བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ཀྱིས་བཟོས་བའི་ནོར་འཁྲུལ་སྐོར་ས་གནས་རྒྱུན་ལས་ཁག་ལ་བཏང་བའི་འཕྲིན།
འདི་ལ་བསྣུན་ནས་གཟིགས་རོགས།
ཚོགས་གཞོན་དོན་གྲུབ་རྡོ་རྗེ་གཞོན་ལྷན་སྒྲིག་འཛུགས་ཀྱི་སྒྲིག་གཞི་ལེ་ཚན་བརྒྱད་པའི་ནང་གསེས་༡༢དང་། ལེ་ཚན་དགུ་བའི་ནང་གསེས་༧པའི་འབྲུ་དོན་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ནས་ཕྱིར་འབུད་བྱ་རྒྱུར་མང་མོས་ཐག་གཅོད་གནང་བ་དེར། ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ནས་མོས་མཐུན་མེད་པའི་ཞུ་ཡིག།
འདི་ལ་བསྣུན་ནས་གཟིགས་རོགས།
བཀུར་འོས་རྒྱ་ཆེའི་ཀློག་པ་བོ་ཡོངས་ཀྱི་སྙན་ལམ་དུ། འདས་པའི་ཉིན་འདི་འགར་སྐུ་ཉིད་ཚོར་བོད་ཀྱི་དུས་བབ་དྲ་རྒྱ་དེ་སྔོན་གྱི་དྲ་བྱང་ Tibettimes.net སྟེང་ཐད་ཀར་ཀློག་རྒྱུར་སྐུ་ངལ་ཆེན་པོ་བྱུང་ཡང་། ད་ལྟ་བསྐྱར་སྒྲིག་ཟིན་ཏེ་དངོས་སུ་ Tibettimes.net སྟེང་སྒོ་ཕྱེ་ཐུབ་སྟབས། དེ་དོན་དགོངས་འཇགས་ཡོང་བ་ཞུ་ཞུ། །
གུས་ཞབས་བཅས་དུས་བབ་གསར་འགོད་པ་རྒན་པས།
སྐོ་དྲུག་སྐལ་བཟང་དང་འབྲེལ་ཡོད་མཁན་ཟིག་ཡིན་ཏག་ཏག་རེད་ཡ།
ཚོགས་གཞོན་འདི་ཚོགས་ཟུར་སྐོ་དྲུག་སྐལ་བཟང་ཕུན་ཚོགས་དང་འབྲེལ་བ་ཡོད་མཁན་ཟིག་ཡིན་ན་ཏག་ཏག་འགྲིག་བསྡད་ཡོད་རེད།
དོན་གྲུབ་རྡོ་རྗེ་ལགས་ཀྱི་སྙན་ཞུ་དེ་ལ་བལྟས་ན་ཁོང་ལ་གནོང་ཞིག་གསལ་འདུག ཚོགས་པར་དེ་འདྲ་རྙོག་སྒྲ་ཆེན་པོ་ལྷག་མ་ཡག་པོ་ཁྱོན་ནས་མ་རེད། སེམས་ཕམ་ཆེན་པོ་བྱུང་།
གཞོན་ནུའི་ཚོགས་གཞོན་གྱིས་ཨ་རིའི་གཞུང་ཚབ་ཁང་ལ་བཤད་པའི་གནས་ཚུལ་རྣམས་དངོས་འབྲེལ་ཡིན་ན་ཕྱིར་འབུད་གཏོང་རྒྱུ་ལས་འོས་ཅི་ཡོད། གཞི་ནས་རང་དོན་ཞིག་མ་འགྲིགས་ན་རྒྱལ་ཁབ་དང་། མི་རིགས་ཀྱི་རྩ་དོན་ལ་གནོད་འགལ་བཟོ་མཁན་དེ་གྲས་ནི་ལས་འབྲས་ལ་བརྩི་མེད་དང་། ངོ་ཚ་ཞེ་ཁྲེལ་མེད་པ། མ་རབས་ཐ་ཤལ་ཞིག་ཡིན་པ་ལས་གཞན་ཅི་ཡིན
