རྩོམ་པ་པོ། ཐང་ཏང་ཧུང་།
________ བཙན་རྒྱལ་བས་བོད་མཐའ་མའི་ཐག་གཅོད་བྱེད་ཐབས།
1.ཁྱོད་ཚོ་འདྲ་བའི་མི་རིགས་ལ་བདག་དབང་ཡོད་མི་འོས།
བོད་མི་སྒྲོལ་མ་སྐྱབས་ཀྱིས<<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ>>ཞེས་པའི་དཔེ་དེབ་ཏུ་ཁོང་གི་སྤུན་ཟླར་བཤད་རྒྱུར། “ཆབ་སྲིད་རིག་པར་ཞིབ་འཇུག་བྱེད་པོའི་མཁས་དབང་ཚོས་ཀྱང་། མི་རིགས་གང་འདྲ་ཞིག་ལ་བདག་དབང་ཡོད་འོས་མིན་དང་། མི་རིགས་ག་འདྲ་ཞིག་ལ་བདག་དབང་ཡོད་ཟིན་པའི་གནད་དོན་ཅི་ཡིན་ང་ཚོར་ཆ་ཚང་བ་ཞིག་བཤད་མེད” ཅེས་ཟེར། 1976ལོར་ཨ་མདོར་སྐྱེས་པའི་ན་གཞོན་ལོ་རྒྱུས་དགེ་རྒན་འདིས། གནད་དོན་འདིར་བསམ་གཞིགས་བྱེད་ཆེད་སོ་སོའི་རང་དབང་བློས་བཏང་བྱེད་དགོས་བྱུང་ཡོད།[1]
གཅིག་བྱས་ན། ལྷ་ས་དང་ཁ་ཐག་རིང་པོ་མིན་པའི་ཆུ་ཤུལ་བཙོན་ཁང་དུ་ལོ་བཅུ་དུས་བཀག་བཙོན་འཇུག་བྱེད་བཞིན་པའི་སྒྲོན་མ་སྐྱབས་ཀྱིས་རང་དབང་ངང་བསྐྱོད་བཞིན་པའི་སྤྲིན་པ་དཀར་པོ་དེ་ཚོ་ཕལ་ཆེར་མཐོང་ཐུབ་གི་ཡོད་ཀྱི་རེད། སྤྲིན་དཀར་གྱི་འོག་རོལ་ན། རི་ཀླུང་མཛེས་སྡུག་ལྡན་པའི་ས་མཐོའི་སྟེང་དུ་སུ་ཞིག་འཁྲུངས་ཤིང་། སུ་ཞིག་ད་ལྟའི་བར་འཚོ་བ་བསྐྱལ་བཞིན་ཡོད་པ་དང་། སུ་ཞིག་གིས་དེར་ཤེས་རིག་བསྐྲུན་པ་དང་། སུ་ཞིག་གིས་ཁུལ་དེའི་ས་ཆ་དང་མི་དམངས་བདག་སྐྱོང་བྱས་པ། སུ་ཞིག་གིས་དེའི་ལོ་རྒྱུས་དྲན་གསོ་དང་ཡི་གེར་བཀོད་ཡོད། སྒྲོལ་མ་སྐྱབས་ཀྱི་ངོས་ནས་མཚོན་ན། འདི་དག་ཐམས་ཅད་ལ་ལན་འདེབས་གསལ་པོ་ཡོད་པ་རེད། “དེ་སྔ་ང་ཚོ་འཚོ་བ་བསྐྱལ་སའི་ས་ཁུལ་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཅིང་། ང་ཚོས་བསྐྲུན་པའི་ཕུག་བསམ་དེ་དང་། ང་ཚོས་གསར་གཏོད་བྱས་པའི་རིག་གཞུང་། དེ་བཞིན་ང་ཚོའི་ཡོད་ཚད་ཕྱོགས་གཅིག་ཏུ་སྤུངས་པའི་ལོ་རྒྱུས་ཤུལ་རྗེས་དེ་དག ཁྲིམས་ཀྱི་ཆོག་མཆན་མེད་པའི་གནས་སྟངས་འོག་ནས་རྩ་འཛུགས་གཞན་ཞིག་གིས་ང་ཚོའི་བདག་དབང་བཙན་འཕྲོག་བྱས་པ་རེད” ཅེས་བཤད།
བཙོན་ཁང་འདི་དང་། ད་དུང་བོད་ས་མཐོར་བསྐྲུན་པའི་བཙོན་ཁང་བརྒྱ་སྟོང་དག་ཏུ་ཁོང་དང་ཁོང་འདྲ་བའི་མི་ཅི་འདྲའི་མང་པོ་ཞིག་དམར་གསོད་དང་བཙོན་འཇུག་བྱས་ཡོད་པ་རེད། ཁོང་གི་དཔེ་དེབ་ལས “ང་ཚོས་སོ་སོའི་ལོ་རྒྱུས་ལས་གསལ་བ་ལྟར། དེ་སྔོན་ང་ཚོར་དངོས་གནས་དྲང་གནས་བདག་དབང་ཆ་ཚང་བའི་ཡོད་མྱོང་་་་་་། དམིགས་བསལ་གྱི་ཆབ་སྲིད་ལམ་ལུགས་མགོ་མཇུག་ཆ་ཚང་བ་ཞིག་སྟེ། དམག་དཔུང་དང་ཁྲིམས་ལུགས། ཕྱི་འབྲེལ་སོགས་ཚུད་ཡོད། 1951ལོའི་བར་་་་་་ བོད་འདི་ཉིད་རང་བཙན་རྒྱལ་ཁབ་ཅིག་ཡིན་མོད། ད་ཆ་བོད་འདི་མི་སེར་སྤེལ་ཡུལ་ཞིག་ཏུ་གྱུར་ཡོད། རེད་དེ། འབྱུང་འགྱུར་བོད་འདི་གསར་དུ་དར་འཕེལ་ལྡན་པའི་རང་བཙན་རྒྱལ་ཁབ་ཅིག་ཆགས་རྒྱུ་རེད”ཅེས་གསུངས་ཡོད།
གལ་ཏེ་འགའ་རྐྱེན་འདྲ་མ་བྱུང་ཚེ། ལོ་རྗེས་མར་སྒྲོལ་མ་སྐྱབས་ལོ་བཅུའི་དུས་བཀག་བཙོན་འཇུག་ཚང་ནས་གློད་བཀྲོལ་ཐོབ་རྒྱུ་ཡིན། ཁོང་བཙོན་ཁང་ནས་གློད་བཀྲོལ་ཐོབ་རྗེས<<རྒྱ་ནག་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན >>ཞེས་པའི་དེབ་དེ་འདྲ་ཞིག་བཀླག་རྒྱུ་བསྡད་ཡོད།[2]
དེབ་དེའི་རྩོམ་པ་པོ་ནི་ཁྲིམས་སྲིད་རིག་པའི་མཁས་པ་འབོད་པ་དང་། རང་སོ་སོས་ཁྲིམས་སྲིད་རང་དབང་རིང་ལུགས་ཀྱི་ལངས་ཕྱོགས་འཛིན་མཁན་དུ་བོས་པའི་སྐུ་ཞབས་ཀྲང་པའོ་ཧྲུའུ་རེད།[3] སྐུ་ཞབས་ཀྲང་གི་བརྗོད་ཚིག་ནང་། བོད་འདི་ཉིད་ཡོན་རྒྱལ་རབས་ཁོངས་སུ་གཏོགས་པ་དང་། བོིད་འདི་མིང་རྒྱལ་རབས་ཁོངས་སུའང་གཏོགས་པ། དེ་བཞིན་བོད་འདི་མན་ཇུའི་ཁོངས་སུ་གཏོགས་པ་མ་ཟད། ད་དུང་བོད་རང་བཙན་གྱི་དངོས་ཡོད་གནས་བབ་དེ་ཀྲུང་ཧྭ་མིང་གོས་ཁས་ལེན་བྱས་མེད་ཅིང་། 1949ལོར་རྒྱ་ནག་གུང་ཁྲན་ཏང་གིས་སྲིད་དབང་བཙུགས་རྗེས། རྒྱ་ནག་གུང་ཁྲན་ཏང་གིས་བོད་བཙན་བཟུང་བྱས་པ་དེ་བཙན་འཛུལ་མ་ཡིན་པར“བདག་དབང་ལག་བསྟར་བྱས་པ”ཡིན་ཞིང་། མདོར་ན་མ་འོངས་པར་རྒྱ་ནག་དམངས་གཙོའི་ལམ་ལུགས་ཕྱོགས་སུ་འཕོ་འགྱུར་ཕྱིན་པ་ཡིན་རུང་། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འབྲེལ་ཡོད་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ནང་། “མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་བདག་དབང་ལྡན་པའི་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཁྲིམས་ལུགས་ཀྱི་ལག་ཆ་ཞིག་ཏུ་བེད་སྤྱོད་བྱེད་མི་རུང”ཞེས་པའི་ཚད་འཛིན་དོན་ཚན་དེ་གཞིར་བཟུང་། བོད་མིར་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལྡན་མེད་པར་བརྗོད་ཡོད་པ་རེད།[4]
2.ཁམ་གང་གིས་བཟའ་བར་བྱེད་པའི “དབུས་སའི་སྲིད་དབང་།”
<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དེབ་དེའི་ནང་། (ཐུ་བྷོད) བོད་དང་བཙན་རྒྱལ་སོག་པོ་ཡོན། མིང་རྒྱལ་རབས། དེ་བཞིན་མན་ཇུ་གོང་མའི་རྒྱལ་ཁབ་ཀྱི་འབྲེལ་བ་གསེད་འགྲེལ་བྱེད་སྐབས། “དབུས་སའི་སྲིད་དབང”ཞེས་པའི་ཚིག་བརྗོད་ཅིག་ཡང་ཡང་བེད་སྤྱོད་བྱས་ཡོད། མ་གཞི་ལོ་རྒྱུས་ཐོག་གི་གནད་དོན་གླེང་བ་ཡིན་ནའང་འདྲ། ཡང་ན་སོག་པོ་ཡོན་དང་མིང་རྒྱལ་རབས། མན་ཇུ་བཅས་ཀྱི་སྐོར་གླེང་བ་ཡིན་ནའང་འདྲ། ལག་འགུལ་མ་འགུལ་ཙམ་ནས་ཡང་ནས་ཡང་དུ “དབུས་སའི་སྲིད་དབང”ཞེས་པ་དེ་བེད་སྤྱོད་བྱེད་ཡོང་གི་ཡོད། དེ་འདྲའི“དབུས་སའི་སྲིད་དབང”ཞེས་པ་དེ་འོལ་ཚོད་ངང་སྐབས་རེ “ལོ་རྒྱུས་ཐོག”ཅེས་བཤད་ཀྱི་ཡོད་པ་དང་། མཚམས་མཚམས་སུ་སོག་པོ་ཡོན་གྱི་ཚབ་ཚིག་བྱེད་པ། དུས་དུས་སུ་མིང་རྒྱལ་རབས་ཀྱི་ཚབ་མཚོན་བྱེད་པ། ཡང་སྐབས་འགའ་རེར་མན་ཇུའི་སྐུ་ཚབ་བྱེད་པ་བཅས་རེད།
བོད་ཀྱི་ལོ་རྒྱུས་ཐོག་ཏུ་བཙན་པོའི་སྲིད་དབང་དང་ས་སྐྱའི་སྲིད་དབང་། ཕག་གྲུའི་སྲིད་དབང་། དགའ་ལྡན་ཕོ་བྲང་སྲིད་དབང་བཅས་ཞིབ་ཕྲའི་སྲིད་དབང་སྐྱོང་མཁན་མི་འདྲ་བ་ཡིན་རུང་ཚང་མ་བོད་མི་ཡིན་ཞིང་། དེའང་ཁྲག་རྒྱུན་གཅིག་པའི་རིགས་རྒྱུད་དང་། རིག་གཞུང་གི་རྒྱབ་ལྗོངས་གཅིག་པ། སྐད་ཡིག་གཅིག་པ། དད་པ་བྱེད་ཡུལ་ཆོས་ལུགས་གཅིག་པ་བཅས་ལ་སྤྱི་མིང་དུ་བོད་ཀྱི་སྲིད་དབང་ཞེས་འབོད་པ་དེའི་སྔ་ཕྱི་བར་གསུམ་དུ་ཡོངས་སུ་ཁྱབ་ཡོད་ལ། བོད་མི་ཚོས་དེ་ནི་གཅིག་གྱུར་རྒྱལ་ཁབ་ཀྱི་ཆབ་སྲིད་སྒྲིག་གཞི་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པས། དེར་བརྟེན་བོད་ཀྱི་སྲིད་དབང་དངོས་ཡོད་ལོ་རྒྱུས་དང་མཐུན་པར་བོད་དང་རྒྱ་ནག་དེ་བཞིན་རྒྱལ་སྤྱིའི་ཤེས་ཡོན་སྡེ་ཁག་ནས་ཐུན་མོང་དང་ལེན་བྱེད་ཐུབ་པ་ཞིག་རེད་བཤད་ཆོག
བོད་ཀྱི་སྲིད་དབང་དང་ཕན་ཚུན་ཁ་གཏད་དུ་གྱུར་བའི<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དེབ་དེའི་ནང་། ཐེངས་དུ་མར “དབུས་སའི་སྲིད་དབང”ཞེས་པ་དེ་བེད་སྤྱོད་བྱས་ཡོད། ཡང་སྙིང་འདི་སྲིད་དབང་ག་འདྲ་ཞིག་ཡིན་ནམ། འོ་ན་རྒྱ་ནག་གི་ལོ་རྒྱུས་ཐོག“དབུས་སའི་སྲིད་དབང”ཞེས་པའི་དེ་འདྲའི་ཆབ་སྲིད་ཀྱི་སྒྲིག་གཞི་ཞིག་ཡོད་དམ། “དབུས་སའི་སྲིད་དབང”ཞེས་པ་དེ་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་ཞིག་ཡིན་ནམ། རྩོམ་པ་པོས་དེབ་དེའི་ནང“དབུས་སའི་སྲིད་དབང”ཞེས་པ་དེ་བེད་སྤྱོད་འབོར་ཆེན་བྱས་ཤིང་། ཆེད་དུ “དབུས་སའི་སྲིད་དབང་”ཞེས་པ་དེ་ཆབ་སྲིད་ཀྱི་སྒྲིག་གཞི་མི་འདྲ་བ་ཁག་གི་ནང་བཅུག་ཡོད། དཔེར་ན། “ཡོན་རྒྱལ་རབས་ནས་བཟུང་ལོ་ངོ་བདུན་བརྒྱའི་བོད་དང་དབུས་སའི་སྲིད་དབང་གི་འབྲེལ་བ”ཞེས་དང་། “བོད་དང་བཙན་རྒྱལ་སོག་པོ། ཐ་ན་ཡོན་རྒྱལ་རབས་ཀྱི་དབུས་སའི་སྲིད་དབང” “མིང་རྒྱལ་རབས་སྐབས་ཀྱི་བོད་དང་དབུས་སའི་སྲིད་དབང” “མན་ཇུའི་དུས་སུ་བོད་དང་དབུས་སའི་སྲིད་དབང་གི་འབྲེལ་བ་དེ་ནི་ལོ་རྒྱུས་ཐོག”ཞེས་སོགས་ཡིན་ཞིང་། རྩོམ་པ་པོས་ཅིའི་ཕྱིར་དུ་ཆབ་སྲིད་སྒྲིག་གཞི་དང་ཆབ་སྲིད་སྒྲིག་གཞི་སྟེ་བོད་དང་སོག་པོ་ཡོན་དང་། བོད་དང་མིང་རྒྱལ་རབས། བོད་དང་མན་ཇུ་ཕན་ཚུན་དོ་མཉམ་འཇོག་གི་མེད་པ་རེད། དེ་བས་བཙན་རྒྱལ་སོག་པོ་དང་། ཧྭ་ཤའ་རྒྱ་ནག (རྒྱ་མིའི་རྒྱ་ནག་རྒྱལ་ཁབ) མན་ཇུ་གོང་མའི་རྒྱལ་ཁབ་བཅས་ཡོད་ཚད་དོན་དངོས་སུ་གནས་མྱོང་མེད་པའི“དབུས་སའི་སྲིད་དབང”ཞེས་པ་དེའི་ནང་འདུ་དགོས་དོན་གང་ཡིན།
གལ་ཏེ་བོད་དང་། སོག་པོ། ཤར་ཏུ་ཀི་སི་ཐན་བཅས་ནས་བཙན་རྒྱལ་སོག་པོ་དང་བཙན་རྒྱལ་མན་ཇུ་གཉིས་ཀ་རྒྱ་ནག་གི་སྲིད་དབང་ཡིན་པར་ཁས་ལེན་བྱེད་པ་དང་། ཡང་གལ་ཏེ། འཇིགས་རྟེན་པ་ཀུན་དང་ཤེས་ཡོན་པའི་སྡེ་ཁག་ཚང་མས་བཙན་རྒྱལ་སོག་པོ་དང་བཙན་རྒྱལ་མན་ཇུ་གཉིས་རྒྱ་ནག་གི་སྲིད་དབང་ཡིན་པར་ངོས་འཛིན་བྱེད་པ། ཡང་ན། རྒྱ་ནག་པ་རང་ཉིད་ནས་དེ་སྔའི “ཡཱ་ཧྲང(སུང་ལྷོ་མ། འདི་ནི་སྔར་རྒྱ་ནག་གི་རྒྱལ་མཚམས་ས་མིང་ཞིག)རྒྱབ་ན་རྒྱ་ནག་མེད། མིང་རྒྱལ་ཁབ་འཐོར་རྗེས་ཧྭ་ཤའ(ཀྲུང་ཡོན། འདིས་ནི་རྒྱ་མི་རང་གི་མིང་རྒྱལ་རབས་འཐོར་རྗེས་མན་ཇུའི་རྒྱལ་རབས་ལ་ཟེར་བ་རེད)མེད ” ཅེས་པའི་སྡུག་སྐད་རྒྱག་མྱོང་མེད་ན། <<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དཔེ་དེབ་ལས “དབུས་སའི་སྲིད་དབང”ཞེས་པའི་ཚིག་བརྗོད་འདི་འདྲ་དག་གསར་གཏོད་བྱེད་དགོས་དོན་ཅི་ཡོད།
རྒྱ་ནག་གི་ལོ་རྒྱུས་ལ་ཞིབ་འཇུག་ཡོད་པ་དང་། ལོ་རྒྱུས་འབྲི་ཀློག་ལ་བྱང་ཞིང་འཁྱོག་བརྗོད་ཀྱི་མཐུ་རྩལ་ཡོད་མཁན་ཚོས། “དབུས་སའི་སྲིད་དབང”ཞེས་པའི་ཚིག་བརྗོད་འདི་མཐོང་མ་ཐག་འདིའི་གོ་དོན་ཟབ་མོ་ལེན་ཐུབ་ངེས་ཡིན་ཞིང་། རྒྱ་ནག་གི་དྲིལ་བསྒྲགས་ཁྲོད་ནས་ཀྱང་ཡང་ཡང“དབུས་གནམ་བསྐོས་གོང་མའི་རྒྱལ་རབས”ཞེས་པ་དང་། “དབུས་རྒྱུད་སྲིད་དབང” “དབུས་སྲིད་གཞུང”ཟེར་བ་སོགས་བེད་སྤྱོད་བྱས་ཏེ། རྒྱ་ནག་གི་ཧན་དང་། ཐང་། སུང་། མིང་སོགས་དང་། བཙན་རྒྱལ་སོག་པོའི་ཡོན། བཙན་རྒྱལ་མན་ཇུའི་ཆིང་སྲིད་དབང་བཅས་ངོ་བོ་རྦད་དེ་མི་འདྲ་བའི་སྲིད་དབང་གསུམ་ཕན་ཚུན་མཉམ་བསྲེས་བྱེད་ཀྱི་ཡོད། སྲིད་དབང་གསུམ་པོ་དེ་ནི་ཁྲག་རྒྱུན་རིགས་རྒྱུད་མི་འདྲ་བ་དང་། ལོ་རྒྱུས་ཀྱི་རིག་གཞུང་རྒྱབ་ལྗོངས་མི་འདྲ་བ། སྐད་དང་ཡིག་གེ་མི་འདྲ་ཞིང་། ད་དུང་རྒྱ་ནག་དང་བོད་སོག་མན་གསུམ་གྱི་ཆོས་ལུགས་ཀྱང་མི་འདྲ་བ་ཞིག་ཡིན་ལ། གལ་ཆེ་ཤོས་དེ་ནི། སྐབས་དེའི་ལོ་རྒྱུས་ཐོག“མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་རྒྱ་ནག”ཅེས་པ་ཞིག་བྱུང་མྱོང་མེད།
གང་ལྟར་སྐབས་དེའི་རྒྱ་ནག་གི་མི་ཚོ་ཡིན་ནའང་འདྲ། ཡང་ན། སྐབས་དེའི་སོག་པོ་བ་དང་མན་ཇུ་བ། བོད་པ་བཅས་ཚང་མས། སོག་པོའི་མི་དང་མན་ཇུའི་མི། བོད་མི་བཅས་ནི“རྒྱ་ནག་གི་གྲངས་ཉུང་མི་རིགས”ཞེས་པ་དེ་ཡིན་པར་ངོས་འཛིན་བྱེད་མཁན་མེད། ད་ཆ། རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཚོ་གནའ་སྔ་མོ་ནས་བཟུང་རང་གི་མངའ་ཁོངས་ས་ཆ་ཞིག་ཡིན་པར་ཤོད་ཆེད། རྒྱ་ནག་གི་ལོ་རྒྱུས་ནི “གནའ་སྔ་མོ་ནས་བཟུང་མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་ཅིག་ཡིན”ཞེས་ལོ་རྒྱུས་བསྒྱུར་སྒྲིག་བྱས་པ་མ་ཟད། ད་དུང“གྲངས་ཉུང་མི་རིགས་དབུས་སར་སྤོས་ནས་གཙོ་འཛིན་བྱེད་པ ”ཟེར་ནས་རྒྱ་ནག་རང་ཉིད་ཀྱི་རྒྱལ་ཁབ་ཤོར་བའི་ལོ་རྒྱུས་འགྲེལ་བཤད་རྒྱག་གི་ཡོད། ཕྱི་རྒྱལ་བས་རྒྱ་ནག་རྒྱལ་ཁབ་ལ་དམག་དྲངས་ཏེ། རྒྱ་ནག་གི་རྒྱལ་ས་རྙིང་པར་རྒྱ་ས་གསར་པ་བཟོས་པ་རེད། འདིར་བཤད་སྟངས་ཏོག་ཙམ་མ་རབས་འདྲ་བོ་བྱས་པ་ཡིན་ན། དེ་ནི་རང་ཉིད་ཀྱི་མགོར་བཞོན་ནས་བཙོག་པ་བཏང་བ་རེད། ད་འགྲིག་ཨེ་སོང་།
