སྐྱིད་བྱམས་དཔལ་སྐྱིད།
གུས་མོའི་མ་ཡུམ་ནི་ད་ལོ་དགུང་གྲངས་དྲུག་ཅུར་ཕེབས་ཀྱི་ཡོད་ལ། ཁོ་མོ་ནི་མཛེས་པའི་གཟུགས་དང་ལྡན་ཞིང་། ཞལ་རས་འཇམ་ལ་དཀར་བའི་ངོར། གཞུ་ལྟར་འཁྱོག་པའི་སྨིན་མའི་འོག ཁྲ་རིལ་རིལ་གྱི་མིག་ཟུང་ནི་པད་ནང་བུང་བ་གཡོ་བ་དང་སྒོ་ཀུན་ནས་མཚུངས། རྒྱ་ལྕང་གི་ལོ་མ་ལྟར་ཐུར་དུ་དཔྱངས་པའི་སྐྲ་ལོས་ཁོ་མོ་སྔར་ལས་ཀྱང་མཛེས་སྡུག་གི་རྣམ་པས་བརྒྱན་པར་བྱས་ཡོད།
ཁོ་མོ་ནི་མི་གཞན་ལ་རོགས་རམ་བྱེད་རྒྱུར་ཧ་ཅང་དགའ་ལ། རྒན་པར་བརྩི་བཀུར་ནི་དེ་བས་ཀྱང་གལ་ཆེན་དུ་བརྩི། རྒྱུན་པར་ངེད་ནུ་མོ་གཉིས་ལ་རང་གཞན་ཀུན་ལ་ཕན་པའི་མི་ཞིག་བྱེད་དགོས་པའི་སློབ་གསོ་ཡང་ཡང་གཏོང་ཞིང་། དེ་ནི་མི་རྣམས་དཔལ་འབྱོར་གྱི་བྲན་དུ་ཚུད་པའི་དུས་འདིར་ཧ་ཅང་ཐོས་དཀའ་བའི་བསླབ་བྱ་ཞིག་རེད།
དེའི་ཕྱིར་གུས་མོས་མི་ཡུལ་ནས་སློབ་གསོ་དེ་དྲན་དུས། གློ་བུར་དུ་སྔོ་ཞིང་བསངས་པའི་ནམ་མཁར་ནག་ནོག་གི་སྤྲིན་ཕུང་འཁྲིགས་ཤིང་། འུར་འུར་དུ་གྲགས་འོང་བའི་འབྲུག་སྒྲས་གནམ་ས་འགུལ་བར་བྱས། བསམ་དབང་དང་དྲན་དབང་མེད་པར་ཆར་ཤུགས་ཆེན་པོ་ཞིག་གིས་ས་གཞི་བརླན་པར་བྱས་སོོང་། སྐབས་དེ་དུས་མ་ཡུམ་གྱི་ཕྱོགས་སུ་ཅེར་གྱིན་མིག་ཆུ་རྡོག་པོ་ཞིག་དལ་གྱིས་ས་རུ་ཟགས། ཇི་ཙམ་དྲན་རུང་ལེ་དབར་དུ་མས་བར་དུ་ཆོད་ཟིན་སྟབས། ཆར་གྱིས་བརླན་པའི་བྱེའུ་བཞིན་གྲང་ཤུར་ཤུར་ངང་ཅི་ཡང་སྨྲ་མི་ཐུབ་པར་གྱུར།
ཡག་པོ་བྲིས་འདུག