ནམ་མཁའ།
བཙན་བྱོལ་སྤྱི་ཚོགས་ཀྱི་དགོན་སྡེ་ཁག་དང་དེ་མིན་ཚོགས་པ་སྐྱིད་སྡུག་ཡོངས་ཀྱིས་༧གོང་ས་མཆོག་ལ་གསུང་ཆོས་གནང་བའི་རེ་སྐུལ་ཞུ་རྒྱུ་ཉུང་དུ་གཏོང་དགོས། འདི་ལ་ཕྲན་གྱིས་རྒྱུ་མཚན་གཉིས་ཀྱི་སྒོ་ནས་བསམ་ཚུལ་ཕྲན་བུ་ཞིག་བཤད་འདོད་སྐྱེས།
རྒྱུ་མཚན་དང་པོ་ནི། ༧གོང་ས་མཆོག་དགུང་གྲངས་༨༠ ཕེབས་ཡོད་པས་སྐུ་ངལ་མང་དུ་གསོ་དགོས་བ་འདི་ཤིན་ཏུ་ནས་གལ་ཆེན་རེད་སྙམ། ༧གོང་ས་༧མཆོག་ཡང་མི་ཡི་ཤ་ཚུགས་ཅན་དུ་ཕེབས་ཡོད་པས་སྐུ་གཟུགས་ལ་ང་ཚོ་བཞིན་ཐང་ཆད་ཀྱི་ཡོད་པ་གསལ་བོ་ཡིན། དཔེར་མཚོན་ཞིག་བཤད་ན། ང་ཚོ་མི་ཕལ་བ་ཞིག་དགུང་ལོ་༨༠ ནང་ད་རུང་ཡར་མར་ཀུན་ཕེབས་རྒྱུ་དང་། དུས་ཚོད་མང་པོའི་རིང་རིག་པ་སྒྲིམ་ཞོར་སྐད་གསེང་མཐོན་པོས་སྐད་ཆ་བཤད་དགོས་ཚེ། དཀའ་ངལ་ག་ཚོད་ཞིག་ཡོད་མེད་མཁྱེན་གསལ་རེད། ཡིན་ཡང་རང་ཐོག་ལ་དཔེ་མཚོན་ཙམ་ཡང་འཇོག་མི་ཤེས་བའི་བསམ་མེད་དང་རྨོངས་ཞེན་ཅན་སྐོར་ཞིག་གིས་སྤྱན་རས་གཟིགས་ཡིན་སྟབས་ཐང་ཆད་ཀྱི་ཡོད་པའི་སྣང་བ་འཁོར་མི་སྲིད་པ་རེད།
འོན་ཏེ། ༧གོང་ས་༧མཆོག་གི་ཐུགས་རྒྱུད་སྤྱན་རས་གཟིགས་ཡིན་ཡང་། སྐུ་གཟུགས་མི་ཡི་རྣམ་པའི་སྐྱེས་པ་བཞེས་ཡོད་སྟབས་ང་ཚོ་བཞིན་ཚོར་བ་བདེ་སྡུག་གཉིས་ཀ་མྱོང་གི་ཡོད་པ་རེད། ལྷག་པར་དུ་བོད་མི་སྤྱི་བོ་ཡོངས་ཀྱི་བདེ་སྡུག་གི་འགན་ཁྲི་ཆ་ཚང་ཁྱེར་ཡོད་པས་ང་ཚོ་ལས་ཐུགས་ངལ་ཆེ་བར་ཡོད་པར་སྙམ།
གཉིས་པ་ནི། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཚོར་ལོ་ངོ་ལྔ་བཅུའི་རིང་གསུང་ཆོས་དང་བཀའ་སློབ་རིམ་པ་མང་པོ་གནང་ཡོད་པ་རེད། སྤྱིར་ཆོས་ནི་མི་ཡི་སེམས་ཐོག་ལ་སྦྱར་ཏེ་ཉམས་ལེན་བྱས་དང་མ་བྱས་བའི་གནད་དོན་ལས་གསུང་ཆོས་ཐེངས་མང་པོར་ཉན་དགོས་མིན་གྱི་གནད་དོན་མ་རེད། སྤྱིར་བཏང་ཡང་གསུང་ཆོས་འདི་དཀོན་པོ་ཞིག་བྱུང་ན་ཡག་པོ་ཡོད་