<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དེབ་དེའི་རྩོམ་པ་པོ་སྐུ་ཞབས་ཀྲང་པའོ་ཧྲུ་ནས། བོད་དང་། ཤར་ཏུ་ཀི་སི་ཐན། སོག་པོ། མན་ཇུ་བཅས་ག་དུས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཞེས་པ་དེར་འགྱུར་ཡོད་མེད་ཀྱི་གནས་ཚུལ་མཁྱེན་མི་སྲིད་པ་མིན་ངེས་ཡིན་ཞིང་། ཡིན་ནའང་སྐུ་ཞབས་ཀྲང་ནས་རྒྱ་ནག་དྲིལ་བསྒྲགས་ཚན་པས། “དབུས་གནམ་བསྐོས་གོང་མའི་སྲིད་གཞུང”ཞེས་པ་དང་།“ དབུས་རྒྱུད་སྲིད་དབང”ཞེས་བེད་སྤྱོད་བྱེད་པ་ལྟར་དུ། སྐུ་ཞབས་ཀྲང་གིས “དབུས་སའི་སྲིད་དབང”ཞེས་པའི་ཤོད་སྟངས་སྤྱད་དེ། ལོ་རྒྱུས་ཐོག་གི་ཧྭ་ཤའ་རྒྱ་ནག་གི་སྲིད་དབང་ལ་འགྲེལ་བཤད་རྒྱག་པ་དང་། ད་དུང ”“དབུས་སའི་སྲིད་དབང” ཟེར་བ་ལ་བརྟེན་ནས། ཕྱི་ཕྱོགས་ནས་ཡོང་བའི་སོག་པོ་ཡོན་སྲིད་དབང་དང་མན་ཇུའི་སྲིད་དབང་ལ་འགྲེལ་བཤད་རྒྱག་གི་ཡོད་ལ། འདི་ལྟར་གནས་ཚུལ་ཤོད་རེས་སྤྱད་རེས་བྱས་པས་རྒྱ་ནག་པ་ཚོས་བསམ་དུས། རྒྱ་ནག་ནི་ཕལ་ཆེར་སྔ་ཕྱི་བར་གསུམ་དུ་རྒྱལ་ཁབ་ཤོར་མྱོང་མེད་ལ། “གནའ་སྔ་མོ་ནས་མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་ཅིག་ཡིན”པ་ལྟ་བུའི་འཕྲུལ་སྣང་འཛིན་གྱི་ཡོད།
སྐུ་ཞབས་ཀྲང་གིས་ཁ་གསལ་མེད་པའི་ཚིག་བརྗོད་རབ་རིབ་ཅིག་གི་སྒོ་ནས་རྒྱ་བོད་འབྲེལ་བ་ཞེས་མ་སྤྱད་པར། དེ་ལས་ལྡོག་ཏེ་བོད་དང་དབུས་སའི་སྲིད་དབང་གི་འབྲེལ་བ་ཞེས་པ་སྤྱོད་དགོས་པའི་དགོས་པ་རྒྱུ་མཚན་བཤད་དོན། “ཡོན་རྒྱལ་རབས་དང་། ཆིང་རྒྱལ་རབས་ཀྱི་གྲངས་ཉུང་མི་རིགས་གཉིས་ཀ་རྒྱ་ནག་གི་མགོ་འཛིན་བྱས་པ་ཡིན་ནའང་། ཡིན་ནའང་དབང་སྒྱུར་མཁན་སོག་པོ་དང་མན་ཇུ་གཉིས་ཀས་རྒྱ་མིའི་རྒྱལ་རབས་གོང་མས་བཞག་པའི་རིག་གཞུང་ལྟ་བ་དང་། རྒྱལ་སྐྱོང་རྩ་ཚིག་དང་ལེན་རྒྱུད་འཛིན་བྱས་པ་དེས། དེ་སྔའི་དབང་སྒྱུར་མཁན་གྱི ‘ཀླ་ཀློའི’མི་དེ་ཚོས་ད་ཆའི‘ཧྭ་ཤའ’ལ་ལུགས་མཐུན་རང་བཞིན་གྱི་དཔང་པོ”བྱས་པ་རེད་ཟེར།
“སོག་པོ་དང་མན་ཇུའི་གྲངས་ཉུང་མི་རིགས་གཉིས་ཀ་རྒྱའི་རྒྱལ་ཁབ་གཙོ་བདག་བྱས་པ་རེད། “<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དཔེ་དེབ་ལས་རྒྱ་ནག་གུང་ཁྲན་པས་ལོ་རྒྱུས་བཟོ་བཅོས་བྱས་པའི་མ་ཚིག་གྲ་མ་ཉམས་གྲུ་མ་ཆག་པར་བཀོད་ཡོད། ཧེ་ཧེ། མི་ལོ 700 སྔ་རོལ་ནས་ཀྱང་སོག་པོའི་མི་རྣམས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཡིན་ནམ། གནའ་རྫས་དཔྱད་ཞིབ་གི་ཚད་ལྡན་ཡིག་ཆ་ག་རེས་སུང་རྒྱལ་རབས་ཀྱི་རྒྱ་ནག་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེས་རྒྱ་ནག་ལྕགས་རིའི་ཕྱི་རོལ་གྱི་སྐབས་དེའི་སོག་ཡུལ་དང་སྐབས་དེའི་སོག་པོའི་མི་ཚོར་དབང་སྒྱུར་བྱེད་མྱོང་ཡོད་པའི་དཔང་རྟགས་བྱེད་ཐུབ་ཀྱི་ཡོད། ཡང་ན་དེ་ནི་རྒྱ་ནག་གི་དབང་སྒྱུར་པ་སོ་སོའི“གནམ་བསྐོས་གོང་མའི་རྒྱལ་ཁབ”ཞེས་པའི་བཙན་རྒྱལ་གྱི་སྟོང་བསམ་དེ་ལ་བརྟེན་པ་ཞིག་ཡིན། གལ་ཏེ་གནམ་འོག་ཚང་མ་རྒྱ་ནག་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་ཞིག་ཡིན་ན། རྒྱ་ནག་ལྕགས་རི་རིང་པོ་བཟོ་སྐྲུན་བྱེད་དགོས་དོན་མེད་པ་ཞིག་མ་ཡིན་ནམ།
བཙན་རྒྱལ་སོག་པོའི་ལོ་རྒྱུས་དེ་ནི་འཛམ་གླིང་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་ཞིང་། “གྲངས་ཉུང་མི་རིགས”ཞེས་འབོད་པའི་སོག་པོས་ར་ཤི་ཡ་བཙན་བཟུང་བྱས་རྗེས་ཀྱི་མི་ལོ 28 རྗེས་སུ་རྒྱ་ནག་ལྕགས་རི་རིང་པོའི་ནང་དམག་དྲངས་ཏེ། “ཀྲུང་ཡོན(བོད་སོག་ཤར་ཏུ་ཀི་སི་ཐན་མན་ཇུ་བཅས་མ་ཚུད་པའི་རྒྱ་མི་རང་གི་རྒྱལ་ཁབ་ལ་ཀྲུང་ཡོན་ཟེར)”རང་ཉིད་བཙན་རྒྱལ་སོག་པོའི་ས་ཁོངས་ཆ་ཤས་སུ་གྱུར་ལ། སྐབས་དེའི་ཧྭ་ཤའ་རྒྱ་ནག་གི་མི་ཚོ་བཙན་རྒྱལ་སོག་པོའི“བྲན་གཡོག་རིམ་པ་དམའ་ཤོས་ཀྱི་རིམ་པ་གསུམ་པ”དེ་ཆགས་ཡོད་པས། སྐབས་དེའི་བཙན་རྒྱལ་སོག་པོ་དང་བོད་ཀྱི་ས་སྐྱའི་སྲིད་དབང་དབར་ལ་བཙུགས་པའི་མཆོད་ཡོན་འབྲེལ་བ་དེ “རྒྱ་ནག”དང་འབྲེལ་བ་ཅི་ཞིག་ཡོད་པ་རེད་དམ།
དེ་བཞིན་དུ། མིང་རྒྱལ་རབས་དུས་མཇུག་གི་རྒྱལ་སྲས་ཀྱིས་ཉིའུ་ཀྲན་གྱི་མི(女真人)མིང་རྒྱལ་རབས་ཆེན་པོའི་གྲངས་ཉུང་མི་རིགས་ཡིན་པ་ཤེས་ཡོད་དམ། མིང་གོང་མས་རྒྱ་ནག་ལྕགས་རིའི་ཕྱི་རོལ་གྱི་མན་ཇུའི་ས་ཁུལ་དབང་སྒྱུར་བྱེད་མྱོང་ངམ། མན་ཇུས་རྒྱལ་ཁབ་བཙུགས་པ་དེའང“གྲངས་ཉུང་མི་རིགས”ཀྱི་གྱེན་ལོག་དུས་འགྱུར་རེད་དམ། མན་ཇུ་དང་མིང་རྒྱལ་རབས་དམག་འཐབ་དེ་རྒྱ་ནག་ནང་ཁུལ་དམག་འཐབ་རེད་དམ། བོད་ཀྱི་ཐོག་ནས་བཤད་ན། སྐབས་དེའི་བོད་མིས “རྒྱ་ནག་གི་གཙོ་བདག་ཏུ་ཆགས་པའི་གྲངས་ཉུང་མི་རིགས”སམ”མན་ཇུ”ཟེར་བ་དང་ཕན་ཚུན་མཆོད་ཡོན་གྱི་འབྲེལ་བ་བཙུགས་པ་ཞིག་ཡིན་པ་ཤེས་ཀྱི་ཡོད་དམ།
རྒྱ་ནག་གི་དྲིལ་བསྒྲགས་ནང “གྲངས་ཉུང་མི་རིགས་ཀྱིས་རྒྱ་ནག་གི་གཙོ་བདག་ཆགས་པ”ཞེས་པའི་ཚིག་བརྗོད་འདི་ནི་ཇུས་འགོད་ཞིབ་ཚགས་བྱས་པའི་ཆབ་སྲིད་ལས་ཀ་ཞིག་དང་ཀླད་པ་འཁྲུད་པའི་ཐབས་རྩལ་ཞིག་ཡིན་ཞིང་། འདིས “རྒྱ་ནག་ནི་གནའ་སྔ་མོ་ནས་མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། སྐབས་རེ་གྲངས་ཉུང་མི་རིགས་ལ་སྲིད་དབང་འཛིན་དུ་བཅུག་པའི”འཁྲུལ་སྣང་སྟེར་འགྲོ རྒྱལ་ཁབ་ཤོར་བའི་ལོ་རྒྱུས་བཟོ་བཅོས་བརྒྱབ་སྟེ། མི་སེར་སྤེལ་ཡུལ་དུ་བྱས་པའི་བོད་དང “ཤིང་ཅང”གི་བདག་དབང”རྒྱུན་འཛིན”བྱེད་ཀྱི་ཡོད་མདོག་བྱེད།
“རྒྱའི་རྒྱལ་རབས་གོང་མས་བཞག་པའི་རིག་གཞུང་ལྟ་བ་དང་རྒྱལ་ཁབ་སྐྱོང་བའི་རྩ་དོན་རྒྱུད་འཛིན་བྱས་ཡོད ”ཟེར། _____གནམ་བསྐོས་གོང་མའི་མི་རྣམས་ཀྱི་མིག་ལམ་དུ། ཕྱི་རོལ་ཀླ་ཀློ་བ་ཚོར་རིག་གཞུང་མེད་ལ་ཐ་ན་རྟ་ཚུགས་ལྟ་བུ་དེ་འདྲའི་སྟབས་བདེའི་འགྲིམ་འགྲུལ་ཡོ་ཆས་དེ་ཚོའང་མེད་སྙམ་བྱེད། <<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དེབ་དེའི་ནང་། སོག་པོས་རྒྱ་མིའི་ལད་མོ་བྱེད་ཀྱི་ཡོད་པར་བཤད། འདི་འདྲ་བའི་གཏན་ཚིགས་གིས་ནི་སུས་རྒྱ་ནག་གི་དབང་སྒྱུར་ཐབས་རྩལ་སྤྱད་ཚེ་སུ་རྒྱ་ནག་པ་རེད་ཟེར། སོག་པོའི་ཡོན་དང་། མན་ཇུ་གོང་མས་བོད་བརྒྱུད་ནང་བསྟན་ལ་དད་པ་བྱས་ཤིང་། བོད་ཀྱི་བླ་མ་སྐྱེས་ཆེན་དག་རང་གི་རྩ་བའི་བླ་མར་བསྟེན་ནས་བསྙེན་བཀུར་ཞུ་གི་ཡོད་ལ། སོག་པོ་ཡོན་དང་མན་ཇུ་གོང་མས་མཆོད་ཡོན་སྦྱིན་བདག་ཡིན་པའི་ངོས་ནས་དམག་ཤུགས་སྲུང་སྐྱོབ་ཞུས་པ་བཅས་ནི། “རྒྱའི་རྒྱལ་རབས་གོང་མའི་དབང་སྒྱུར་བ་ཚོས་བཞག་པའི་རིག་གནས་འདུ་ཤེས”ཨེ་རེད།
ཡང་གལ་ཏེ། རྟེན་འབུལ་དང་མཚན་གནས་བསྩལ་སྲོལ་ཐོག་ནས་བཤད་ན། རྟེན་འབུལ་དང་མཚན་གནས་བསྩལ་བའི་སྲོལ་དེ་ནི་འཛམ་གླིང་ན་མི་སེར་སྤེལ་བའི་རྒྱལ་ཁབ་གཞན་ཚོས་ཀྱང”རྒྱལ་སྐྱོང་རྩ་དོན”བྱེད་ཀྱི་ཡོད་དུས། རྒྱལ་ཁབ་དེ་དག་གིས་ཀྱང་ཁྱོད་རྒྱ་ནག་གི་རྒྱལ་སྐྱོང་རྩ་དོན་རྒྱུན་འཛིན་བྱས་པར་འགྲོའམ།
<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དཔེ་དེབ་ལས། བོད་དང་སོག་པོ་ཡོན། བོད་དང་མན་ཇུའི་དབར་གྱི་ལོ་རྒྱུས་འབྲེལ་བ་བསྐྱར་སྒྲིག་བྱས་ཏེ་འགྲེལ་བརྗོད་བྱས་ཡོད། རྩོམ་པ་པོ་སྐུ་ཞབས་ཀྲང་པའོ་ཧྲུའུ་ནི་དེ་སྔ་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་རིག་གནས་པ་ཞིག་ཡིན་པའི་ངོས་ནས། བོད་མིས་བཙན་རྒྱལ་སོག་པོ་ཡོན་དང་མན་ཇུར་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་མེད་གསལ་པོ་ཤེས་གསལ་རེད་ལ། ད་དུང་སོག་པོ་བ་རང་ཉིད་ཀྱིས་ཡོན་རྒྱལ་རབས་ལ་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་མེད་ཀྱང་ཤེས་ངེས་རེད། དེས་མ་ཚད། རྒྱལ་སྤྱིའི་ལོ་རྒྱུས་སྨྲ་བ་ཚོས་བཙན་རྒྱལ་སོག་པོ་ཡོན་དང་བཙན་རྒྱལ་མན་ཇུར་རིག་པའི་ལམ་ནས་ཅི་ལྟར་ལྟ་གི་ཡོད་མེད་ཤེས་སའི་ལམ་བུའང་ཡོད་པ་རེད།
ཏག་ཏག་གནས་ཚུལ་དེ་ཚོ་གཏིང་ཟབ་ཤེས་ཀྱི་ཡོད་པའི་རྐྱེན་གྱིས་སླར་ཡང་རིགས་པ་འདྲ་བོ་གཞན་ཞིག་བཏང་ནས། “དབུས་སའི་སྲིད་དབང” ཟེར་བ་ལྟ་བུའི་ཚིག་བརྗོད་གསར་བཏོད་བྱས་ཏེ “གྲངས་ཉུང་མི་རིགས་ཡིན་པའི་སོག་པོ་ཡོན་དང་ཆིང་རྒྱལ་རབས་གཉིས་ཀས་རྒྱ་ནག་གི་གཙོ་བདག་བྱེད་མྱོང”ཞེས་པ་ལྟ་བུ་རྩོམ་ཡིག་ནང་བཅུག་པ་རེད། དེ་ནི་རྒྱ་ནག་གུང་ཁྲན་ཏང་གི་བྱེད་སྟངས་གཅིག་པ་གཅིག་རྐྱང་རེད། དེ་རིང་ཁ་སང་གི་རྣམ་པ་འདི་འདྲའང་ལོ་རྒྱུས་ཀྱི་དངོས་བྱུང་གནས་ཚུལ་བཟོ་བཅོས་རྒྱག་པ་འདི་ནི། ཤེས་ཡོན་པ་ཞིག་གི་རིག་པའི་དཔྱད་ཐབས་སུ་བརྩི་དགོས་སམ།
སྐུ་ཞབས་ཀྲང་ནས། “གྲངས་ཉུང་མི་རིགས་ཀྱི་ཡོན་རྒྱལ་རབས་དང་ཆིང་རྒྱལ་རབས་གཉིས་ཀས་རྒྱ་ནག་དབུས་ཁུལ་གྱི་མགོ་འཛིན་བྱས་པ་ཡིན་ནའང་། དབང་སྒྱུར་མཁན་སོག་པོ་དང་མན་ཇུ་གཉིས་ཀས་རྒྱ་མིའི་རྒྱལ་རབས་གོང་མས་བཞག་པའི་རིག་གཞུང་ལྟ་བ་དང་། རྒྱལ་སྐྱོང་རྩ་ཚིག་དང་ལེན་རྒྱུད་འཛིན་བྱས་པ་དེས། དེ་སྔའི་དབང་སྒྱུར་མཁན་གྱི ‘ཀླ་ཀློའི’མི་དེ་ཚོས་ད་ཆའི‘ཧྭ་ཤའ’རྒྱ་མི་ཚོར་ལུགས་མཐུན་རང་བཞིན་གྱི་དཔང་པོ”བྱས་པ་རེད་ཟེར། _____ཅི་འདྲའི་རྒྱུག་མཆོངས་རྒོད་པའི་བཤད་སྟངས་དེར་རེ་ཞིག་མགོ་འཐོམ་ཞིང་གོ་བ་ལེན་མི་ཐུབ་པར་གྱུར།
ངོ་མ་ལྟ་དུས། དེ་སྔོན་ཕྱི་རྒྱལ་བས་རྒྱ་ནག་ལ་དབང་སྒྱུར་བྱས་པ་དེའང“རྒྱ་ལ་བརྟེན་ནས་རྒྱ་བསྐྱངས་པ”ཡིན་དུས། ད་ཆའི་རྒྱ་ནག་པ་ཚོས་དེ་སྔའི་ཕྱི་རྒྱལ་བ་ཚོའི་དབང་སྒྱུར་དེ་ལུགས་མཐུན་གྱི་དབང་འཛིན་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་བརྗོད་པ་རེད། _____འདི་འདྲ་ལབ་གི་ཡོད་ན་སྐུ་ཞབས་ཀྲང་གིས་སྔ་ཙམ་མི་གསུང་བ་ག་རེ་རེད། སུང་ལྷོ་མ་དང་མིང་རྒྱལ་རབས་དུས་མཇུག་མི་གསུངས་པ་ཅི་ཡིན། གལ་ཏེ་སྐུ་ཞབས་ཀྲང་ལགས་སུང་ལྷོ་མ་དང་མིང་རྒྱལ་རབས་དུས་མཇུག་ཏུ་ཕྱིར་རྒྱུག་མཆོངས་བྱས་ནས་གནའ་བོའི་རྒྱ་མི་ཚོར་གནས་ལུགས་དེ་བཤད་པ་ཡིན་ཚེ། 陆秀夫ལུའུ་ཤུ་ཧྥུ་རྒྱལ་སྲས་སྒལ་པར་ཁུར་ཏེ་རྒྱ་མཚོར་མཆོངས་ནས་རང་ཤི་རྒྱག་དགོས་དོན་མེད་ལ། མིང་རྒྱལ་རབས་དུས་མཇུག་ཏུ་མིང་རྒྱལ་རབས་ལ་ཞེན་ཁོག་ཆེ་བའི་མི་ཚོས། སྐྲ་མ་བཏུབ་པར་རང་སྲོག་བློས་བཏང་བྱེད་དགོས་དོན་ཡང་མེད། ཡང་ཀྲུའུ་ཉིན་བཅུ་དང་ཅའ་ཏིང་སྡེབ་གསོད་ཆེན་པོ་གསུམ་སོགས་གཡོལ་ཐུབ་པ་ཞིག་ཡིན་ཞིང་། ཅི་སྟེ་དེ་འདྲ་བྱུང་ན། གཟོད་གཞི་ནས་ངོ་མས་ལོ་རྒྱུས་ལ་བཟོ་བཅོས་བརྒྱབ་པ་རེད།
དབྱིན་ཇིས་རྒྱ་གར་དུ་མི་སེར་སྤེལ་དུས་ཀྱང “རྒྱ་གར་བས་རྒྱ་གར་སྐྱོང་བ”ཞེས་པའི་དབང་སྒྱུར་བྱེད་སྟངས་བེད་སྤྱོད་བྱས་ཡོད་པས། སྐུ་ཞབས་ཀྲང་ལགས་ཀྱི་གཏན་ཚིགས་ལྟར་ན། དབྱིན་ཇི་འདི་ཉིད་ད་ལྟའི་རྒྱ་གར་གྱི་ལུགས་མཐུན་ངང་དབང་སྒྱུར་བྱ་ས་ཞིག་ཏུ་ངོས་འཛིན་བྱེད་ཆོག་གམ། རྒྱ་གར་གྱིས་དབྱིན་ཇིའི་རྒྱལ་མོ Victoriaདེ་སྔ་རྒྱ་གར་རྒྱལ་མོ་གནང་མྱོང་ཡོད་པའི་རྒྱུ་མཚན་གྱིས་འབྲུག་དང་འབར་མ་ལ་སོགས་པ། དེ་མིན་དབྱིན་ཇིའི་ཁོངས་གཏོགས་མི་སེར་སྤེལ་ཡུལ་ཁག་གི་བདག་དབང་དེ་ཉིདརྒྱ་གར་རང་ཉིད་ལ་ཡོད་པར་བརྗོད་ཆོག་གམ།
བཙན་རྒྱལ་སོག་པོས་རྒྱ་ནག་ལ་ལོ་ངོ 97 རིང་དབང་སྒྱུར་བྱས་ཡོད་ལ། ར་ཤི་ཡ་ལ་ལོ་ངོ 257 དབང་སྒྱུར་བྱས་ཡོད། དེ་འདྲའི་གྲངས་ཉུང་མི་རིགས་ཀྱིས་རྒྱ་ནག་དབུས་ཁུལ་བཟུང་བའི་སྲིད་དབང་དེ་རྒྱ་ནག་དབུས་ཁུལ་ནས་མིང་རྒྱལ་རབས་ཀྱིས་ཕྱིར་འབུད་བྱས་རྗེས། ད་དུང་ར་ཤི་ཡར་ལོ་ངོ་བརྒྱ་ལྷག་རིང་དབང་སྒྱུར་བྱས་ཡོད་དུས། སྐུ་ཞབས་ཀྲང་གིས་ར་ཤི་ཡ་དེ་ཉིད་རྒྱ་ནག་གི་མངའ་འོག་ཏུ་བརྩི་མི་དགོས་དོན་གང་ཡིན་ནམ།
