མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ལ་བཅར་འདྲི། Posted on 2015-06-032015-06-03 By ཁ་བརྡ་ 33 Comments on མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ལ་བཅར་འདྲི། གློག་བརྙན་།
ཤར་ཕྱོགས་ཉི་མའི་ཟེར་དང་འགྲོགས། ། ཡང་དག་བོན་གྱི་བདུད་རྩིས་བསྐྱངས། ། རིག་པས་འཛམ་གླིང་འདར་བར་བྱེད། ། དོན་གྱི་མཁས་དབང་མཚན་སྙན་ཅན། །
བཀའ་སློབ་གཅིག་ཤེས་ཀུན་གྲོལ་ཨེ་མ་ཧོ། ། རྫོགས་པ་ཆེན་པོ་ཟེར་ཡ་དེ། ཆོས་ལུགས་འདི་རེད་ཟེར་ཡ་མེད་པ་བྱས། དེའི་ལྟ་བ་དེ་རྒྱ་གར་ནས་ཡོང་བ་མ་ཡིན་པ་དང་། རྒྱ་ནག་ནས་ཡོང་བ་མ་ཡིན་པར་། བོད་མི་རང་གིས་བསམ་མནོ་བཏང་ནས་ཐར་པ་ཐོབ་པའི་ལམ་ཁ་ཞིག་བཙལ་བའི་ལྟ་བ་དེ་རེད་འདུག སྤྱིར་བཏང་ནང་པའི་ཆོས་ལ་ཆ་བཞག་ན། ཡང་ན་རྒྱ་གར་ནས་མར་སམ་ཀྲི་ཏའི་སྐད་ནས་བོད་སྐད་ལ་བསྒྱུར་བ་དང་། ཡང་ན་རྒྱ་སྐད་ཀྱི་ཐོག་ནས་རྒྱ་ནག་ནས་ཡར་མདོ་ཡིན་ན་འདྲ་རྒྱུད་ཡིན་ན་འདྲ་དེ་འདྲ་བསྒྱུར་ནས་བོད་ལ་ཡོང་བ་རེད། བྱས་ཙང་། དེ་འདྲ་བྱས་དུས་སྒང་ལ། ནང་པའི་ཆོས་ཀྱི་གྲུབ་མཐའི་རྩ་བ་དེ་ག་བ་ཐུག་པ་རེད་ཟེར་ན། ཡང་ན་རྒྱ་གར་ལ་ཐུག་པ་རེད། ཡང་ན་རྒྱ་ནག་ལ་ཐུག་པ་རེད། དེ་འདྲ་བྱས་ནས་སྐད་ཆ་བཤད་ཡོང་དུས་ཁ་ལ། བོད་པ་རང་ལ་དུས་རབས་བདུན་པ་དང་བརྒྱད་པ་ལ། བོད་པ་རང་གི་བསམ་འཆར་ཞིག་ཁྱེར་ནས་དེབ་འབྲི་ཡ་དང་དེ་འདྲ་ཞིག་གས་བྱུང་མེད་པའི་བཟོ་འདྲ་པོ་ཞིག བོད་པ་རང་ལ་བསམ་འཆར་གང་ཡང་མེད་པ་ཞིག དེ་ནང་བཞིན་ཆགས་བསྡད་ཀྱི་འདུག་ག། འོ་དེ་འདྲ་ཡིན་དུས་ཁ་ལ། རྫོགས་པ་ཆེན་པོའི་ལྟ་བ་དེ། ངས་བསམ་པ་ལ། ངའི་འབུམ་རམས་པའི་ནང་ལ། བོད་རང་ནས་བྱུང་བ་རེད་ཟེར་ནས་ཐག་བཅད། ཐག་གཅོད་ཀྱི་རྩ་བ་དེ་དེ་ཡིན། །
༼རིག་བཟང་མ༽མཁས་དབང་འདི་དག་ལ་གོ་སྐབས་ནམ་ཡོད་ལ་བཀའ་འདྲི་དང་ལམ་སྟོན་ཞུ་དགོས་པ་ཤུན་ཏུ་གལ་ཆེན་རེད། བཀའ་དྲིན་ཆེའོ།
BONPO ལགས། རྫོགས་ཆེན་གྱི་གནས་ལུགས་ལ་དགག་བཞག་སྤོང་གསུམ་དང་འབྲེལ་བའི་རྩོམ་ཡིག་གནད་འགག་ཅན་གྱི་རིགས་ཁ་བརྡ་དྲ་ཐོག་ཏུ་བཏང་བས་ཕན་ཐོག་ཆེན་པོ་ཡོད་པ་མ་རེད་བསམ་གི། གང་ཡིན་ཟེར་ན། དྲ་འབུ་ནག་ར་ཚོས་དོན་མེད་ཚོགས་ངན་བསགས་པའི་རྒྱུར་འགྱུར་བའང་སྲིད་པ་རེད། དེས་ན་རྩོམ་ཡིག་དེ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཚོའི་གདན་སའི་རིགས་ལམ་པ་རྣམས་དང་། ཡང་ན། མཁས་གྲུབ་གཉིས་ལྡན་གྱི་རྟོགས་ལྡན་རྣལ་འབྱོར་བ་ཚོར་ཟུར་ནས་འདྲི་དགོས་པའི་གནད་དོན་རྐྱང་བ་རེད་འདུག འོ། གལ་སྲིད་ཁ་བརྡ་དྲ་བའི་མདུན་ངོས་སུ་རྩོམ་ཡིག་སྤེལ་འདོད་ན། Khabdha@gmail.com དུ་བཏང་ན་རྩོམ་སྒྲིག་པ་ཚོས་རྩོམ་ཡིག་ཞིབ་གཤེར་གྲུབ་རྗེས་དྲ་ཐོག་ཏུ་འཇོག་གི་འདུག དེ་ཙམ་ཡིན། །