༄༎ དབུས་གཞོན་ནུའི་ཚོགས་གཞོན་གྱིས་བྱས་ལས་འདི་ནི་ཧ་ཅང་གི་བློ་ཕམ་གྱི་རང་བཞིན་དུ་མཆིས།
ཚོགས་གཞོན་གྱིས་གསལ་བཤད་ནང་དུ་གཞོན་ལྷན་གྱི་བསྒྲིགས་གཞི་དང་འགལ་ཡོད་པའི་སྐོར་བཤད་འདུག སྟེ་་ ཁོ་རང་ཕྱིར་འབུད་བྱེད་དགོས་པའི་རྒྱུ་མཚན་གང་ཡང་བཤད་མི་འདུག ཁོ་རང་རང་གི་ངོས་ལེན་བྱས་པ་ཞིག་མཐོང་གི་འདུག་ གཞོན་ལྷན་གྱི་བསྒྲིགས་གཞི་ཇི་ལྟར་ཡོད་མེད་མི་ཤེས་ཏེ་བསྒྲིགས་གཞི་ནང་འདི་ལྟར་བྲིས་ཡོད་ཀྱི་རེད་བསམས་ ཛ་དྲག་གི་གནས་ཚུལ་ཐག་གཅོད་དགོས་རིགས་ལ་ཚོགས་གཙོ་དབུས་པའི་དབུས་རྒྱུན་རྣམས་ཀྱི་མང་མོས་ཀྱི་དབང་ཚད་ཡོད་ཀྱི་རེད་བསམས་ཀྱི་ཡོད། ས་གནས་དང་ཚོགས་ཆེན་སོགས་ཀྱི་རྒྱུས་ནས་སྒུག་དགོས་ན་ཧ་ཅང་གི་ཁག་པོ་རེད་བསམས་ཀྱི་ཡོད། གང་ལྟར་ཡང་དབུས་གཞོན་ནུའི་གསར་འགོད་བསལ་བསྒྲགས་ཤིག་མ་གནང་ན་མི་མང་ནང་དུ་གཏམ་གླིང་སྣ་ཚོགས་ཡོང་གི་འདུག
བོད་པའི་ཚོགས་སྡེ་ཁག་གི་ནང་གི་ནད་བུ་འདི་དབུས་གཞོན་ནུ་ནང་དུ་སླེབས་ནས་ལོ་ཁ་ཤས་ཕྱིན་སོང་ད་ནད་བུ་དེ་ཤུག་ཆེ་རུ་འགྲོ་ཡི་འདུག་ད་གཟབ་གཟབ་གནང་དགོས་ཀྱི་ཡོད།
གཞོན་ནུ་ནང་དུ་སྲི་ཞིག་ཞུགས་འདུག་ཚོགས་གཙོ་དང་ཚོགས་གཞོན་དབར་ལ་མི་མཐུན་པ་འདི་སྔོན་མ་ནས་བྱུང་བ་ཞིག་རེད། གཞོན་ནུ་ལྷན་ཚོགས་ཀྱི་གནས་སྐབས་རིང་ལས་འགུལ་མ་སྤེལ་ནས་ཆོས་ལུག་ཁག་བཞི་དང་གཡུ་དྲུང་བོན་གྱི་དགེ་འདུན་པ་རྣམས་གདན་འདྲེན་སྟེ་ཞབས་བརྟེན་རྒྱ་མི་ཆུང་བ་ཞིག་གནང་རན་འདུག་་ མགྱོགས་པོ་གནང་རོགས་གནང༌།
གཞོན་ནུ་ཚོགས་པས་ཚོགས་གཞོན་ཕྱིར་འབུད་བྱས་ནོ་འགྲིག་བསྡད་ཡོད་ཀི རྗེས་ལ་ཤེས་རབ་སྙིང་བོ་བཏོན་ནས་ཟློག་པ་རྒྱབ་ན་དག་དག་རེད། ད་རུང་སྤྱི་འཐུས་ཚོགས་ཁང་ནང་གི་གླེན་པ་ཁ་ནག་དེ་ཚོ་ལ་ཕྱིར་འབུད་བྱེད་དགོས་པ་རེད། གཞུང་གི་ལས་དོན་ལ་ནམ་ཡང་གུ་དོགས་རིང་ལུགས་ཀྱི་བསམ་བློ་བཏང་ནས་འགོག་རྐྱེན་བཟོ་མཁན་དེ་ཚོ་ཕྱིར་ཡོང་མེད་པར་རྒྱ་མཚོའི་ཕ་རོལ་དུ་མཐར་སྐྲོད་གཏོང་དགོས་པ་རེད།