སྐད་ཆ་དྲང་པོ་བཤད་ན། རྒྱ་ནག་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལོ་རྒྱུས་རིག་པ་དང་ཁྲིམས་ལུགས་རིག་པའི་དཔྱད་ཐབས་དེ་ཚོ་ངོ་གནོངས་དགོས་པ་ཞིག་རེད། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀས་ཆེས་བླ་ན་མེད་པར་བརྩི་བའི་སུན་ཀྲུང་ཧྲན་ནས། “ལོ་ངོ་སྟོང་ཕྲག་ཁ་ཤས་ནས་བཟུང་རྒྱ་ནག་ལ་ཆབ་སྲིད་ཐོག་བཙན་གནོན་བྱུང་བ་དང་། ཐ་ན་རྒྱལ་ཁབ་སྟོང་པའི་གནས་ཚུལ་ཐེངས་གཉིས་བྱུང་མྱོང་ཡོད་ཅིང་། ཐེངས་གཅིག་ནི་ཡོན་རྒྱལ་རབས་དང་། ཐེངས་གཅིག་ནི་ཆིང་རྒྱལ་རབས་ཡིན”ཞེས་བཤད་པ་རེད། ད་ཆ། བོད་དང་སོག་པོ། བོད་དང་མན་ཇུའི་འབྲེལ་བའི་དབར་གྱི་མི་སེར་སྤེལ་རབས་རྒྱུ་མཚན་དུ་འཚོལ་བ་དང་། རྒྱ་ནག་གིས་བོད་ཧམ་བཟུང་བྱས་པར་ལུགས་མཐུན་རང་བཞིན་བཟོ་སླད། སོག་པོ་དང་མན་ཇུས་རྒྱ་ནག་ལ་དབང་སྒྱུར་བྱས་པ་དེ་ལུགས་མཐུན་ཞིག་ཡིན་པར་བརྩི་བཞིན་ཡོད།
སྤྱི་དམངས་ཀྱི་ཡིད་ཆེས་ཚད་ཐིག་ཧ་ལམ་ཀླད་ཀོར་ཡིན་པའི་རྒྱ་ནག་གུང་ཁྲན་པའི་དྲིལ་བསྒྲགས་ཚན་པས། “བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་མངའ་ཁོངས་ཤིག་ཡིན” ཞེས་ཤོད་ཀྱི་ཡོད་ལ། སྐུ་ཞབས་ཀྲང་པའོ་ཧྲུའུ་ལ“ཁྲིམས་སྲིད་རིག་པའི་མཁས་དབང”ཞེས་པའི་མཚན་སྙན་དང་། ཕྱི་ཚུལ་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་མཁན་གྱི་གཟུགས་བསྙན་དེ་འདྲ་ཞིག་ཡོད་རུང་། <<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དེབ་དེའི་ནང་། ཆབ་སྲིད་ཀྱི་སྒྲིག་གཞི་དང་ཆབ་སྲིད་སྒྲིག་གཞི་དབྱེ་བསྡུར་བྱས་པའི་ཐོག་ནས། ལོ་རྒྱུས་ཐོག་གི་རྒྱ་བོད་འབྲེལ་བར་ཞིབ་འཇུག་གཏིང་ཟབ་ཅིག་གནང་ཕོད་མེད། དེ་བས་བོད་འདི་བཙན་རྒྱལ་སོག་པོ་ཡོན་གྱི་སྐབས་ནས་བཟུང་སོག་པོ་དང་མན་ཇུ། རྒྱ་བཅས “དབུས་སའི་སྲིད་དབང”ཞེས་པའི་ཚིག་བརྗོད་དེས་ཁམ་གང་གིས་གྱུར་མིད་གཏོང་རྩིས་བྱས་ཡོད། འདི་འདྲའི་རིག་ལམ་དཔྱད་ཐབས་ཐོག་ནས་ཆབ་སྲིད་རྩེད་ཆས་སུ་བྱེད་པ་ནི་རིག་པ་སྐྱེན་ཐལ་ཆོད་པ་རེད།
3. “མངའ་ཁོངས “ཟེར་བའི་སྒྱེ་མོ་ཆེན་པོ།
རི་ཀླུང་ལྟ་ན་སྡུག་པའི་བོད་ས་མཐོའི་སྟེང་དུ་སུ་འདྲ་དག་སྐྱེས་ཤིང་ད་བར་འཚོ་བ་བསྐྱལ་ཡོད་དམ། སུས་དེའི་ཐོག་ཤེས་རིག་བསྐྲུན་པ་དང་། སུས་ས་ཁུལ་དེ་དང་ས་ཁུལ་དེའི་མི་དམངས་བདག་སྐྱོང་བྱས་ཤིང་། སུས་དེའི་ལོ་རྒྱུས་དྲན་གསོ་དང་ཐོ་འགོད་བྱས་ཡོད་དམ། དེ་འདྲའི་གླེང་གཞི་གལ་ཆེན་དེ་ཚོ་ཚང་མ་སྐུ་ཞབས་ཀྲང་གི<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན >>ཞེས་པའི་དེབ་དེའི་དོ་འཁུར་བྱེད་ཡུལ་མིན་པར། རྩོམ་པ་པོ་སྐུ་ཞབས་ཀྲང་པའོ་ཧྲུའུ་ནས་དོ་ཁུར་ཆེ་ཤོས་གནང་ཡུལ་དེ་ནི། བོད་འདི་བཙན་རྒྱལ་སོག་པོ་དང་མིང་རྒྱལ་རབས་ཀྱི་རྒྱ་ནག དེ་བཞིན་བཙན་རྒྱལ་མན་ཇུ་བཅས་གཅིག་ཏུ་བསྡུས་པའི“རྒྱ་ནག”ཅེས་པ་དེ་ཡིན།
སྐུ་ཞབས་ཀྲང་ནས་བོད་དང་སོག་པོ་ཡོན་དབར་གྱི་འབྲེལ་བ་དེ་གཅིག་ནས་མཆོད་ཡོན་འབྲེལ་བ་ཡིན་པ་དང་། གཉིས་ནས་ཁོངས་གཏོགས་ཀྱི་འབྲེལ་བ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད། རེད། དེ་ལྟར་རེད། སྐབས་དེར་བཙན་རྒྱལ་སོག་པོའི་དམག་ཤུགས་ཆེན་པོ་ཡོད་པ་དང་། བོད་སིལ་བུར་གྱུར་ནས་སྟོབས་ཤུགས་ཉམས་ཡོད་ལ། ཆོས་ལུགས་ཐོག་བོད་ཀྱི་དབུ་ཁྲིད་ས་སྐྱ་པཎྜི་ཏ་དང་སོག་པོའི་རྒྱལ་སྲས་གོ་དན་དབར་མཆོད་ཡོན་འབྲེལ་བ་ཞིག་ཡིན་ཞིང་། ཆབ་སྲིད་དམག་དོན་ཐད་བོད་མི་དང་རྒྱལ་སྤྱིའི་ཡོན་ཏན་པའི་སྡེ་ནས་བོད་འདི་བཙན་རྒྱལ་སོག་པོའི་དབང་འོག་ཏུ་བསྡུས་ཡོད་པའི་ཁས་ལེན།
ཡིན་ནའང་། ང་ཚོས་སྒྲིག་གཞི་དང་སྒྲིག་གཞིའི་ཐོག་ནས་བལྟས་ན་གནས་སྟངས་དེ་འདྲ་ཞིག་མིན། སྐབས་དེར་སོག་པོས་རྒྱ་ནག་དབང་འོག་ཏུ་བསྡུས་པའི་གནས་སྟངས་ལ་བལྟས་ན། ས་སྐྱ་པཎྜི་ཏས་གོ་དན་རྒྱལ་པོར་ཆོས་གསུངས་པ་མ་ཟད། ཐ་ན་གོ་དན་རྒྱལ་པོར་རྒྱ་མི་འབོར་ཆེན་དེ་འདྲ་གཙང་པོའི་ནང་གཡུག་མི་ཉན་པའི་ཁ་ཏ་བསླབ་བྱའང་གནང་ཡོད་ལ། སྐབས་དེར་རྒྱ་མི་འབོར་ཆེན་ཆུ་ལ་གཡུགས་ཏེ་ས་གནས་རྒྱ་མིའི་གྲངས་འབོར་ཉུང་དུ་གཏོང་བ་དེ་ནི་དཔལ་འབྱོར་གྱི་རྒྱུ་མཚན་ཞིག་མ་ཡིན་པར། དེ་ལས་ལྡོག་ཏེ་དེ་ནི་ཆབ་སྲིད་ཀྱི་རྒྱུ་མཚན་ཞིག་ཡིན་ཞིང་། དེ་ནི་རྒྱ་ནག་གི་མི་འབོར་མང་བས་གོ་དན་རྒྱལ་པོའི་དབང་སྒྱུར་ལ་ཉེན་ཁ་ཆགས་ཀྱི་ཡོད་པས་ཡིན། ས་སྐྱ་པཎྜི་ཏས་རྒྱ་མི་འབོར་ཆེན་ཆུ་ལ་གཡུགས་པའི་བྱེད་སྟངས་དེ་ནི་ཆོས་ཀྱི་དོན་སྙིང་དང་འགལ་བ་ཞིག་ཡིན་པར་གསུངས་ཡོད་པས། གོ་དན་རྒྱལ་པོས་རྒྱ་མི་ཆུ་ལ་གཡུགས་མཚམས་བཞག་གནང་ཡོད།[5]
གཅིག 1240 ལོར། སོག་པོའི་རྒྱལ་སྲས་གོ་དན་ཁང་ནས་གདན་འདྲེན་ཞུས་པ་བཞིན་ས་སྐྱ་པཎྜི་ཏ་རྒྱལ་སྲས་གོ་དན་གྱི་བཞུགས་གནས་སུ་ཕེབས་ཏེ། སྐུ་ཞབས་ཀྲང་གིས་གསུངས་པ་ལྟར་སོག་པོའི་རྒྱལ་ཁང་དང “མཆོད་ཡོན་དང་ཁོངས་གཏོགས་ཀྱི་འབྲེལ་བ”ཞེས་པ་དེ་བཙུགས་པ་རེད། དེ་ནས་ལོ 39 རྗེས་སུ་སུང་རྒྱལ་རབས་གཞི་ནས་རྩ་འཐོར་དུ་ཕྱིན་ཡོད་པས། སོག་པོ་དང་བོད་ཀྱི་འབྲེལ་བ་ཁོངས་གཏོགས་ཀྱི་འབྲེལ་བ་ཞིག་ཡིན་པར་བརྩིས་རུང་། བོད་འདི་བཙན་རྒྱལ་སོག་པོའི་ཁོངས་སུ་གཏོགས་པ་ཞིག་ལས། “རྒྱ་ནག”ཟེར་བ་དེ་དང་འབྲེལ་བ་མེད་པ་ཞིག་ཡིན།
གཉིས་ནས། སུང་ལྷོ་མའི་གོང་མའི་སྐྱོ་ཤས་ཆེ་བའི་མཇུག་འབྲས་དེ་ངས་འདིར་བརྗོད་མི་དགོས་པར། བཙན་རྒྱལ་སོག་པོའི་ཁོངས་སུ་གཏོགས་པའི་བོད་ཀྱི་དབུ་ཁྲིད་ས་སྐྱ་པཎྜི་ཏས་ཆོས་ཕྱོགས་ཀྱི་དབུ་བླའི་ཤུགས་རྐྱེན་ལ་བརྟེན་གནང་མཛད་དེ། སོག་པོས་རྒྱ་ནག་གི་རིགས་རྒྱུད་རྩ་མེད་བཟོ་བའི་སྡེབ་གསོད་ཆེན་མོ་དེ་བཀག་འགོག་གནང་ཡོད། ཧེ་ཧེ། <<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དེབ་དེའི་ནང་། བཙན་རྒྱལ་སོག་པོ་དེ “དབུས་སའི་སྲིད་དབང ”ཞེས་པ་དེ་ཡིན་པར་བཤད་པ་དེ་ནི་དངོས་འབྲེལ་ངོ་ཚ་དགོས་པ་ཞིག་ཡིན།
གསུམ་ནི། <<ཡོན་རྒྱལ་རབས་ཀྱི་ལོ་རྒྱུས>>ཞེས་པའི་དཔེ་དེབ་རྩོམ་མཁན་མིང་རྒྱལ་རབས་ཀྱི་རྒྱ་མི་ཚོས། བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་བརྩིས་མེད་པ་ཙམ་དུ་མ་ཟད། ད་དུང་བཙན་རྒྱལ་སོག་པོ་དེའང་རྒྱ་ནག་ཡིན་པར་བརྩིས་མེད།[6]
<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན >>ཞེས་པའི་དེབ་དེའི་ནང་། ཚིག་གསལ་ལ་མ་གསལ་གྱི་སྒོ་ནས་བརྗོད་དོན། “མིང་རྒྱལ་རབས་ཀྱི་རྒྱ་ནག་དང་བོད་དབར་གྱི་འབྲེལ་བ་དེ་ནི། དེའི་གོང་གི་ཡོན་རྒྱལ་རབས་དང་དེའི་རྗེས་ཀྱི་ཆིང་རྒྱལ་རབས་དང་བསྡུར་ན་ཅུང་ལྷོད་པ་ཡོད་ལ། ཐ་ན་གནས་སྟངས་འགའ་རེའི་ཐོག་མཚོན་དོན་ཙམ་ཞིག་ཡིན། རེད་དེ་ཁོངས་གཏོགས་ཀྱི་འབྲེལ་བ་ཁས་མ་བླངས་ཚེ། དེ་ནི་ལོ་རྒྱུས་དང་འགལ་ཡོད”ཅེས་ཟེར། ____“ལྷོད་པ ”ཡིན་ལ “མཚོན་དོན་ཙམ”ཡང་ཡིན་པའི་ཐོག ད་དུང “ཁོངས་གཏོགས”ཟེར་བའང་རེད། ཡང་སྙིང་ག་རེ་ཤོད་ཀྱི་ཡོད་དམ། གཙོ་གནད་དེ “ཁོངས་གཏོགས ” ཟེར་བ་དེ་རེད། དེ་ནི་གོ་དོན་གཏན་འཁེལ་མེད་པ་དང་ཚད་འཛིན་མེད་པ། ཁྱོད་ཀྱི་འཆར་སྣང་བཞིན་བསམ་ཚོད་བྱེད་དགོས་པའི་འབྲེལ་བ་ཞིག་ཨེ་རེད།
བོད་འདི་ཉིད་ཆབ་སྲིད་ཐོག་མིང་རྒྱལ་རབས་ཀྱི་བཏང་འཛིན་འོག་གནས་པ་ཞིག་ཡིན་ནམ་ཟེར་ན། དེ་མིན། 1350 ལོར་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་ཚབ་བྱས་ཏེ་བོད་ལ་དབང་སྒྱུར་བྱས་པ་དང་། “བཙན་པོའི་གཟི་བརྗིད་སླར་གསོ”ཞེས་པ་བོད་རང་བཙན་སླར་གསོ་བྱས་པ་རེད།[7] སོག་པོའི་ཁོངས་སུ་གཏོགས་མེད་པ་རེད། དེ་ནས་ལོ18རྗེས་མིང་རྒྱལ་རབས་གཞི་ནས་འཛུགས་ཐུབ་ཡོད་པས། ཇི་ལྟར་བྱས་ཏེ་མིང་རྒྱལ་རབས་ཀྱི་ཁོངས་གཏོགས་ཞེས་པ་དེ་ཆགས་ཡོད་དམ། ཧེ་ཧེ། <<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དེབ་དེའི་ནང་། རྟེན་འབུལ་ཕུལ་བ་དང་མཚན་གནས་གསོལ་བ་ཞེས་པའི་ལྷ་རྫས་དེ་ཚོ་བེད་སྤྱོད་བྱས་ཡོད་ལ། མིང་གོང་མས་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཆེ་ཁག་གི་གལ་ཆེའི་མི་སྣ་ཚོར་མཚན་གནས་མང་པོ་ཞིག་གསོལ་ཡོད་པར་བཤད་ཡོད།
རྒྱལ་བ་ཀརྨ་པ་ལ་སོགས་པའི་བོད་ཀྱི་བླ་ཆེན་སྤྲུལ་སྐུ་ཚོ་ནི་མིང་རྒྱལ་རབས་གསར་འཛུགས་མ་བྱས་སྔོན་ནས་བོད་མིས་ངོས་ལེན་དང་དད་གུས་ཞུ་བའི་མི་སྣ་ཤ་སྟག་ཡིན་ཞིང་། ཁོང་རྣམ་པའི་ཁྲིམས་མཐུན་རང་བཞིན་ནི་དམངས་ཁྲོད་ནས་བྱུང་བ་ཞིག་ཡིན་པས། མིང་རྒྱལ་རབས་གསར་འཛུགས་བྱས་རྗེས་ཁོང་ཚོར་མཚན་གནས་མང་པོ་ཞིག་གནང་བ་དེ་ནི། ཟ་འོག་གོས་ལ་རི་མོ་བྲིས་ནས་ཕྱི་འབྲེལ་གྱི་རྣམ་འགྱུར་ཡག་པོ་ཡོད་བསྟན་པ་ཙམ་རེད་དམ། ཡང་ན་མིང་གོང་མས་མཚན་གནས་གསོལ་ཏེ་བླ་ཆེན་སྤྲུལ་སྐུ་ཚོ་གཞི་ནས་བོད་ཀྱི་ཆོས་སྲིད་དབུ་འཛིན་དུ་འཁོད་པ་ཞིག་རེད།[8]
བོད་འདི་མིང་རྒྱལ་རབས་ཀྱི་དམག་ཟིལ་ལ་མགོ་བཏགས་ཞུ་དགོས་བྱུང་ཡོད་དམ། དེའང་མ་རེད། འོ་ན་རྟེན་འབུལ་དང་མཚན་གནས་གསོལ་བའི་ལྷ་རྫས་འོག་མགོ་བཏགས་ཞུས་པ་ཡིན་ནམ། སྐུ་ཞབས་ཀྲང་ནས“རྟེན་འབུལ་མཁན་མང་དྲགས་པའི་དབང་གིས་གནོད་སྐྱོན་ཡོང་གི་ཡོད”ཅེས་པ་དེ་ཆེད་མངགས་བྲིས་ཡོད། སྐད་ཆ་དེ་ཕྱེད་ཀ་བདེན་པ་ཡིན་ཞིང་། ཕྱེད་ཀ་སྤྲོ་སྣང་ཆེ་དྲགས་པ་ཞིག་ཡིན། རྒྱལ་ཕྱི་ནང་གི་ཤེས་ཡོན་པའི་སྡེ་སྤྱི་ཡོངས་ནས་མིང་རྒྱལ་རབས་ཀྱི “ཡ་རབས་མཚན་སྙན་ཀུན་ཏུ་གྲགས། ཕྱོགས་བཞི་ཀུན་ནས་གུས་བཀུར་ཐོབ།”ཅེས་པའི་སྐལ་བཟང་རྫོགས་ལྡན་ལྟ་བུའི་རྣམ་པ་དེ། དོན་དུ “ཚུར་འབྱོར་ཉུང་ལ་ཕར་སྤྲོད་མང” དེ་ནི་གྱོང་གུན་ཆེ་བའི་ཉོ་ཚོང་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད།
ཕྱི་རྒྱལ་བ་ཚོས་རྟ་དང་ཤིང་ཆ་སྤོས་ལ་སོགས་པའི་ཡུལ་ཐོན་དངོས་རྫས་འབུལ་རྟེན་དུ་ཕུལ་བར། མིང་གོང་མས་དེའི་ལན་དུ་འབུལ་རྟེན་གྱི་རིན་གོང་ལས་ཧ་ཅང་ཆེ་བའི་གསེར་དངུལ་རྒྱུ་ནོར་དང་། དཀར་ཡོལ། ལྕགས་ཀྱི་ཡོ་བྱད། དེ་བཞིན་ཇ་སོགས་སྤྲོད་ཀྱི་ཡོད་པས། དེ་འདྲའི་འབུལ་སྐྱེས་གྱ་ནོམ་པོ་དེས་ཧྲུའུ་ཇའོ་དང་ཀའོ་ལི། ཧྥི་ལི་ཕིན་ལ་སོགས་པའི་རྒྱལ་ཁབ་བཅུ་གྲངས་ཤིག“མངའ་འོག་ཁོངས་གཏོགས”ཞེས་པ་དེ་ཆགས་དགོས་པ་མ་ཟད། ཐ་ན་ལྷོ་ཨ་ཧྥེ་རི་ཁའི་ཟོ་མའ་ལི་དང་ཁན་ཡ་སོགས་ཀྱང “མངའ་འོག་ཁོངས་གཏོགས”སུ་འདུ་དགོས།
བོད་ཀྱི་དྲེལ་པ་མང་པོ་ཞིག་དང་། དེ་བཞིན་དབུས་ཨེ་ཤ་ཡའི་ནང་འཚོ་གནས་བྱེད་པའི“ཕྱི་སྡོད་རྒྱ་མི”ཞེས་པ་དེ་ཚོས་ཀྱང་། མགོ་ལ་རས་དཀྲིས་ཤིང་ཕྱི་རྒྱལ་བ་ཡིན་ཁུལ་གྱིས་རྔ་མོང་ཁྲིད་དེ་རྩངས་པ་ཁ་རལ་ནང་བཞིན་བྱེ་ཐང་བརྒལ་ནས“མངའ་འོག་ཁོངས་གཏོགས”ཟེར་བ་བྱེད་པར་ཡོང་ཡོད་པས།[9] ཡང་སྙིང་སྐུ་ཞབས་ཀྲང་པའོ་ཧྲུའུ་ནས་གནམ་བསྐོས་གོང་མའི་འཆར་སྣང་གི་ཐོག་ནས། རྒྱལ་སྤྱིའི་ཉོ་ཚོང་འབྲེལ་བ་དེ“རྟེན་འབུལ ”འབུས་རེས་བྱེད་པ་དེ“མངའ་འོག་ཁོངས་གཏོགས”སུ་ཆགས་པ་དང་གཅིག་མཚུངས་ཡིན་པའི་ངོས་འཛིན་བྱས་པ་རེད།
ཡིན་ནའང་གནད་འགག་ཅིག་ནི། མིང་རྒྱལ་རབས་ཀྱི་ཐོག་མའི་གོང་མ་ཀྲུའུ་ཡོན་ཀྲང་གིས་བོད་ལ“ཧྥང་པང”ཞེས་འབོད་པ་དང་། བོད་དེ་ཕྱི་རྒྱལ་དུ་བརྩི་གི་ཡོད་པས།[10] རྩོམ་པ་པོ་སྐུ་ཞབས་ཀྲང་ནས་སྐུ་ཞབས་ཀྲུའུ་ཡོན་ཀྲང་གི་སྐད་ཆ་དེ་མི་གླེང་བའི་རྒྱུ་མཚན་གང་ཡིན་ནམ།
བོད་དང་མན་ཇུའི་མགོ་སྟོད་ཀྱི་འབྲེལ་བའི་སྐོར་ལ། <<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དཔེ་དེབ་ལས་བཤད་དོན། དེའི་ཐོག་ཧྭ་ཤའ་སྲོལ་རྒྱུན་གྱི་རྟེན་འབུལ་ཕུལ་བའི་མ་ལག་ནང་གི་ བདག་པོའམ་ཁོངས་གཏོགས་རྒྱལ་ཁབ་འབྲེལ་བའི་སྤྱིར་བཏང་མཚོན་རྟགས་ལྡན་པ་མ་ཟད། ད་དུང་བོད་དང___དབུས་སའི་སྲིད་དབང་འབྲེལ་བའི་ཁྲོད་ཀྱི་དམིགས་བསལ་མཆོད་ཡོན་དང་ཁོངས་གཏོགས་འབྲེལ་བའི་ཕྱོགས་གཉིས་ཀྱི་རང་བཞིན་ཡོད་པར་བཤད་ཡོད།