ཁ་བརྡ་ཚང་ངོ་མ་མགྱོགས་སེ་འདུག ཨ་ཨ་ཨ། ངས་ཁྱོད་ལ་མཆན་དེ་བྲིས་རྗེས་གཙང་ཚྭའི་རྩོམ་ཡིག་ཁ་བརྡའི་མདུན་ངོས་སུ་བཞག་ཚར་འདུག ཧཧཧ
ལྡོང་གིས་གསུངས་པར་རྒྱབ་སྐྱོར་ཡོད་གསང་བ་ཆེན་པོའི་ལྟ་བ་དེ་ཚོ་འབུ་ཚོགས་སུ་བཏབ་ན་ཆང་དར་གྱི་འབང་མ་བཞིན་ཉ་ཉོག་ཏུ་འགྲོ་ངེས་རེད་་་་དེ་བཞིན་བླ་མ་དང་དགེ་བའི་བཤེས་གཉེན་བཟང་པོ་དེ་འདྲ་བའི་རྣམ་ཐར་མཛད་པ་སོགས་ཁ་བརྡའི་དྲ་བར་བཏང་ན་དེ་ནི་དྲ་འབུ་ཚོར་སྐུར་འདེབ་སྒྲོས་སྐུར་བྱོས་ཞེས་བཤད་པ་དང་གཅིག་མཚུངས་རེད། གསང་བ་ཆེན་པོའི་གདམས་པ་དེ་རིགས་འདི་ན་མ་འཇོག་རོགས་གནང་་་་་དེས་དམྱལ་བ་ཆེན་པོར་འཕེན་པའི་རྒྱུ་གསོག་པ་ལས་དགེ་མཚན་གང་ཡང་མ་མཐོང།
ལྡོང་གསེར་མིག་ལགས་དང་ཁྱུང་སེ་ལགས་རྣམ་པ་གཉིས་པོར་དགོངས་འགལ་མེད་པ་ཞུ། ཁྱེད་རྣམ་གཉིས་ལོས་བདེན། རྗེས་མ་གཟབ་གཟབ་བྱ་ཆོག་པ་ཞུ། ལྡོང་གསེར་མིག་ལགས་ཀྱིས་རྩོམ་ཡིག་སྐུར་སྟངས་ལམ་སྟོན་གནང་བར་བཀའ་དྲིན་ཆེ་ཞུ། །
བོད་ཀྱི་མཁས་པ་གོང་མ་རྣམས་ཀྱིས་རྫོགས་ཆེན་ནི་བསྟན་པའི་སྙིང་པོ་དེ་ཡིན་ཚུལ་ཡང་ཡང་གསུངས་ཡོད་རབས་འདུག དེ་འདྲ་ཅིའི་ཕྱིར་དུ་གསུངས་པ་ཡིན་ནམ། །
ངའི་གྲོགས་པོ་བོན་པོ་མཁས་པ་ཞིག་གིས་་ཡོངས་འཛིན་བསྟན་འཛིན་རྣམ་དག་ཟེར་བས་བྲིས་པའི་བོན་གྱི་བསྟན་རྩིས་ཟེར་བ་ཞིག་གནང་ནས་དེ་ཀློག་དང་ཡག་པོ་ཡོད་རེད་ཟེར། ངས་ཅུང་ཙམ་བཀླགས་པ་ཡིན། དེ་ནས་ངས་ཁོང་ལ་བསྟན་འཛིན་རྣམ་དག་གིས་ལོ་ཚིགས་འདི་ཚོའི་ཁུངས་གང་གང་ནས་རྙེད་པ་རེད་ཅེས་དྲིས་དུས་མང་ཆེ་བ་ཤིག་གི་ཁུངས་ནི་གང་ལ་བཅོལ་བ་ཡིན་མི་ཤེས་ཟེར། ལ་ལ་ཞིག་ཤེས་གི་འདུག་ཟེར། དེ་ནས་ངས་ཁོང་ལ་བསྟན་འཛིན་རྣམ་དག་གིས་གཏེར་ནས་བླངས་པ་མིན་ནམ་བརྗོད་ནས་ངེད་གཉིས་གད་མོ་བགད་པ་ཡིན།
ནུབ་ཕྱོགས་པའི་ཚན་རིག་གི་ལྟ་བའི་ལམ་ནས། བོད་ཀྱི་ཆོས་དང་རིག་གཞུང་ལ་ཞིབ་འཇུག་གནང་མཁན། བོད་ཀྱི་མཁས་པ་ཐོག་མ་དེ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་ཡིན་ནམ། །
སྤོབས་པ་ལགས་ཁྱེད་རང་གཉིས་རྨོངས་བསྡད་པ་འདྲ། ལོ་ཚིག་གི་ཁུངས་གང་གཏུགས་མེད་ཡོད་བསྟན་འཛིན་རྣམ་དག་ལ་དྲི་དགོས་ རེད་བ།
སྤོབས་མཐའ། རྒྱ་མཚོ་འགྲམ་དུ་བཞག གོ་གྱོང་མཆིལ་མས་སྦང་། ང་ནི་ཁྱེད་ཀྱི་སྐད་ཆ་ཉར་ནས་ཁ་དང་རྐུབ་གཉིས་ཀ་ནས་གད་མོ་ཤོར་བྱུང་། རང་མགོ་རང་གིས་གཡོག་ན་དགའ་དྲོག་དྲོག ཅིས་མ་བདེན།
