ཀླུ་སྨྱོན།
སྡོམ་གྱི་བཀའ་དྲིན་གྱིས་ང་ཚོར་དེང་རབས་ཅན་གྱི་དྲ་རྒྱ་འདི་དག་བྱུང་བ་མ་བརྗེད་པར་གྱིས།
ཁ་བྱང་གི་འགྲེལ།
ས་རུབ་ནས་ཅུང་མ་འགོར་བར། ། སྡོམ་ཞིག་ཕྱི་རོལ་གྱི་འཇིག་རྟེན་འདིར་མངོན་བྱུང་།
གློག་འོད་གསལ་ས་ཞིག་ནས། སྡོམ་གྱིས་དྲ་རྒྱ་འགྲེམ་མགོ་བཙུགས་སོང་།
ཆར་བ་ཟམ་ཟིམ་ཞིག་བབས་བྱུང་། ཡིན་ན་ཡང་སྡོམ་གྱིས་འབད་བརྩོན་ཆེན་པོས་དྲ་རྒྱ་འགྲེམ་རྒྱུར་བར་ཆད་ཅི་ཡང་མ་བྱུང་།
སྦྲང་བུ་མེ་ལྕེབས་ཤིག་དྲ་རྒྱས་བཟུང་སོང་། དེ་མ་ཡིན་པའི་སྲིན་བུ་མང་པོ་ཞིག་ཀྱང་དྲ་རྒྱའི་ཉེ་ས་ན་འཕུར་ལྡིང་བྱེད།
ཅུང་མ་འགོར་བར་། སྡོམ་གྱི་འཚོ་བ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཅིག་ཀྱང་བྱུང་སོང་།
སྐྱ་རེངས་ཤར་ལ་ཉེ། གློག་འོད་ཀྱང་རབ་རིབ་ཏུ་གྱུར།
སྡོམ་དེ་རང་ཤོང་གི་སྤྱིལ་བུར་འཛུལ་སོང་། དེས་རང་གི་ཚོ་ཞིང་སྣུམ་པའི་ལྟོ་བ་ལ་བྱིལ་བྱིལ་བྱེད་བཞིན་འདུག
སྐྱེ་བ་རྗེས་མ་དེར། གློག་འོད་གསལ་ས་ཞིག་ནས་སྡོམ་ཞིག་གི་སྐྱེ་བ་བླངས་ན་་་ ་་་