ང་ཚོས་སྔོན་ལ་ལོ་རྒྱུས་ཀྱི་དངོས་བྱུང་གནས་ཚུལ་ལ་ཕྱིར་མིག་བལྟས་ན། མན་ཇུ་དང་བོད་གཞུང་གི་ཐོག་མའི་འབྲེལ་བ་དེ1639ལོར་འགོ་ཚུགས་ཡོད། བོད་སོག་གཉིས་སུ་བོད་བརྒྱུད་ནང་ཆོས་ཀྱི་རིག་གཞུང་གཅིག་མཚུངས་ཡིན་དུས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ཤུགས་རྐྱེན་གཟེངས་སུ་ཐོན་པ་བྱུང་ཞིང་། དེར་བརྟེན་ཆིང་གོང་མ་ཧྲུན་ཀྲེའི་ཡབ་ཆེན་ཧོང་ཐེ་ཇི་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག ཆིང་གོང་མའི་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ཧྲན་ཅིང་དུ་གཟིགས་སྐོར་ལ་གདན་ཞུ་བྱས་ཡོད། འོན་ཀྱང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་ཧོང་ཐེ་ཇི་གདན་འདྲེན་ཞུས་པ་ལྟར་ཕེབས་མེད། ཁོང་གིས་སྐུ་ཚབ་མངགས་གཏོང་གནང་སྟེ་ཧོང་ཐེ་ཇིའི་མཆོད་ཡོན་སྦྱིན་བདག་བྱེད་འདོད་ཀྱི་བསམ་དོན་དེ་ཁས་ལེན་གནང་། ཧོང་ཐེ་ཇི་ནས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཤིང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་ལ་དད་གུས་མཚོན་ཆེད་དུ་འབུལ་བ་གྱ་ནོམ་པ་ཕུལ་ཡོད།[11]
1639ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་ཧོང་ཐེ་ཇིའི་མཆོད་ཡོན་གྱི་འབྲེལ་བ་བཙུགས་པའི་སྐབས། ཆིང་གོང་མའི་རྒྱལ་ཁབ་ཆེན་པོ་དང་མིང་རྒྱལ་རབས་གཉིས་ཀ་གནས་ཡོད་ལ། 1644 ལོར་མིང་རྒྱལ་རབས་རྩ་མེད་དུ་ཕྱིན་ཡོད་པས། སྐུ་ཞབས་ཀྲང་པའོ་ཧྲུའི“དབུས་སའི་སྲིད་དབང”ཞེས་པ་དེ་ཡང་སྙིང་ལོ་ལྔ་འདིའི་ནང་གི་ག་རེ་ཡིན་ནམ། ལོ་ངོ་ལྔ་པོ་དེའི་རིང་མིང་རྒྱལ་རབས་ཀྱི་རྒྱ་ནག་དང་ཆིང་གོང་མའི་རྒྱལ་ཁབ་ཆེན་པོའི་དབར་དམག་འཁྲུག་རྒྱུན་མ་ཆད་པ་བྱུང་ཡོད།
ཆབ་སྲིད་ཐོག་ནས་ཡིན་ནའང་འདྲ། ཡང་ན་དམག་དོན་ཐོག་ནས་ཡིན་ནའང་འདྲ། གང་ལྟར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་གང་གི “མངའ་འོག”རེད་དམ། ཡང་མིན་ན <<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དེབ་དེའི་ནང་བཤད་པ་ལྟར“ཧྭ་ཤའ་སྲོལ་རྒྱུན་གྱི་རྟེན་འབུལ་ཕུལ་བའི་མ་ལག་ནང་གི་བདག་པོའི་རྒྱལ་ཁབ་དང་ཁོངས་གཏོགས་འབྲེལ་བ” རེད་དམ “མིང”གི་མངའ་ཁོངས་ཨེ་རེད། “བོད་དང་དབུས་སའི་སྲིད་དབང་གི་མཆོད་ཡོན་སྦྱིན་བདག་གམ་ཁོངས་གཏོགས་བཅས་ཕྱོགས་གཉིས་ལྡན་རང་བཞིན”ཟེར་བ་དེ་ཨེ་རེད། “ཆིང”གི་མངའ་ཁོངས་གཏོགས་སོང་བ་ཨེ་རེད། ཅི་འདྲའི་བཅོས་མའི་ཚིག་འཇམ་ཞིག ཅི་འདྲའི་གྲུང་མདོག་སྤྱང་མདོག་སྒོ་ནས་གཟུགས་མེད་གྲིབ་བསླངས་བྱེད་སྟངས་འདིར། ང་ནི་ཅི་ཡང་སྨྲ་མ་ཤེས་པར་ལུས།
<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དེབ་ལས། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ ཆིང་གི་ཧྲུན་ཀྲེ་གོང་མའི “མངའ་འོག”ཏུ་འགྲོ་བའི་བདེན་དཔང་ཡོད་རབས་བརྗོད་པའི་སྐད་ཆ་དེ་དག་ནི་མགོ་སྐོར་གཏོང་ཐབས་ཀྱི་སྐད་ཆ་དུམ་བུ་ཞིག་ཡིན་པ་སྟེ། “གོང་མའི་བཞུགས་ས་མཐོ་ཚད་རྐེད་པ་ཙམ་ལ་སོན་པའི་བཞུགས་ཁྲིའི་སྟེང་ཡིན་ཞིང་། གུས་པ་གོང་མའི་བཞུགས་ཁྲི་དང་བར་ཐག་ཉེ་བའི་གོང་མའི་བཞུགས་ཁྲི་ལས་ཅུང་དམའ་བའི་བཞུགས་ཁྲིའི་ཐོག་ཡིན་པ་དང་། གསོལ་ཇ་འཇོག་སྐབས། གོང་མས་གུས་པར་སྔོན་ལ་གསོལ་ཇ་བཞེས་དགོས་པའི་བཀའ་གནང་ཞིང་། གུས་པས་འཐུང་ཕོད་ས་མ་རེད་ཅེས་ལན་འདེབས་བྱས་པ་ཡིན་ལ། ཡང་གོང་མས་དཀར་ཡོལ་མཉམ་དུ་བཏེགས་ནས་གསོལ་ཇ་མཉམ་དུ་བཞེས་དགོས་པའི་བཀའ་གནང་སྟེ་གུས་པར་དམིགས་བསལ་གཟིགས་སྐྱོང་གནང་བྱུང ”ཟེར་བྲིས་པ་རེད།[12]
སྤྱིར་བཏང་འབྲེལ་ཡོད་ལོ་རྒྱུས་རྒྱབ་ལྗོངས་མི་ཤེས་མཁན་ཚོས། བསྒྱུར་ཡིག་དུམ་བུ་དེ་ཀློག་སྐབས་བསམ་བློ་གཏིང་ཟབ་གཏོང་མི་སྲིད་པར། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག“མངའ་འོག”ཞེས་པ་དེ་གནང་འདོད་ཡོད་པའི་བསམ་བློ་ཞིག་ཁོང་ཚོའི་ཀླད་པའི་ནང་ཐད་ཀར་བག་ཆགས་ཤིག་ཡོང་ངེས་ཡིན།
བོད་ཡིག་ནས་རྒྱ་ཡིག་ལ་བསྒྱུར་བའི་སྒྱུར་ཡིག་དུམ་བུ་དེ། <<ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་གི་རང་རྣམ>>ནང་བཀོད་པའི་པེ་ཅིང་དུ་གོང་མ་ཧྲུན་ཀྲེ(མན་ཇུ་གོང་མ)དང་མཇལ་འཕྲད་གནང་བའི་གནས་ཚུལ་ཞིག་ཡིན་ཞིང་། བསྒྱུར་ཡིག་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་གི་བཀའ་མོལ་གསུངས་སྟངས་ཉམ་ཆུང་ཞིང་དམའ་ས་བཟུང་གནང་བ། ཕན་ཚུན་འབྲེལ་བ་ནི་སྦྱིན་བདག་དང་བྲན་གཡོག དབུས་གཞུང་དང་ས་གནས་གཞུང་གི་འབྲེལ་བ་ཞིག་ཡིན་པའི་གོ་རྒྱུ་ཆེན་པོ་བསྟན་ཡོད་ཅེས་བྲིས་ཡོད། དངོས་འབྲེལ་དེ་འདྲ་ཞིག་ཡིན་ནམ།
སྐབས་དེའི་ལོ་རྒྱུས་ཐོག་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་ནི་བོད་མི་དང་སོག་པོའི་སྡེ་པ་ཁག་གི་སྡེ་དཔོན་ཚོའི་ཁྲོད་མཚན་སྙན་དང་ཤུགས་རྐྱེན་ཧ་ཅང་ཆེན་པོ་ལྡན་ཞིང་། རྒུ་ཧྲེ་ཧན་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབང་ཆ་ཏཱ་ལའིབླ་མ་སྐུ་ཕྲེང་ལྔ་པ་མཆོག་ལ་ཕུལ་བ་དང་། བོད་དེ་བསྐྱར་དུ་གཅིག་གྱུར་བྱེད་ཐུབ་པ་བྱུང་ཡོད་ལ། སོག་པོ་ཧའ་ཧྲའོ་ཐའི་དམག་དཔུང་ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་གི་རྒྱབ་རྟེན་གྱུར་ཡོད་པས། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་ཧྲུན་ཀྲེས་བརྩེ་གཅིག་ཏུ་གདན་འདྲེན་ཞུས་པའི་འོག་རྒྱ་ནག་པེ་ཅིང་དུ་གཟིགས་སྐོར་ལ་ཕེབས་པ་ཞིག་ཡིན་པ་དང་། དེའི་ཐོག་མན་ཇུ་གོང་མས་བོད་དང་མན་ཇུའི་དབར་གྱི་མཆོད་ཡོན་འབྲེལ་བ་བཟང་པོ་དེ་མུ་མཐུད་གནས་ཐུབ་པའི་རེ་བ་བཅངས་ཡོད་པ་མ་ཟད། ད་དུང་སྐབས་དེར་མན་ཇུ་དང་སོག་པོའི་དབར་དམག་འཁྲུག་རྒྱུན་མི་ཆད་པ་ཡོང་གི་ཡོད་པས། སོག་པོའི་སྡེ་པ་ཁག་གིས་དད་གུས་ཆེན་པོ་ཞུ་བའི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་ནས། མན་ཇུ་དང་སོག་པོ་བར་འདུམ་གནང་སྐྱོང་ཡོང་བའི་རེ་བ་ཡང་བཅངས་ཡོད།
བོད་ཀྱི་གཞུང་འབྲེལ་ཡིག་ཆའི་ནང་། གོང་ས་ལྔ་པ་ཆེན་པོས་མཇལ་འཕྲད་དེ་ནི་ཆོས་ལུགས་རྣམ་པའི་ངོས་ནས་ཡིན་པར་ཟིན་བྲིས་སུ་བཏབ་ཡོད་ལ། འགྱུར་ཡིག་ཏུ་ག་འདྲ་བྱས་ནས་དེ་འདྲའི་གཙོ་ཕལ་རྣམ་དབྱེ་བྱས་པ་རེད།[13]
རྒྱ་ཡིག་དང་བོད་ཡིག་གཉིས་ཀར་བྱང་ཆུབ་པའི་ཨ་རིའི་བོད་རྒྱ་རིག་པའི་མཁས་དབང་དང་དགེ་རྒན་ཆེ་མོ་བ་ཧྲི་སྦའོ་ལིང་ནས་གོང་ཞུས་བསྒྱུར་ཡིག་དུམ་བུ་དེར་ལྟ་ཚུལ་གསུངས་དོན། བོད་སྐད་ཡིག་ཁྲོད་དམིགས་བསལ་ཞེ་ཚིག་སྤྱད་པ་དེ་ནི་བཀའ་མོལ་གསུང་མཁན་ནས་སེམས་ཆུང་གནང་བ་དང་ཐུགས་འཚེར་གནང་བ་ཞིག་ཡིན་ཞིང་། དེ་ཚོ་རྒྱ་ཡིག་ལ་བསྒྱུར་སྐབས་བོད་སྐད་ཀྱི་ཞེ་སའི་དེ་འདྲའི་དམིགས་བསལ་ལ་བརྟེན་པ་དང་ཆབ་སྲིད་ཀྱི་དགོས་མཁོ་གཞིར་འཛིན་པ། བདག་པོ་དང་གཡོག་པོའི་འབྲེལ་བའམ་ཡང་ན་མངའ་འོག་གི་འབྲེལ་བའི་གཟུགས་མེད་གྲིབ་བཟོ་དེ་འདྲ་བྱེད་མི་རུང་བར་ངོས་འཛིན་གནང་ཡོད།[14]
སྐུ་ཞབས་ཀྲང་སྦོའོ་ཧྲུའུ་ནས་ཆེད་མངགས་ལུང་འདྲེན་གནང་བའི་སྒྱུར་ཡིག་དུམ་བུ་དེ་ནི། རྒྱ་ཡིག་ཐོག་བསྒྱུར་བའི<<བོད་ཀྱི་ལོ་རྒྱུས་དེབ་ཐེར་གཡུ་ཡི་ཕྲེང་བ།>>ཞེས་པ་དེ་ཡིན་ཞིང་། ཀློག་པ་པོས་དྲ་རྒྱའི་ཐོག<<བོད་ཀྱི་ལོ་རྒྱུས་དེབ་ཐེར་གཡུ་ཡི་ཕྲེང་བ >>ཞེས་པ་དེ་བཙལ་འཚོལ་གནང་ན། དེ་ནི་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་ཆེད་མངགས་མི་སྣ་སྒྲིག་འཛུགས་བྱས་ཏེ་རྩོམ་བྲིས་བྱས་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་འགྲེམས་སྤེལ་རྒྱ་ཆེ་བྱས་པ་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པའི”རྒྱ་ནག་ས་གནས་ལོ་རྒྱུས”ཞེས་པ་དེ། སྔ་ཕྱིར <<རྒྱལ་ཁབ་ཀྱི་དཔེ་སྐྲུན་བྱ་དགའ>>ཟེར་བ་དང་། <<བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མ>>ཞེས་པ་སོགས་ཀྱི་བྱ་དགའ་ཐོབ་མྱོང་ཡོད་ལ། ད་དུང <<བོད་ཀྱི་ལོ་རྒྱུས>> དེ་ཉིད་སྒྲིག་རྩོམ་དང་པར་སྐྲུན་བྱས་པའི་བརྒྱུད་རིམ་ནང་། སྐབས་དེའི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་ཧུའུ་ཅིང་ཐའོ་ལ་སོགས་པས་རྒྱབ་སྐྱོར་བྱས་ལ། ཧུའུ་ཅིང་ཐའོ་རང་ཉིད་ངོ་མས་དེབ་དེའི་འགྲེམ་སྤེལ་བྱེད་སྒོར་བཅར་བ་རེད།[15]
ངས་འདིར་བཟོད་སྒོམ་མེད་པའི་ཐོག་ནས་ནན་བརྗོད་བྱེད་རྒྱུ་ཞིག་ལ། སྐུ་ཞབས་ཀྲང་སྦའོ་ཧྲུའུ་ནས <<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དཔེ་དེབ་ལས་ཀློག་པ་པོར་བཤད་རྒྱུར།“ངའི་རྩོམ་བྲིས་ཀྱི་གཞི་འཛིན་ས་ཞིག་ནི་རིག་པའི་དཔྱད་ཐབས་གཞིར་བཟུང་བ་དང་། དངོས་དོན་དང་དྲང་བདེན་རྒྱུན་འཁྱོངས་བྱས་པ་ཡིན་ཟེར། ད་དུང་སྐུ་ཞབས་ཀྲང་ནས་། “གདམ་ཀའི་རང་བཞིན་སྒོ་ནས་སྤྱི་དམངས་ལ་ཆ་འཕྲིན་མཁོ་འདོན་བྱེད་པ། དབང་སྒྱུར་བའི་དགོས་མཁོར་གཞིགས་ནས་སྤྱི་དམངས་སུ་ཤེས་རྟོགས་གསར་བཟོ་བྱེད་པ་བཅས་ནི་གནའ་སྔ་མོ་ནས་བཟུང་སྲིད་དབང་སྒེར་གཅོད་པར་གོམས་པའི་འཁྲབ་སྟོན་ཞིག་རེད།[16]
<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དཔེ་དེབ་ལས་ཀློག་པ་པོར་སྐུལ་དོན། “དོ་སྣང་བྱ་རིན་ཡོད་པ་ཞིག་ནི་མན་ཇུ་གོང་མའི་རྒྱལ་རབས་སུ་དཔའ་མཛངས་ལྡན་པའི་གོང་མ་ཁ་ཤས་མུ་མཐུད་ཐོན་པ་དེས། བོད་དང་མན་ཇུའི་སྲིད་དབང་གི་མངའ་འོག་འབྲེལ་བ་དེ་བས་དོན་དངོས་རང་བཞིན་ཅན་དུ་གྱུར་པ་རེད”ཟེར།
དེ་རེད། དོ་སྣང་བྱ་རིན་ཡོད་པ་ཞིག་ནི་མན་ཇུའི་དམག་རྒྱ་ནག་གི་ས་མཚམས་བརྒལ་རྗེས། ཡང་ཀྲའོ་གི་ཉིན་བཅུ་དང་། ཅའ་ཏིང་གི་སྡེབ་གསོད་ཆེན་མོ་གསུམ། ཁུན་ཧྲན་གྱི་སྡེབ་གསོད། ཅང་དབྱིང་གི་ཉིན81གྲང་ཧྲུའུ་གི་སྡེབ་གསོད་ཆེན་མོ། སི་ཁྲོན་གྱི་འཁྲུག་འཛིང་། ཐུང་ཨན་གྲོང་གི་སྡེབ་གསོད། ནན་ཁྲང་། ཤང་ཐན། ནན་ཞུང་། ཏའ་ཏུང་། ཀོང་ཀྲུའུ། ཁྲའོ་ཀྲུའུ་ལ་སོགས་པའི་རྒྱ་ནག་རྒྱལ་ཡོངས་སུ་མན་ཇུས་སྡེབ་གསོད་ཤུགས་ཆེན་བརྩམས། རྒྱ་ནག་ཏུ་བཙན་འཛུལ་བྱ་བ་སྲ་བརྟན་བཏང་རྗེས། མན་ཇུའི་གོང་མ་ཧྲུན་ཀྲེ་རྗེས་འཛིན”ཤུང་ཀྲའོ”(དཔའ་རྒོད)ཁང་ཤིའི་ནས་བོད་ཁམས་ཁུལ་བཙན་འཛུལ་དང་ས་ཆ་འཕྲོག་ལེན་བྱེད་འགོ་བཙུགས་པ་དང་སྦྲགས་ཏེ། བོད་ཀྱི་ཆབ་སྲིད་ལ་ཐེ་ཇུས་བྱེད་པའི་ལོ་རྒྱུས་འགོ་བཙུགས།
མན་ཇུ་དང་བོད་གཉིས་བོད་ཀྱི་དར་རྩེ་མདོའི་ས་ཁུལ་དང་། མཚོ་སྔོན་པོའི་ཤར་ཕྱོགས་བཅས་ཀྱི་ས་མཚམས་ཁུལ་དུ་དམག་འཐབ་ཛ་དྲག་ཅན་ལྷག་པ་མ་ཟད། བོད་མི་ཁྲི་སྟོང་མང་པོ་དམག་འཐབ་ཁྲོད་ཚེ་སྲོག་ཤོར་ཡོད་ལ། “ཤུང་ཀྲའོ”ཤོག་ཁག་ཚོས་གཅིག་ནས་དྲག་ཤུགས་ལ་བརྟེན་ཏེ་ས་ཆ་རྒྱ་བསྐྱེད་གཏོང་བ་དང་། གཉིས་ནས་ཁམས་དང་ཨ་མདོའི་ས་ཆ་ཁ་ཤས་མན་ཇུ་གོང་མའི་ས་ཁོངས་ཆེན་པོའི་ནང་བཙུད་བཞིན་ཡོད། ཡིན་ནའང་བོད་སྡོད་ཨམ་བན་ལ་ཟ་འབྲུ་དང་ཡི་གེ་སྐྱེལ་བསུ་བྱེད་སའི”ལེང་ཐེ”སྣེ་ལེན་མ་ལག་ཁ་ཤས་ཡོད་པ་ལས། བོད་ཀྱི་བཙན་བཟུང་ས་ཆར་དབང་སྒྱུར་ལས་ཁུངས་མ་ལག་གཅིག་ཀྱང་འཛུགས་ཐུབ་མེད། [17]མན་ཇུ་གོང་མས་ཁ་དན་ཚིག་ལ་མ་གནས་པར་མཆོད་ཡོན་འབྲེལ་བའི་ཆོད་གན་རྒྱབ་སྐྱུར་བྱས་ཤིང་། བོད་ཀྱི་ཆབ་སྲིད་ལ་ཐེ་ཇུས་དང་མངའ་ཁོངས་ས་ཆ་རྒྱ་བསྐྱེད་སོགས་ཀྱི་བཙན་རྒྱལ་རིང་ལུགས་བྱ་སྤྱོད་སྤེལ་བ་དེ་ནི། སྐུ་ཞབས་ཀྲང་སྦའོ་ཧྲུ་ནས་བཤད་པའི “བོད་དང་མན་ཇུའི་སྲིད་དབང་གི་མངའ་འོག་འབྲེལ་བ་དེ་བས་དོན་དངོས་རང་བཞིན་ཅན་དུ་གྱུར་པ་རེད”ཟེར་བ་དེ་མ་རེད་དམ།
མན་ཇུའི་རྒྱ་བློན་ཀྲའོ་འར་ཧྥུང་ཆིང་རྒྱལ་སྲིད་ལ་འདི་འདྲ་བའི་བོད་སྐོར་སྲིད་ཇུས་གསུམ་ཕུལ་བ་རེད། དང་པོ། “རྒྱ་ནག་གི་ངོས་གསུམ་གྱི་ལོ་ཡི(རྒྱ་ནག་དང་འདབས་འབྲེལ་ས་ཁུལ་ཁམས་སྨད་དང་ཨ་མདོ་བཀའ་ཤག་ཐད་ཀའི་ལྟ་རྟོག་འོག་མེད་པས་བདག་པོ་མེད་པའི་རི་དགས་ཞེས་པའི་དོན)ཆིང་གི་ས་ཁོངས་སུ་འཛུད་དགོས”ཟེར།