པ་རེད། དཔེར་ན། མི་ཞིག་བྱེ་ཐང་དུ་འགྲུད་བཞུད་སྐབས་སུ་ཁ་སྐོམ་ཏེ་ཆུ་བཙལ་དུས། མི་ཞིག་གིས་ཁོ་ལ་ཆུ་ཕོར་བ་གང་གི་སྦྱིན་པ་བཏང་ཚེ། ཆུ་དེ་ཡང་ཞིམ་པོ་ཡོད་པ་མ་ཟད་ཆུ་སྦྱིན་མཁན་དེ་ཡང་མི་ཚེ་ནང་བརྗེད་མི་སྲིད་པ་ལྟ་བུ་བཞིན་རེད། དེ་མིན་གཙང་བོ་འགྲམ་གྱི་མི་ཞིག་ལ་ཆུ་ཡི་དོན་གཉེར་མེད་པས་ཆུ་སྤྲད་ཀྱང་འཐུང་འདོད་མེད་པ་བཞིན་རེད།
ཆོས་ཞུ་མཁན་གྱི་སློབ་མ་ཞིག་ཡིན་ཚེ། ཆོས་ལ་དོན་གཉེར་ཡོད་མཁན་ཞིག་དགོས་པ་ལས། དེ་མིན་ཆོས་ལ་དོན་གཉེར་དེ་ཙམ་མེད་པར་སོ་སོའི་སྙན་གྲགས་དང་འདུ་སྒོ་ཁོ་ན་བསམ་མཁན་ཚོས་ཆོས་ཞུས་ཀྱང་བླ་མ་གང་གསུངས་པ་སྣོད་ཁ་སྦུབས་པ་ལྟ་བུ་ལས་གསུང་ཆོས་ཚར་དུས་ཡིད་ན་ཅི་ཡང་མེད་པ་ལྟ་བུ་གྱུར་ཡོད། དེས་རྐྱེན་ཕྲན་གྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཚོ་ཆོས་རྒྱག་ཏུ་ཕྱིན་འདུག་ཟེར་གི་ཡོད། ཆོས་ཞུ་མཁན་གྱི་སློབ་མའི་མཚན་ཉིད་ལ་ཡང་། རྒྱུད་བླ་མ་ལས། དོན་གཉེར་བློ་ལྡན་ཞེས་ཚིག་དངོས་སུ་གསུངས་ཡོད།
ཕྲན་གྱིས་འདིར་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཚོ་ཆོས་རྒྱག་དང་ཆོས་ལ་དོན་གཉེར་མི་འདུག་བཤད་ཚེ། བོད་མིའི་སྲི་ཞུ་ལས་སྣེ་རྣམས་དང་དགའ་ལྡན་ཕོ་བྲང་གི་སྲི་ཞུ་ལས་སྣེ་རྣམས་གཙོ་བྱས་ཏེ། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཚོར་ཕོག་ཐུགས་འགྲོ་སྲིད་མོད། འོན་ཀྱང་། ཕྲན་གྱིས་ཡོ་རུབ་ནས་ཁ་སང་གི་བྱང་ཨ་རའི་༼new yorkབོད་མི་ཚོར་གསུང་ཆོས་གནང་བཞིན་པའི་ཐད་གཏོང་ལ་བལྟས་པའི་སྐབས་ཀྱི་མཐོང་སྣང་ཞིག་བཤད་འདོད་སྐྱེས། ཁ་སང་བྱང་ཨ་རིའི་བོད་མི་ཚོས་བརྟན་བཞུགས་དང་འབྲེལ་བའི་སྒོ་ནས། ཁོང་ཚོས་༧གོང་ས༧མཆོག་ལ་བསྒོམ་རིམ་བར་པའི་ཞལ་ལུང་ཞིག་ཞུས་འདུག
