ཅོག་མྱི།
དེ་རིང་ཟ་ཁང་ནས་སོ་ཞི་ལས་བསྡད་དུས་རྒན་གཞོན་དར་མ་ཚང་བའི་རྒྱ་མིའི་བཟའ་ཚང་ཞིག་ང་ཚོའི་ཟ་ཁང་ལ་ནུབ་ཚ་ཟ་བར་སླེབས་བྱུང་། དོ་ནུབ་མགྲོན་པོ་མང་བོ་མེད་པས་ང་ལ་ཁོང་ཚོར་སྐད་ཆ་བཤད་པའི་དུས་ཚོད་ཅུང་ཙམ་རེག བཟའ་ཚང་དེའི་རྒན་རྒོན་གཉིས་ལོ་བརྒྱད་ཅུར་ལྷགས་ཤིང་དེ་དག་གི་བུ་དང་མནའ་མ་ཕལ་ཆེར་ལོ་ལྔ་ཅུར་སོན་གྲབས་ཙམ་ཡིན། རྒན་རབས་ཚོས་དགའ་སྤྲོ་དང་ཕན་ཚུན་བརྩི་བཀུར་གྱི་སྒོ་ནས་སྐད་ཆ་བཤད་བསྡད་དུས། དར་མ་དེ་གཉིས་ལ་བུ་ལོ་༡༠་ལྷག་ཙམ་དང་བུ་མོ་ལོ་བདུན་ཅན་ཞིག་ཡོད་པ་ངེད་ཀྱི་འཁྲིས་ལ་ཡོང་ནས་ངས་སོ་ཞི་ལས་སྟངས་དང་བརྙན་འཕྲིན་ལ་ལྟ་ཞོར་ང་དང་ཁ་བརྡ་བྱས། ཨ་རི་ནས་སྐྱེས་བའི་རྒྱ་མིའི་གཞོན་སྐྱེས་འདི་གཉིས་ཀྱིས་རྒྱ་སྐད་ངོ་ཚ་དང་ཐེ་ཚོམ་མེད་པར་ཤུར་ཤུར་ཏུ་བཤད་ཡོང་དུས་ང་རང་འདང་རྒྱག་གི་རྒྱ་མཚོ་ནང་དུ་ལྷུང་སོང་། ཀྱི་ཧུད། འདི་ནི་ང་ཚོར་དབང་བསྒྱུར་བའི་རྒྱ་མིའི་མི་ཚང་དཀྱིས་མ་ཞིག་གི་བུ་རབས་ཚ་རྒྱུད་རེད།
ཁོང་ཚོས་རྒྱ་སྐད་འདི་འདྲ་བཟང་བོ་ཞིག་འདི་འདྲའི་གཟི་བརྗིད་དང་དཔངས་མཐོ་བའི་ངང་བཤད་ཐུབ་པའི་མན་ངག་ནི་ཅི་ཞིག་ཡིན་ནམ། ང་ཚོའི་ས་༷ཆ་འདི་ན་བོད་སྐད་ངོ་ཚ་དང་ཐེ་ཚོམ་མེད་པར་བཤད་ཐུབ་པའི་བྱིས་པ་དང་གཞོན་སྐྱེས་ཕལ་ཆེར་རི་བོང་རྭའམ་ཉིན་མོའི་སྐར་མ་ཙམ་དུ་ཟད། བཤད་ཤེས་བ་རེ་གཉིས་དེ་ཚོས་ཀྱང་ཕ་མའི་བཙན་བཀའ་མ་འཁྱོག་པར་བཤད་པ་ཙམ་ལས་དགའ་ཞིང་སྤྲོ་ཞིང་འཇིགས་པ་མེད་པར་བོད་སྐད་གཙང་མ་བཤད་ཐུབ་མཁན་མ་རེད། བོད་ཕྲུག་ཁོང་ཚོའི་ཕ་མ་ཡིག་རྨོངས་ཡིན་ན་ཁག་མེད་མོད། ཡིན་ནའང་ཁོང་ཚོ་ཕ་བཟང་མང་ཤོས་ནི་གདན་ས་གསུམ་སོགས་ནས་ལོག་པའི་གྲྭ་བ་རང་རེད་ཡ། ཨ་ལས་ངན་པོ།
