——-འདུས་བྱུང་ཕུན་ཚོགས་ཚེ་རིང་།
དུས་ཚོད་ཉག་ཕྲའི་སྐབས་ཤིག
ལོ་རྒྱུས་གནད་འགག་མཚམས་ཤིག
གདོད་མའི་མི་རིགས་ཤིག་གི
ལས་དབང་བདག་ཉིད་ཅན་མཆོག
ལས་སྨོན་དམ་ཚིགས་བཟང་བས།
ཁ་བ་ཅན་དུ་ཞབས་བཅགས།
ཉིན་དེ་ནི ཁ་བ་ཅན་པའི་རྒྱལ་ཁ་ཡིན།
ཉིན་དེ་ནི ཁ་བ་ཅན་པའི་བསོད་ནམས་ཡིན།