གཏན་སྡོད་བརླམས།།
ཡུལ་ཆོས་བརྒྱད་ཕྱོགས་པའི་ཏི་སེ་ང་།།
ལས་འཁོར་བ་འཁྱམས་པའི་ལས་ངན་ང་།།
ལམ་ཐར་ལམ་དྲོངས་པར་བྱིན་གྱིས་རློབས།།
མཐོ་མིང་གྲགས་ཅན་ལ་རྐུབ་ནས་བལྡགས།།
དམའ་ཉམས་ཐག་མགོ་བོ་རྡོག་བརྫིས་བྱས།།
ཡུལ་དབུལ་ཕྱུག་མ་ཤེས་འདོ་ཤོར་ང་།།
རྗེ་བླ་མའི་ཐུགས་དང་འགལ་བར་ཀུན།།
སྡང་དགྲ་རུ་བལྟས་པར་མཐོལ་ལོ་བཤགས།།
བྱམས་སྙིང་རྗེ་ཅན་ལ་སྐྱབས་སུ་མཆི།།
སེམས་ཆགས་སྡང་རྨོངས་པ་ཞི་བར་མཛོད།།
དཔལ་དགྱེས་པ་རྡོ་རྗེས་ཐུགས་རྗེས་ཟུངས།།
བསྟན་འགྲོ་དོན་རྒྱས་པར་བྱིན་གྱིས་རློབས།།།
ཞེས་རབ་གནས་ཤིང་ལུག་ས་ག་ཟླ་བའི་ཚེས་༡༦ཉིན་དཔལ་དགྱེས་པ་རྡོ་རྗེའི་རྩོམ་དེ་མཐོང་མ་ཐག་ཨ་རི་ནིའུ་ཡོཀ་ནས་གང་ཤར་བྲིས་ཏེ་ཏི་སེ་ནས་གསོལ་བ་འདེབས་པར་དགེའོ།།།།
ངོས་སྤྱིར་ན་དཔལ་དང་ཏེའི་བར་ལ་རྩོད་དོན་མེད་ཀྱང་ང་ནི་བདེན་པར་བཤད་ལ་དགའ་བས་དེ་ལྟར་ཐལ། བྱེ་བྲག་ཏུ་ཇི་སྐད་དུ། སུ་ལ་ནུས་པ་ཅི་ཡོད་མི་ཤེས་པས།།གཞན་ལ་བརྙས་པར་མི་བྱ་སེམས་མི་བསྲེག།ནམ་ཞིག་སུ་ལ་རེ་དགོས་ཆ་མེད་པས།།སུ་ཡང་སེམས་སུན་མི་དབྱུང་དགྲར་མི་སློང་།།རྫུན་པའི་རྒྱབ་བརྟེན་ལྷས་ཀྱང་མི་ཐུབ་པས།།ཅི་བྱེད་ཀུན་ལ་དྲང་ཞིང་ཕན་བདེ་སྒྲུབས་ཞེས་གསུངས་འདུག
ཁྱོད་རང་གཡི་སྒྱུ་འདུག་ཟེར་ཡག་འདུ་རེད། པདྨ་་་་་ དེ་སྐབས་་རེ་གཞན་ཡིན་འདོག་དང་། སྐབས་རེ་སོ་སོ་ཡིན་འདོག་བསྟན་ནས་གཞན་ལ་མགོ་རྨོངས་བཟོ་ཐུབ་དྲན་ཡོད་པ་འངྲ། དེང་སང་དྲ་རྒྱའི་དུས་ལ་རབ་བརྫུན་ལ་ཕུག་སྐད་ཅིག་ཙམ་མེད་དོ།།་པསྨ་ཟེར་རྒྱུ་དེ་ནི། དོལ་དགྱེས་རེད། དཔལ་དགྱེས་ཟེར་རྒྱུ་དེ་ནི་དཔལ་མཇེ་རེད། དཔལ་མཇེ་ཟེར་རྒྱུ་དེ་ནི་ཨིང་ལེནཌ་དགེ་བཤེས་སྐལ་བཟང་དང་ཁྱད་མེད་པ་ཞིག་དེ་རེད། དོན་དུ་ཨེ་མོ་ཧོ་ཟེར་རྒྱུ་དེ་ནི་ཀྱེ་མ་ཧུད་རེད། ཁོའི་ཁ་རྫོགས་ཆེན་ཟེར་རྒྱུ་དེ་ནི་ ཨིན་ཇི་སྒྲ་ཐད་བསྒྱུར་ཞུས་ན། end རྫོགས་པ། ཟད་པ། མེད་པ་ལ་གོ བྱམས་དང་སྙིང་རྗེ་མེད་པ། དད་དང་གུས་པ་ཟད་པའི་དོན་ལ་གོ great ཆེན་པོ། རླབས་ཆེན།་གཡོ་སྒྱུ་རླབས་ཆེན། རེ་དོགས་ཆེན་པོ། ཁྱོད་རང་དཔལ་དགྱེས་རྫོགས་ཆེན་སྒྲ་བྱེ་བྲག་པ་དེ
ཡིན།།
རེད་རེད་རེད་དེ་ཚོ་ཚང་མ་རྣམ་འགྱུར་མི་འདྲ་བ་ཙམ་ལས་གཅིག་ཉིད་དུ་ཟད་དོ།
xxxx གཞན་གང་ཤེས་ཀྱང་ངོས་ནི་དོལ་བོ་ལ་ཤིན་ཏུ་དགའ། འདྲེ་དང་ལྷ་ཞེས་པ་སོ་སོའི་འདོད་པ་རེད་མོད ཁྱེད་ཚོས་ངོས་དང་དཔལ་དགྱེས་གཅིག་ཏུ་འདོད་པ་ནི་ཁྱུང་སེ་དང་བོན་སྐྱབས་རྗེ་སྨན་རི་ཚང་དང་གཅིག་ཏུ་འདོད་པ་ནང་བཞིན་རེད། སྔོན་མ་ཞིག་འབྲུག་ཚེ་རིང་གིས་ཁོ་འབྲི་གུང་སྐྱབས་མགོན་བཤད་པ་གཅིག་རེད་ཀོ། མདོར་ན་སྟུ་སེ་དེ་དཔལ་མཇེ་ལ་ཅུང་ཟད་དགའ་བཞིན་འདུག་དྲན་སོང་། གང་ཡིན་ན་ནེའུ་ཡོཀ་ཀི་མཚན་ཆུ་ཚོད་བཞི་བ་ལ་གཉིད་ཁུག་མི་འདུག་ག། ཧ ཧ །