བསེ་རུ་ཟང་ཐལ།
ཀ༵་དང་ཁ༵་གཉིས་སྡེ་པ་གཅིག་མོད་ཀྱང་།།
ཁ༵་ཡིས་ག༵་དུས་སྤྱི་པ་སྤྱི་པ་ཟེར།།
ག༵་སར་ང༵་དང་ང་ཚོའི་རྐང་འདྲེན་ཁེངས།།
ང༵་རའི་ཅ༵་ག་གཅེས་ནོར་སྤྱི་རྒྱུ་རེད།།
ཅ༵་ལག་ཆ༵་ཚང་སྤྱི་རྗས་སྒེར་བདག་སྒྱུར།།
ཆ༵་སྙོམས་ཇ༵་ཆང་མི་བཏུངས་གུ་འཐུང་གིས།།
ཇ༵་མར་ཉ༵༵་བསྲེས་དཀོར་གྱིས་བཤལ་སྐྱུག་ཁེངས།
ཉ༵༵་དག་ཏ༵་ལའི་བཅུད་ཀྱིས་ལྟོ་བ་རེངས་།།
ཏ༵་ལའི་ཐ༵་རེངས་སྐྱ་སེར་དཔོན་ངན་མང་།།
ཐ༵་མག་ད༵་གས་རང་དང་རྒྱལ་ཁམས་ཕོངས།།
ད༵་ནི་ན༵་རྒའི་ལས་ངན་འབྲས་བུས་ཁེངས།།
ན༵་དུས་པ༵་ཕས་ཀྱང་ནི་གཡུགས་ཤོག་ཟེར།།
པ༵་དང་ཕ༵་མེས་སྤྱན་གྱིས་གཟིགས་པ་བྲལ།།
ཕ༵་ཡིས་བ༵་ཉོས་འོ་མ་འཇོ་འབྲས་དབེན།།
བ༵་དང་མ༵་མའི་འོ་སྐྱ་ས་སྟེང་ཁེངས།།
མ༵་ཡིས་ཙ༵་ར་ཚ་མོས་གཏམ་གྱིས་བཟི།།།
ཙ༵་ར་ཚ༵་མོས་གཅར་རྡུང་ཟུག་གཟེར་བརྒྱབས།།
ཚ༵་ཁུག་ཇ་རས་མ་འགྲིགས་ཇག་པ་བརྒྱབས།།
ཇ་ལང་ཝ༵་སྐད་གཏམ་ངན་རྒྱལ་ཁམས་ཁེངས།།
ཝ༵་ལྤགས་ཞྭ༵་ཡིས་འཐུམས་ཀྱང་ངོ་གདོང་མཐོང་།།
ཞ༵་བོ་ཟ༵་ཁུའི་ནད་ཀྱིས་རྒྱལ་ཁམས་གཏོར།།
ཟ༵་འདྲེ་འ༵་ཅག་མིན་ཟེར་རྗུན་ཆོས་བསྒྲིགས།།
འ༵་ཅག་ཡ༵་ངའི་ལྟད་མོས་ས་སྟེང་ཁེངས།།
ཡ༵་མ་རཱ༵་ཇཱའི་བདེན་སྟོབས་བརྗོད་ཡོད་དོ།།
ར༵་ས་ལ༵་རྒྱག་འགྲོ་ས་མི་ཡུལ་རེད།།
ལ༵་མོ་ཤ༵་བཀྲའི་ནད་ཀྱིས་གཙེ་ལ་ཁད།།
ཤ༵་ཟ་ས༵་རིར་བོང་བས་དྲི་ངན་ཁེངས།།
ས༵་ལ་ཧ༵༵་ལོའི་མེ་ཏོག་འགྲམས་ནས་འདུག།
ཧ༵༵ལ་ཨ༵་ལའི་གླུ་དབྱངས་གྱང་ནས་ལེན།།
ཨ༵་ལས་ཨ༵་ལས་ཟེར་ནས་སྤྱི་དོན་བསྐྱུར།།
ཇ་ལང་དེ་ཇ༹༵་ལང་(སྤྱོད་ངན་)ཞེས་བཅོས་རོགས།
ཀ་རྩོམ་བཙན་འབྲི་བྱས་ན་དཀའ་རོགས་རེད།།
ཁ་སྐད་ཡིག་གེར་ཕབས་ན་ཁག་པོ་རེད།།
ག་ལེར་དག་ཆ་ཡག་པོ་འགའ་རེ་སྦྱོངས།།
ང་ཡི་སྐད་ཆ་འདི་ལ་ངོས་ལེན་གྱིས།།
ཀ་ཁའི་ཐལ་གླུ་གོ་སོང་བསེ་རུ་ལགས།།
ཁ་སང་བཤད་པའི་གཏམ་གྱི་སྙིང་པོ་ཀུན།།
ག་སར་སོང་ཡང་སེམས་སུ་ཉར་ཡོད་པས།།
ང་རོའི་དབྱངས་ཅིག་ཨེ་ཡོང་སྒུག་ནས་ཡོད།།
ཅ་ཅོ་སྒྲོག་ཚད་ལེགས་བཤད་ཡིན་མིན་དང་།
ཆ་ལུགས་བསྟན་ཚད་བཟང་སྤྱོད་ཡིན་མིན་སོགས།།
ཇ་ཆང་པ་ཚོར་གཏམ་ཞིག་ཡིན་ན་ཐང་།
ཉ་པ་ང་ལ་བྲག་ཇ་སྟོང་པ་ཞིག།
ད་ནས་བཟུང་སྟེ་ཁྱི་རྗེས་མ་འབྲང་ཞེས།།
ཐ་ཚིག་འདི་ནས་བསྒྲགས་ན་འདོད་མོད་ཀྱང་།
ཏ་ཐའི་གསུང་གི་དགོངས་པ་འགྲེལ་མཁན་ཚོར།།
ན་ཟུག་སློང་བ་ཙམ་ལས་འབྲས་མེད་འདྲ།།
ཇི་སྐད་དུ་་་་དམ་པ་ཞིག་གིས
ངོ་བསྟོད་ལ་ཇི་ལྟར་དགའ་ན་དེ་ལྟར་རྗེས་ལུས་སུ་འགྲོ།།
སྐྱོན་བརྗོད་ལ་ཇི་ལྟར་དགའ་ན་དེ་ལྟར་ཡར་རྒྱས་སུ་འགྲོ། གསུངས་པས་ཡག་བྱུང་ངོ་།།
དམུ་ཐག་ལགས། ཐུགས་རྗེ་ཆེ། དག་ཆ་ནོར་བཅོས་སྐྱབས་འཇུག་འཚལ།