གཉིས་པ། “དེ་སྔའི་བོད་སྡོད་ཨམ་བན་དང་དཔོན་རིགས་བོད་རྒྱའི་ས་མཚམས་བརྒལ་དུས། བོད་རྒྱའི་ས་མཚམས་དར་རྩེ་མདོ་ཡིན་པ་རེད། གོང་རིམ་ལ་ཡར་ཞུའི་གནས་སྟངས་དུས་ཡུན་རིང་པོར་སོང་བ་རེད། དབྱིན་ཇི་བ་ཚོས་དར་མདོའི་བོད་ཀྱི་མགོ་ཁྲིད་ལ་ཆོག་མཆན་ཞུས་རྗེས་བོད་སར་འཛུལ་གྱི་ཡོད་ལ། དར་མདོའི་ནུབ་ཁུལ་ཡོངས་སུ་རྫོགས་པ་བོད་ཀྱི་མངའ་ཁོངས་སུ་ངོས་འཛིན་པ་རེད། མན་ཇུས་ཤུགས་ཕུད་དེ་དར་མདོར་ཞིང་ཆེན་ལྟེ་གནས་ཤིག་བཙུགས་རྗེས་སྡེ་དཔོན་བསྡུས་ནས་གཞུང་དཔོན་བསྐོ་བ། རྫོང་རིམ་པའི་སྲིད་གཞུང་འཛུགས་པ། ཏན་ཏ(བོད་རྒྱའི་ས་མཚམས་ས་ཁུལ་ཞིག་ཡིན་དགོས་མོད་ཞིབ་ཕྲ་མ་ཤེས )ས་མཚམས་སུ་བཟུང་ནས་ས་ཆ་རྒྱ་བསྐྱེད་བྱས་ནས་ནུབ་ཁུལ་བསྲུངས་དགོས་ཟེར།”
གསུམ་པ། “རིམ་པས་མན་ཇུའི་དབང་ཤེས་ལྷ་སར་འཛུལ་རྗེས་དབུས་གཙང་བ་རྣམས་རྒྱུས་ལོན་བྱས་ཏེ་སི་ཁྲོན་ལྟེ་གནས་འབའ་ཐང་དུ་སྤོ་རྒྱུ། ལྷ་སར་དང་སི་ཁྲོན་སོ་སོར་སྐོར་ཞིབ་དཔོན་པོ་བསྐོ་རྒྱུ། ཤར་ཕྱོགས་ཞིང་ཆེན་གསུམ་ལ་དཔེ་བླངས་ནས་ནུབ་ཁུལ་ཞིང་ཆེན་གསུམ་འཛུགས་རྒྱུ།”[18] ཡིག་ཆ་འདི་དག་གི་རང་སྟེང་ན་བལྟས་པ་ཙམ་གྱིས་བཙན་འཛུལ་བཙན་བཟུང་སྲིད་ཇུས་ལམ་སེང་ཤེས་ཐུབ། རྒྱ་ནག་གི་མཁས་པ་ཚོས “མངའ་ཁོངས་སུ་འཛུད་པ”ས་མཚམས་བརྒལ་བ”ས་ཁོངས་རྒྱ་བསྐྱེད”ནུབ་ཁུལ’སོགས་ཀྱི་གོ་དོན་མི་ཤེས་པ་སྲིད་དམ།
<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དཔེ་དེབ་ལས། “དབུས་སའི་སྲིད་དབང”ཟེར་བ་དེ་དང “མངའ་འོག”ཞེས་པའི་ཚིག་དེ་དག་ཡང་ཡང་བེད་སྤྱོད་བྱས་ཤིང་། མགོ་སྒུར་གཉའ་ཞུམ་པའི་གདོན་འདྲེ་ཞིག་གི་གཟུགས་དབྱིབས་བཞིན་དུ། སྐད་ཆའི་གོང་འོག་ཀུན་ཏུ་ཡང་ནས་བསྐྱར་དུ་མངའ་འོག མངའ་འོག ད་དུང་ཡང་མངའ་འོག་ཅེས་པའི་ཚིག་འདིས་ཀློག་པ་པོར་བག་ཆགས་འཇོག་གང་ཐུབ་བྱེད་ཅིང་། དེ་ནི་ཁམ་གང་གིས་ཡོད་ཚད་གྱུར་མིད་གཏོང་ཐུབ་པའི “དབུས་སའི་སྲིད་དབང”ཞེས་པ་ལྟར་དུ། “མངའ་འོག”ཞེས་པའི་ཚིག་འདི་མཚན་ཉིད་མེད་ལ་ཚད་གཞི་མེད། དེ་ནི་དམ་ལྷོད་རང་དབང་བའི་འཕྲུལ་གྱི་སྒྱེ་མོ་ཞིག་རེད།
སྐབས་རེ་བཙན་རྒྱལ་སོག་པོས་ཆབ་སྲིད་དང་དམག་དོན་ཐོག་བོད་ལ་དུས་ཐུང་རིང་བཏང་འཛིན་བྱེད་མྱོང་བར་བཤད་ལ། དུས་དུས་སུ “ལྷོད་པོའི”ངང “མཚོན་དོན “ཙམ་གྱི་སྒོ་ནས་ཆབ་སྲིད་དང་དམག་དོན་འབྲེལ་བ་སྤུ་ཙམ་མེད་པའི་མིང་རྒྱལ་རབས་དུས་ཀྱི་ལྷ་རྫས་རྟེན་འབུལ་མཚོན་དོན་དུ་བཤད། ཡང་མཚམས་མཚམས་སུ་ཡིག་སྒྱུར་སྐབས་བསྲེ་ལྷད་བྱས་པའི་རིགས་བཅུག་འོང་། ཡང་ལན་འགར་མན་ཇུའི་ཆབ་སྲིད་ཐེ་ཇུས་དང་དམག་དོན་བཙན་འཛུལ་སོགས་རེད། “མངའ་འོག “ཟེར་རྒྱུ་འདིའི་མངའ་ཡིས་ཁོངས་གཏོགས་དང་བྲན་གཡོགས་སུ་འབོད་ལ། འོག་ཟེར་བ་འདིས་རྒྱལ་པོ་གོང་དུ་ཡོད་པར་བཤད། རྩོམ་པ་པོས་ད་དུང་ཡང་ནས་བསྐྱར་དུ “དབང་སྒྱུར” “མངའ་འོག་ཏུ་གཅིག་གྱུར་དབང་སྒྱུར”ཟེར་བའི་མངའ་འོག་ཟེར་རྒྱུ་འདིས”དབུས་དང་ས་གནས”ཞེས་པའི་བརྡ་བསྟན་གྱི་ཡོད།
བགད་མོ་སློང་བྱེད་ཅིག་ལ། འདི་འདྲ་བའི “དབང་སྒྱུར”གྱིས་དཔོན་པོ་བསྐོ་བཞག་བྱེད་མི་ཐུབ་ལ། མངའ་ཁོངས་ཇུས་གཏོགས་ལྟ་མི་ཐུབ། ཁྲལ་འུ་ལག་བཀོད་ཇུས་བྱེད་མི་ཐུབ།[19] ཤོད་ཀྱིན་ཤོད་ཀྱིན་འདི་འདྲ་བའི་ཡ་མཚར་ཅན་གྱི “མངའ་འོག “ཟེར་བ་དེ་བདག་དབང་ལ་བཤད་པ་རེད།
ད་དུང་འདི་འདྲ་བའི“མངའ་འོག”ཟེར་བའི་སྒྱེ་མོ་འདི་ཧ་ཅང་སྤྱང་གྲུང་ལྡན་ལ། ཐང་རྒྱལ་རབས་ཀྱིས་བོད་བཙན་པོའི་རྒྱལ་ཁབ་ལ་རྟེན་འབུལ་ཕུལ་བ་དང་། མིང་རྒྱལ་རབས་ཀྱིས་སོག་པོ་ཨན་དར་ཧན་ལ་རྟེན་འབུལ་ཕུལ་བ་དེ་ཚོ་ཤེས་ཀྱི་མེད་ཁུལ་བྱས་ཡོད། སྐུ་ཞབས་ཀྲང་གིས “མངའ་འོག”ཅེས་པའི་འབྲས་བུར་བརྟེན་ནས“མཆོད་ཡོན”གྱི་ཐོག་མའི་བསམ་དོན་སྦས་བསྐུངས་བྱས་ནས་བཤད་དོན། “ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་མཆོད་ཡོན་འབྲེལ་བ་གསལ་སྟོན་གནང་སྟེ་མངའ་འོག་གི་འབྲེལ་བ་ཁས་ལེན་མ་བྱས་པ་དེ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་གསུམ་པ་དེ་ཙམ་དྲང་བདེན་གནང་མེད་པ་མངོན་ཡོད”ཅེས་བཤད།[20]
ཡིན་ནའང་སྐུ་ཞབས་ཀྲང་ནས་ཁམ་གང་གིས་ཡོད་ཚད་གྱུར་མིད་གཏོང་ཐུབ་པའི“དབུས་སའི་སྲིད་དབང”ཟེར་བ་དང་། མཚོན་དོན་ཙམ་དང་ལྷུག་པོའི་ཐོག་གི“མངའ་འོག”ཅེས་པ། དེ་བཞིན་གདམ་ཀ་རང་བཞིན་ཅན་གྱི་དྲང་བདེན་དང་། འགག་རྩའི་སྐབས་སུ་དྲང་པོ་གནས་མི་ཐུབ་པ་སོགས་ཀྱིས <<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དཔེ་དེབ་དེ་ནི་ཀེ་ཕེ་འར་དྲང་བདེན་གཟུགས་བརྙན་ལས་ཅི་ཡང་མེད་དོ། (ཀེ་ཕེ་འར། འཇར་མན་ན་ཛིིའི་དྲིལ་བསྒྲགས་མགོ་པ། ཁོས་ཟེར་ན་རྫུན་གཏམ་ཐེངས་བརྒྱ་བཤད་པས་དྲང་པོར་འགྱུར་ཐུབ་ཟེར)
སྐུ་ཞབས་ཀྲང་གིས་བཤད་དོན། “དེ་སྔའི་མངའ་འོག་གི་འབྲེལ་བ་དེས་ད་ལྟའི་རྒྱ་ནག་གི་བདག་དབང་རྒྱུན་མཐུད་པ་ཞིག་ཡིན་པར་རིག་པས་དཔྱད་རྒྱུར་ཕན་ཐོགས་ཡོད”ཟེར། འོ། _____<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>> ཟེར་བའི་དཔེ་དེབ་འདིས་ཧ་ཅང“དྲང་བདེན”སྒོ་ནས་ང་ཚོར་བཤད་རྒྱུར། ཁམ་གང་གིས་གྱུར་མིད་གཏོང་བྱེད་ཀྱི “དབུས་སའི་སྲིད་དབང”དང་། མཚོན་རྟགས། ལྷུག་པོའི “མངའ་འོག”བཅས་བསྡོམས་པས། བདག་དབང་བསྡོམས་གྲངས་སུ་འབབ་པ་དང་། དམག་དོན་བཙན་འཛུལ་དང་ས་ཆ་ཧམ་བཟུང་བྱས་པས “བདག་དབང་རྒྱུན་མཐུད” ཟེར་བ་བསྡོམས་གྲངས་སུ་འབབ་པ་རེད་ཟེར།
ཧྥུ་རང་ཟི་ཧྥང་ནོས <<གཏོར་བརླག་བཏང་བའི་ས་གཞི་ཆེན་མོ>>ཞེས་པའི་དེབ་ལས་ཐེར་འདོན་བྱས་དོན། “མི་སེར་སྤེལ་བའི་རིང་ལུགས་པས་མི་རིགས་ཤིག་རྒྱུས་ལོན་བྱེད་པ་ཙམ་དུ་མ་ཟད། ད་དུང་རྣམ་པ་ཐམས་ཅད་ནས་ནང་དོན་ཐོག་ནས་ས་གནས་མི་དམངས་ཀྱི་སེམས་ཁམས་བསྔོགས་འགྲོ དེས་མ་ཚད། འཁྱོག་བརྗོད་གཏན་ཚིགས་ཀྱི་ལམ་ནས་མི་རིགས་དེའི་འདས་པ་གཡོ་སྐྱོམ་བྱས་ནས། གཟུགས་དབྱིབས་འགྱུར་དུ་བཅུག་པ། མཐའ་མ་རྩ་མེད་གཏོང་རྒྱུ་དེ་རེད།
4.ཀེ་ཕེ་འར་ནུས་པའི “བདག་དབང་།”
བོད་མི་ཚོ་གནའ་སྔ་མོ་ནས་བོད་དུ་སྐྱེས་ཤིང་འཚར་ལོངས་བྱས་ལ། བོད་མིས་བོད་ཀྱི་ཤེས་རིག་གསར་གཏོད་བྱས་པ་དང་། ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་བོད་ཀྱི་ལོ་རྒྱུས་ཐོ་འགོད་བྱས་ཡོད། བོད་མིས་བོད་ཀྱི་ས་ཆར་མི་དམངས་བདག་སྐྱོང་བྱས་ཤིང་། བོད་མིས་བོད་སྐད་བེད་སྤྱོད་བྱས་པ་ཡིན་དུས། ……. སུ་ཞིག་ལ་བོད་ཀྱི་བདག་དབང་ལྡན་ནམ།
གལ་ཏེ་ལྕགས་ཕག་ལོའི་གསར་བརྗེ་ཡིས་རྒྱ་ནག་དེང་རབས་བདག་དབང་ལྡན་པའི་རྒྱལ་ཁབ་ཀྱི་ཕྱོགས་སུ་འཕོ་འགྱུར་ཕྱིན་པའི་མཚོན་རྟགས་ཤིག་ཡིན་པར་བཤད་དགོས་ན། འོ་ན་ཏཱ་ལའི་བླ་མ་སྐུ་ཕྲེང13པས་བོད་འདི་རང་བཙན་རྒྱལ་ཁབ་ཡིན་པའི་གསལ་བསྒྲགས་གནང་བ་དེས་བོད་འདི་ཉིད་ཀྱང་དེང་རབས་བདག་དབང་ལྡན་པའི་རྒྱལ་ཁབ་ཕྱོགས་སུ་འཕོ་འགྱུར་ཕྱིན་པ་ཞིག་ཡིན་དགོས། དེ་འདྲ་ཡིན་པས། 1960 ལོ་དང 1997ལོར། རྒྱལ་སྤྱིའི་ཁྲིམས་ལུགས་རིག་པའི་མཁས་དབང་ལྷན་ཚོགས(ICJ)ནས <<བོད(Tibet) དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ>>སྙན་ཐོ་བཏོན་པ་རེད། <<1997ལོའི་རྒྱལ་སྤྱིའི་ཁྲིམས་ལུགས་རིག་པའི་མཁས་དབང་ལྷན་ཚོགས་ཀྱི་བོད་ཞིབ་འཇུག་སྙན་ཐོ >>བཅས་ནས་བོད་ཀྱི་རྒྱལ་སྤྱིའི་གནས་བབ་འདི་ལྟར་འགོད་སྤེལ་བྱས་པ་རེད།
“བོད་འདི་ཉིད <<1951ལོར་ཞི་བའི་བཅིང་འགྲོ་ཆིངས་ཡིག>>ཅེས་པ་འམ<<ཆིངས་ཡིག་དོན་ཚན་བཅུ་བདུན>>ཟེར་བ་དེར་མིང་རྟགས་འགོད་སྐབས། བོད་འདི་དོན་དངོས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་། 1913ནས1950བར་རྒྱལ་ཁབ་ཀྱི་རྣམ་འགྱུར་མངོན་པ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་ནས་སྤྱིར་བཏང་ཁས་ལེན་བྱས་ཡོད” ཅེས་དང་། “ལྷ་སའི་བོད་སྲིད་གཞུང་ནས་བདག་སྐྱོང་བྱས་པའི་བོད་ཀྱི་ས་ཁུལ་དག1913ལོ་ནས་ 1950འི་རིང་། རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡོངས་སུ་མཐུན་པའི་རང་བཙན་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཡོད། 1950ལོར་ཁུལ་དེར་མི་དམངས་ཡོད་པ་ཙམ་མ་ཟད། དབང་སྒྱུར་ས་ཁུལ་དང་དབང་ཆ་ལག་བསྟར་བྱེད་མཁན་གྱི་སྲིད་གཞུང་ཡོད་ལ། ད་དུང་ས་ཁུལ་དེའི་ཐོག་གི་དོ་དམ་ཐམས་ཅད་ཕྱི་ཕྱོགས་ཀྱི་ཐེ་ཇུས་སམ་ཤུགས་རྐྱེན་མེད་པའི་ཐོག་ནས་རང་དབང་རང་བཙན་ངང་འགྲོ་བཞིན་ཡོད་པ་ཤ་སྟག་ཡིན། 1913ནས1950ལོའི་རིང་། བོད་ཀྱི་ཕྱི་འབྲེལ་ལས་དོན་ཚང་མ་བོད་སྲིད་གཞུང་ནས་ཐད་ཀར་བསྒྲུབས་པ་ཞིག་ཡིན། དེར་བརྟེན་བོད་འདི་མ་མཐར་ཡང་དོན་དངོས་རང་བཙན་རྒྱལ་ཁབ་ཅིག་ཡིན”ཞེས་ཚིག་ཐག་བཅད་ཡོད།[21]
ཡིན་ནའང<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དཔེ་དེབ་དེས“དེ་འདྲའི་རང་བཙན་དེ་མིང་གོའི་དབུས་སྲིད་གཞུང་ནས་གཏན་ནས་ངོས་ལེན་གནང་མྱོང་མེད་ལ། ཕྱིའི་རྒྱལ་ཁབ་སུ་འདྲ་ཞིག་གིས་ཀྱང་ཕྱི་འབྲེལ་ཐོག་གི་ཁས་ལེན་བྱེད་མྱོང་མེད། རྒྱ་ནག་གུང་ཁྲན་པའི་དམག་དཔུང་བོད་ལ་དཔུང་འཇུག་བྱས་པ་དེ་ཁྲིམས་ལུགས་དང(རྒྱལ་སྤྱིའི་ཁྲིམས་དང)མཐུན་པའི་བྱ་སྤྱོད་ཅིག་ཡིན་ཞིང་། དེ་ནི་རྒྱ་ནག་གི་ནང་སྲིད་ཡིན་པར(སྲིད་དབང་འཕོ་འགྱུར་སོང་བ)” ངོས་འཛིན་བྱས་ཡོད།[22]
དང་པོ། རྩོམ་པ་པོ་སྐུ་ཞབས་ཀྲང་པའོ་ཧྲུའུ་ནི་རྒྱ་ནག་གུང་ཁྲན་ཏང་ནང་བཞིན་དབང་ཤུགས་ཆེན་པོས། རྒྱལ་སྤྱིའི་ཁྲིམས་ལུགས་ཆེད་མཁས་པICJཚོས་ཤན་འབྱེད་གནང་བར་སྣང་ཆུང་བྱས་ཡོད། སྐུ་ཞབས་ཀྲང་གི“རྒྱལ་སྤྱིའི་ཁྲིམས་ལུགས”དེ་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ལྷན་ཚོགས་ལས་རྦད་དེ་ཆེ་བ་ཡོད།
གཉིས་པ། སྐུ་ཞབས་ཀྲང་གིས་བཤད་པའི”ཕྱི་འབྲེལ་གནད་དོན་ཁས་ལེན་བྱེད་མཁན་བྱུང་མེད”ཅེས་པ་དེ་དོན་དངོས་མིན། བོད་དང་རྒྱ་ནག དེ་བཞིན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མང་པོའི་དབར་ཆིང་ཡིག་བཞག་མྱོང་ཡོད་ཅིང་། 1681ལོར་པུ་ཤ་འར Bushair དང་ཆིངས་ཡིག་བཞག་ཡོད་པ་མ་ཟད། 1683ལོ་དང1842ལོར་ལ་དྭགས་དང་ཆིང་ཡིག་བཞག་ཡོད། 1856ལོར་བལ་ཡུལ་དང་ཆིངས་ཡིག་བཞག་པ་སོགས་རེད།
ད་དུང1913ལོའི་ཟླ་བ་དང་པོའི་ནང་། བོད་དང་སོག་པོ་གཉིས་ཁུ་ལུན་དུ་ཆིངས་ཡིག་བཞག་ནས་ཕན་ཚུན་བདག་དབང་ལྡན་པའི་རྒྱལ་ཁབ་ཡིན་པ་ཁས་ལེན་བྱས་ཡོད། 1856 ལོར་ནས་བལ་ཡུལ་གཞུང་གིས་ལྷ་སར་བལ་ཡུལ་གཞུང་ཚབ་ཁང་བཙུགས་པ་དང་། 1936 ལོར་དབྱིན་ཇིས་བོད་ལ་གཞུང་ཚབ་ཁང་བཙུགས་ཡོད། དེ་བཞིན 1947 ལོའི་ཟླ་བ3 པར་བོད་ཕྱི་འབྲེལ་ལྷན་ཁང་གི་དཔོན་རིགས་ཚོ་བོད་རྒྱལ་ཁབ་ཀྱི་སྐུ་ཚབ་ཡིན་པའི་ངོས་ནས། རྒྱ་གར་ལ་བསྐོང་འཚོགས་བྱས་པའི་ཨེ་ཤ་ཡའི་རྒྱལ་ཁབ་ འབྲེལ་བའི་ལྷན་ཚོགས་ནང་བཞུགས་ཡོད་པ་དང་། 1948 ལོར། བོད་སྲིད་གཞུང་གི་ཚོང་དོན་སྐུ་ཚབ་ཚོགས་པའི་སྐུ་ཚབ་ཚང་མས་བོད་ཀྱི་ཕྱི་སྐྱོད་ལག་ཁྱེར་ཐོགས་ནས་རྒྱ་གར་དང་རྒྱ་ནག ཧྥ་རན་སི། ཨེ་ཏ་ལི། དབྱིན་ཇི། ཨ་རི་བཅས་སུ་གཟིགས་སྐོར་དུ་ཕེབས་ཡོད་ལ། བོད་ཀྱི་ཕྱི་སྐྱོད་ལག་ཁྱེར་གོང་གི་རྒྱལ་ཁབ་ཚང་མས་ངོས་ལེན་གནང་ཡོད།