ཉིན་དང་པོའི་སྐབས་མི་ཆ་ཚང་འུར་འུར་ཟིང་ཟིང་གི་འཛོམས་འདུག་པ་ཞིག་མཐོང་སོང་བས་དགའ་བོ་བྱུང་། ༧གོང་ས་༧མཆོག་གིས་ཀྱང་བོད་མིར་གཙོ་བོ་དམིགས་ཏེ་གསུང་གི་ཡོད་ཅེས་ཉིན་དང་པོའི་སྐབས་གསུངས་སོང་། འོན་ཏེ། ཐབས་སྐྱོ་བ་ཞིག་ལ། ཉིན་གཉིས་པའི་སྐབས་སུ་༧གོང་ས༧མཆོག་གིས་གསུང་ཆོས་འགོ་འཛུགས་གནང་སྟེ། དུས་ཚོད་གཅིག་ལྷག་ཕྱིན་ན་ཡང་ད་རུང་བོད་མི་རེ་ཟུང་མ་གཏོགས་སླེབས་མི་འདུག
གལ་སྲིད་ཁྱེད་ཚོ་གསུང་ཆོས་ལ་དོན་གཉེར་ཡོད་ན་དུས་ཚོད་ལྟར་ཡོང་དགོས་པ་མ་ཟད། སྐུ་མདུན་མ་ཕེབས་པའི་སྔོན་ནས་སློབ་མ་ཚོ་སླེབས་ནས་སྒུགས་བསྡད་ན་བླ་མ་ལ་ཡང་བརྩི་མཐོང་བྱས་བའི་རྟགས་ཞིག་དང་ཆོས་ལ་དོན་གཉེར་ཡོད་པ་ཡང་མཚོན་ཐུབ། ཕྲན་གྱིས་ས་ཐག་རིང་པོ་ཡོ་རུབ་ནས་བལྟ་གི་ཡོད་ན་ཡང་ངའི་ཚོར་སྣང་ཞིག་ལ། ༧གོང་ས༧མཆོག་ལ་བརྩི་བཀུར་མ་བྱས་བའི་རྣམ་པ་ཞིག་མཐོང་སོང་། ཕྲན་གྱི་མཐོང་སྣང་འདི་ནོར་འཁྲུལ་ཡོད་སྲིད། ཡིན་ཡང་ཕྱི་མི་ཞིག་གིས་བལྟས་ཚེ།༧གོང་ས་༧ཏཱ་ལའི་བླ་མའི་གསུང་ཆོས་འགོ་འཛུགས་བྱས་ཏེ་དུས་ཚོད་གཅིག་ལྷག་འགོར་ན་ཡང་བོད་མི་རེ་ཟུང་མ་གཏོགས་སླེབས་མེད་པ་འདི་ཆོས་ལ་དོན་གཉེར་མེད་པ་རེད་དམ། ཡང་ན། གསུང་ཆོས་གསུངས་པ་པོ་བླ་མ་ལ་བརྩི་མཐོང་མ་བྱས་པ་རེད། གང་ལྟར་སྐབས་དེར་ཕྲན་གྱི་སེམས་ནང་མ་སྐྱིད་པའི་དབང་གིས་འདྲ་མིན་ཞིག་དྲན་སོང་བ་འདིར་འགོད་འདོད་སྐྱེས།
༧གོང་ས་༧མཆོག་གི་གསུང་ཆོས་ནི། གུང་ཁྲན་ཏང་གི་ལམ་ཕྱོགས་སློབ་གསོའི་གསུང་བཤད་མ་རེད་ལ། གཞས་ཞབས་བྲོའི་དགུང་ཚོགས་ཡང་མ་རེད། འདི་ནི་ཁྱེད་རང་ཚོས་དགུང་ལོ་༨༠ ལ་ཕེབས་པའི་༧གོང་ས་༧མཆོག་གི་སྐུ་ངལ་ལ་བསམ་གཞིགས་ཕྲན་བུ་ཙམ་ཡང་མ་བྱས་བར་གསུང་ཆོས་གནང་རོགས་ཞེས་རེ་སྐུལ་ཞུས་པའི་གསུང་ཆོས་ཀྱི་ར་བ་རེད་སྙམ་ནས་སེམས་མ་སྐྱིད་པ་བྱུང་སོང་། ཞེ་ས་མེད་པར་ཞུས་ན་དགུང་ལོ་༨༠ ཅན་ཞིག་གིས་ཁ་ལྕེ་སྐམ་རག་བར་དུ་གསུང་ཆོས་གནང་བ་མ་འཛེམས་པར་ཞོགས་པ་སྔ་བོ་ནས་ཕེབས་ན་ཡང་། ཁྱེད་རང་ཚོས་ཞོགས་པ་གཅིག་གི་གཉིད་རྔ་བློས་གཏོང་མ་ཐུབ་པ་རེད་དམ་སྙམ།
