སྤྱན་ཆེན་པོ།
ཚ་བས་གདུང་བའི་མིག་ཟུང་དེས
ཉག་གའི་ཕ་རོལ་ན་ཡོད་པའི་རི་བོ་ཞིག་མཐོང
ཆུ་ཐིགས་འཁྱག་པོ་ཞིག་རི་རྩེ་ནས་མར་ཟགས་པས
ཁོ་བོས་ཆུ་ཐིགས་ཀྱི་དཔྱངས་ཐག་ལ་ཅེར་ནས
རི་བོ་དེའི་ཕྱོགས་སུ་སྙེག
ཉག་ག་མང་བོ་ཞིག་བརྒྱུད་མཐར
ཡང་བསྐྱར་ཉག་ག་ཞིག་གི་གཉའ་ནས་མནན
ཏག་ཏག་དུས་ཚོད་ཀྱང་ཉིན་གུང་ཡོལ་འདུག་པས
རི་བོ་དེའི་ཁ་དོག་ལས་རང་ཉིད་ཀྱི་ཁ་དོག་མཐོང
དམར་ཧྲེང་དུ་གྱུར་བའི་སེམས་ཀྱི་འཐབ་འཛིང་ལ་ཁེན་ནས
སྨུག་སྤྲིན་ཀྱིས་མ་བཏུམས་པའི་རི་བོ་དེའི་ཕྱོགས་སུ
རླུང་བུ་ཐེད་པོ་ཞིག་དང་མཉམ་དུ
ཡང་བསྐྱར་སྙེག་པ་ཡིན
༢༠༡༤-༦-༡༤