ང་ཚོས་ཁ་གཏད་གཅོག་བཞིན་པའི་རྒྱ་རིགས་འདི་བཙན་བྱོལ་གཞུང་ནས་བཤད་པ་ནང་བཞིན་ལས་སླ་བོར་འཇིག་འགྲོ་བ་ཞིག་གམ་ཏག་ཏག་ལ་བཟོ་ཐུབ་པའི་གན་དོ་ལ་ཞིག་མ་ཡིན་པར། ཁོང་ཚོ་ནི་རིག་གནས་ཀྱི་རང་ཚུགས་ཟིན་ཅིང་དང་ལ་རྒྱ་ཡི་སྒལ་བ་ཡོད་པའི་སྟོབས་ལྡན་གྱི་མི་རིགས་ཤིག་རེད། དེ་བས་རིག་གནས་དང་ལ་རྒྱ་ཡིས་ཕྱུག་པའི་སྟོབས་ལྡན་འདི་ལྟ་བུ་ཞིག་ལ་ཁ་གཏད་གཅོག་དུས་ང་ཚོས་ཇི་ལྟར་བྱ།
བཙན་བྱོལ་གཞུང་གིས་རྒྱ་རིགས་ཚོ་ལས་སླ་པོར་འཇིག་འགྲོ་གི་རེད་ཟེར་ནས་གང་དུ་བཤད་སོང་ལགས། ངས་དེ་འདྲ་ཐོས་མྱོང་མི་འདུག
རྒྱ་རྒན་ཚང་གི་དཔལ་འབྱོར་འཕེལ་ཚད་རུས་སྦལ་གྱི་འགྲོས་ལ་འགྲན་པའི་ཚད་ལ་ལྷུང་ཡོང་གིན་འདུག http://www.americanthinker.com/blog/2015/02/really_bad_news_for_the_chinese_communist_party.html
རྒྱ་རྒན་ཚང་གི་དཔལ་འབྱོར་ནི་འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པར་སླེབས་རེད་ད་དུང་རུས་སྦལ་སྤུ་ཡིན་ན་ཅིག་བཤད་མ་འདུག
ད་གནད་འགག་ཅིག་གསུང་ཤག མདོ་དོན་འདི་ལ་ཐུག་ཡོད་པ་རེད། བོད་པ་བཙན་བྱོལ་པ་ཆགས་ནས་ལོ་དྲུག་ཅུ་ལྷག་བརྒལ་ཟིན་མོད། ལོ་རབས་བརྒྱུད་ཅུ་ནས་གསར་འབྱོར་བ་སླེབས་མེད་ན།
བོད་ཡིག་གིས་རྩོམ་འབྲི་ཐུབ་མཁན་མཛུབ་མོ་སྒང་བགྲང་ཐུབ་པའི་ཚད་རེད། དབྱིན་ཡིག་ཤེས་པའང་སྲིད་དོན་བཤད་ཡ་ཙམ་དང་སློང་མོ་རྒྱག་བྱེད་ཙམ་རེད། དྲང་པོར་བཤད་ན། དེང་སྐབས་བོད་ཀྱི་ཤེས་རིག་སྲུང་སྐྱོབ་ཅེས་ལབ་ཀྱིན་པའང་སློང་མོའམ། ཞལ་འདེབས་ལེན་པའི་སླད་ལས་སྲུང་སྐྱོབ་ཟེར་ཡ་དེ་སྨོན་ལམ་ཙམ་རེད།
རྒྱ་རྒན་ཚང་གི་དཔལ་འབྱོར་ནི་དཔོན་ངན་ལྐོག་ཟ་ཅན་རྣམས་དང་དེ་ཚོའི་བུ་རབས་ཚ་རྒྱུད་ཚོས་བདག་ནས་ཡོད་པ་རེད། མི་སེར་ཚོ་ད་དུང་སྤྲང་པོ་རེད། ཨང་གཉིས་པ་ལ་སླེབས་པ་ཡང་གཞུང་དཔལ་འབྱོར་ཆེ་སོང་བ་ལས་མི་མང་དཔལ་འབྱོར་ཆེ་སོང་བས་མ་རེད། འདི་ཡང་ཤེས་དགོས་པའི་གནད་དོན་ཞིག་རེད།
