ཁྲོ་གཏུམ།
སྨྱུ་གུ་འཐེང་བོ་འགའི་རས་ལྷམ་རལ་ཚུལ་ལ
གྲང་ངར་ཆེ་བའི་སེམས་རྩ་ཁ་ཤས་འབྱར་འདུག
ཡི་ག་བཅད་པའི་མི་ཚོགས་ཀྱི་བང་ཁ་ན
ལུག་ཁྱུའི་རྫི་བོ་ཚོས་རྨི་ལམ་འཐུ་ཞོར
གངས་འདབས་སུ་ཕྱི་བཤོལ་ཏུ་གྱར་ཡང
འཐེངས་འགྲོས་བྱེད་པའི་ཤོག་བུ་དང་སྨྱུ་གུ་ཡང་མལ་ལ་ལྷུང་འདུག