༄༎ གཞོན་ནུའི་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ཟེར་བའི་མི་ངན་འདིས་གོང་ས་མཆོག་གི་མཚན་བེད་སྤྱོད་ཇི་ལྟར་བྱས་ནས་གཏོང་དགོས་བསམས་ཡོད་ན། གཙོ་བོ་དེ་གཞོན་ནུ་ལས་འགུལ་འགག་པ་དེ་གལ་ཆེན་པོ་ཞིག་མཐོང་མ་སོང་། དེ་ལས་གལ་ཆེ་བ་ཚབ་ཆེ་བ་དེ་ནི་ ཁོ་པས་ད་ལྟ་བར་དུ་གོང་ས་མཆོག་གི་གཞོན་ནུའི་ལས་འགུལ་རྒྱག་སྐྱོར་ཡོད་པ་དང་ ད་ལྟའི་ལས་འགུལ་འདི་ལ་རྒྱག་སྐྱོར་མེད་པ་སོགས་བཤད་པ་འདི་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་མཐོང་། ལྷག་པར་དུ་རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆ་རུ་མི་རྩི་རུ་ངེས་པ་མེད། མི་ངན་འདི་རིགས་ངེས་པར་དུ་བོད་པའི་སྤྱི་ཚོགས་ནས་འབུད་བྱས་ཏེ་དུས་ནམ་ཡང་ལང་མི་ཆོག་པའི་ཁྲིམས་གཞི་བཟོ་དགོས་ཀྱི་ཡོད།
ཡུན་རིང་ཞིག་ཏུ་དྲ་ཐོག་ལ་འོང་ཐུབ་མ་སོང། ཧ་ཧ་ད་གནས་ཚུལ་ཐོན་འདུག
མི་དེ་ངོ་ཚ་རྒྱུ་མེད་པའི་ལས་ཀ་བྱས་འདུག་ཕྱི་མགོ་ནང་བཙོང། དག་དག་རེད་གནས་དབྱུང་བཏང་ནོ་ནོར་མི་འདུག ད་དུང་རྗེས་ཕྱོགས་མི་དེའི་རིགས་མཐོང་ན་ངོ་ཚ་བཟོ་དགོས་ནི་རེད་ལ། ལས་གནས་གཞན་གང་བྱས་ཀྱང་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་ཉན་ནི་མ་རེད།་
ཚོགས་གཞོན་ལྟས་ངན་དེ་སུའི་མཐོང་ན་བརྡུང་བརྡེག་བཏང་རྒྱུ་ལས་གཞན་པ་འོས་ཅི་ཡོད། ཁོའི་སྙན་ཞུ་ལ་ལྟོས་དང་ངོ་ཚ་རྒྱུ་མེད་པའི་སྐད་ཆ་ལས་གཞན་གང་ཡང་མི་འདུག དེ་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་ན་དེ་ཡང་ཕྱིར་ཕུད་བཏང་དགོས
ཚོགས་གཞོན་དོན་གྲུབ་རྡོ་རྗེའི་སྙན་ཞུ་ཁོ་བོས་རག་ཐབས་ཇི་ལྟར་བྱས་ཀྱང་རག་གི་མི་འདུག་པས། འདིར་སྙན་ཞུའི་ངོ་བཤུས་འགོད་རོགས་ཞུ།། །།
གྲོགས་པོ་ལགས་སུ་ཞུ་རྒྱུ༎ གཞོན་ནུའི་ཚོགས་གཙོས་སྙན་ཞུ་དང་དབུས་གཞོན་ནུས་ཐག་བཅོད་བྱས་པའི་བཀའ་ཡིག་དག་ཕ་ཡུལ་དྲ་རྒྱ་རུ་བཀོད་འདུག ཁྱེད་ཀྱི་གཟིགས་པར་འཚལ་ལོ།