རྒྱ་ནག་གི་མི་མང་གི་དཔལ་འབྱོར་ཡོང་སྒོ་ཆ་སྙོམ་བགོ་སྟངས་གིས་བལྟས་ན་ལྷོ་ཨ་མེ་རི་ཁའི་ལུང་པ་ཁོ་ལིམ་བྷི་ཡའི་རྗེས་སུ་ཡང་ཆོད་མེད་པ་རེད། སོག་པོ་ལས་ཅུང་དྲག་ཙམ་རེད། ཡིན་ན་ཡང་རྒྱ་ནག་ལ་ཕྱུག་བདག་མང་པོ་ཡོད་སྟབས་མི་མང་དཀྱུས་མའི་ཡོང་སྒོ་དེ་ལས་ཀྱང་ཆུང་ཆུང་རེད། དཔེར་ན། ཁྲིན་ཏུའུ་ལྟ་བུ་ལ་ལག་རྩལ་མེད་མཁན་གྱི་ལས་ཀ་བ་དཀྱུས་མ་ཚོས་ཉིན་རེར་ཆུ་ཚོད་བཅུ་གཉིས་ཡན་གྱི་ལས་ཀ་བྱས་ན་ཡང་ཉིན་རེར་རྒྱ་སྒོར་བརྒྱ་རེ་ཡང་འབབ་གི་མེད་པ་རེད། བཟང་ན་ངན་ན་དེ་ཙམ་རེད།
རྩོམ་ཡིག་འདི་ནི་ཉམས་མྱོང་ལས་འཕྲོས་པའི་ངོ་སྤྲོད་རེད་ལ། བོད་ཕྱི་ནང་གཉིས་སུ་ཞིབ་འཇུག་ལོ་མང་གནང་བའི་གཤིབས་བསྡུར་གྱི་དཔྱད་འབྲས་རེད། བཙན་བྱོལ་བས་ངེས་པར་དུ་མ་འདང་ས་དང་མི་ནུས་ས་ངོས་ལེན་བྱེད་པའི་དུས་སུ་སླེབས་འདུག ད་དུང་ཞི་མི་སྟག་ལ་བརྫུས་ནས་ས་རྒྱ་གཅོད་བསམ་མཁན་ཡོད་ན་ནི་ནོར་འཁྲུལ་རེད།
ཕྱི་བསྡོད་བོད་ཕྲུག་ཚོས་རང་གི་སྐད་ཡིག་ཡག་པོ་མི་ཤེས་པ་དང་རྒྱ་ཕྲུག་ཕྱི་བསྡོད་ཚོས་རྒྱ་སྐད་ལེགས་པོ་སྤྱོད་ཀྱི་ཡོད་པ་སོགས་དངོས་ཡོད་དང་བདེན་པ་ཡིན་པར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་་འོན་ཀྱང་དེ་དང་མཉམ་དུ་མཐའ་མ་དེར་བཙན་འབྱོལ་གཞུང་ལ་དོན་མེད་སྐྱོན་བཙུགས་གནང་དགོས་དོན་ཨ་ཡོད་ན་་་་
ངས་ནམ་རྒྱུན་ཁ་བརྡ་དྭ་བར་བལྟ་ཞོར་བྱེད་ཀྱི་ཡོད། དེ་ནི་བོད་ཀྱི་དྭ་བ་དག་ལས་ཅུང་གུ་ཡངས་དང་དྲང་བདེན་བཤད་ས་ཡག་ཤོས་རེད། ངས་ཀྱང་འདི་ནས་བཤད་འདོད་པ་ཞོར་འཕྲོས་སུ་འདི་ལྟར་ཏེ། ལྡི་ལི་ཀྲུང་གོའི་གཞུང་ཚབ་དུ་བོད་མིས་སེར་སྐྱས་ཚང་ཁ་ཤིག་ཤིགས་ཀྱིས་ཐ་ན་ནང་ཕན་འཁྲུག་བརྩོད་ཀྱང་བྱེད་ཞོར་མི་ཉིས་བརྒྱ་དྲུག་བཅུ་ནས་བདུན་བཅུ་ཡར་མར་བོད་ལ་ལོག་ཆེད་མཐོ་འགོད་བྱེད་བཞིན་འདུག ལས་ཁང་གི་ལས་བྱེད་ཕོ་མོ་གཉིས་ཀྱིས་ཞོགས་པར་ནས་བར་འཚམས་མེད་པར་ཉིན་གུང་ཆུ་ཚོད་བཞི་པ་ཡར་མར་མཐོ་འགོད་ལས་ཀ་བྱེད་ཀྱི་འདུག