འཇམ་དབྱངས་དཀར་པོ།
ཅིའི་ཕྱིར་རྒྱ་ནག་གིས་མིང་གཞུང་འདི་དག་གི་གྲགས་ཅན་མི་སྣ་རྣམས་བཀག་པ་རེད། ལུང་པ་གཞན་ལས་རྒྱ་ནག་གིས་གྲགས་ཅན་པ་མང་བ་བཀག་ཡོད། དེའི་རྒྱུ་མཚན་གཅིག་ནི་《བོད་》ཡིན། མི་སྣ་གྲགས་ཅན་དེ་དག་གིས་《བོད་》བཤད་པ་དང་དེར་དགའ་མོས་བྱེད་པས། རྒྱ་ནག་གིས་དེ་དག་བཀག་པ་ཡིན། མིང་གཞུང་འདིར་ཚུད་པའི་བཀག་འགོག་བྱས་པའི་གྲགས་ཅན་མི་སྣ།
བྷི་རི་ཊི་པེ་ཌི་(Brad Pitt) བོད་ནང་ལོ་བདུན་གྱི་གློག་བརྙན་གྱི་ཆེད་བཀག་པ་ཡིན། ལྟད་མོ་གང་དེས་ནི་བོད་ཀྱི་ཆོས་ལུགས་དབུ་ཁྲིད་ཏཱ་ལའི་བླ་མ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་བརྩི་འཇོག་བྱས་ཡོད་པ་དང་། སྐྱེས་བུ་གང་དེ་རྒྱ་ནག་གཞུང་གིས་དྲག་སྤྱོད་ཉེས་ཅན་པར་རྩིས་ཡོད།
རི་ཆར་ཊི་གྷེར་(Richard Gere) གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཞུ་གཏུག་བྱེད་ཀྱི་ཡོད། (རྒྱ་ནག་གིས་བོད་དོན་ཐད་བཟུང་བའི་སྲིད་ཇུས་ལ་སྐྱོན་བརྗོང་ཚ་ནན་བྱས་རྐྱེན། སྤྱི་ལོ་ ༡༩༩༣ ནས་གཙུག་ལག་རིག་པའི་གཟེངས་བསྟོད་ཀྱང་བཀག་ཡོད།)
ཧ་རི་སོན་ཧྥོར་ཊི་(Harrison Ford) ཨ་རིའི་ཕྱི་འབྲེལ་རྒྱ་ནག་དང་འབྲེལ་བ་ཤུགས་ཆེ་རུ་ཕྱིན་སྟབས། བོད་དོན་ཆེད་རྒྱབ་སྐྱོར་གྱི་སྐད་ཆ་བཤད་པའི་རྐྱེན་གྱིས་བཀག་པ་རེད།
ཤཱ་རོན་སི་ཌོན་(Sharon Stone) གྱིས་ ༢༠༠༨ ལོར་རྒྱ་ནག་ནང་ས་འགུལ་ཚབས་ཆེན་བྱུང་བ་དེ་རྒྱ་ནག་གིས་བོད་བཙན་འཛུལ་བྱས་པའི་ལས་འབྲས་འཁོར་བ་རེད་ཅེས་ཟུར་ཟ་བྱས་པས། རྒྱ་ནག་གི་ཁྲོམ་རར་ཁོ་མོས་གློག་བརྙན་བཀག་འགོག་བྱས།
མར་ཌིན་སོ་ཁོར་སི་ (Martin Scorsese) ཡིས་ཏཱ་ལའི་བླ་མའི་ཚེ་སྟོད་ཀྱི་མི་ཚེ་དང་། ༡༩༥༠ ནས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་གློག་བརྙན་”སྐུ་མདུན་”བཟོ་འགོད་བྱས་རྐྱེན། རྒྱ་ནག་གིས་མར་ཌིན་སི་ཁོར་སི་དང་ཁོས་བཟོས་པའི་གློག་བརྙན་རྣམས་རྒྱ་ནག་ནང་བཀག་འགོག་བྱས།
བྷི་རྗོར་ཀི་ (Bjork) ཡིས་ཧྲང་ཧེའི་ཁྲབ་སྟོན་གར་སྟེགས་སྟེང་བོད་རང་བཙན་བཤད་པར་མ་ཟད།《བོད།》《བོད།》ཅེས་གྱེར་བ་ལ་བརྟེན་ནས་རྒྱ་ནག་ནང་བཀག་འགོག་བྱས།
ཨོ་སེ་སི་ (Oasis) བོད་རང་དབང་རོལ་དབྱངས་སྤྲོ་སྟོན་སྟེང་ཞུགས་ཏེ། སྡིངས་ཆའི་སྟེང་སྐད་ཆེན་པོ་བརྒྱབས་ནས། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པར་དྲན་གསོ་བཏང་རྐྱེན། རྒྱ་ནག་གིས་ཁོ་ཚོའི་གླུ་གཞས་རིགས་གང་ཡང་རྒྱ་ནག་ནང་ཉོ་སྒྲུབ་མི་ཆོག་པའི་བཀག་འགོག་བྱས།
བྷོལ་ཊེ་ལན་ (Bob Dylan) ནི་གསར་འགོད་པ་ཞིག་ཀྱང་ཡིན། རྒྱ་ནག་གཞུང་གིས་བྷི་རྗོར་ཀིས་ཧྲང་ཧེ་ཁྲབ་སྟོན་གར་སྟེགས་སྟེང་བོད་དོན་བཤད་པ་ཕྱིར་བསྒྲགས་བྱེད་མཁན་གྱི་དྭོགས་གཞིའི་འོག་ནས། ཁོའི་གླུ་དབྱངས་སོགས་རྒྱ་ནག་ནང་བཀག་སྡོམ་བྱས།