ལྷག་པར་དུ་ཡང་། བོད་ནང་གི་བོད་མི་ཚོས་རང་གི་སྲོག་ལ་ཡང་མ་འཛེམས་པར་ཉིན་མཚན་དུས་དྲུག་ཏུ་༧གོང་ས་༧མཆོག་གི་ཞལ་མཇལ་ཞིག་དང་། གསུང་ཆོས་ཉན་ཐུབ་ན་སྙམ་པའི་རེ་བ་རྒྱག་བཞིན་པ་དང་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཚོ་གསུང་ཆོས་ར་བར་ཕེབས་པའི་རྣམ་པ་ལ་བསྡུར་ནས་བསམ་གཞིགས་བྱས་ཚེ། བཙན་བྱོལ་སྤྱི་ཚོགས་བོད་མི་ཚོ་ཆོས་རྒྱག་ཏུ་སོང་འདུག་སྙམ་པའི་ཚོར་བ་ཞིག་འགོག་མེད་སྐྱེས། མ་ཟད། ད་རུང་སྐུ་མདུན་གྱི་གསུང་ཆོས་ཀྱི་རིན་ཐང་དང་ཨ་རིའི་ཐོངས་ཆེན་༼visa༽གཉིས་ལས་ཨ་རིའི་ཐོངས་ཆེན་ལ་རིན་ཐང་ཆེན་པོ་རེད་བསམ་སོང་། རྒྱུ་མཚན་ནི། རྒྱ་གར་གྱི་ཨ་རིའི་གཞུང་ཚབ་ཀྱི་སྒོ་འགྲམ་ནས་བྱང་ཨ་རིར་ཡོད་པའི་བོད་མི་མང་པོ་ཞིག་མཚན་གང་པོར་སྒུགས་ཡོད་པ་ང་ཚོའི་སེམས་སུ་གསལ་བོ་ཡིན།
ཁ་སང་གི་བྱང་ཨ་རིའི་བོད་མི་ཚོའི་གནས་སྟངས་འདི་ཁོ་ནའི་ཀྱང་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཚོ་ཆོས་རྒྱག་ཏུ་ཕྱིན་ཡོད་མེད་ར་སྤྲོད་བྱེད་ཐུབ་ཀྱི་རེད། རྒྱུ་མཚན་འདི་འདྲ་ལ་རྟེན་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་དང་ཚོགས་པ་འདྲ་མིན་གྱིས་སོ་སོ་སྒེར་དང་ཚོགས་པའི་སྙན་གྲགས་ལ་དམིགས་ཏེ། ༧གོང་ས་༧མཆོག་ལ་གསུང་ཆོས་གནང་བའི་རེ་སྐུལ་མ་ཞུས་ན་ལེགས་སྙམ། དེ་ལས་སྐུ་ངལ་གསོ་བར་གནོངས་ཞེས་རེ་སྐུལ་ཞུས་ན་ནུས་པ་དང་ཕན་ཡོན་ཆེན་པོ་དེ་རེད་སྙམ་སོང་།
འདིའི་ཕྱོགས་ལ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་དང་དགའ་ལྡན་ཕོ་བྲང་གཉིས་ཀྱིས་སྟངས་འཛིན་བྱེད་རོགས་ཞེས་འབོད་སྐུལ་ཡང་ཞུ་གི་ཡོད། གནས་སྟངས་འདི་མཐོང་མ་ཐག་ཐད་གར་བྲིས་པས་ཚིག་སྦྱོར་སོགས་མི་ལེགས་པའི་ཀློག་མཁན་ཚོར་དགོངས་འགལ་མེད་པར་ཞུ།
