འཇམ་དབྱངས་དཀར་པོ།
པོབ་རོལ་གཞས་ཀྱི་རྒྱལ་པོ་མེ་ཁཱལ་ཇཀ་སོན་ (Michael Jackson) གྱི་སྒྱུ་མའི་འཇིག་རྟེན་ (Neverland ranch) དེ་གོང་ཚད་གཏམ་ཚོང་གི་ཁྲོམ་ར་ནས་ཨ་སྒོར་ས་ཡ་ ༡༠༠ ལ་བཙོང་། འོན་ཀྱང་ཉོ་མཁན་གྱིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མཐའ་མེད་པའི་དུར་ས་དེ་མཚམས་འཇོག་སྲིད་པའི་ཐ་ཚིག་བསྒྲགས། སྒྱུ་མའི་འཇིག་རྟེན་ལ་རྒྱ་ཁྱོན་ཨེ་ཀར་༢,༧༠༠ ཡོད་ཅིང་། སྤྱི་ལོ་ ༡༩༨༧ ལོར་མེ་ཁཱལ་ཇཀ་སོན་གྱིས་ས་ཆ་དེར་ཨ་སྒོར་ས་ཡ་ ༡༦.༥ སྤྲད་དེ་ཉོས་རྗེས་ ༡༩༨༨ ནས་ ༢༠༠༥ མེ་ཁཱལ་གྱི་སྡོད་གནས་ཆགས། ཁྱིམ་མཚེས་རྣམས་ཀྱིས་”མེ་ཁཱལ་གྲོངས་རྗེས་ཁོའི་རྣམ་ཤེས་འདྲེ་ཆགས་ནས་གཞིས་ཀ་དེར་འཁོར་འདུག་”ཟེར།
ཟླ་སྔོན་མའི་ཚེས་ ༣༡ ཉིན་མེ་ཁཱལ་གྱི་སྒྱུ་མའི་འཇིག་རྟེན་དང་མཉམ་དུ་ཉལ་ཁང་ ༦ དང་། འདུག་སྟེགས་ ༥༠ ཅན་གྱི་གློག་བརྙན་ཁང་། གཡས་གཡོན་གྱི་མཚོ་གཉིས་བཅས་བཙོང་ཟིན་པའི་གསལ་བསྒྲགས་བྱས། ཡིན་ན་ཡང་མེ་ཁཱལ་གྱི་བྱིས་པ་ཕི་རན་སི་མེ་ཁཱལ་ལོ་༡༦། ཕེ་རི་སི་མེ་ཁཱལ་ལོ་ ༡༥། བྷི་ལན་ཁཱེ་ཌི་མེ་ཁཱལ་ལོ་ ༡༢ ཅན་བཅས་ཀྱིས་སྒྱུ་མའི་འཇིག་རྟེན་བཙོང་བར་བློ་ཕམ་ཡོད་ཟེར།
འོན་ཀྱང་སྤྱི་ལོ་ ༢༠༠༩ ལོར་ཕ་མེ་ཁཱལ་ཇཀ་སོན་འདས་རྗེས་ཁོ་ཚོ་ཡང་ས་ཆ་དེར་ཐེངས་གཅིག་ལས་སླེབས་མེད་པ་རེད། མེ་ཁཱལ་ཇཀ་སོན་སྤྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༢༥ གྲོངས་རྗེས་ཤུལ་ལུས་དངུལ་དངོས་ཀྱི་རིན་ཐང་ཨ་སྒོར་དུ་ཕབ་པར། ཨ་སྒོར་ཐེར་འབུམ་ ༡.༡༧༨ ཡོད་འདུག
ཁོ་རང་འདྲེ་རུ་གྱུར་ནའང་ཕྱུག་པོ་ཞིག་ཡིན་རྒྱུ་རེད། ཁོང་གི་ཁྱིམ་མཚེས་དང་ལས་དཀའ་བྱེད་མི་ཚོས་མཐོང་ཐོས་མང་བོ་བྱུང་འདུག ང་ཚོས་འཇིག་འདིའི་ཕ་རོལ་གཟིགས་མེད་ཀྱི་ཁམས་གང་ཡང་མཐོང་གི་ཡོད་པ་མ་རེད། གལ་ཏེ་མཐོང་ན་ང་ཚོས་བློ་ཡུལ་དུ་ཤོང་དཀའ་བའི་གནས་ཚུལ་གསར་བ་དུ་མ་ཞིག་ཡོད་ངེས་རེད། །
འདྲེ་གྲགས་ཅན་ཡིན་པའི་ཚིིག་ཅིག་མེད་མི་འདུག