དེ་ན་ངས་ཁྱེད་རྣམ་པ་ལ་དྲི་བ་གཅིག་འདྲི། གཤེན་ཀླུ་དགའི་འཁྲུངས་འདས་ཀྱི་ལོ་ཚིགས་སྐོར་ཡིག་ཆ་རྙིང་ཤོས་གང་ལ་ཁུངས་བཅོལ་ཡོད་ལགས། ང་ལ་དྲི་བ་མང་པོ་ཡོད་མོད་མགོ་འདི་ནས་འཛུགས།
ད་ཡིན་གྱི་རེད་ སྐད་མཁྲེགས་པོ་རྒྱབ་མཁན་ཚང་མ་མཁས་དབང་། ཀློག་ཁག་པོ་ གོ་ཡས་མེད་པ་བྲིས་མཁན་ལ་སྙན་ངག་པ། ཉིན་ཞིག་སངས་རྒྱས་བཅོམ་ལྡན་འདས་ཨ་མདོ་བ་རེད་ཟེར་བ་འདུག་ དངོས་གནས་ཨ་མདོ་བ་ལ་བློ་ཁོག་འདུག།
གཤེན་ཆེན་ཀླུ་དགའ་ནི་བོན་གྱི་གཏེར་སྟོན་ཡོད་དོ་ཅོག་གི་རྒྱལ་པོ་ལྟ་བུ་དེ་རེད། དེ་ཁོང་གི་རྣམ་ཐར་ལ་གཞི་བཅོལ་དགོས་པ་ལས་གཞན་ཞིག་ལ་ཁུངས་གཏུག་དགོས་པའི་རྒྱུ་མཚན་ཅི་ལགས།།
ཡོངས་འཛིན་བསྟན་འཛིན་རྣམ་དག་མཆོག་གིས་བརྩམས་པའི་བསྟན་རྩིས་ཡོད་པ་མཐོང་ཐོས་མེད། སྤོབས་མཐའ་ལ་སུས་སྤྲད་པ་ཡིན་ནམ། གཤེན་ཀླུ་དགའི་ལོ་རྒྱུས་དུས་རབས་བཅུ་བཞི་པའི་ནང་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི་ལྷོ་གཏེར་བོན་གྱི་ལོ་རྒྱུས་ཞེས་པ་ཡོད། དེ་ཡང་གཤེན་གྱི་སློབ་མ་བྲུ་ཞུ་གཉིས་ཀྱིས་བྲིས་པར་ཁུངས་བཞག་འདུག་བསམ།
སྤོབས་མཐའ། དེང་སང་བོན་པོ་ཚོ་ལོན་ཌོན་ལ་ཡོང་ན་གནས་ཚང་གཡར་གི་ཨེ་ཡོད། ང་ཡོང་གི་ཡོད་མོད་སྔོན་མ་ཁྱོས་བོན་པོ་ཚོ་ལ་གནས་ཚང་གཡར་གི་མིན་ཟེར་ནས་བཤད་སོང་། དེ་བས་ཁྱོད་ཀྱིས་གནས་ཚང་གཡར་གི་མེད་ན་འདུག་ས་རྙེད་རྒྱུ་མ་རེད།
འདིར་བཤད་པའི་རྫོགས་ཆེན་དེ། བོད་པའི་ལྟ་གྲུབ་རེད་ཟེར་དུས་དགའ་བ་སྐྱེས། འོནད་ཀྱང་། བོད་མི་ཐོག་མ་སུས་གསུངས་པ་རེད། བྲིས་ན་མཚན་སྨྲོས་ཡ་མེད་པ་འདིས་ཡིད་རྨུགས་སུ་འཇུག་བགྱིད།
ཁོང་གི་འབུམ་རམས་པའི་དཔྱད་རྩོམ་དེ་རིན་གོང་ཆེ་དྲགས་ནས་ཉོ་ཐུབ་མ་སོང་། བོད་པའི་མཁས་པས་བྲིས་པའི་དེབ་གོང་ཆེ་ཤོས་དེ་ཡིན་ས་རེད། དངོས་གནས་རྫོགས་ཆེན་ལ་རིན་ཐང་འདུག
ཧེ་ཧེ། གོང་ཐང་ག་ཚོད་ཆེ་ན་དེ་ཚོད་ཀྱིས་རིན་ཐང་ཆེ། འོན་ཀྱང་བླར་རྒན་གྱིས་བརླ་བརྒྱོ་ཆེད་ཨིན་ཆུང་ལ་གླ་རྔན་སྤྲད་རྒྱུའི་དངུལ་དེ་གསོག་འཇོག་བྱས་ཡོད་ན་དེབ་དེ་ཉོ་ཐུབ་ད་ཐུབ།
འབུམ་རམས་པས་དཔྱད་རྩོམ་བཙོང་བ་དང་། བླ་མས་དུས་དབང་བཙོང་བ། རྣམ་རྒྱལ་གྲྭ་ཚང་གིས་གླང་སྐད་བཙོང་བ། རྒྱུད་པ་གྲྭ་ཚང་གིས་དཀྱིལ་འཁོར་བཙོང་བ། ཆབ་སྲིད་པས་བོད་དོན་བཙོང་བ། འདི་དག་ཚང་མ་བཙོང་སྟངས་དང་བཙོང་མཁན་མ་འདྲི་བ་ཙམ་ལས་ཚོང་བ་ཡིན་པ་གཅིག་པ་རེད། འཇིགས་བློ་ལགས། ཁ་བྱང་བསྐུར་དང་མཁར་རྨེའུས་བྲིས་པའི་དེབ་དེ་རིན་མེད་དུ་གཏོང་ཆོག །