རེད་ཡ། ཆོས་དད་འདི་ངོ་མ་གཞིས་ལུས་མི་དམངས་ལ་ཡོད་ཀི གཞིས་ནས་འཚར་བ་དང་རྒས་པ་ཚོར་ཆོས་དད་ཧ་ཅང་ཆུང་གི
ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་རྒྱུ་ལས་ལྡོག་སྟེ་ཆོས་མང་པོ་མ་གསུང་རོགས་ཞེས་ཞུ་བ་ཕུལ་མཁན་དེ་ཡང་ཆོས་རྒྱགས་སུ་སོང་བ་མ་ཡིན་ནམ།
བདེན་པ་རེད་སྐུ་ངལ་མང་དུ་གསོ་རོགས་ཞེས་ཞུ་བ་ཕུལ་ན་ལེགས།འདི་གར་གྱི་དྲ་འབུ་སྤོབས་མཐའ་འདྲ་བོ་ཁ་ཁོག་གཉིས་ཀ་ཆོས་རྒྱགས་སུ་སོང་ནས་ཕྱིར་སྐྱུག་གི་འངུག
ངོ་མ་རེད། ང་ཚོའི་ཉམས་ལེན་བྱེད་ཐུབ་ན་སྐྱབས་མགོན་མཆོག་གིས་མང་ཐག་ཆོད་གསུང་ཚར་རེད།
ཁ་སྟོང་ནང་གི་ནང་གི་ཚིག་སྟོང་རེད། འོ་ན་ཁྱེད་འགྲོ་མི་དགོས་པ་ཅི་རེད་སོད
ནམ་མཁས་ཡག་པོ་བཤད་འདུག གསུང་ཆོས་ཞུས་གྲངས་ལ་བསམ་ནས་རྣ་བ་འོན་ས་ཡོད། བཀའ་དབང་ཞུས་གྲངས་ལ་བསམ་ན་མགོ་བོ་ལེབ་ལེབ་བྱུང་ཡོད་ས་ཡོད། ད་དུང་གསུང་ཆོས་དང་བཀའ་དབང་བཅས་རྐྱང་རྐྱང་གིས་བཙན་བྱོལ་གྱི་མི་ལོ་ལྔ་བཅུའི་ལྷག་དུས་ཚོད་བསྐྱལ་སོང། གཅིག་ཏུ་ནི་དྷ་སའི་ལས་བྱེད་པ་ཚོ་གསུང་ཆོས་བཀའ་དབང་ལ་འགྲོ་གི་ཡིན་ཟེར་ནས་ལས་ཁུང་སྒོ་བརྒྱབ། གསུང་ཆོས་གནང་ས་ལ་མ་སླེབས་པ་དེ་འདྲ་དངོས་མཐོང་རེད།
བླ་མ་ཆོས་གསུང་ཤེས་མཁན་ཞིག་ཡིན་ཕྱིན་སྐུ་གསུང་ཐུགས་གསུམ་གྱིས་ལྕོག་ལྕོག་བར་དུ་ཆོས་གསུང་རྒྱུ་མ་གཏོགས་དེ་ལ་རྒས་ཡོལ་དུ་འགྲོ་ཟེར་བ་ཕལ་ཆེར་གོ་མ་མྱོང་། འབྲེ་ཤེས་རབ་འབར་གྱིས་ཀྱང་སང་ཉིན་ཤི་བའི་དེ་རིང་ཡང་ཆོས་ཐུན་ཞིག་བཤད་ནས་ཤི་ཐུབ་པའི་ཐུགས་སྨོན་གནང་བ་བཞིན་དངོས་སུ་དེ་ལྟར་བྱུང་ཚུལ་འདུག ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོ་ཞེས་མཚན་དོན་མཐུན་པར་མཛད་ན་བོད་མིའི་སྒྲིག་འཛུགས་དང་ཡིག་ཚང་གིས་ཆོས་མ་གསུངས་ཞེས་ཞུ་བ་ཞིག་འབུལ་ཐབས་ག་ལ་སྲིད། གསུང་ཆོས་མང་པོ་གནང་ན་རྗེས་སུ་ཡི་རང་ཞུ་དགོས་པར་མཐོང་།
