སྤྱན་ཆེན་པོ།
མཚན་མོ་འདིར་ཕྱི་རོལ་ན་ཆར་བ་འབབ་བཞིན་འདུག
གློག་དམར་དག་ཞེ་སྡང་ངང་འཁྱུག་བཞིན་འདུག
སྲང་ལམ་གྱི་ཁྱི་ལྡོམ་ཚོའི་ངུ་སྐད
སྡོམ་ཐག་བཞིན་གང་སར་འཐེན་འདུག
རྨི་ལམ་གྱི་གསེབ་ནས་ངས་བོར་སོང་བ་དེ་སུ
ངའི་ཤེས་པ་དང་དྲན་པ་ཁེགས་སའི་རོལ་དབྱངས་དེ་གང
དོ་ནུབ་ཕྱི་རོལ་ན་ད་དུང་ཆར་བ་འབབ་བཞིན་འདུག
༢༠༡༥-༦-༤མཚན་མོར་བྲིས།