འཇམ་དབྱངས་དཀར་པོ།
རྗར་མན་ནི་ཏཱ་ལའི་བླ་མ་དགུང་ལོ་༨༠ ཕེབས་པར་ཆེ་བསྟོད་བྱེད་མཁན་ཐོག་མ་དེ་ཆགས་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཇུས་འགོད་བྱས་པའི་ཁོང་གི་སྐུ་པར་ཅན་གྱི་སྦྲག་རྟགས་ཤིག་འགྲེམས་སྤེལ་བྱས་པ་འདིས། རྗར་མན་གྱིས་ཁོང་ལ་དགའ་མོས་བྱས་པར་ངོས་འཛིན་བྱས་པ་ཡིན་ལ། ཕྱོགས་བསྡུ་བྱ་བའི་རྣམ་གྲངས་ཤིག་ཆགས་རྒྱུར་ཐེ་ཚོམ་མེད། རྗར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཁཱེ་མུའུ་ལེར་(Kai Muller)གྱིས་”འདི་ནི་ང་ཚོས་འཛམ་གླིང་ན་ཆེས་སྙན་གྲགས་ཆེ་བའི་བཙན་བྱོལ་བོད་མིའི་ཆོས་ལུགས་ཀྱི་དབུ་ཁྲིད་ལ་ཆེ་བསྟོད་བྱས་པའི་ལམ་ཁ་ཞིག་ཡིན།” ཞེས་གསལ་བརྗོད་གནང་འདུག
ངས་བལྟས་ན་ཆེ་བསྟོད་ཞིག་མིན་ཁ་རེད། ༸སྙན་གྲགས་ཅན་འདི་བ་ཚང་གི་ཚོང་རྒྱག་བྱེད་བྱེད་ཀྱི་འདུག་བསམ།
མུ་མཐུད་དུ་སློབ་སྦྱོང་གྱིས་ ་འདི་བོད་རིགས་སློབ་མ་ཕྱི་གླིང་ལ་འགྲོ་མཁན་ཚོར་དམིགས་ཀྱིས་གནང་བའི་བཀའ་ཟབ་མོ་ཞིག་རེད་དྲན། འདིའི་རྒྱབ་ན་གོ་རྒྱུ་མང་པོ་མང་པོ་ཞིག་ཡོད།
འགའ་ཤས་ལ་ཕན།
འགའ་ཤས་ལ་གནོད།
ཁྱབ་སྒྲག་ལ་ཕན།
དད་དམ་ལ་གནོད།
སྔོན་མ་ཡིན་ན་རྒྱ་དོགས་པས་ཕུངས་ཟེར། དེང་སང་བོད་པའང་དོགས་པས་ཕུངས་བཞིན་པ་འདྲ། གལ་ཏེ་ཚོང་གི་ཆེད་ཡིན་པའི་དབང་དུ་བཏང་ན་ཡང་དན་དམ་ལ་ཅི་གནོད། བོད་དོན་ལ་ཅི་གནོད།
དན་དམ་་་་དད་དམ་ལ་བཅོས།