འདིར་དྲ་གྲོགས་འགའ་ཕེབས་འདུག་པས་བཀའ་དྲིན་ཆེ་ཞུ་གི་ཡིན། གྲོགས་པོ་སྤོབས་མཐའ་ལགས་ཀྱིས་གསུངས་པ་དེ་ལ་བསམ་ཚུལ་བརྗེ་རེ་ཐུང་ངུ་ཞིག་ཞུ་རྒྱུ་ཡིན། ངས་བླ་མས་ཆོས་མང་པོ་གསུངས་ན་ཡག་པོ་མི་འདུག་ཟེར་གི་མེད། ཡིན་ཡང་༧གོང་ས༧མཆོག་ཡང་མི་ཡི་ཤ་ཚུགས་ཅན་དུ་ཕེབས་ཡོད་སྟབས་ང་ཚོ་ལྟར་སྐུ་ཐང་ཆད་ཀྱི་ཡོད་པ་རེད། གལ་སྲིད་གསུང་ཆོས་ཞུ་མཁན་ཚོས་དོན་གཉེར་གྱི་སྒོ་ནས་གསུང་ཆོས་གནང་བར་རེ་སྐུལ་ཞུས་ན་དེའི་ཚོད་ཀྱིས་སློབ་མའི་མཚན་ཉིད་ཆ་ཚང་མ་ཚང་ཀྱང་བླ་མ་གསུང་ཆོས་ར་བར་མ་ཕེབས་པའི་སྔོན་ནས་ཡོང་སྟེ་སྒུགས་བསྡད་དགོས་པ་ལས།གསུང་ཆོས་ཞུ་མཁན་ཚོ་དུས་ཚོད་གང་འདོད་ལྟར་ཡོང་སྟངས་བལྟས་དུས་ཆོས་རྒྱགས་སུ་སོང་ཡོད་པ་གསལ་བོར་རེད། དེས་རྐྱེན་ཆོས་ཞུ་མཁན་ཚོས་ཁོང་ཚོའི་མཚན་གྲགས་དང་འདུ་སྒོ་ཁོ་ན་དམིགས་ནས་ཞུས་པ་ལས་ཆོས་ལ་དོན་གཉེར་ཆེན་པོས་ཞུས་མི་འདུག་ལབ་ཀི་ཡོད། དེ་ལས་༧གོང་ས༧མཆོག་སྐུ་ལྷོད་ལྷོད་བྱས་ཏེ་བཞུགས་ན་བོད་ཕྱི་ནང་གཉིས་ཀྱིས་བོད་མི་ཚོའི་སེམས་ཡང་དྲོད་པོ་རེད། དེ་མིན་གསུང་ཆོས་གནང་བ་དང་མཛད་སྒོ་འདྲ་མིན་ཕེབས་ན་སྐུ་ངལ་ཆེ་བར་མཐོང་སོང་པས་དེ་ལྟར་བཤད་ཀྱི་ཡོད། ད་ལྟ་དྲན་གསོས་པ་ཞིག་ལ༼ཏྰ་ལའི་བླ་མ་ངལ་གསོ་གནང་རོགས༽ཞེས་པའི་བསམ་ཚུལ་ཐུང་ངུ་ཞིག་སྔོན་མ་ཞིག་ལ་བྲིས་པ་དེ་དྲན་སོང་།དེ་ཡང་དངོས་བཤུས་གློག་བརྙན་ཞིག་ལ་བལྟས་རྗེས་བྲིས་པ་ཡིན། དེ་དུས་སྐུ་མདུན་སྐུ་ཐང་ཆད་ནས་མར་སྐས་འཛེགས་ཕེབས་པ་ལ་ཡང་སྐུ་ངལ་ཆེན་པོ་བྱུང་ཡོད་པ་མཐོང་ནས་བྲིས་པ་ཞིག་ཡིན། རེད། ༧གོང་ས༧མཆོག་སྙིང་རྗེ་ཡིས་ཀུན་ནས་བསླངས་ཏེ་གསུང་ཆོས་ཞུ་མཁན་ཡོངས་ལ་གསུང་གི་ཡོད་པ་རེད། ཡིན་ཡང་ང་ཚོས་ཀྱང་སྐུ་མདུན་གྱི་སྐུ་ངལ་སོགས་ལ་བསམ་གཞིགས་བྱེད་དགོས་པ་རེད།དེ་མིན་བརྟན་བཞུགས་འབུམ་ཉིན་གཅིག་ལ་ཕུལ་ཀྱང་སྟོང་པ་རེད་ཞེས་སྐད་གསེང་མཐོན་པོས་ལབ་འདོད་སྐྱེས།