ང་ཚོའི་བཙན་བྱོལ་ནང་གི་ལས་ཁང་གང་འདྲ་ཞིག་ལ་སོང་ཀྱང་ཆེ་ཉམས་དང་དཔོན་ཉམས་བཤད་བཤད་རྐྱང་རྐྱང་ཡིན་པ། དཔེར་ན་གཞིས་མགོ་ཁག་དང་དྷ་སའི་ལས་ཁུང་ཆེ་ཆུང་ཕལ་ཆེར་དང་ཕྱི་རྒྱལ་དོན་བཅོད་མང་ཆེ་དེ་གར་ཡིན་ང་མི་རེ་ངོ་རེ་ནས་གསལ་བོ་ཡིན་པ། དེ་གར་བྱས་ནས་རེད། རྣམ་པ་ཚོས་གཅིག་གནས་ལུགས་ཤིགས་གསུངས་དང་།
ངས་ནམ་རྒྱུན་ཁ་བརྡ་དྭ་བར་བལྟ་ཞོར་བྱེད་ཀྱི་ཡོད། དེ་ནི་བོད་ཀྱི་དྭ་བ་དག་ལས་ཅུང་གུ་ཡངས་དང་དྲང་བདེན་བཤད་ས་ཡག་ཤོས་རེད། ངས་ཀྱང་འདི་ནས་བཤད་འདོད་པ་ཞོར་འཕྲོས་སུ་འདི་ལྟར་ཏེ། ལྡི་ལི་ཀྲུང་གོའི་གཞུང་ཚབ་དུ་བོད་མིས་སེར་སྐྱས་ཚང་ཁ་ཤིག་ཤིགས་ཀྱིས་ཐ་ན་ནང་ཕན་འཁྲུག་བརྩོད་ཀྱང་བྱེད་ཞོར་མི་ཉིས་བརྒྱ་དྲུག་བཅུ་ནས་བདུན་བཅུ་ཡར་མར་བོད་ལ་ལོག་ཆེད་མཐོ་འགོད་བྱེད་བཞིན་འདུག ལས་ཁང་གི་ལས་བྱེད་ཕོ་མོ་གཉིས་ཀྱིས་ཞོགས་པར་ནས་བར་འཚམས་མེད་པར་ཉིན་གུང་ཆུ་ཚོད་བཞི་པ་ཡར་མར་མཐོ་འགོད་ལས་ཀ་བྱེད་ཀྱི་འདུག ང་ཚོའི་བཙན་བྱོལ་ནང་གི་ལས་ཁང་གང་འདྲ་ཞིག་ལ་སོང་ཀྱང་ཆེ་ཉམས་དང་། དཔོན་ཉམས། བཤད་བཤད་རྐྱང་རྐྱང་ཡིན་པ། དཔེར་ན་གཞིས་མགོ་ཁག་དང་དྷ་སའི་ལས་ཁུང་ཆེ་ཆུང་ཕལ་ཆེར་དང་ཕྱི་རྒྱལ་དོན་བཅོད་མང་ཆེ་བ་དེ་གར་རང་ཡིན་པ། ང་ཚོ་མི་རེ་ངོ་རེ་ནས་གསལ་བོ་ཡིན་པ། དེ་གར་བྱས་ནས་རེད། རྣམ་པ་ཚོས་གནས་ལུགས་ཤིགས་གསུངས་དང་།
རྒྱ་ཕྲུག་གཉིས་ནས་རྒྱ་སྐད་གང་ལེགས་བཤད་ཐུབ་པ་ནི་ཕ་མ་གཉིས་དང་བུ་ཕྲུག་དོ་བདག་ལ་མངགས་བརྗོད་ཞུ་རྒྱུ་ཡིན། ཁོང་རྣམ་པ་ལྟ་བུ་ང་ཚོ་བོད་རིགས་ཕ་མ་རྣམས་ནས་ཀྱང་རང་གི་བོད་ཕྲུག་ལ་སྐད་ཡིག་དང་རིག་གཞུང་རང་རྐྱ་འཕེར་པ་བཟོ་ཐབས་ལ་འབད་དགོས་པ་ཡིན། རང་གི་བོད་ཕྲུག་ལ་རང་གི་སྐད་ཡིག་དང་རིག་གཞུང་སོགས་སློབ་རྒྱུ་ནི་ཕ་མ་ནས་གཙོ་འགན་བཞེས་ཐོག་གཞུང་ནས་མཐུན་སྦྱོར་གང་ཐུབ་ཞུ་དགོས་པ་ཡིན་པ་ལས་གཞུང་གཅིག་པོར་སྐྱོན་བརྗོད་བྱ་ན་མི་འགྲིག་པ་ཡིན།