གཞུང་པ་ཚེ་དབང་བསོད་ནམས།
སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་དེ་དག་ཁྲིམས་མཐུན་ལ་ཁ་ཕྱོགས་དགོས་པ་རེད་དམ། ཁྲིམས་འགལ་ལ་འགན་འཁུར་ནས་སྲིད་སྐྱོང་དང་སྤྱི་འཐུས་འདམས་དགོས་པ་རེད་དམ། མང་གཙོའི་ལམ་ལུགས་ནང་ཁྲིམས་ཀྱི་དབང་བསྒྱུར་དེ་གལ་ཆེན་དོན་ཆེན་ཡིན་པས། ང་ཚོའི་སྲིད་སྐྱོང་དང་སྤྱི་འཐུས་སོགས་མི་མང་ནས་འོས་འདེམས་བྱ་རྒྱུའི་ཁྲིམས་ལུགས་གཏན་འབེབས་གནང་བ་ལྟར། འོས་བསྡུའི་སྒྲིག་གཞི་དོན་ཚན་37.ནས་དོན་ཚན་53.བར་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་སྐོར་དང་། དོན་ཚན་62.ནས་དོན་ཚན་69.བར་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་སྐོར་གསལ་ཡོད་ན།
དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་ལུང་ཚན་དང་ཕྱོགས་གཏོགས་ལ་འགན་ཁུར་ཆེ་བའི་ཚོགས་སྐྱིད་ཁག་ནས་སྲིད་སྐྱོང་དང་སྤྱི་འཐུས་ལ་མི་འགྲོའི་མིང་འདོན་བཞིན་པ་འདི་དག་བཅའ་སྒྲིག་དང་ཕྱོགས་མཐུན་བྱུང་ཡོད་མེད་ཐེ་ཚོམ་ནང་དུ་ལྷག་པ་མ་ཟད། སྲིད་སྐྱོང་ལ་དང་བླངས་ཐོན་རྒྱུའི་ཆ་རྐྱེན་བཅའ་སྒྲིག་གང་གི་ནང་ཡོད་དེ་ཡང་གསལ་པོ་མ་ཤེས་ན། ད་ལམ་དབུས་འོས་བསྡུའི་འགན་འཛིན་སྐུ་ངོ་རྣམ་པ་གསུམ་ནས་བཅའ་སྒྲིག་དང་མཐུན་པའི་གསལ་བཤད་ཅིག་རྒྱ་ཆེ་མང་ཚོགས་ལ་གནང་དགོས་པ་ནི། མང་གཙོ་དང་དྲང་བདེན་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་བཙན་བྱོལ་སྤྱི་ཚོགས་ནང་གི་ཁ་གཡང་ཆེན་པོའི་གཏམ་དེ་དོན་ལ་གནས་དགོས་ཀྱི་མེད་པ་ཡིན་ནམ།
ཀོ་ལི་གྷ་གཞིས་ཆགས་ནས། གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་2015 ཟླ་6 ཚེས་23 ལ་ཕུལ།