འཇམ་དབྱངས་དཀར་པོས་བསྒྱུར།
ངེད་གཉིས་མཚེ་མ་ཡིན། ངེད་གཉིས་ལོ་བརྒྱད་ཀྱི་དུས་ནས་སྐད་ཡིག་མཉམ་དུ་སྦྱངས་པ་ཡིན། ད་སྐབས་ངེད་གཉིས་ཀྱིས་སྐད་རིགས་ ༩ ལྷག་བཤད་འབྲི་རང་རྐྱ་འཕེར། ངས་ཕྱི་བལྟས་སློག་ནས་བལྟས་ཏེ་བཤད་ཐུབ་པ་ནི། སློབ་གྲོགས་ཤིག་ཡོད་པ་དེས་ཕན་ཐོགས་འདུག ཡིན་ན་ཡང་མཛའ་བརྩེའི་རྩོད་པ་དངོས་དེ་ཀུན་སློང་ལ་རག་ལས། ལུས་རྩལ་སྦྱོང་བརྡར་དེ་ཁྱེད་ཀྱི་རོགས་པ་དང་ལྷན་དུ་ལས་སླ་བོ་བཟོ་ཐུབ་པ་ལྟར། སྐད་ཡིག་སྦྱོང་སྐབས་ཀྱང་རོགས་པས་འདྲིས་ལོབས་སུ་སོང་བའི་ནར་མའི་ལུས་སྦྱོང་དང་མཚུངས་པར། སྐད་ཡིག་སྦྱོང་རྒྱུ་ཡང་ལས་སླ་བོར་བྱེད།
གལ་སྲིད་ཁྱེད་ཀྱི་གྲོགས་པོས་ཁྱེད་ལས་མང་བ་ཤེས་པའམ། ཁྱོད་ལས་ཡར་རྒྱས་འགྲོ་ཚད་མགྱོགས་ན། དེས་ཁྱོད་ཀྱི་ཁྲག་གི་རྒྱུ་བ་ཇེ་མགྱོགས་སུ་གཏོང་། བདེ་ཐང་གི་འགྲན་རྩོད་ཀྱིས་སྐད་རིགས་སྦྱོང་བར་ནམ་ཡང་ཕན་ཐོགས། ཁྱེད་ཀྱི་འཁྲིས་སུ་འགྲན་ཡ་ཞིག་གམ། གྲོགས་པོའི་རང་བཞིན་གྱི་མཛའ་བརྩེ་ཅན་གྱི་འགྲན་ཡ་ཞིག་ཡོད་ན། ཁྱོད་ཀྱི་སློབ་སྦྱོང་དེ་སྐྱིད་ཚོར་ཅན་ཞིག་བཟོ་བར་བྱེད། ངེད་གཉིས་ལོ་ཆུང་སྐབས་ངའི་སེམས་སུ་སྐད་རིགས་སྦྱོང་བར་ངའི་སྤུན་མཆེད་ཀྱིས་ང་ལ་འགྲན་ཡ་ཇི་ལྟར་ཡོང་ངམ་སྙམ།
ཕ་མའི་སྤྲོ་གསེང་ཕོར་ཆུའུ་གྷལ་ (Portugal) ལ་དེབ་འགོད་བྱས་ཡོད་པ་དང་། ངེད་གཉིས་ཀྱང་མཉམ་ཞུགས་བྱེད་དགོས་པས། མེ་ཐུའུ་ (Matthew) དང་ངེད་གཉིས་ས་གནས་དཔེ་མཛོད་ཁང་གི་ཕོར་ཆུའུ་གྷལ་གྱི་སྐད་ཡིག་འཛིན་གྲྭར་ཞུགས་ནས་ཕོར་ཆུའུ་གྷལ་གྱི་སྐད་ཡིག་སྦྱངས། ངེད་གཉིས་ཀྱིས་མཉམ་དུ་སྦྱངས། འཁོར་ཐག་མཉམ་དུ་ཉལ། དེབ་མཉམ་དུ་བལྟས། རང་སྦྱོང་མཉམ་དུ་བྱས། ཉིན་ཤས་རིང་ཕོར་ཆུའུ་གྷལ་གྱི་སྐད་ཡིག་སྦྱངས་རྗེས། ང་རྐང་རྩེད་ལྒང་ལི་སྦྱོང་བརྡར་བྱེད་དུ་སོང་ནས་ཕྱིར་འཁོར་མཚམས་མེ་ཐུའུས་ཕོར་ཆུའུ་གྷལ་གྱི་སྐད་ཡིག་སློབ་དེབ་ཀྱི་ལེའུ་ ༤ སྦྱངས་ཚར་འདུག
ང་ཚ་ག་ཚི་གེའི་ངང་ཁོའི་རྗེས་ཆོད་དགོས་པར་མ་ཟད། ཁོས་ང་མར་བཞག་པ་དེས་སེམས་ཤུགས་མ་ཆག་པར། ངས་ཀྱང་ཁོ་འོག་ལ་འཇོག་ཐུབ་པའི་སྤོབས་བརྩོན་བྱས། དེ་ནི་བརྩེ་སེམས་ཅན་གྱི་འགྲན་བསྡུར་ཞིག་དང་། ངས་སྐད་ཡིག་ ༩ ལྷག་ཤེས་པའི་རྒྱུ་མཚན་ཡང་དེ་ཡིན།
ང་ལ་གཞན་སྐད་ཡར་རྒྱས་མེད་པའི་རྐྱེན་རྩ་ཆེ་ཤོས་དེ་འདི་ནས་ད་གཟོད་རྟོགས་བྱུང་།
མཚེ་མ་གཉིས་ཡིན་ན་མི་བཞི་དགོས་སོ།