དེ་འདྲའི་ཆིངས་ཡིག་བཞག་པ་དང་གཞུང་ཚབ་ཁང་བཙུགས་པ། རྒྱལ་སྤྱིའི་ལྷན་ཚོགས་ནང་བཞུགས་པ། བོད་ཀྱི་ཕྱི་སྐྱོད་ལག་ཁྱེར་ཐོགས་ནས་རྒྱལ་སྤྱིའི་ཐོག་གཟིགས་སྐོར་སོང་བ་བཅས་ག་རེ་རེད་དམ། སྐུ་ཞབས་ཀྲང་གིས་རྩོམ་ཡིག་ནང་ནུས་ཤུགས་ཆེན་པོ་བཏོན་ཏེ་ལྷན་ཚོགས་དང་། ཕྱི་སྐྱོད་ལག་ཁྱེར། གཟིགས་སྐོར་བཅས་ཚང་མ་ཁས་ལེན་མི་རུང་བར་འགྲེལ་བརྗོད་བྱས་ཤིང་། ད་དུང་སྐུ་ཞབས་ཀྲང་ནས་གོ་མིན་ཏང་གིས་ཡུལ་སྐོར་འགྲོ་གྲོན་བཏང་ནས་བོད་ཀྱི་སྐུ་ཚབ་ཚོས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་ཕྱི་སྐྱོད་ལག་ཁྱེར་བེད་སྤྱོད་གཏོང་རྒྱུར་བསྐུལ་བ་དེ། བོད་ཀྱི་སྐུ་ཚབ་ནས་ཁས་ལེན་བྱས་མེད་པའི་གནས་ཚུལ་བཏོན་ཡོད།[23] འོ་ན། སྐུ་ཞབས་ཀྲང་ནས་ཧྲན་ཤིའི་དང་། ཧུའུ་ནན་ལ་སོགས་པའི་ཞིང་ཆེན་དཔོན་རིགས་ཚོས་ཧྲན་ཤིའི་དང་ཧུའུ་ནན་ཕྱི་སྐྱོད་ལག་ཁྱེར་ཐོགས་ནས་རྒྱལ་སྤྱིའི་ལྷན་ཚོགས་ཐོག་མཉམ་བཞུགས་དང་། རྒྱལ་སྤྱིར་གཟིགས་སྐོར་བྱེད་ཐུབ་མིན་ཤེས་ཀྱི་མེད་པ་ཡིན་ནམ།
ད་དུང་ངེས་པར་དུ་བཤད་དགོས་པ་ཞིག་ལ། དེང་དུས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གསལ་བཤད་ནང་། ཕྱི་འབྲེལ་ཁས་ལེན་ནི “གསར་དུ་བཙུགས་པའི་རྒྱལ་ཁབ”ཐོག་བེད་སྤྱོད་བྱས་པ་ཞིག་ཡིན། ད་དུང་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་ནག་ཅན་གྱི་ཆ་རྐྱེན་ཡང་ཚང་མེད། གནའ་སྔ་མོའི་རྒྱལ་ཁབ་རྙིང་པ་ཞིག་གི་ངོས་ནས་བཤད་ན། ཕྱི་འབྲེལ་ཁས་ལེན་ཡོད་མེད་དེ་བས་གྲུབ་ཆ་གཙོ་བོ་ཞིག་མིན། 1913 ལོར། རྒྱ་ནག་གིས་བོད་ཧམ་བཟུང་བྱེད་རྒྱུའི་བསམ་ངན་ལ་དམིགས་སྟབས། བོད་ཀྱིས“ང་ཚོ་ནི་ནང་ཆོས་ལ་དད་པ་བྱེད་མཁན་གྱི་རང་བཙན་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན”པ་ལས། ང་ཚོ་ནི་གསར་དུ་བཙུགས་པའི་རང་བཙན་རྒྱལ་ཁབ་མིན་པའི་གསལ་བསྒྲགས་ནན་པོ་གནང་ཡོད་པས། སྐུ་ཞབས་ཀྲང་གིས་བོད་འདི་གསར་དུ་བཙུགས་པའི་རྒྱལ་ཁབ་ཅིག་ཡིན་པར་བརྫུན་བཟོ་གནང་དགོས་དོན་གང་ཡིན་ནམ།
གསུམ་པ། བོད་མི་དམངས་ནི་བོད་ས་མཐོའི་ཐོག་སྐྱེས་པ་དང་། བོད་ས་མཐོའི་ཐོག་འཚར་བ་ཞིག་ཡིན་ཞིང་། ཁོང་ཚོས་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་ནས་སོ་སོའི་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་ལོ་རྒྱུས་ཐོ་བཀོད་བྱས་ཏེ། སྟོབས་ཤུགས་ཆེ་བའི་བོད་བཙན་པོའི་རྒྱལ་ཁབ་འཛུགས་མྱོང་ཡོད་ལ། རྒྱ་ནག་དང་མི་གཅིག་པའི་ཤེས་རིག་ཀྱང་བསྐྲུན་ཡོད། བོད་ཀྱི་སྲིད་དབང་འཇིག་རྟེན་པ་ལས་གྲུབ་པའི་རྒྱལ་པོ་དང་ཡང་ན་ཆོས་ལུགས་མི་སྣ་གང་ཡང་རུང་མོད། མདོ་དོན་བོད་ཀྱི་ས་ཆ་དང་མི་དམངས་བོད་རང་ཉིད་ཀྱིས་བདག་སྐྱོང་བྱས་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཚོང་དོན་འབྲེལ་བ་བཙུགས་ཡོད། ………དེ་ནི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་པ་དང་། གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་རེད། མན་ཇུས་མི་སེར་སྤེལ་བའི་དབང་བསྒྱུར་འོག“ཀྲུང་ཧྭ་སླར་གསོ”ཐུབ་མ་ཐག་པའི་གོ་མིན་སྲིད་གཞུང་གིས་ཅིའི་ཕྱིར་དུ་རང་ཉིད “དབུས་སྲིད་གཞུང”ཡིན་མདོག་མདོག་བྱས་ཏེ། བོད་འདི་ཉིད་གནའ་བོའི་རང་བཙན་རྒྱལ་ཁབ་ཅིག་ཡིན་པར“ཁས་ལེན་མི་བྱེད་པའི”ཐོབ་ཐང་ཅི་ཡོད།[24]
དེ་མིན་ཡང་ངེས་པར་བཤད་དགོས་པ་ཞིག་ལ། ཅི་སྟེ་རྒྱལ་ཁབ་གསར་པ་ཞིགག་ཡིན་རུང་། མི་རིགས་རང་བཙན་ལས་འགུལ་ཉིན་བཞིན་དར་འཕེལ་ཆེན་པོ་འགྲོ་བཞིན་པའི་དུས་རབས་སུ། གལ་སྲིད་བདག་དབང་ལྡན་པའི་རྒྱལ་ཁབ་གསར་པ་ཐོན་རྒྱུར། ད་ཡོད་བདག་དབང་ལྡན་པའི་རྒྱལ་ཁབ་ཀྱི་བསམ་དོན་ལྟར་ཐག་གཅོད་བྱེད་དགོས་པ་ཞིག་དང་། བསམ་དོན་དེ་ཚོར་རྒྱལ་སྤྱིའི་ཚད་འཛིན་འཆིང་རྒྱ་གང་ཡང་མེད་པ་ཡིན་ཚེ། དེས་རྐྱེན་པས་ཆབ་སྲིད་ཀྱི་ཤན་འབྱེད་དབང་ཆ་གང་བྱུང་བེད་སྤྱོད་བྱེད་པའི་ལམ་སྲོལ་ཞིག་ཆགས་རྒྱུ་དང་། མི་རིགས་རང་བཙན་བྱེད་རྒྱུར་འགོག་རྐྱེན་བཟོ་རྒྱུ་མ་ཟད། ད་དུང“རྒྱལ་ཁབ་ཀྱི་བདག་དབང་བཏང་སྙོམས”ཀྱི་གཞི་རྩའི་བསམ་ཚུལ་དེའི་ཐོག་ལའང་གནོད་སྐྱོན་ཐེབས་རྒྱུ་ཡིན་པས། དེར་བརྟེན། བསམ་ཚུལ་དེ་ཚོ་རྒྱལ་སྤྱིའི་ལག་ལེན་དངོས་ཀྱི་ནང་བསྐྱུར་ཟིན་པ་ཞིག་ཡིན་ཞིང་། 科索沃ཁོ་སུའུ་ཨོ་རང་བཙན་ཐོབ་པའི་ཁྲོད་བསམ་ཚུལ་དེ་ཚོ་ལག་བསྟར་བྱས་མེད་ལ། ཁོ་སུའུ་ཨོ་ནི་སེ་ཨེར་འུལ་ཡ塞尔维亚ལ་སྔ་མོ་ནས་ཡོད་པའི་ས་ཆ་ཞིག་ཡིན་ཞིང་། སེ་ཨེར་འུལ་ཡ་ནས་ཁོ་སུའུ་ཨོ་རང་བཙན་བྱེད་རྒྱུར་མོས་མཐུན་བྱས་མེད། ཡིན་ནའང་མི་རིགས་གཞན་གྱིས་ཁོ་སུའུ་འོ་བྲན་དུ་བཀོལ་བ་དང་། དབངསྒྱུར་བྱེད་པ། བཤུ་གཞོག་བཅས་བཏང་གི་ཡོད་པའི་རྐྱེན་གྱིས། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་ཁས་ལེན་བྱས་པའི་རང་བཙན་གནས་བབ་བླངས་ཡོད།
དེ་འདྲའི་གནའ་བོའི་རྒྱལ་ཁབ་ཅིག་བྱུང་མྱོང་མེད་མདོག་བྱེད་པ་དང་། བོད(ཐུ་བྷོད)འདི་ལོ་རྒྱུས་ཐོག་ནུས་མེད་སྟོབས་ཆུང་ཞིག་ཡིན་སྙམ་བྱེད་པ། རིགས་རྒྱུད་གཞན་ལས་དམའ་བས་རྒྱལ་ཁབ་འཛུགས་ཐུབ་ཐབས་བྲལ་བའི་རིགས་རྒྱུད་ཅིག་ཡིན་པར་བསམ་པ། བོད་ཀྱི་ཤེས་རིག་དང་ལོ་རྒྱུས། བོད་ཀྱི་ས་ཆ། དེ་བཞིན་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། ཁྲལ་འབབ། དམག་དཔུང། ཡིག་ཟམ། ཕྱི་འབྲེལ་སོགས་ཚང་མ“རྒྱལ་ཁབ” ཀྱི་རྣམ་འགྱུར་མ་རེད་མདོག་མདོག་བྱེད་པ་དེ་ནི། ཏག་ཏག་བཙན་རྒྱལ་རིང་ལུགས་པས་མི་སེར་སྤེལ་ཡུལ་དམའ་འབེབས་བྱེད་པའི་དཔེ་མཚོན་རང་བཞིན་གྱི་བྱེད་སྟངས་ཤིག་རེད། བོད་རྒྱལ་ཁབ་རྣམ་པ་གནས་པ་དེ་ནི་ཁྱོད་ཀྱིས་ཁས་ལེན་ཡོད་མིན་ལ་མ་ལྟོས་པར་ལོ་རྒྱུས་ངོ་མའི་ནང་གནས་མྱོང་ཡོད་པའི་གནས་ཚུལ་ཞིག་ཡིན། དོན་དངོས་ཁས་མི་ལེན་པར་དམག་གི་བཙན་འཛུལ་བཙན་བཟུང་བྱེད་པ་དེ་ནི་ཁྲམ་པ་དང་ཐ་ཤལ་བྱ་སྤྱོད་ཅིག་རེད།[25]
ཧོང་ཀོང་ཁྲིམས་རྩོད་པ་ཆེན་པོ Paul Harris<<བོད་ལ་མི་རིགས་རང་ཐག་རང་གཅོད་ཐོབ་ཐང་ཡོད་དམ>>ཞེས་པའི་དཔྱད་རྩོམ་དེའི་ནང་། “ཅི་སྟེ་ལོ་རྒྱུས་ཐོག་རྒྱ་ནག་གིས་བོད་ཀྱི་བདག་དབང་འདོད་ཚུལ་དེ་དངོས་ཡོད་གནས་ཚུལ་ལས་ཤུགས་ཆེ་བ་ཡོད་རུང་། རང་བཙན་རྒྱལ་ཁབ་ཞིག་ལ་བཙན་འཛུལ་བྱེད་ཆོག་པའི་རྒྱབ་རྟེན་ཞིག་ཏུ་བརྩི་མི་ཐུབ། རྒྱལ་ཁབ་མང་པོ་ཞིག་དེ་སྔ་དུས་སྐབས་ཤིག་རིང་མི་རིགས་གཞན་གྱིས་དབང་སྒྱུར་བྱེད་མྱོང་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་འཛུགས་དགོས་པའི་དམིགས་ཡུལ་ཁ་གསལ་ཞིག་ནི། དེ་འདྲའི་བཙན་འཛུལ་གྱི་དམག་འཁྲུག་དེ་རིགས་མི་ཐོན་པའི་སྔོན་འགོག་བྱེད་རྒྱུ་དེ་ཡིན་པ་དང་། བཙན་འཛུལ་གྱི་དམག་འཁྲུག་དེ་རིགས་ཐོན་དགོས་པའི་རྒྱུ་རྐྱེན་དེ་ནི། བརྫུན་བཟོ་དང་ལོ་རྒྱུས་ནང་དྭོགས་པ་ཡོད་པའི་དབང་སྒྱུར་གནད་དོན། ཡང་ན་རིག་གཞུང་གནས་སྟངས་སོགས་གཞི་ལ་བཞག་ནས་བཟུང་བའི་འདོད་ཚུལ་ཐོག་ནས་བྱུང་བ་ཤ་སྟག་ཡིན། དེ་ནི་འཇར་མན་ན་ཛི་དང་ཉི་ཧོང་བཙན་རྒྱལ་རིང་ལུགས་པས་དེ་སྔ་ལག་བསྟར་བྱེད་མྱོང་ཡོད་པའི་ལས་ཀ་དང་གཅིག་མཚུངས་རེད། ”
བོད་མི་རང་ཉིད་ཀྱི་ངོས་འཛིན་དང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་སྡེ་ཁག རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་དབྱེ་ཞིབ་བཅས་ཚང་མས་བོད་འདི་རྒྱ་ནག་གིས་བཙན་བཟུང་མ་བྱས་གོང་། རང་བཙན་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ད་ཆ་བོད་འདི་མི་རིགས་གཞན་གྱི་དབང་སྒྱུར་དང་བྲལ་བཀོལ། བཤུ་གཞོག་འོག་གནས་པའི་མི་སེར་སྤེལ་ཡུལ་ཞིག་ཏུ་གྱུར་ཡོད། རེད་དེ། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ནས་བཤད་ན། བོད་ལ་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོངས་སུ་ལོངས་སྤྱོད་དབང་ཡོད་པ་ཞིག་རེད།[26]
འོན་ཏེ། ཁྲིམས་སྲིད་དམངས་གཙོའི་མིང་ཁུར་བཔའི་སྐུ་ཞབས་ཀྲང་པའོ་ཧྲུའུ་ནས། <<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན >>ཞེས་པའི་དཔེ་དེབ་ལས། “ཡུལ་གྱར་བོད་མི་དང་ནུབ་ཕྱོགས་པའི་མཁས་པ་འགའ་རེས་བོད་འདི་རྒྱལ་སྤྱིའི་ཁྲིམས་ལུགས་གོ་དོན་ཐོག་གི‘རངབཙན་རྒྱལ་ཁབ’ཅིག་ཡིན་པའི་ལྟ་བ་དེ་གདེང་ཚོད་འཕེར་བའི་ལྟ་སྟངས་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། ”ཅེས་དང་། “རྒྱ་ནག་གི་དམག་དཔུང་བོད་ལ་འཛུལ་བ་དེ་ནི་དབུས་སྲིད་གཞུང་གིས་ས་མཚམས་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བ་ཙམ་ཞིག་ཡིན་པ་ལས། ‘བཙན་འཛུལ’ཞེས་པ་དང་འབྲེལ་བ་མེད”ཟེར་བ་མ་ཟད། ད་དུང “ དེ་བཞིན་དུ་ངས་བོད་མིས་གནས་ཚུལ་དེ་གཞིར་བཟུང་བོད་མིར་རང་ཐག་རང་གཅོད་ཐོབ་ཐང་ཡོད་པར་ངོས་འཛིན་བྱེད་ཀྱི་མེད། ”ཅེས་བརྗོད་ཡོད།
ཡིན་ནའང་སྐུ་ཞབས་ཀྲང་གི་ཡོངས་སུ་ཁུངས་དག་པའི་གཞི་འཛིན་ས་ནི། སྒྲོ་བཏགས་བྱས་པའི“དབུས་སའི་སྲིད་དབང”ཟེར་བ་དེ་དང་། རང་སྣང་གང་ཤར་སྒོ་ནས་འགྲེལ་བརྗོད་བྱས་པའི“ཁོངས་གཏོགས”ཟེར་བ། དེ་བཞིན་འཇར་མན་གྱི་ན་ཛིའི་དྲིལ་བསྒྲགས་ཚན་པའི་འགན་འཛིན་ཀེ་ཕེ་འར་གྱི་རྫུན་གཏམ་ནུས་པའི “བདག་དབང”བཅས་རེད།
དགོད་བྲོ་བ་ཞིག་ལ། <<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན >>ཞེས་པའི་རྩོམ་དེབ་དེ། བོད་ཀྱི་གནད་དོན་ལ་ཉམས་ཞིབ་བྱེད་མཁན་དུ་གྲགས་པའི་ཕྱི་སྡོད་རྒྱ་མི་རེ་གཉིས་ཤིག་གིས་གདེང་འཇོག་ཐོབ་པ་རེད། [27]ཁོང་ཚོས་ཆེད་རྩོམ་སྤེལ་ཏེ་རྩོམ་དེབ་དེ་ནི་ཐོབ་དཀའ་བའི་དེབ་ཡག་པོ་ཞིག་ཡིན་པར་ངོ་སྤྲོད་བྱས་ཡོད། དེ་འདྲའི་ངོ་སྤྲོད་བྱེད་མཁན་ནི་རྒྱུན་རིང་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཐོབ་མི་ཐུབ་པའི་རྐྱེན་གྱིས་བོད་ཀྱི་གནས་ཚུལ་ཤེས་རྟོགས་མེད་པའི་དམངས་གཙོ་དོན་གཉེར་བྱེད་མཁན་མིན།
དེ་ལས་ལྡོག་སྟེ། ཁོང་ཚོ་ནི་བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་གནད་དོན་ལ་ཞིབ་འཇུག་གནང་མཁན་ཡིན་ལ། རྡ་རམ་ས་ལ་དང་དེ་བཞིན་རྒྱ་ནག་དང་ཧོང་ཀོང་ཐའེ་ཝན་སོགས་ནས་འབྲེལ་ཡོད་གནས་ཚུལ་འབོར་ཆེན་ལོངས་སྤྱོད་བྱེད་མཁན་ཡིན། 2008ནས་བཟུང་། བོད་རྒྱའི་བསམ་ཚུལ་བརྗེ་རེས་ལས་རིམ་ཁྲོད་ཟབ་ཞུགས་གནང་མཁན་ཞིག་ཀྱང་ཡིན་པ་མ་ཟད། རྒྱ་ནག་སྲིད་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཀྱང་རེད། དེས་མ་ཚད། བོད་ཀྱི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད། ལྷག་པར་དུ་གོང་ས་ཏཱ་ལའི་བླ་མ་ཡི་དབུ་མའི་ལམ་ལ་ཧུར་བརྩོན་ཆེན་པོས་དར་སྤེལ་བྱེད་ཀྱི་ཡོད་པའི་གཟུགས་བརྙན་ཅན་ཚོ་རེད།
སྐུ་ཞབས་ཀྲང་པའོ་ཧྲུའུ་ཡི <<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན >>ཞེས་པའི་དེབ་དེའི་ནང་གྲངས་ཉུང་མི་རིགས་ཚོ་རྒྱ་ནག་ནང་སྡོད་རྒྱུ “རྨང་གཞི་བྱས་པའི་གྲོས་མོལ་སྲིད་ཇུས་དེ་ནི། མ་གཞི་ནས་རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་བྱ་གཞག་ཐོག་རྒྱབ་སྐྱོར་ཡག་ཤོས་ཤིག་ཡིན་ཞིང་། ཏཱ་ལའི་བླ་མའི‘དབུ་མའི་ལམ’སྲིད་ཇུས་དེས་གནས་ཚུལ་དེའི་ཐད་ར་སྤྲོད་གསལ་བཤད་བྱས་ཡོད་ལ། ཏཱ་ལའི་བླ་མས་རང་ཉིད་ཀྱི་ཤུགས་རྐྱེན་ལ་བརྟེན་ནས” འཛམ་གླིང་ཡུ་གུར་ལྷན་ཚོགས” ལ་སོགས་པའི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཚོས་ཕྱི་སྡོད་ཡུལ་གྱར་ཁྱུ་ཚོགས་ལ་ཁ་ཕྱོགས་དེའི་ཐོག་འབད་རྩོན་བྱེད་དགོས་པའི་སྐུལ་འདེད་གནང་བཞིན་ཡོད་པ་དེ་ནི་དགའ་བསུ་ཞུ་འོས་པའི་རྣམ་དཔྱོད་ཡངས་པའི་གནང་སྟངས་ཞིག་ཡིན”ཞེས་བཤད་ཡོད།
5.འཕེལ་འགྱུར་བཙན་རྒྱལ་བས་བོད་མཐའ་མའི་ཐག་གཅོད་བྱ་ཐབས།
ཆའོ་ཀྲེ . ཨའོ་འུལ་ཨེར་ནས <>དཔེ་དེབ་ལས “སུས་ལོ་རྒྱུས་ལ་བཏང་འཛིན་བྱས་ཚེ། སུས་མ་འོངས་པར་བཏང་འཛིན་བྱས་པ་རེད། སུས་དེ་རིང་བཏང་འཛིན་བྱས་ཡོད་ཚེ། སུས་ལོ་རྒྱུས་ལ་བཏང་འཛིན་བྱས་པ་རེད ”ཅེས་བྲིས་ཡོད།