ཞོལ་གཡག་འབྲོང་རྒྱུད་ཁྱོད་སྐད་རྒྱག་སྟངས་ལ་བལྟས་ན་འབྲོང་ལྟ་གང་ཤེས་ཏེ། བོང་བུ་ཞིག་གི་རྒྱུད་ཛར་ཞིག་ཡིན་ས་རེད། ཧ་ཧ། དགོངས་པ་མ་ཚོམས། ངའི་འགྲམ་ན་ཨིན་ཆུང་མེད།
ལྡོང་གསེར་མིག་ལགས་ཐུགས་རྗེ་ཆེ། ཁྱེད་ལ་དེ་སྔོན་ནས་ཉོས་ཟིན་ཏེ་བཀླགས་ཚར་བའི་དེབ་དེ་འདྲ་ཡོད་ན་ལྟ་བསྐུར་རོགས་ཞུ་རྒྱུ་ཡིན། གསར་པ་ཉོ་དགོས་རྒྱུ་ཡིན་ན་མ་ཉོ་རོགས་གནང་། ངས་ད་ལྟ་དྲ་ཐོག་གི་PDFབརྒྱུད་དེ་ཅིག་ཀློག་གི་ཡོད། འོན་ཀྱང་རྫོགས་ཆེན་གྱི་ལྟ་གྲུབ་བོད་རང་ནས་བྱུང་བའི་རྒྱུ་མཚན་གསལ་པོ་དེ་འདྲ་རང་ཞིག་བཀོད་མི་འདུག དཔེ་དེབ་ཅིག་བསྐུར་བསམ་པའི་འདུན་པ་བསྐྱེད་པ་ཙམ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
བོན་པོ་ལགས། ཁྱེད་ནས་ངའི་གོང་གི་དྲི་བ་དེ་གཟིགས་པའི་སྐབས་བྱུང་ན། བཀའ་པོད་བརྒྱད་ཟེར་བ་གང་དག་ཡིན་པ་དང་། བོན་ལུགས་ལ་ཐ་སྙད་དེ་ག་དུས་བེད་སྤྱོད་གཏོང་སྲོལ་བྱུང་བའི་སྐོར་ལན་ཞིག་གནང་རྒྱུ་མ་བརྗེད་རོགས། ཐ་སྙད་ཆུང་ཆུང་འདི་ང་ལ་གལ་ཆེན་པོ་ཆགས་སོང་།
སྤུན་གྲོགས་ཚོ། བོན་ལ་དམོད་མི་ཉན། ༧རྒྱལ་བ་ལྔ་པས་བོན་པོ་བླ་མ་སྐུ་མདུན་ལྷུན་གྲུབ་ཟེར་བ་སོགས་གཟིམ་ཤག་ཏུ་ཞབས་རིམ་ལ་གདན་ཞུས། མོ་རྩིས་བརྒྱག་ཏུ་བཅུག བཀའ་སློབ་ཞུས། ༡༦༧༩ ལོར་སངས་རྒྱ་སྡེ་སྲིད་ལ་བསྐོ་དུས་བོན་ཆོས་བདེ་པ་གཞུང་གི་ཆོས་ལུགས་ཚད་ལྡན་གཅིག་ཏུ་གཙིེ་འཇོག་དགོས་པའི་དམིགས་བསལ་བཀའ་གཙིགས་གནང་བ་སོགས་དུ་ཀུ་ལར་གསལ་ཡོད། བོད་རང་གི་གདོད་མའི་ཆོས་དང་རིག་གཞུང་འདི་ལ་གཟིགས་པ་བླ་མེད་གནང་འདུག་གོ དེང་གི་ཆར་ཡར་རྒྱས་ཀྱི་རྣམ་པ་མཐོང་བས་ཕྲག་དོག་བྱེད་ཉན།
བོད་གངས་ཅན་པའི་ཨ་མདོའི་མཁས་དབང་ཆེན་མོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་ལ། ཨ་རི་བོད་སྐད་རླུང་འཕྲིན་ཁང་གི་མདོ་འཛིན་པ་ཨང་དང་པོ། ཨ་མདོའི་བུ་མོ་མཛེས་མ་མཆོག་ཏུ་གྱུར་པ་ཚེ་རིང་སྐྱིད་ལགས་ཀྱིས། དྲི་བ་དང་དྲིས་ལན་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ། ད་དུས་མ་འོངས་པར་འདི་བཞིན་བོད་ཀྱི་ཆོས་སྲིད་དང་རིག་གཞུང་མི་རིགས་རིག་པ་སོགས་ཀྱི་སྐོར་ལ་དྲི་བ་མང་ཙམ་གཏོང་གནང་ཡོང་བའི་རེ་བསྐུལ་ཞུ་བ་ཡིན། མཛངས་མ་མཆོག་ལ་དམིགས་བསལ་བཀའ་དྲིན་ཆེ་ཞུ། །
ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡན་གྱི་བོན་པོའི་ལྟ་སྒོམ་སྤྱོད་གསུམ་ཡང་དག་ཡིན་པར་ངེས་པ་རྙེད་སོང་ན། ང་ཚོའི་ནང་པའི་གཞུང་ནས་བཤད་པའི་ལོ་རྒྱུས་སྨྲ་བ་དག་རྫུན་དུ་ཐལ་བ་རེད། གང་ལྟར་ཞིབ་འཇུག་ཕུལ་དུ་ཕྱིན་པ་རེ་བྱེད་རྒྱུ་ཅིས་ཀྱང་གལ་ཆེ་བར་མངོན་ནོ། །