ནམ་མཁས་གསུངས་པ་བདེན་པ་རེད། ང་ཚོས་ཉམས་ལེན་གྱིས་མ་ཕོངས་ན་༧གོང་ས་མཆོག་གི་མདུན་ནས་གསུངས་ཆོས་མ་ཐོབ་པའི་དཀའ་ངལ་ཡོད་པ་མ་རེད། ཕོངས་རྒྱུ་དངོས་གནས་དེ་ང་ཚོས་ལེ་ལོས་དབང་དུ་གྱུར་བ་དེ་རེད། ཡང་གཅིག་བཤད་ན་༧གོང་ས་མཆོག་གིས་སྐུ་ངལ་གསོ་དགོས་རྒྱུ་དེ་གལ་ཆེན་པོ་རེད། འོན་ཀྱང་གཙོ་བོ་དེ་དགོངས་པ་མི་དཀྲུག་རྒྱུ་དེ་རེད། ཤུགས་ལྡན་ཚོགས་པས་ཡང་ཡང་དགོངས་པ་དཀྲུགས་ཀྱི་འདུག འདི་ལ་དངོས་གནས་གདོང་ལེན་བྱེད་དགོས་འདུག །
གསུངས་ཆོས་མ་གསུངས་སྐུ་ངལ་གསོས་ཟེར་བ་ལྷག་བསམ་རེད། འོན་ཀྱང་དོན་དངོས་ཐོག་གཞན་དོན་མ་མཛད་སྐུ་ངལ་གསོས་ཟེར་བ་རེད། དེར་བརྟེན་༧གོང་ས་མཆོག་གིས་ངོས་ལེན་གནང་གི་མ་རེད། མ་ཟད་རྣམ་རྟོག་ཟ་གི་རེད། དེར་བརྟེན་ལྷག་བསམ་ཡིན་ཀྱང་འབོད་སྐུལ་དེ་རིགས་མ་གནང་།
༄༄། ནམ་མཁའ་ལགས་འདི། བཤད་ཕོད་མཁས་དང་བསམ་ཕོད་མཁས་ཞིག་རེད། གོང་ས་མཆོག་ལ་གསུང་ཆོས་མང་པོ་དེ་འདྲ་ཞུ་ཡག་འདི་ཡག་པོ་མི་འདུག། འདས་པའི་མྱང་མྱོང་གཞིག་ན་། རྡོར་ལྡནལ་་སྐུ་གཉུང་སྐབས་དེས་སྔོན་ལ་ལྷོ་ཕྱོགས་སོགས་གསུངས་ཆོས་་མང་པོ་དང་། བར་སེང་ཞེས་ལག་སྐབས་ལ་ཡང་མི་སྣ་མཇལ་འཕྲད་སོགསལ་་རྟེན་བྱུང་བར་དངོས་མཐོང་རེད། ལམ་ཁྲིད་ཆེན་བརྒྱད་དང། འགྲེལ་བ་བཞི་སོགས་གནང་མཚམ་བཞག་དགོས་འདུག། རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་རིང་པོ་བཞུགས་ཐུབ་པའི་རྒྱུ་ཡག་ཤོས་དེ་། སྐུ་ལྷོད་ལྷོད་དང་མཛད་རིམ་ཉུང་རུ་གཏང་རྒྱུ་འདི་གལ་ཆེ་རེད།