སུས་དེ་རིང་གི་རྒྱ་ནག་ལ་བཏང་འཛིན་བྱས་ཚེ། སུས”རྒྱ་ནག་གི”ལོ་རྒྱུས་དང་། “གྲངས་ཉུང་མི་རིགས”ཀྱི་ལོ་རྒྱུས་བཏང་འཛིན་བྱས་པ་ཞིག་རེད། གལ་ཏེ། སུས་མུ་མཐུད”རྒྱ་ནག”གི་ལོ་རྒྱུས་དང“གྲངས་ཉུང་མི་རིགས”ཀྱི་ལོ་རྒྱུས་བཏང་འཛིན་བྱེད་ཐུབ་ཚེ། དེས་ཕལ་ཆེར་མུ་མཐུད་རྒྱ་ནག་གི་རྒྱ་མི་དང“གྲངས་ཉུང་མི་རིགས”ཀྱི་མ་འོངས་བཏང་འཛིན་བྱས་པ་རེད།
<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཟེར་བ་ལས། “ལོ་རྒྱུས་དོན་དངོས་སླར་གསོ་དང་། ལོ་རྒྱུས་འགྲེལ་བཤད་བསྐྱར་སྐྲུན་བྱ་དགོས”ཟེར་བའི་ལེའུ་ལས། [28]དཔེ་དེབ་འདི་ནི་རྒྱལ་ནང་གི་རྒྱ་ཆེའི་མང་ཚོགས་དང་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ངོ་རྒོལ་བ་ཚོར་བྲིས་པ་ཡིན་ཟེར། ཁྲིམས་སྲིད་མཁས་དབང་དུ་འབོད་པའི་རྩོམ་པ་པོས་རྩོམ་བྲིས་གནང་བའི་ཕྱིར་ཚོང་ནང་འདྲེན་བྱས་པའི་དེབ་དེའི་ནང་། ཐོག་མཐའ་བར་གསུམ་དུ་ཞིབ་ཚགས་འཆར་འགོད་བྱས་པའི་སྲིད་དོན་བསམ་ངན་བཅངས་ཡོད། དེའང་རྒྱ་ནག་རྒྱལ་ཁབ་བརླག་པའི་ལོ་རྒྱུས་འབྲི་བསུབ་བཏང་སྟེ། བོད་ཀྱི་ལོ་རྒྱུས་ཡོན་རྒྱལ་རབས་ནས་བཟུང་རྒྱ་ནག་གི“ཁོངས་སུ་གཏོགས་པ”ཞེས་པའི་རྒྱ་ནག་གི་ཁོངས་གཏོགས་ལོ་རྒྱུས་ཤིག་ཏུ་བརྫུན་བཟོ་བྱས་ཡོད་ལ། དེ་འདྲའི“ཁོངས་གཏོགས”ཞེས་པའི་ཚིག་དེ“བདག་དབང”གི་ཚབ་བྱས་ཡོད།
དེའི་འགྲེལ་བརྗོད་བྱེད་སྟངས་ཀྱང་། ཐ་སྙད་གསར་བཞེངས་དང་། རང་འདོད་ལྟར་གོ་དོན་གཏན་འབེབ་བྱེད་པ། གནད་འགག་གཡོལ་བའི་གདམ་གའི་རང་བཞིན་ཅན་སོགས་མདོར་ན། རྒྱ་ནག་གུང་ཁྲན་པའི་དྲིལ་བསྒྲགས་བྱེད་སྟངས་དང་ཁྱད་བར་མེད། དེ་ནི“བོད་འདི་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་མངའ་ཁོངས་ཤིག་ཡིན”ཞེས་པའི་པར་ངོས་གཞན་ཞིག་རེད།
<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དེབ་དེའི་དམིགས་ས་མ་འོངས་པ་ཡིན་ཞིང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དུས་སྐབས་ཤིག་ལ། གལ་ཏེ་བོད་མིས་མི་སེར་སྤེལ་ཡུལ་དུ་མི་དམངས་ཀྱི་རང་དབང་རྩོད་པ་དང་། མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྱད་པ་ཡིན་ཚེ། མ་འོངས་པའི“སྲིད་དབང་གསར་པ”ཞེས་པ་དེས། “མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་ཉིད་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཁྲིམས་ལུགས་ཀྱི་ལག་ཆ་ཞིག་ཏུ་བརྩི་མི་རུང”ལ། དེ་ལྟར་བྱས་ནས་ངོ་རྒོལ་བྱ་མི་རུང་། གལ་ཏེ“སྲིད་དབང་གསར་པ” མི་སེར་སྲིད་གཞུང་ལྟར་བོད་རང་བཙན་གསལ་བསྒྲགས་ལ་བཀག་འགོག་བྱེད་པའི་ནུས་པ་ལྡན་མེད་པ་དེ་འདྲ་ཡིན་ཚེ། འོ་ན་རྒྱ་ནག་རང་ཉིད“རྒྱལ་ཁབ་ཨ་མ”ཡིན་ཁུལ་བྱས་ཏེ། རྒྱལ་སྤྱིའི་ཁྲིམས་ལུགས་སྤྱད་ནས “གྲུབ་ཆ་ལྡན་པ”ཟེར་བའི་འདོད་ཚུལ་ལྟར “རྒྱལ་ཁབ་གསར་པ་དེར་ད་ཡོད་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་པ་བརྒྱུད་གཞི་ནས་རྒྱལ་སྤྱིའི་ཁྲིམས་ལུགས་སྒང་གི་ཐོབ་ཐང་ཐོབ་དགོས།” གལ་ཏེ་ད་ཡོད་རྒྱལ་ཁབ་ཚོས་ཁས་ལེན་མ་བྱས་ཚེ་རྒྱལ་ཁབ་དེ་ཉིད “རང་བཙན”གནས་བབ་ལྡན་མི་ཐུབ་ཟེར།
གཟི་བརྗིད་ཁོག་སྟོང་གིས་གཏུམ་པའི“འགྲོ་མིའི་ཐོབ་ཐང”དང”“དམངས་གཙོ” “འཕོ་འགྱུར” “ ཁྲིམས་སྲིད”ཕུད། བཙན་རྒྱལ་རིང་ལུགས་ཀྱི་བསམ་བློའི་འདུ་ཤེས་དང་དབང་ཆའི་འདུ་ཤེས། མིག་སྔའི་རྒྱ་ནག་དབང་སྒྱུར་པ་ཚོའི་གཞི་རྩའི་བསམ་དོན་ཐ་མི་དད་པ་ཡིན། རྒྱ་ནག་གུང་ཁྲན་ཏང་གི་དབང་སྒྱུར་བྱེད་སྟངས་ལ་སྐྱོན་བརྗོད་ཙམ་བྱེད་པ་ལས། དོན་དངོས་བོད་མིའི་ཐོབ་ཐང་གི་རང་ཐག་རང་གཅོད་དབང་ཆ། “རྒྱ་ནག་གི་བདག་དབང”ཞེས་པ་དང“རྒྱ་རིགས་གཙོ་བོའི་གྲུབ་ཆ”ཟེར་བའི་འདུ་ཤེས་འོག་བཅུག་སྟེ། ངང་ཤུགས་ཀྱིས་མི་རིགས་རང་ཐག་རང་གཅོད་ཐོབ་ཐང་ནག་གསུབ་གཏོང་གི་ཡོད།
ཡིན་ནའང་། བོད་མི། ཤར་ཏུ་ཀི་སི་ཐན་བ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་འཛིན་བྱེད་སྟངས་གཙོ་བོ་དེས། བོད་དང་ཤར་ཏུ་ཀི་སི་ཐན་ལ་སོགས་པའི་ས་ཁུལ་དེ་དག་རྒྱ་ནག་གི་མི་སེར་སྤེལ་ཡུལ་ཞིག་ཏུ་ངོས་བཟུང་ཐོག གལ་སྲིད་ཆ་འཕྲིན་སྣེ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག སྔར་ལས་མང་བའི་རྒྱ་ནག་གི་རྒྱ་མི་ཚོས“ཤིའི་ཙང”དང“ཤིང་ཅང”མི་སེར་སྤེལ་ཡུལ་གྱི་གནས་སྟངས་ངོས་འཛིན་ཐུབ་པ་ཡིན་ཚེ། གནས་ཚུལ་གང་འདྲ་ཞིག་ཐོན་རྒྱུ་ཡིན་ནམ། གཅིག་བྱས་ན་དབྱི་སི་རིལ་སྡོམ་གྲངས་ཨང་ཀི་འདིས་ང་ཚོར་གནས་ཚུལ་དེར་གོ་རྟོགས་འཕེལ་རྒྱུར་ཕན་ཐོགས་ཡོང་སྲིད།
དེའང 1967ལོའི་ཉིན་དྲུག་གི་དམག་འཁྲུག་དེའི་རྗེས། དབྱི་སི་རིལ་རྒྱལ་ཁབ་སླར་གསོའི་རིང་ལུགས་དེ་ནི་དབྱི་སི་རིལ་མི་ཚོའི་འདུ་ཤེས་གཙོ་བོ་དེ་ཡིན་པ་དང་། དབྱི་སི་རིལ 90% ཡན་བརྒལ་བའི་མི་ཚོས། དབྱི་སི་རིལ་རྒྱལ་ཁབ་ཁྱོན་ཡོངས་ནས་པ་ལི་སི་ཐན་གྱིས་བཙན་བཟུང་བྱས་པའི“དབྱི་སི་རིལ་ཆེན་པོ”ཞེས་པ་དེ་ཡིན་དགོས་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཅིང་། དེ་ནས 2012ལོར། པ་ལི་སི་ཐན་གྱི་རྒྱལ་ཁབ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་མཁན་དབྱི་སི་རིལ་མི་དམངས་བརྒྱ་ཆ69%ཟིན་ཡོད་པ་དང་། ད་དུང་དབྱི་སི་རིལ་འཇོར་ཏན་གཙང་པོའི་ནུབ་ངོས་ཀྱི་ལྗིའུ་བའི་གཞིས་ཁུལ་ཕྱིར་འཐེན་རྒྱག་དགོས་པའི་ལྟ་བ་རྒྱབ་སྐྱོར་བྱེད་མཁན་དབྱི་སི་རིལ་གྱི་ལྗིའུ་བ་མི་གྲངས 14% ཟིན་ཡོད།
ཧེ་ཧེ། མིག་སྔར་རྒྱ་ནག་གི་རྒྱ་མི་མང་ཆེ་བས“གནའ་སྔ་མོ་ནས་བཟུང”ཞེས་པའི་སྐད་ཆ་འདིར་ཡིད་ཆེས་བློས་འགེལ་བྱེད་པ་དང་། “གཅིག་གྱུར་ཆེན་པོ”ཟེར་བ་འདིའང་གཙོ་རྒྱུག་ལྟ་བ་ཞིག་ཏུ་གྱུར་ཡོད། ཆ་འཕྲིན་བཀག་འགོག་གི་ལྕགས་རི་རིང་པོ་མུ་མཐུད་བརྟན་པོ་ཡོད་པ་དང་བསྟུན་ནས། མ་འོངས་པར་འདི་ལས་མང་བའི“གཅིག་གྱུར་ཆེན་པོའི”རྒྱལ་གཅེས་པ་བཟོ་སྐྲུན་བྱེད་རྒྱུ་དེ་ནི། ཕལ་ཆེར་ཐལ་ཆ་ཆེ་བའི་མི་ཚོར་བཀོལ་སྤྱོད་བྱེད་རྒྱུར་བྱང་ཆུབ་པའི“དབུ་འཛིན”དག་ལ་ཁེ་ཕན་ཆེ་ཤོས་ཡོད་པ་ཞིག་ཡིན།
ལོ་རྒྱུས་འཕོ་འགྱུར་གྱི་གནད་འགག་དུས་སུ། དཔེར་ན་ལོ་ངོ་དྲུག་ཅུ་ལྷག་གི་སྔ་རོལ་དུ “མེས་རྒྱལ་གཅིག་གྱུར”དང” “མངའ་ཁོངས་གཅིག་སྒྲིལ” “བཅིངས་འགྲོལ”“དར་སྤེལ” “འཛུགས་སྐྲུན”སོགས་མིང་ཐོག་ནས་ཆ་ཚང་ཐོན་ཚར་ཡོད་པས། མ་འོངས་པར་བསྐྱར་འཁོར་བྱེད་པའི་དུས་སུ། སུས“རྒྱལ་ཁབ་གཅིག་གྱུར་དང་དར་འཕེལ ”དམ་བཅའ་བཞག་ཚེ། སུས་སྔར་ལས་ལྷག་པའི་སྒོ་ནས་ནུབ་ཕྱོགས་སུ་ས་རྒྱ་ཆེ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་གཙོ་གནད་མི་རིགས་ཀྱི་འཕེལ་རྒྱས་དང་ལས་དབང་ཟུང་དུ་སྦྲེལ་རྒྱུ་དང་། སུས“ཁ་བྲལ་རིང་ལུགས”རྡུང་རྡེག་བཏང་ཚེ། སུས“འཇིགས་སྐུལ་པ” རྩ་མེད་བཟོས་པ་རེད། དེ་ནི“དམངས་གཙོའི”རྒྱ་ནག་གི་ཕུ་ཐིང(putin)ཆགས་རྒྱུ་རེད།
ངས་ནི <<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན >>ཞེས་པའི་དེབ་དེའི་ནང་གི་མ་འོངས་འབྲེལ་ཆགས་ཀྱི་ཚིག་འབྲུ་དེ་དག་དམིགས་བསལ་ལུང་འདྲེན་བྱེད་འདོད་ཡོད་ལ། ལུང་ཚིག་དེ་ཚོའི་གོ་དོན་ག་རེ་ཡོད་མེད་བསམ་བློ་གཏོང་འདོད།
དེའང་ <<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན >>ཞེས་པའི་དེབ་དེའི་ནང་། “རྒྱ་ནག་གི་མི་གྲངས་ཁྱབ་ཚུལ་ཤིན་ཏུ་ནས་ཆ་སྙོམས་ཞིག་མེད་པར། ཤར་ཕྱོགས་དང་དབུས་ཕྱོགས་ཀྱི་རྒྱ་ཡུལ་དུ་མི་གྲངས་འདུ་འཛོམས་ཆེ་དྲགས་པ་དང་། ནུབ་ཕྱོགས་གྲངས་ཉུང་མི་རིགས་ས་ཁུལ་དུ་མི་གྲངས་ཉུང་ཉུང་ཞིག་ཡིན”ཞེས་དང་། “རྒྱ་ནག་གི་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་ཡུལ་ས་ཁུལ་དེ་ནི་རྒྱ་ནག་གི་གལ་ཆེའི་ཐོན་ཁུངས་ཡོད་སའི་ས་ཁུལ་ཞིག་ཡིན”ཞེས་བྲིས་ཡོད་པ་མ་ཟད། ད་དུང་དེབ་དེའི་ནང་། “བོད་རང་བཙན་ནི་བོད་གཅིག་པུའི་གནད་དོན་ཡིན་མི་སྲིད། དེས་ཤིང་ཅང་རང་དང་ཐ་ན་ནང་སོག་ཀྱང་རང་བཙན་དུ་འགྲོ་སྲིད། རྒྱ་ནག་གི་དབང་འཛིན་མཁན་གསར་པ་སུ་འདྲ་ཞིག་གིས་ཀྱང་རྒྱལ་ཁབ་ཀྱི་ས་ཆ་ཕྱེད་ཀའམ་ཡང་ན་དེ་བས་མང་བའི་ས་ཆ་བོར་བརླག་གཏོང་རྒྱུའི་འགན་འཁྲི་དང་མིང་ངན་འཁུར་མི་ཐུབ་པ་ཞིག་རེད”ཅེས་བྲིས་ཡོད།[29]
ང་ཚོས1949ལོའི་སྔོན་གྱི་ལོ་རྒྱུས་ལ་ཕྱིར་མིག་ཞིག་བལྟས་ན། རྒྱ་ནག་གིས“རྒྱལ་ཁབ་ཀྱི་ས་ཆ་ཕྱེད་ཀ”ཟེར་བའི་ས་ཆ་ཕྱེད་ཀར་དབང་སྒྱུར་བྱས་ཡོད་དམ། འོ་ན་རང་བཙན་ཡིན་པའི”རྒྱལ་ཁབ་ས་ཆའམ”ནུབ་ཁུལ་གྱི་ས་རྒྱ་ཆེ་ལ་ཐོན་ཁུངས་བཟང་བའི་ས་ཁུལ་དེར། མན་ཇུའི་རྗེས་ཀྱི”སྲིད་དབང་གསར་པ”ཟེར་བ་ཅི་ཞིག་མཚོན་པ་བྱས་ཡོད་དམ།
གཅིག་བྱས་ན། ང་ཚོས་གོ་མིན་དམག་ཤེད་ཅན་གྱི་གཏེར་དངོས་བཙན་འཕྲོག་ནས་དེ་རིང་གི་བོད་དམ་ཐུ་བྷོད། ཤིང་ཅང་ངམ་ཤར་ཏུ་ཁི་སི་ཐན། ནང་སོག་བཅས་ཀྱི་རྣམ་པ་རྦད་དེ་མི་འདྲ་བ་ཆགས་ཡོད། དོན་དུ”རྒྱལ་ཁབ་ས་ཆ་ཕྱེད་ཀ”སྟེ་ཤར་ཕྱོགས་སུ་མི་འཚང་ཀ་བརྒྱབ་ཡོད་པས་ཅི་ཞིག་མཚོན་པ་རེད་དམ། མི་འབོར་ཉུང་བའི་གྲངས་ཉུང་མི་རིགས་ཟེར་བ་དེས་ཅི་ཞིག་མཚོན་པ་རེད་དམ།
ང་ཚོས་ཚོད་དཔག་བྱེད་ཆོག་པ་ཞིག་ལ། གལ་ཏེ་མ་འོངས་པའི“སྲིད་དབང་གསར་པ”ཞེས་པ་དེས་ནུབ་ཕྱོགས་ས་ཁུལ་མི་རིགས་ཚོའི་རང་བཙན་དང་། རང་དབང་རྐྱེན་ཆག་སྒོ་ཞིག་ཏུ་ངོས་འཛིན་བྱས་པ་ཡིན་ན། དེ་འདྲ་བའི “སྲིད་དབང་གསར་པ”ཟེར་བ་དེ་ཅི་འདྲའི་ཡ་མ་ཟུང་ཞིག་རེད་ཨང་།
སྒྲོལ་མ་སྐྱབས་ནས<<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ>>རུ་འདི་འདྲ་ཞིག་བྲིས་ཡོད་པ་སྟེ།“མི་སེར་སྤེལ་བའི་རིང་ལུགས་ཀྱི་འདོད་རྔམ་དེས་ས་གནས་བརྟན་ལྷིང་རང་བཞིན་གཏོར་སྐྱོན་གཏོང་རྒྱུའི་ནུས་པ་ཡོད། མི་སེར་སྤེལ་བའི་རིང་ལུགས་གང་འདྲ་ཞིག་ཡིན་རུང་ཚང་མས་རང་ལ་ཐོབ་འདོད་ཡོད་པའི་དངོས་པོ་དེ་ཐོབ་ཐབས་བྱེད་རྒྱུ་ཙམ་མ་ཟད། ད་དུང་མི་སེར་སྤེལ་ཡུལ་དུ་ལྷིང་འཇགས་མེད་པར་བཟོ་རྒྱུ་དེ་ཡིན།
སྤྱིར་ཁོང་ཚོར་དམིགས་བསལ་མཚོན་རྟགས་གསུམ་ཡོད་པ་སྟེ། གཅིག ཐོན་ཁུངས་འཕྲོག་བཅོམ་བྱེད་རྒྱུ། གཉིས། ཡུལ་མི་གནས་སྤོ་དང་སྦྲགས་ཏེ་རིག་གཞུང་བཙན་འཛུལ་བྱེད་རྒྱུ། གསུམ། མི་སེར་སྤེལ་ཡུལ་དུ་ས་མཚམས་དབྱེ་སྟེ་འགལ་ཟླ་བཟོ་རྒྱུ་དེ་ཡིན”
<<རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཟེར་བས་དམངས་གཙོར་འཕོ་འགྱུར་འགྲོ་རེ་བཅངས་པའི་ཀློག་པ་པོར་ཞུས་དོན། “རྒྱ་ནག་ནི་ལོ་ངོ་སྟོང་ཕྲག་བརྒལ་བའི‘གཅིག་གྱུར་ཆེན་མོའི’སྲོལ་རྒྱུན་རྒྱལ་ཁབ་ཅིག་ཡིན། རྒྱ་ནག་གི་གཙོ་བོའི་གྲུབ་ཆ་ཡིན་པའི་རྒྱ་མི་རིགས་ནི་སྔ་ཕྱི་བར་གསུམ་དུ”རྒྱལ་ཁབ་ཀྱི་གཅིག་གྱུར”དང”སྟོབས་ཤུགས”གཙོ་འཛིན་དུ་བྱས་ཤིང་། མི་རིགས་གང་འདྲ་ཞིག་ཡིན་རུང་མི་རིགས་སོ་སོའི་ལོ་རྒྱུས་ས་ཁོངས་རྒྱ་སྐྱེད་བཏང་བ་དང་། ཁ་འཐོར་དུ་གནས་པ་དེ་གཅིག་སྒྲིལ་དུ་འགྱུར་ཐུབ་པ་བྱེད་མཁན་རྒྱལ་པོ་ཚོ་ནི་རླབས་ཆེན་ཞིག་ཏུ་བརྩི་བ་དང་། དེ་ལས་ལྡོག་ཏེ་རྒྱལ་ཁབ་ཀྱི་ས་ཁོངས་ཆུང་དུ་གཏོང་བ་དང་། ཐ་ན་རྒྱལ་ཁབ་ཁ་བྲལ་གཏོང་མཁན་རྒྱལ་ཁབ་བམ་རྒྱལ་ཁབ་སྟོང་འཇུག་མཁན་རྒྱལ་པོ་དེ་ཚོར་མཐོང་ཆུང་བྱེད་ཀྱི་ཡོད་པས། རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་ཁ་བྲལ་བཏང་བ་དེས། རྒྱལ་ཡོངས་མི་འབོར 90%བརྒལ་བའི་རྒྱ་མི་དམངས་ཚོའི་ཐོག་གནོད་སྐྱོན་ཡོང་རྒྱུའི་གནས་ཚུལ་དེར་ངེས་པར་དུ་གདོང་ལེན་བྱེད་དགོས་པ་ལས། རྒྱ་ནག་གི་མི་འབོར་མང་ཤོས་ཡིན་པའི་མི་ཚོགས་དེའི་དངོས་ཡོད་ཚོར་སྣང་ལ་མཐོང་ཆུང་བྱེད་མི་རུང”ཞེས་བཤད་ཡོད།[30]