ཤར་ཕྱོགས་ཉི་མའི་ཟེར་དང་འགྲོགས། །
ཡང་དག་བོན་གྱི་བདུད་རྩིས་བསྐྱངས། །
རིག་པས་འཛམ་གླིང་འདར་བར་བྱེད། །
དོན་གྱི་མཁས་དབང་མཚན་སྙན་ཅན། །
བཀའ་སློབ་གཅིག་ཤེས་ཀུན་གྲོལ་ཨེ་མ་ཧོ། །
རྫོགས་པ་ཆེན་པོ་ཟེར་ཡ་དེ། ཆོས་ལུགས་འདི་རེད་ཟེར་ཡ་མེད་པ་བྱས། དེའི་ལྟ་བ་དེ་རྒྱ་གར་ནས་ཡོང་བ་མ་ཡིན་པ་དང་། རྒྱ་ནག་ནས་ཡོང་བ་མ་ཡིན་པར་། བོད་མི་རང་གིས་བསམ་མནོ་བཏང་ནས་ཐར་པ་ཐོབ་པའི་ལམ་ཁ་ཞིག་བཙལ་བའི་ལྟ་བ་དེ་རེད་འདུག སྤྱིར་བཏང་ནང་པའི་ཆོས་ལ་ཆ་བཞག་ན། ཡང་ན་རྒྱ་གར་ནས་མར་སམ་ཀྲི་ཏའི་སྐད་ནས་བོད་སྐད་ལ་བསྒྱུར་བ་དང་། ཡང་ན་རྒྱ་སྐད་ཀྱི་ཐོག་ནས་རྒྱ་ནག་ནས་ཡར་མདོ་ཡིན་ན་འདྲ་རྒྱུད་ཡིན་ན་འདྲ་དེ་འདྲ་བསྒྱུར་ནས་བོད་ལ་ཡོང་བ་རེད། བྱས་ཙང་། དེ་འདྲ་བྱས་དུས་སྒང་ལ། ནང་པའི་ཆོས་ཀྱི་གྲུབ་མཐའི་རྩ་བ་དེ་ག་བ་ཐུག་པ་རེད་ཟེར་ན། ཡང་ན་རྒྱ་གར་ལ་ཐུག་པ་རེད། ཡང་ན་རྒྱ་ནག་ལ་ཐུག་པ་རེད། དེ་འདྲ་བྱས་ནས་སྐད་ཆ་བཤད་ཡོང་དུས་ཁ་ལ། བོད་པ་རང་ལ་དུས་རབས་བདུན་པ་དང་བརྒྱད་པ་ལ། བོད་པ་རང་གི་བསམ་འཆར་ཞིག་ཁྱེར་ནས་དེབ་འབྲི་ཡ་དང་དེ་འདྲ་ཞིག་གས་བྱུང་མེད་པའི་བཟོ་འདྲ་པོ་ཞིག བོད་པ་རང་ལ་བསམ་འཆར་གང་ཡང་མེད་པ་ཞིག དེ་ནང་བཞིན་ཆགས་བསྡད་ཀྱི་འདུག་ག། འོ་དེ་འདྲ་ཡིན་དུས་ཁ་ལ། རྫོགས་པ་ཆེན་པོའི་ལྟ་བ་དེ། ངས་བསམ་པ་ལ། ངའི་འབུམ་རམས་པའི་ནང་ལ། བོད་རང་ནས་བྱུང་བ་རེད་ཟེར་ནས་ཐག་བཅད། ཐག་གཅོད་ཀྱི་རྩ་བ་དེ་དེ་ཡིན། །
༼རིག་བཟང་མ༽མཁས་དབང་འདི་དག་ལ་གོ་སྐབས་ནམ་ཡོད་ལ་བཀའ་འདྲི་དང་ལམ་སྟོན་ཞུ་དགོས་པ་ཤུན་ཏུ་གལ་ཆེན་རེད། བཀའ་དྲིན་ཆེའོ།
BONPO ལགས། རྫོགས་ཆེན་གྱི་གནས་ལུགས་ལ་དགག་བཞག་སྤོང་གསུམ་དང་འབྲེལ་བའི་རྩོམ་ཡིག་གནད་འགག་ཅན་གྱི་རིགས་ཁ་བརྡ་དྲ་ཐོག་ཏུ་བཏང་བས་ཕན་ཐོག་ཆེན་པོ་ཡོད་པ་མ་རེད་བསམ་གི། གང་ཡིན་ཟེར་ན། དྲ་འབུ་ནག་ར་ཚོས་དོན་མེད་ཚོགས་ངན་བསགས་པའི་རྒྱུར་འགྱུར་བའང་སྲིད་པ་རེད། དེས་ན་རྩོམ་ཡིག་དེ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཚོའི་གདན་སའི་རིགས་ལམ་པ་རྣམས་དང་། ཡང་ན། མཁས་གྲུབ་གཉིས་ལྡན་གྱི་རྟོགས་ལྡན་རྣལ་འབྱོར་བ་ཚོར་ཟུར་ནས་འདྲི་དགོས་པའི་གནད་དོན་རྐྱང་བ་རེད་འདུག འོ། གལ་སྲིད་ཁ་བརྡ་དྲ་བའི་མདུན་ངོས་སུ་རྩོམ་ཡིག་སྤེལ་འདོད་ན། Khabdha@gmail.com དུ་བཏང་ན་རྩོམ་སྒྲིག་པ་ཚོས་རྩོམ་ཡིག་ཞིབ་གཤེར་གྲུབ་རྗེས་དྲ་ཐོག་ཏུ་འཇོག་གི་འདུག དེ་ཙམ་ཡིན། །