མེ་ལའེ་ཁེ་རུ་སི་(Miley Cyrus)ཡང་རྒྱ་ནག་ལ་བཀག་སྡོམ་བྱས། མོས་བོད་དོན་རྒྱབ་སྐྱོར་གྱི་རོལ་དབྱངས་གར་སྟེགས་སྟེང་ཞུགས་པས་མིན་པར། མོས་གདོང་གི་རྣམ་འགྱུར་གྱིས་ཤར་ཨེ་ཤ་ཡ་ལ་སྐྱོན་བརྗོད་བྱས་པའི་པར་གྱི་གསང་བ་ཞིག་ཕྱི་ལ་ཤོར་རྐྱེན་བཀག་སྡོམ་བྱས་པ་རེད།
《རྒྱ་ནག་གིས་བཙོན་དུ་བཅུག་པའི་དྲྭ་ཚིགས་ཁག་ཅིག》
ད་དུང་རྒྱ་ནག་ནང་བཀག་སྡོམ་བྱས་པ་གཞན་ནི་ངོ་དེབ་(Facebook) དང་ཨིན་སི་ཏ་གྷི་རམ་(Instagram) ཡ་ཧུ་(Yahoo) བྷིན་(Bing) གྷོ་གྷལ་(Google) རྗི་མལ་(Gmail) ས་ཁྲའི་རིགས་(Maps) ཊོ་ཁུ་(Docs) ཨིན་སི་ཁི་རེ་པི་ཊི་(Encrypted) ཨེ་པེལ་ཨེལ་(APIs) རྗི+G+) ཡུའུ་ཌུ་པི་(YouTube) ཝེ་མའོ་(Vimeo) ཝེ་ཀེ་ཕེ་ཊི་ཡ་(Wikipedia) ཌུ་ཝེ་ཌར་(Twitter) བྷི་ལོ་ཀི་སི་པོར་ཌི་(Blogspot) ཝོར་ཊི་ཕི་རེ་སི་(WordPress) ཊེ་ལའེ་མོ་ཤོན་(Dailymotion) སོང་ཊི་ཁི་ལོ་ཊི་(SoundCloud) ནེ་ཁོ་ཝི་ཊོ་(Nico Video) ཨར་ཆི་ཝི་.ཨོར་གྷུ་(Archive.org) ཊི་རོ་བྷོ་བྷོ་ཟི་(Dropbox) ཧྥུ་ལེ་ཁར་(Flickr) བྷ་ཊོ་(Badoo)
《རྒྱ་ནག་གིས་བཙོན་དུ་གསར་འགྱུར་ཆེ་ཁག》
གསར་འགྱུར་ལ་མཚོན་ན་ནེའུ་ཡོཀ་དུས་བབ་(New York Times) བྷི་བྷི་སི་(BBC) སི་ཨེན་ཨེན་(CNN) བྷི་ལུམ་བྷཀ་(Bloomberg) རང་དབང་(Independent) ཉི་ཧོང་གི་གསར་འགྱུར་རིགས་མང་པོ་ཞིག ཨི་པོ་ཆི་དུས་བབ་(Epoch Times) དང་རྒྱ་ཡིག་ནང་གི་གསར་འགྱུར་མང་པོ་ཞིག ནོར་ཝེའི་གསར་འགྱུར་ཁ་ཤས། ཨོ་སི་ཊི་ལེ་ཡའི་རླུང་འཕྲིན། བོད་ཀྱི་ཕོ་ཉ། རྒྱལ་མཚམས་མེད་པའི་གསར་གསར་འགྱུར། རྒྱལ་སྤྱིའི་ཨམ་ནེ་སི་ཌེ་སོགས་དང་།
《རྒྱ་ནག་གིས་བཙོན་འཇུག་བྱས་པའི་ཚིག་ཁག་ཅིག》
ཚིག་བཀག་སྡོམ་བྱས་པ་ཧྥ་ལུང་གོང་(Falun Gong) བོད་རང་བཙན་(Tibet Independence) ཤི་ཅང་རང་བཙན་(Xinjiang Independence) ཐའེ་ཝན་རང་བཙན་(Taiwan Independence) ཏཱ་ལའི་(Dalai) ཏཱ་ལའི་བླ་མ་(Dalai Lama) རྒྱ་ནག་དམངས་གཙོའི་ཚོགས་པ་(Chinese Democracy Party) གནམ་བདེ་སྒོ་ཨ་མ་(Tiananmen Mother) ཚིག་འདི་དག་རྒྱ་ནག་ནང་ཁུལ་ནས་བཙལ་འཚོལ་བྱེད་མི་ཐུབ།
དེ་མཚུངས་བཀག་འགོག་བྱས་པའི་ཚིག་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་། སྲིད་དབང་སྒེར་འཛིན་ལམ་ལུགས། བཙན་དབང་རིང་ལུགས། དམར་པོའི་ཕྱོགས་འགལ། མི་རིགས་རྩ་བརླག གཉའ་གནོན། དྲག་སྤྱོད་པ་དམར་པོ། ངལ་རྩོལ་ལས་རིག་གནས་བསྐྱར་དར། འདྲེ། བཙན་བྱོལ་བ། ཨུ་རུ་སུའི་བར་གྱི་རྒྱལ་མཚམས། གནམ་བདེ་སྒོ་མོའི་ཡ་ང་བའི་དོན་རྐྱེན། རྒྱ་ནག་གི་དམངས་གཙོ་རྩོད་ལེན་པ། ༢༠༠༥ ལོའི་ཏོང་ཀྲུའུ་ངོ་རྒོལ། པེ་ཅང་གི་ཝིན་ཀྲུའུ་ཁྲོམ་ར་སོགས་ཡིན་ནོ།།