རྒྱ་ནག་གི་ཡོན་ཏན་པ་ཚོས 1913ལོར་ཏཱ་ལའི་བླ་མ་མཆོག་ནས་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གསལ་བསྒྲགས་གནང་སྐབས། “རྒྱལ་ཡོངས་མི་འབོར་གྱི་རྒྱ་རིགས 90%བརྒལ་བ”ཕོག་ཐུག་ག་རེ་བྱུང་བ་རེད་དམ། བོད་འདི“གཅིག་གྱུར”མ་བྱས་གོང་། “མི་འབོར་མང་ཤོས་ཡིན་པའི་མི་ཚོགས”རྒྱ་མི་ཚོས་དངོས་ཡོད་ཚོར་སྣང་དེ་ག་རེ་བྱུང་བ་རེད། 1949ལོའི་སྔ་རོལ་དུ། རྒྱ་ནག་གི་མི་ཚོས་ལྐོག་གྱུར་ས་མཐོ་དེ་དང་། དེའི་ལོ་རྒྱུས་རིག་གཞུང་། དེ་བཞིན་དེའི་མི་དམངས་བཅས་ལ་རྒྱུས་མངའ་འདྲ་ཡོད་དམ།
“གཅིག་གྱུར”བྱས་ནས་ལོ་ངོ་དྲུག་ཅུ་ལྷག་ཙམ་ཕྱིན་ཡོད་ནའང་། སྨྱོ་བ་ལྟར“བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་འོག་ས་ཆ་ཞིག་ཡིན”ཞེས་ཨུ་ཚུགས་ཙམ་བྱེད་པ་དང་། ཐོན་ཁུངས་རྫོགས་མེད་སྔོག་འདོན་བྱེད་པ། བོད་རང་བཙན་རྩོད་པའི“ཁ་བྲལ་རིང་ལུགས་པ”ཟེར་ནས་འཁོན་འཛིན་ཚད་མེད་བྱེད་པ་ཕུད། ད་ལྟའི་རྒྱ་ནག་གི་མི་ཚོས་ཀྱང་བོད་ཀྱི་ས་ཆ་དེ་དང་། དེའི་ལོ་རྒྱུས། དེའི་རིག་གཞུང་དང་མི་དམངས་སོགས་ཀྱི་སྐོར་གང་ཡང་ཤེས་ཀྱི་མེད་པ་མ་ཡིན་ནམ།
དད་སེམས་ག་འདྲ་བཅངས་པའི་མི་ཚོགས་ཤིག་གིས་སྨྱོ་བ་ལྟ་བུའི་སྒོ་ནས”ས་ཆ་རྒྱ་བསྐྱེད་གཏོང་རྒྱུ་དང་། ཁ་བྲལ་ནས་གཅིག་གྱུར་གནས་སྟངས་སུ་འགྱུར་དུ་བཅུག་མཁན”“རླབས་ཆེན་མི་སྣ”ཟེར་བར་སྲུང་སྐྱོབ་བྱེད་པ་ལས། གཏུམ་སྤྱོད་པའི་རྡོག་བརྫིས་འོག་ཏུ་མི་རིགས་གཞན་གྱི་མི་དམངས་ཁྲི་སྟོང་མང་པོའི་མི་རོ་སྐམ་པོ་དེ་ཚོར་མཐོང་ཆེན་བྱེད་སྲིད་དམ། དད་སེམས་ཅི་འདྲ་ཞིག་གི་མི་ཚོགས་དེས། “མི་དམངས་སྣེ་ཁྲིད་དེ་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་མཁན“སྲིད་དབང་གསར་པ”ཞེས་པ་དེའི་རྗེས་སུ་འབྲངས་ཡོད་དམ། སུས“གཅིག་གྱུར”ཞེས་པ་དང་། “བཅིངས་འགྲོལ”ཞེས་པ། “སྟོབས་ཤུགས་དང་ལྡན་པ”ཞེས་པའི་དམིགས་ཡུལ་དེ་ལ་ཕྱོགས་ནས། དོན་དངོས་བྲན་བཀོལ་ལམ་དུ་བསྐྱོད་ཡོད་དམ།
སུས་སྨྲ་བརྗོད་དབང་ཚ་བཙན་འཕྲོག་བྱས་ཏེ། ས་ཆ་ག་གེ་མོ་ཞིག“གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཁ་བྲལ་གཏོང་ཐབས་མེད་པའི་མངའ་ཁོངས་ཆ་ཤས་ཞིག་ཡིན”ཟེར་ནས་བསྐྱར་ཟློས་ཁྲི་སྟོང་མང་པོ་བྱེད་ཀྱི་ཡོད་པ་རེད། སུས་མི་རབས་གཉིས་གསུམ་གྱི་མི་ཚོའི“དངོས་ཡོད་ཚོར་སྣང”ཞིག་ཏུ་གསར་བསྐྲུན་བྱེད་ཀྱི་ཡོད་པ་རེད། དེ་ནི་དངོས་ཡོད་ཚོར་སྣང་ཅི་འདྲ་ཞིག་ཡིན་ནམ། མི་རིགས་གཞན་གྱི་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བཅས་དངོས་ཡོད་ཚོར་སྣང་དེའི་ནང་ཚུད་ཡོད་དམ།
ད་དུང་དད་སེམས་གང་འདྲ་ཞིག་བཅངས་པའི་མིས། དེ་སྔ་རྒྱུས་ཡོད་མདོག་ངང་བཟོ་བཅོས་བརྒྱབ་པ་དང་རྫུན་བཟོ་བྱས་ཏེ“གནའ་སྔ་མོ་ནས་བཟུང”བདག་དབང་ལྡན་ཡོད་ཟེར་བའི་བཤད་སྟངས་དུམ་བུ་དེ་བསྐྱར་ཟློས་བྱེད་ཀྱི་ཡོད་པ་ལས། སུ་ས་ཆ་དེའི་ཐོག་སྐྱེས་པ་དང་འཚར་ལོངས་བྱུང་བ། སུས་ས་ཆ་དེའི་ཤེས་དཔལ་གསར་གཏོད་དང་ས་ཆ་དེའི་ལོ་རྒྱུས་ཐོ་འགོད་བྱས་པ། སུས་ས་ཆ་དེ་དང་ས་ཆ་དེའི་མི་དམངས་བདག་སྐྱོང་བྱས་ཤིང་། སུས་ས་ཆ་དེའི་སྐད་ཆ་ཤོད་ཀྱི་ཡོད་པ་སོགས་ལ་སྣང་ཆུང་བྱེད་ཀྱི་ཡོད་དམ། མདོར་ན། ས་ཆ་དེའི་ཐོག་བདག་དབང་ལྡན་དགོས་མཁན་དེ་ཕྱོགས་ཡོངས་ནས་ནག་བསུབ་གཏོང་བཞིན་པ་མ་ཡིན་ནམ།
རྣམ་པ་གང་འདྲ་ཞིག་གི་སྲིད་དབང་གསར་པ་དེ་དང་། དད་སེམས་གང་འདྲ་ཞིག་ལ་བརྟེན་པའི་མི་ཚོགས་དེས། མུ་མཐུད་ས་རྒྱ་ཆེ་བའི་ནུབ་ཕྱོགས་ས་ཁུལ་དུ་གནས་སྤོ་བྱེད་རྒྱུ་མ་ཟད། ད་དུང་མུ་མཐུད་རྩ་ཆེའི་ཐོན་ཁུངས་འཕྲོག་བཅོམ་བྱེད་རྒྱུ་གདོན་མི་ཟ་བས། སུས་མི་ཚོགས་དེ་འདྲ་ཞིག་བཟོས་པ་དང་། སུས་སྲིད་གཞུང་གསར་པ་དེ་འདྲ་ཞིག་བཟོས་ཡོད་དམ།
ལོ་བཅུའི་གོང་། སྒྲོན་མ་སྐྱབས་ནས <<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ>>ཞེས་པའི་དེབ་དེའི་ནང་། “ང་ཚོས་སླད་ཕྱིན་མི་སེར་སྤེལ་བའི་རིང་ལུགས་པར་སྲུང་སྐྱོབ་བྱེད་མཁན་རྒྱལ་ཁབ་ཀྱི་སྤྱི་དམངས་མང་པོ་ཞིག་མཐོང་རྒྱུ་དང་། ཁོང་ཚོས་ཁ་གཡར་ས་བཙལ་ཏེ་ང་ཚོ་ནི་མི་སེར་སྤེལ་མཁན་རིང་ལུགས་པ་ཞིག་མ་ཡིན་པར། མི་སེར་སྤེལ་ཡུལ་གྱི་ས་ཁུལ་འདི་མ་གཞི་ནས་ང་ཚོའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། ད་དུང་ང་ཚོའི་རྒྱལ་ཁབ་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ཤོད་ངེས་ཡིན་ལ། དེའི་ཐོག་ནས་སླར་ཡང་འདོད་རྔམ་ཆེ་ལ་སྨྱོ་བ་ལྟ་བུའི་བྱེད་སྟངས་དེས། མི་སེར་སྤེལ་མཁན་རིང་ལུགས་པའི་སྤྱི་དམངས་ཚོ་ཕྱི་རོལ་གྱི་གནས་སྟངས་དང་འཚམ་པའི་སྒོ་ནས་ལོ་རྒྱུས་ལ་བལྟ་ཐབས་ཐུབ་མེད་པ་དང་། ལོ་རྒྱུས་ཀྱི་གནས་སྟངས་ངོ་མ་ཁས་ལེན་བྱེད་ཐུབ་ཐབས་བྲལ་བའི་རྭ་སྤྲོད་གསལ་བཤད་བྱས་ཡོད། དེ་བས་ཁོང་ཚོའི་འདོད་རྔམ་དང་སྨྱོན་པ་ལྟ་བུའི་བྱེད་སྟངས་དེ། མི་སེར་སྤེལ་ཡུལ་མི་དམངས་ཀྱི་ངོ་རྒོལ་བྱེད་པའི་རྒྱུ་རྐྱེན་ཞིག་ཏུ་འགྱུར་རྒྱུ་ཡིན། ”ཞེས་སྔོན་དཔག་དེ་འདྲ་ཞིག་གནང་ཡོད།
<<རྒྱ་ནག་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དེབ་དེས། “དམངས་གཙོའི་འཕོ་འགྱུར”ཞེས་པའི་བྱེ་མས་བཟོས་པའི་ས་བཀྲའི་ཐོག་ནས་བོད་ཀྱི་མཐའ་མའི་གནད་དོན་ཐག་གཅོད་བྱེད་སྟངས་ཤིག་བཏོན་ཡོད། དེའང“རྒྱ་ནག་གི་དམངས་གཙོའི་འཕོ་འགྱུར་དེས། སླད་ཕྱིན་མི་རིགས་ཁག་གི་ཆེད་དུ་འདྲ་མཉམ་དང་ལུགས་མཐུན་གྱི་ལམ་ལུགས་སྟེགས་བུ་ཞིག་གསར་གཏོད་བྱེད་དགོས”ཞེས་དང་། “ང་ཚོས་སྐད་སངས་མཐོན་པོས་ཏང་གཅིག་གིས་རྒྱལ་ཁབ་དབང་དུ་སྒྱུར་བའི་ལམ་ལུགས་མེད་པ་བཟོ་བ་དང་སྦྲགས་ཏེ། མི་རིགས་ས་ཁུལ་རང་སྐྱོང་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན”ཟེར།
དེ་བཞིན“དམངས་གཙོའི་འཛུགས་སྐྲུན་དང་ཁྲིམས་སྲིད་སྒྲོམ་གཞི་འཐུས་སྒོ་ཚང་དུ་འགྲོ་བ་དང་ཆབས་ཅིག རྒྱ་ནག་མི་རིགས་ཁག་གི་མི་དམངས་ཚོའི་སྤྱི་དམངས་འདུ་ཤེས་རིམ་བཞིན་ཤུགས་ཆེ་རུ་འགྲོ་སྲིད་པ་དང་། མི་རིགས་འདུ་ཤེས་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་སྲིད་པ་ཞིག་ཡིན་ཞིང་། མི་རིགས་ཀྱི་ཁྱད་བར་དེ་ནི་སླད་ཕྱིན་རིག་གཞུང་ཐོག་གི་གོ་དོན་ཙམ་ཞིག་ལས། ཆབ་སྲིད་ཀྱི་གོ་དོན་མ་ཡིན་པར། མི་རིགས་ཁག་གི་མི་དམངས་ཚང་མ་མི་རིགས་མང་བའི་རྒྱལ་ཁབ་འདིའི་མིང་དོན་མཚུངས་པའི་བདག་པོ་ཆགས་རྒྱུ་དེ་ཡིན”ཞེས་བཤད།[31]
ཧེ་ཧེ། གལ་ཏེ་ཀློག་པ་པོས<<ཀྲུང་དབྱངས་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་བོད་ཞི་བས་བཅིངས་འགྲོལ་གཏོང་ཐབས་སྐོར་ཆིངས་ཡིག >>ཞེས་པ་དེ། དྲ་རྒྱའི་ཐོག་འཚོལ་ཞིབ་དང་ལྟ་ཀློག་དེ་བཞིན་བསྡུར་བ་ཞིག་གནང་ན། ཆིངས་དོན་དེའི་ཐོག་ཁས་ལེན་བྱས་པ་དེ་ཚོ་དེ་བས་མི་ཚོའི་མགོ་བོ་སྐོར་ཤུགས་ཆེ་བ་ཡོད་ལ། ད་དུང་ཏག་ཏག<<རྒྱ་ནག་དམངས་གཙོའི་འཕོ་འགྱུར་ཁྲོད་ཀྱི་བོད་དོན>>ཞེས་པའི་དེབ་དེའི་ལོ་རྒྱུས“བསྐྱར་སྒྲིག་བྱས་པ”ཞེས་པའི་དེ་འདྲའི་བྱེད་སྟངས་དེ། རྒྱ་ནག་གུང་ཁྲན་དང་ཕན་ཚུན་གཅིག་མཐུན་ཡིན་པས། དེར་བརྟེན་ངས་དེབ་དེའི་ནང་གི་མ་འོངས་པའི་འཆར་བཀོད་ལ་དོགས་པ་ཆེན་པོ་ཡོད་ལ། ཁོང་ཚོ་ཚང་མས་བཙན་རྒྱལ་རིང་ལུགས་པའི་བཙན་ཤེད་གཏན་ཚིགས་རིག་པར་བརྟེན་ཏེ། མི་རིགས་གཞན་གྱི་ལོ་རྒྱུས་དང་བདག་དབང་ཁས་ལེན་མི་བྱེད་པ་དང་། ཁོང་ཚོ་ཚང་མས་རྒྱལ་རབས་གོང་མའི་དབང་སྒྱུར་བྱེད་སྟངས་ལ་སྐྱོན་འཛུགས་བྱེད་པ་དང་ཆབས་ཅིག དམངས་གཙོ་དང་ཁྲིམས་སྲིད། འདྲ་མཉམ། སྤྱི་མཐུན་དང་མི་རིགས་རང་སྐྱོང་བཅས་ཀྱི་མ་འོངས་པའི་མཛེས་ལྗོངས་འཆར་བཀོད་བྱེད་ཀྱི་ཡོད། ངས་ཐ་ན་གུང་ཁྲན་ཏང་གི་ཐོག་མའི་ལྷག་བསམ་ལ་ཡིད་ཆེས་བྱེད་ཀྱི་ཡོད། ཁོང་ཚོས་བསམ་པ་རྣམ་དག་གི་ཐོག་ནས་རང་ཉིད་ནི་དེ་སྔའི་དབང་སྒྱུར་པ་དང་མི་འདྲ་བའི་དཔེ་མཚོན་ཞིག་ཡིན་ཞིང་། ཁོང་ཚོས་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་འཆར་འགོད་དང་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་ངོས་འཛིན་བྱས་ཏེ། དོན་དངོས་སུ་སྲོག་ཆགས་རྭ་བ་ཆེན་པོ་ཞིག་འཛུགས་བསྐྲུན་བྱས་ཡོད།
གུང་ཁྲན་རིང་ལུགས་པ་དང་ཧྥ་ཤི་སི་རིང་ལུགས་དབར་གྱི་འགལ་ཟླ་དེ་ནི་ཁོང་ཚོ་དང་དེ་མིན་ཏང་སྲིད་ཚོགས་པ གཞན་པའི་འགལ་ཟླ་ལས་ཆེ་བ་ཡོད། ཡིན་ནའང་ཡ་མཚན་ཞིག་ལ། དང་ཐོག་ཚང་མ་སྤྱི་ཚོགས་རིང་ལུགས་པ་ཡིན་ཞིང་། མཐའ་མཇུག་ཚང་མ་ཧྥ་ཤི་སི་རིང་ལུགས་པ་དང་ཡང་ན་ནཱ་རྫིའི་ཚོགས་མི་ཆགས་ཡོད”ཟེར།[32]
“ཧི་ཁྲི་ལེའི་རིང་ལུགས་པ་ཚོས་རང་ཉིད་ནི་དམངས་གཙོ་རིང་ལུགས་ངོ་མ་ཞིག་དང་། ད་དུང་སྤྱི་ཚོགས་རིང་ལུགས་ངོ་མ་ཞིག་ཡིན་པར་ཤོད་ཀྱི་ཡོད། ཡིན་ནའང་སྐྲག་སྣང་བྱེད་དགོས་པའི་གནས་ཚུལ་ངོ་མ་དེ་ནི། ཁོང་ཚོས་བཤད་པའི་སྐད་ཆ་དེ་ཚོའི་ཁྲོད་གནས་ཚུལ་ཆུང་ངུ་ཁ་ཤས་དངོས་ཡོད་ཅིག་ཡིན། ཧི་ཁྲི་ལེའི་རིང་ལུགས་པས་ཐ་ན་ད་དུང་ཁོང་ཚོས་ཡེ་ཤུ་ཆོས་ལུགས་ལ་སྲུང་སྐྱོབ་བྱེད་མཁན་གྱི་གནས་བབ་བཟུང་ཡོད་པར་ཤོད་ཀྱི་ཡོད་པ་དང་། ཡིན་ནའང་ཧི་ཁྲི་ལེས་རང་དབང་རིང་ལུགས་པ་ངོ་མའི་ཚབ་བྱེད་ཀྱི་ཡོད་པར་ད་བར་བཤད་མྱོང་མེད།” [33]
ངའི་གོ་ཤེས་ལྟར་ན། དོན་དམ་པའི་ཡོན་ཏན་པ་ཟེར་རྒྱུ་དྲང་བདེན་དང་། དོན་དམ་པའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཟེར་བར་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ངེས་པར་དུ་ཚུད་དགོས་པ་རེད། དོན་དམ་པའི་རང་དབང་རིང་ལུགས་པར་བོད་རང་བཙན་བྱེད་ཆོག་པར་ངེས་པར་ཚུད་དགོས་པ་མ་ཟད། ངེས་པར་དུ་ཤར་ཏུ་ཀི་སི་ཐན་དང་ལྷོ་སོག་པོ་ལ་སོགས་པའི་ཉེ་གནས་མི་སེར་སྤེལ་ཡུལ་དུ་ལྷུང་པའི་མི་རིགས་དེ་དག་ལའང་རང་བཙན་བྱེད་ཆོག་པར་ཚུད་དགོས་སོ།།
2014.6.20
ཐེ་ལ་ཝེ་ཧྥུ་ནས།
ཡིག་སྒྱུར་བ། རིག་འཛིན།
ཞུ་ཆེན་བ། ནགས་ཤོད་སད་མི།
———རྩོམ་པ་པོ་ངོ་སྤྲོད།
མིག་སྔར་དབྱི་སི་རལ་གནས་སྡོད་རྒྱ་མིའི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་མཁན་མོ་ཐང་ཏང་ཧུང་ནི། བོད་རྒྱའི་འཐབ་རྩོད་ཐད་བོད་མིར་དོན་དམ་རྒྱབ་སྐྱོར་གནང་མཁན། ཡང་ན། 1949 སྔོན། བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ཁས་ལེན་བྱེད་ལ། ཁ་ཞེ་གཉིས་མེད་སྒོ་ནས་མ་འོངས་པར་བོད་མིར་མི་རིགས་རང་ཐག་རང་གཅོད་དབང་ཆ་དགོས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཡང་ཡིན། མོས་བསམས་ན། བོད་རྒྱའི་གནད་དོན་ནི་རྒྱ་ནག་གིས་བོད་ཡུལ་བཙན་འཛུལ་བཙན་བཟུང་བྱས་ཏེ་དབང་སྒྱུར་བྱས་པ་དང་། འཐབ་རྩོད་འདི་ནི་བཙན་འཛུལ་དང་མི་སེར་སྤེལ་བར་ངོ་རྒོལ་བྱེད་པའི་ལས་འགུལ་ཞིག་ཏུ་འདོད་ཀྱི་ཡོད། ད་ཕན་ཁོ་མོས <<བོད་དོན་གྱི་འགག་རྩའི་ཐ་སྙད་དང་ཆེད་དུ་སྤྱད་པའི་ཚིག་བརྗོད>> <<བོད་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་རེད་དམ>>སོགས་རིན་ཐང་གཞལ་དུ་མེད་པའི་ཆེད་རྩོམ་སྣ་མང་སྤེལ། ད་ཐེངས་ཀྱི་རྩོམ་རིང་འདིར་ཁྱོན་ལེའུ་ཆེན་པོ་གསུམ་ཡོད་པ་ལས་རྩོམ་རིང་འདི་ནས་ཡོངས་སུ་ཞུ་བཅོས་གྲུབ་ཟིན།
མ་རྩོམ། http://moments-of-samsara.blogspot.in/2014/10/blog-post_1.html
ཐང་ཏང་ཧུང་གི་པོད་ཁུག་ན་བོད་རྒྱའི་གནད་དོན་སྐོར་རྩོམ་ཡིག་རིན་ཐང་ཅན་མང་པོ་ཡོད་པས། ཆེད་དུ་དྲ་ཐག་ངོས་སྦྱོར། http://moments-of-samsara.blogspot.in/
དཔྱད་ཞིབ་ཡག་པོ་གནངས་ཤག
ཐུགས་རྗེ་ཆེ་དངོས་གནས་དཔྱད་པ་བློ་གཟུར་བོ་སྒོ་ནས་གནང་འདུག
ཐུགས་རྗེ་ཆེ་དངོས་གནས་དཔྱད་པ་བློ་གཟུར་བོ་སྒོ་ནས་གནང་འདུག
ཐུགས་རྗེ་ཆེ་དངོས་གནས་དཔྱད་པ
ངོ་མ་ཡག་པོ་བྲིས་འདུག ད་དུང་མུ་ཐུད་ནས་ཡིན་ད།