ཁ་བརྡ་ཚང་ངོ་མ་མགྱོགས་སེ་འདུག ཨ་ཨ་ཨ། ངས་ཁྱོད་ལ་མཆན་དེ་བྲིས་རྗེས་གཙང་ཚྭའི་རྩོམ་ཡིག་ཁ་བརྡའི་མདུན་ངོས་སུ་བཞག་ཚར་འདུག ཧཧཧ
ལྡོང་གིས་གསུངས་པར་རྒྱབ་སྐྱོར་ཡོད་གསང་བ་ཆེན་པོའི་ལྟ་བ་དེ་ཚོ་འབུ་ཚོགས་སུ་བཏབ་ན་ཆང་དར་གྱི་འབང་མ་བཞིན་ཉ་ཉོག་ཏུ་འགྲོ་ངེས་རེད་་་་དེ་བཞིན་བླ་མ་དང་དགེ་བའི་བཤེས་གཉེན་བཟང་པོ་དེ་འདྲ་བའི་རྣམ་ཐར་མཛད་པ་སོགས་ཁ་བརྡའི་དྲ་བར་བཏང་ན་དེ་ནི་དྲ་འབུ་ཚོར་སྐུར་འདེབ་སྒྲོས་སྐུར་བྱོས་ཞེས་བཤད་པ་དང་གཅིག་མཚུངས་རེད། གསང་བ་ཆེན་པོའི་གདམས་པ་དེ་རིགས་འདི་ན་མ་འཇོག་རོགས་གནང་་་་་དེས་དམྱལ་བ་ཆེན་པོར་འཕེན་པའི་རྒྱུ་གསོག་པ་ལས་དགེ་མཚན་གང་ཡང་མ་མཐོང།
ལྡོང་གསེར་མིག་ལགས་དང་ཁྱུང་སེ་ལགས་རྣམ་པ་གཉིས་པོར་དགོངས་འགལ་མེད་པ་ཞུ། ཁྱེད་རྣམ་གཉིས་ལོས་བདེན། རྗེས་མ་གཟབ་གཟབ་བྱ་ཆོག་པ་ཞུ། ལྡོང་གསེར་མིག་ལགས་ཀྱིས་རྩོམ་ཡིག་སྐུར་སྟངས་ལམ་སྟོན་གནང་བར་བཀའ་དྲིན་ཆེ་ཞུ། །
བོད་ཀྱི་མཁས་པ་གོང་མ་རྣམས་ཀྱིས་རྫོགས་ཆེན་ནི་བསྟན་པའི་སྙིང་པོ་དེ་ཡིན་ཚུལ་ཡང་ཡང་གསུངས་ཡོད་རབས་འདུག དེ་འདྲ་ཅིའི་ཕྱིར་དུ་གསུངས་པ་ཡིན་ནམ། །
ངའི་གྲོགས་པོ་བོན་པོ་མཁས་པ་ཞིག་གིས་་ཡོངས་འཛིན་བསྟན་འཛིན་རྣམ་དག་ཟེར་བས་བྲིས་པའི་བོན་གྱི་བསྟན་རྩིས་ཟེར་བ་ཞིག་གནང་ནས་དེ་ཀློག་དང་ཡག་པོ་ཡོད་རེད་ཟེར། ངས་ཅུང་ཙམ་བཀླགས་པ་ཡིན། དེ་ནས་ངས་ཁོང་ལ་བསྟན་འཛིན་རྣམ་དག་གིས་ལོ་ཚིགས་འདི་ཚོའི་ཁུངས་གང་གང་ནས་རྙེད་པ་རེད་ཅེས་དྲིས་དུས་མང་ཆེ་བ་ཤིག་གི་ཁུངས་ནི་གང་ལ་བཅོལ་བ་ཡིན་མི་ཤེས་ཟེར། ལ་ལ་ཞིག་ཤེས་གི་འདུག་ཟེར། དེ་ནས་ངས་ཁོང་ལ་བསྟན་འཛིན་རྣམ་དག་གིས་གཏེར་ནས་བླངས་པ་མིན་ནམ་བརྗོད་ནས་ངེད་གཉིས་གད་མོ་བགད་པ་ཡིན།
མཁས་དབང་མཁར་རྨེའུ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ།
ནུབ་ཕྱོགས་པའི་ཚན་རིག་གི་ལྟ་བའི་ལམ་ནས། བོད་ཀྱི་ཆོས་དང་རིག་གཞུང་ལ་ཞིབ་འཇུག་གནང་མཁན། བོད་ཀྱི་མཁས་པ་ཐོག་མ་དེ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་ཡིན་ནམ། །
སྤོབས་པ་ལགས་ཁྱེད་རང་གཉིས་རྨོངས་བསྡད་པ་འདྲ། ལོ་ཚིག་གི་ཁུངས་གང་གཏུགས་མེད་ཡོད་བསྟན་འཛིན་རྣམ་དག་ལ་དྲི་དགོས་
རེད་བ།
སྤོབས་མཐའ། རྒྱ་མཚོ་འགྲམ་དུ་བཞག གོ་གྱོང་མཆིལ་མས་སྦང་། ང་ནི་ཁྱེད་ཀྱི་སྐད་ཆ་ཉར་ནས་ཁ་དང་རྐུབ་གཉིས་ཀ་ནས་གད་མོ་ཤོར་བྱུང་། རང་མགོ་རང་གིས་གཡོག་ན་དགའ་དྲོག་དྲོག ཅིས་མ་བདེན།
