ཨེ་མ་ཧོ།
ཨེ་ཀྱེ་ཧོ།
སྒྱུ་ལུས་མི་རྟག་རྩྭ་རྩེའི་ཟིལ་པ་འདྲ།།
ནམ་འཆི་ངེས་མེད་གྲི་སོའི་ཟློས་གར་འདྲ།།
སྣོད་བཅུད་འཇིག་པ་གནམ་གྱི་སྐར་མདའ་འདྲ།།
ཡུན་རིང་རྟག་འཛིན་མེད་དོ་སྙིང་གྲོགས་རྣམས།།
མཐོ་བའི་གོ་གནས་གཡང་སའི་སྒོང་ང་འདྲ།།
དམའ་བའི་ཉམས་ཐག་དགེ་བའི་སྐུལ་མ་འདྲ།།
མཐོ་དམན་གང་ལ་རེ་དོགས་མེད་པ་རུ།།
བདེན་ཚིག་སྨྲ་བ་ཁོ་བོའི་དམ་བཅའ་ལགས།།
སྡང་བའི་དགྲ་བོ་སྡིག་པའི་འཁྲི་ཤིང་འདྲ།།
བྱམས་པའི་གཉེན་ཡང་ལན་ཆགས་སྦྲང྄་ཚང་འདྲ།།
གང་ལ་མི་ཆགས་མི་སྡང་དམ་པའི་ཆོས།།
ཡང་དག་སྒྲུབ་པ་ཁོ་བོའི་སྙིང་གཏམ་ཡིན།།
ཞེས་པ་རབ་གནས་ཤིང་ལུག་ས་ག་ཟླ་བའི་ཚེས་པ་བཅོ་ལྔར་དཔལ་དགྱེས་པ་རྡོ་རྗེ་འམ་སྨྱུག་མིང་ཨེ་མ་ཧོས་ཁ་བརྡ་དྲ་བར་གུས་པས་ཕུལ་བར་དགེའོ།།
འབྱུང་བཞིའི་སྒྲུབ་པའི་ཟག་ཕུང་འདི་།
རྒྱུ་དང་རྐྱེན་གྱི་འོག་ཏུ་འཚོ་།
འབྲས་བུ་ལས་དབང་དེ་ཡི་སྦྱིན་།
ས་ལམ་སྒོ་འཕང་དེ་ནས་ཐོབ་།
སྒྱུ་ལུས་མི་རྟག་ཤེས་ཀྱང་རྟག་འཛིན་ཅིང་།།
ནམ་འཆི་ངེས་མེད་ཤེས་ནའང་གཏན་སྡོད་རློམ།།
སྣོད་བཅུད་འཇིག་པ་ཤེས་ཀྱང་ཆོས་བརྒྱད་དད།།
ཁྱོད་དང་ཁྱོད་འདྲ་རྟེན་པའི་སློབ་བུ་ལ།།
མི་རྟག་ངེས་པར་དྲོངས་པར་བྱིན་གྱིས་རློབས།།
མཐོ་བའི་མིང་གྲགས་ཅན་ལ་འཛུམ་མོལ་ཅན།།
དམའ་བའི་ཉམས་ཐག་ཅན་ལ་རྡོག་བརྫིས་བསྟན།།
མཐོ་དམན་བཟང་ངན་རེ་དིགས་ཁོ་ནར་རྒྱུགས།།
ཁྱོད་དང་ཁྱོད་འདྲར་བླ་མར་བརྟེན་པ་རྣམས།།
ཐར་པའི་ལམ་སྣ་མ་ལོག་བྱིན་གྱིས་རློབས།།
སྡང་བའི་དགྲ་བལྟས་སྐྱེས་ཆེན་དམ་པ་ལ།།
བྱམས་པས་བསྟོད་ཅིང་རྒྱ་མོ་ཨིན་མོ་ལ།།
ཆགས་དང་སྡང་བ་མགལ་མེའི་འཁོར་ལོ་ཅན།།
xxxxxx
ཞེས་རབ་གནས་ཤིང་ལུག་ས་ག་ཟླ་བའི་ཚེས་༡༦ཉིན་ཁྱོད་ཀྱི་xརྩོམ་དེ་མཐོང་མ་ཐག་ཨ་རི་ནིསུ་ཡོརཀ་ནས་གང་ཤར་བྲིས་ཏི་སེ་ནས།
ཨ་རིའི་ནི་ཡོག་ན་དེ་རིགས་མང་ནི་རེད་ཡ། ཁྲི་བྱང་གི་ཡང་སྲིད་དེ་ཏི་སི་ཡིན་པ་འདྲ།
