འཇམ་དབྱངས་དཀར་པོ།
ངེད་ཅག་བོད་མི་རིགས་ཀྱི་སེམས་ལ་དྲོད་ཁོལ་གནང་བའི་བགྲེས་སོང་། དེ་རིང་སྟེ། སྤྱི་ལོ་༢༠༡༥ ཟླ་༦ ཚེས་༢༡ དགུང་གྲངས་༨༠ ཕེབས་པའི་བགྲེས་སོང་ཞིག དེ་རིང་ཡང་ཁྱོད་ཀྱིས་ང་ཚོར་འདི་ལྟར་གསུངས་ཏེ། “ཁྱེད་ཚོས་ང་སྤྱན་རས་གཟིགས་རེད་ལབ་ཀྱི་ཡོད། དེ་འདྲ་ཡིན་མི་སྲིད། ངའི་མིག་གིས་གསལ་བོ་མཐོང་གི་མི་འདུག པུས་མོ་ཡང་ན་གི་འདུག་”ཅེས་དང་།
“ད་མི་རྒན་ལོ་ ༨༠ སླེབས་སོང་། ད་བར་ཧུར་ཐག་བྱས་པ་ཡིན། འབྱུང་རྒྱུར་ཡང་ལུས་པོས་ལྕོག་ཚོད་ལ་ཧུར་ཐག་བྱ་རྒྱུ་ཡིན་”ཞེས་དང་།
“ང་ཚོ་བོད་ལ་ས་སྐྱ་དང་རྙིང་མ། བཀའ་བརྒྱུད། དགེ་ལུགས་བཅས་ཆོས་རྒྱུད་མང་པོ་ཞིག་བཤད་ཡོད་ཀྱང་། དེ་ཚོ་མཐར་གཏུག་ན་ཞྭ་མོའི་ཚོས་གཞི་མི་འདྲ་བ་ཙམ་ལ་ཐུག་འདུག་པས་བྱབ་ཆུང་རེད་”ཅེས་དང་།
མི་གདུག་རྩུབ་ཅན་ཅི་འདྲ་ཞིག་ཡིན་ཡང་སེམས་ཀྱི་གཏིང་དེར་མའི་བརྩེ་བས་བསྐྱངས་པའི་ཚོར་བ་དེ་ཡོད་”ཅེས་སོགས་དང་།
“བོད་གངས་ཅན་གྱི་ལྗོངས་ལ་རང་དབང་མེད་ཀྱང་ས་ཁུག་ལུང་ཁུག་གང་སར་དེ་རིང་ངའི་སྐྱེས་སྐར་ལ་ཚང་མས་སྨོན་ལམ་བརྒྱབ། དགའ་དགའ་སྐྱིད་སྐྱིད་བྱེད་ཀྱི་ཡོད། ས་ཁུལ་མང་པོ་ཞིག་ལ་དེ་འདྲ་བྱས་ཆོག་གི་མེད། གང་ལྟར་དམིགས་བསལ་གྱི་དད་པ་དང་དམ་ཚིག འདུན་པ་བཅས་ཀྱི་ཚོར་བ་ཤུགས་ཆེན་པོ་བྱས་ནས་ཡོད་སྟབས། ཁྱེད་ཚོ་གཞིས་ལུས་རྒྱ་ཆེ་མི་མང་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་སོགས་བཀའ་སློབ་བསྩལ། མཐར་མང་ཚོགས་དང་སྐུ་མགྲོན་ལྷན་བཞུགས་ཀྱིས་ཉིན་གུང་གི་ལྗགས་སྨིན་གསོལ་བ་སོགས་བཀའ་དྲིན་བླ་མེད་དུ་ཆེ་བ་བསྩལ།
བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
གོང་ས་མཆོག་སྐུ་ཚེ་སྐལ་བརྒྱར་བརྟེན་པར་ཤོག། སྲིད་སྐྱོང་ནས་རྒྱ་གར་དཔོན་རིགས་ལ་སྐད་སྒྱུར་དང། རྒྱ་རི་སྒྲོལ་མ་ནས་དེ་བཞིན་གནང་བ་ལ་དགའ་ཚུལ་ཆེ། བོད་པའི་དཔོན་རིགས་གསར་པ་ཚོ་འཇོན་ཐང་ཆེ་ལ། ང་རྒྱལ་ཆུང་བ་། བོད་མི་དམངས་བསོད་ནམ་མི་ཆེའམ།