དེ་ན་ངས་ཁྱེད་རྣམ་པ་ལ་དྲི་བ་གཅིག་འདྲི། གཤེན་ཀླུ་དགའི་འཁྲུངས་འདས་ཀྱི་ལོ་ཚིགས་སྐོར་ཡིག་ཆ་རྙིང་ཤོས་གང་ལ་ཁུངས་བཅོལ་ཡོད་ལགས། ང་ལ་དྲི་བ་མང་པོ་ཡོད་མོད་མགོ་འདི་ནས་འཛུགས།
ད་ཡིན་གྱི་རེད་ སྐད་མཁྲེགས་པོ་རྒྱབ་མཁན་ཚང་མ་མཁས་དབང་། ཀློག་ཁག་པོ་ གོ་ཡས་མེད་པ་བྲིས་མཁན་ལ་སྙན་ངག་པ།
ཉིན་ཞིག་སངས་རྒྱས་བཅོམ་ལྡན་འདས་ཨ་མདོ་བ་རེད་ཟེར་བ་འདུག་ དངོས་གནས་ཨ་མདོ་བ་ལ་བློ་ཁོག་འདུག།
གཤེན་ཆེན་ཀླུ་དགའ་ནི་བོན་གྱི་གཏེར་སྟོན་ཡོད་དོ་ཅོག་གི་རྒྱལ་པོ་ལྟ་བུ་དེ་རེད། དེ་ཁོང་གི་རྣམ་ཐར་ལ་གཞི་བཅོལ་དགོས་པ་ལས་གཞན་ཞིག་ལ་ཁུངས་གཏུག་དགོས་པའི་རྒྱུ་མཚན་ཅི་ལགས།།
ཡོངས་འཛིན་བསྟན་འཛིན་རྣམ་དག་མཆོག་གིས་བརྩམས་པའི་བསྟན་རྩིས་ཡོད་པ་མཐོང་ཐོས་མེད། སྤོབས་མཐའ་ལ་སུས་སྤྲད་པ་ཡིན་ནམ། གཤེན་ཀླུ་དགའི་ལོ་རྒྱུས་དུས་རབས་བཅུ་བཞི་པའི་ནང་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི་ལྷོ་གཏེར་བོན་གྱི་ལོ་རྒྱུས་ཞེས་པ་ཡོད། དེ་ཡང་གཤེན་གྱི་སློབ་མ་བྲུ་ཞུ་གཉིས་ཀྱིས་བྲིས་པར་ཁུངས་བཞག་འདུག་བསམ།
ཁ་བརྡ་ལགས་པདྨའི་མཆན་ལ་ཡང་ཁྲིམས་གཅོད་ནན་པོ་གནང་རོགས་ཞུ།
སྤོབས་མཐའ། དེང་སང་བོན་པོ་ཚོ་ལོན་ཌོན་ལ་ཡོང་ན་གནས་ཚང་གཡར་གི་ཨེ་ཡོད། ང་ཡོང་གི་ཡོད་མོད་སྔོན་མ་ཁྱོས་བོན་པོ་ཚོ་ལ་གནས་ཚང་གཡར་གི་མིན་ཟེར་ནས་བཤད་སོང་། དེ་བས་ཁྱོད་ཀྱིས་གནས་ཚང་གཡར་གི་མེད་ན་འདུག་ས་རྙེད་རྒྱུ་མ་རེད།
འདིར་བཤད་པའི་རྫོགས་ཆེན་དེ། བོད་པའི་ལྟ་གྲུབ་རེད་ཟེར་དུས་དགའ་བ་སྐྱེས། འོནད་ཀྱང་། བོད་མི་ཐོག་མ་སུས་གསུངས་པ་རེད། བྲིས་ན་མཚན་སྨྲོས་ཡ་མེད་པ་འདིས་ཡིད་རྨུགས་སུ་འཇུག་བགྱིད།
ཁོང་གི་འབུམ་རམས་པའི་དཔྱད་རྩོམ་དེ་རིན་གོང་ཆེ་དྲགས་ནས་ཉོ་ཐུབ་མ་སོང་།
བོད་པའི་མཁས་པས་བྲིས་པའི་དེབ་གོང་ཆེ་ཤོས་དེ་ཡིན་ས་རེད། དངོས་གནས་རྫོགས་ཆེན་ལ་རིན་ཐང་འདུག
ཧེ་ཧེ། གོང་ཐང་ག་ཚོད་ཆེ་ན་དེ་ཚོད་ཀྱིས་རིན་ཐང་ཆེ། འོན་ཀྱང་བླར་རྒན་གྱིས་བརླ་བརྒྱོ་ཆེད་ཨིན་ཆུང་ལ་གླ་རྔན་སྤྲད་རྒྱུའི་དངུལ་དེ་གསོག་འཇོག་བྱས་ཡོད་ན་དེབ་དེ་ཉོ་ཐུབ་ད་ཐུབ།
འབུམ་རམས་པས་དཔྱད་རྩོམ་བཙོང་བ་དང་། བླ་མས་དུས་དབང་བཙོང་བ། རྣམ་རྒྱལ་གྲྭ་ཚང་གིས་གླང་སྐད་བཙོང་བ། རྒྱུད་པ་གྲྭ་ཚང་གིས་དཀྱིལ་འཁོར་བཙོང་བ། ཆབ་སྲིད་པས་བོད་དོན་བཙོང་བ། འདི་དག་ཚང་མ་བཙོང་སྟངས་དང་བཙོང་མཁན་མ་འདྲི་བ་ཙམ་ལས་ཚོང་བ་ཡིན་པ་གཅིག་པ་རེད། འཇིགས་བློ་ལགས། ཁ་བྱང་བསྐུར་དང་མཁར་རྨེའུས་བྲིས་པའི་དེབ་དེ་རིན་མེད་དུ་གཏོང་ཆོག །
kardorime@gmail.com