གང་ལྟར་ཨེ་མ་ཧོ་དེ་མི་འདི་འདྲ་ཞིག་ཡིན་ཟིག http://www.rangwang.biz/?essayId=2179 ཏི་སི་སོགས་ཁག་ཡོད་མ་རེད།
༄༅། །ཞབས་བརྟན་སྨོན་ཚིག་བྱིན་རླབས་གཏེར་ཆེན་ཞེས་བྱ་བ་བཞུགས། །
༧ གོང་ས་ཏཱ་ལའི་བླ་མ། རྒྱ་གར
ཨོཾ་སྭ་སྟི།
ཀ་དག་གདོད་མའི་རང་རྩལ་འགག་མེད་དུ། །
ལྷུན་གྲུབ་རོལ་སྐུའི་མཛེས་པ་འབུམ་སྤྲོ་བའི། །
རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཀྱིས། །
དགེ་ལེགས་བྱིན་ཆེན་ཕོབས་པའི་ཤིས་པ་སྩོལ། །
འཇམ་དཔལ༵་དགྱེས༵་པ༵འི་མཁྱེན་བརྩེ་ནུས་པའི་སྟོབས། །
མི་འགྱུར་རྡོ༵་རྗེའི༵་གསང་གསུམ་གཤིས་སུ་བརྟན། །
ཉམ་ཐག་འགྲོ་བ་འདྲེན་པའི་ཐུགས་རྗེ་ཅན། །
མཁན་ཆེན་བླ་མའི་ཞབས་པད་བརྟན་གྱུར་ཅིག །
སྐྱབས་གནས་རྒྱལ་བའི་ཐུགས་བསྐྱེད་སྨོན་ལམ་དང་། །
མཐུ་ལྡན་ཆོས་སྐྱོང་སྲུང་མའི་དམ་ཚིག་གིས། །
གཡོ་མེད་ལྷག་བསམ་བདེན་པའི་རེ་སྨོན་ལས། །
བསྟན་འགྲོའི་ཕན་བདེ་ཡུན་རིང་སྐྱོང་གྱུར་ཅིག །
ཅེས་པ་འདི་ནི་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེའི་ཞབས་བརྟན་སྨོན་ཚིག་ཅིག་འབྲི་དགོས་ཞེས། ༧ལམ་མཁྱེན་རྒྱལ་པོ་རིན་པོ་ཆེའི་ཞལ་སྔ་ནས་དང་།དད་དམ་དགེ་བ་སེར་སྐྱ་དུ་མ་ཞིག་ནས་བསྐུལ་ངོར། ཤྰཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོ་ནས།རབ་བྱུང་བཅུ་བདུན་པའི་ ཟླ༦་ཚེས་༡༠་ཕྱི་ལོ་༢༠༠༡་ཟླ་༨་ཚེས་༡༤ ཉིན་དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་བྲིས་པ་དགེ་ལེགས་འཕེལ། ། ། །
སྟོན་པས་ཀྱང་ནི་བཅུ་ཕྲག་གཉིས་ལྷག་ལོར།།
ལེགས་སྐར་མཉམ་དུ་སྤྱོད་ལམ་བཞིར་རྒྱུད་ཅིང་།།
ཁྱོད་དང་ཁྱོད་འདྲར་དྲང་དོན་ཚིག་འགྲོས་འགས།།
རྒྱལ་བས་གཞན་ངོར་གཟིགས་ཙམ་ཅི་ཡ་མཚན།།
ཀྱེ་མ་འཇིག་རྟེན་ཆོས་བརྒྱད་ནང་གི་ཆོས་བརྒྱད་དུ།།
རང་སྲོག་ལྟོས་མེད་རེ་དོགས་དུས་འདའ་བ།།
དུས་དང་འགྱུར་འགྲོ་ལྟ་བུ་ཆོས་ལུགས་ཅན།།
ཀྱེ་མ་སྦར་མགྱེ་མཁན་དེ་ཡམརེ་ང་།།
http://www.rangwang.biz/?essayId=2416