ཁ་བྱང་འདིའི་ཐོག་བསྐུར་ཐུབ་བམ། ལགས།
མི་ཐུབ།
ཞོལ་གཡག་འབྲོང་རྒྱུད་ཁྱོད་སྐད་རྒྱག་སྟངས་ལ་བལྟས་ན་འབྲོང་ལྟ་གང་ཤེས་ཏེ། བོང་བུ་ཞིག་གི་རྒྱུད་ཛར་ཞིག་ཡིན་ས་རེད། ཧ་ཧ།
དགོངས་པ་མ་ཚོམས། ངའི་འགྲམ་ན་ཨིན་ཆུང་མེད།
ལྡོང་གསེར་མིག་ལགས་ཐུགས་རྗེ་ཆེ།
ཁྱེད་ལ་དེ་སྔོན་ནས་ཉོས་ཟིན་ཏེ་བཀླགས་ཚར་བའི་དེབ་དེ་འདྲ་ཡོད་ན་ལྟ་བསྐུར་རོགས་ཞུ་རྒྱུ་ཡིན།
གསར་པ་ཉོ་དགོས་རྒྱུ་ཡིན་ན་མ་ཉོ་རོགས་གནང་། ངས་ད་ལྟ་དྲ་ཐོག་གི་PDFབརྒྱུད་དེ་ཅིག་ཀློག་གི་ཡོད། འོན་ཀྱང་རྫོགས་ཆེན་གྱི་ལྟ་གྲུབ་བོད་རང་ནས་བྱུང་བའི་རྒྱུ་མཚན་གསལ་པོ་དེ་འདྲ་རང་ཞིག་བཀོད་མི་འདུག
དཔེ་དེབ་ཅིག་བསྐུར་བསམ་པའི་འདུན་པ་བསྐྱེད་པ་ཙམ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
བོན་པོ་ལགས།
ཁྱེད་ནས་ངའི་གོང་གི་དྲི་བ་དེ་གཟིགས་པའི་སྐབས་བྱུང་ན།
བཀའ་པོད་བརྒྱད་ཟེར་བ་གང་དག་ཡིན་པ་དང་། བོན་ལུགས་ལ་ཐ་སྙད་དེ་ག་དུས་བེད་སྤྱོད་གཏོང་སྲོལ་བྱུང་བའི་སྐོར་ལན་ཞིག་གནང་རྒྱུ་མ་བརྗེད་རོགས།
ཐ་སྙད་ཆུང་ཆུང་འདི་ང་ལ་གལ་ཆེན་པོ་ཆགས་སོང་།
སྤུན་གྲོགས་ཚོ། བོན་ལ་དམོད་མི་ཉན། ༧རྒྱལ་བ་ལྔ་པས་བོན་པོ་བླ་མ་སྐུ་མདུན་ལྷུན་གྲུབ་ཟེར་བ་སོགས་གཟིམ་ཤག་ཏུ་ཞབས་རིམ་ལ་གདན་ཞུས། མོ་རྩིས་བརྒྱག་ཏུ་བཅུག བཀའ་སློབ་ཞུས། ༡༦༧༩ ལོར་སངས་རྒྱ་སྡེ་སྲིད་ལ་བསྐོ་དུས་བོན་ཆོས་བདེ་པ་གཞུང་གི་ཆོས་ལུགས་ཚད་ལྡན་གཅིག་ཏུ་གཙིེ་འཇོག་དགོས་པའི་དམིགས་བསལ་བཀའ་གཙིགས་གནང་བ་སོགས་དུ་ཀུ་ལར་གསལ་ཡོད། བོད་རང་གི་གདོད་མའི་ཆོས་དང་རིག་གཞུང་འདི་ལ་གཟིགས་པ་བླ་མེད་གནང་འདུག་གོ དེང་གི་ཆར་ཡར་རྒྱས་ཀྱི་རྣམ་པ་མཐོང་བས་ཕྲག་དོག་བྱེད་ཉན།
དེང་གི་ཆར་ཡར་རྒྱས་ཀྱི་རྣམ་པ་མཐོང་བས་ཕྲག་དོག་བྱེད་མི་ཉན། བཅོས་རོགས།
བོད་གངས་ཅན་པའི་ཨ་མདོའི་མཁས་དབང་ཆེན་མོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་ལ། ཨ་རི་བོད་སྐད་རླུང་འཕྲིན་ཁང་གི་མདོ་འཛིན་པ་ཨང་དང་པོ། ཨ་མདོའི་བུ་མོ་མཛེས་མ་མཆོག་ཏུ་གྱུར་པ་ཚེ་རིང་སྐྱིད་ལགས་ཀྱིས། དྲི་བ་དང་དྲིས་ལན་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ། ད་དུས་མ་འོངས་པར་འདི་བཞིན་བོད་ཀྱི་ཆོས་སྲིད་དང་རིག་གཞུང་མི་རིགས་རིག་པ་སོགས་ཀྱི་སྐོར་ལ་དྲི་བ་མང་ཙམ་གཏོང་གནང་ཡོང་བའི་རེ་བསྐུལ་ཞུ་བ་ཡིན། མཛངས་མ་མཆོག་ལ་དམིགས་བསལ་བཀའ་དྲིན་ཆེ་ཞུ། །
གདོད་མའི་བོད་ཀྱི་བོན་ནམ། ཆོས་རྒྱལ་སྲོང་བཙན་གོང་གི་བོན་གྱི་སྐོར་ལ་ཉམས་ཞིབ་ཤིནད་ཏུ་གལ་ཆེན་པོ་རེད།