ད་དྲ་འབུ་ཚོས་ཡག་སྡུག་ཇི་ལྟར་འགྲེལ་རུང་སྒེར་སྒྲིག་གཉིས་ཀས་རང་ཅག་ལ་ཡོད་པའི་རྩ་ཆེའི་ནོར་བུར་བདག་ཉར་བྱས་ན་དགའ་ས་རེད། འགྱོད་དུས་ཨ་ཧོ་ཟེར་བ་འུ་ཚང་གི་རང་གཤིས་རེད། དུས་ཚོད་བང་རིམ་བསྒྲིགས་ནས་འཕྲུལ་འཁོར་ནང་བཞིན་དགུང་ལོ་བརྒྱད་ཅུ་ཟིན་པའི་བགྲེས་སོང་ཅིག་ལ་མཚོན་ན་ཧ་ཅང་དཀའ་ལས་ཆེ་ཀི་རེད། ཐ་ན་དར་མ་ཞིག་ཡིན་ཡང་ཤར་ནས་ནུབ་ལ་ཕེབས། ནུབ་ནས་བྱང་ལ་ཕེབས། བྱང་ནས་ཤར་ལ་ཕེབས་པའི་འགྲུལ་བཞུད་གཅིག་པོ་ཡང་ལས་སླ་སེ་ཡོད་པ་མ་རེད། ༧ཁོང་ཕེབས་ལམ་དང་གསུང་ཆོས་སྐབས་ཀྱི་བརྙན་ཐག་ལ་གཟིགས་ན་དངོས་གནས་ཁོང་ཐང་ཆད་བཞག ཐུགས་རྗེས་གཟིགས། ད་ཙ་ག་ཙག་གེ་ཆེད་དུ་སྐྱབས་འཇུག་མ་ཞུ་རོགས་གནང་། སྤ་ཁུག་སྒོར་གྱིས་བཀང་བའི་ཚོགས་སྒེར་ཚོ། བགྲེས་སོང་ཁོང་། ངལ་གསོ་གནང་བཅུག་རོགས།
སོ་སོར་དཔེ་བླངས་ནས་ཤོད། ང་རང་ཚོ་ཚོགས་འདུ་ཐེངས་གཅིག་ལ་བཅར་ནས་སྐད་ཆ་སྐར་མ་ལྔ་ཙམ་བཤད་རྗེས་དཀའ་ངལ་མི་འདུག་གམ། ཁ་སང་དྷ་རམ་ས་ལར་མདོ་སྨད་དང་དགེ་ལྡན་པ་བཙན་བྱོལ་སྒྲིག་འཛུགས་གསུམ་ནས་གྱ་སྟོན་གནང་སྐབས་་་༧ གོང་ས་མཆོག་ནས་ད་ཐང་ཆད་ཡོང་གི་འདུག བོད་ཀྱི་གཏམ་དཔེ་ལ་ཡོད་པས། བོང་བུ་ལ་དབྱུག་པ་བརྒྱབ་ནས་དེད་ན་ཆད་འགྲོ་གི་རེད་པ། ཞེས་གསུངས་གསལ་པོར་གསུངས་སོང་བས་ད་དུང་་་་་དྲང་དོན་ངེས་དོན་གདུལ་བྱ་འགྲོ་དོན་བསྟན་སྲིད་དོན་ཟེར་ནས་ས་ལ་མ་འགྱེལ་བའི་བར་དུ་བསྐུལ་རྒྱུ་ཡིན་ནམ། གོང་ས་མཆོག་གིས་བཀའ་དབང་གསུང་ཆོས་ཀྱིས་གདུལ་བྱ་འདུལ་དང་མ་འདུལ་སློབ
མ་རང་ངོས་ནས་འགན་ཁུར་དགོས་པ་ལས་་་་དེ་གསུང་ཆོས་ཀྱིས་བཏུལ་མ་ཐུབ་པ་མིན། མགོ་ལེབ་ལེབ་རྣ་བ་འོན་འོན་བཀའ་དབང་གསུང་ཆོས་ཞུས་ཀྱང་རང་རྒྱུད་མ་འཐུལ་ན། ད་ནི་གདུལ་ཐབས་མེད། ཆོས་དྲེད་ཆོས་ཀྱིས་མི་འདུལ། མར་སྐྲད་མར་གྱིས་མི་ཐུལ་ཟེར་བས་རྒྱུད་རྩུབ་དུ་རྩུབ་དུ་འགྲོ་གི་ཡོད་པའི་བཟོ་འདྲ་བ་ལས་རྒྱུད་ཐུལ་བའི་བཟོ་འདྲ་ཞིག་མི་འདུག དེ་ལ་བརྟེན་ནས་་་་གོང་ས་མཆོག་གིས་དྷ་རམ་ས་ལ་འདི་དམ་ཉམས་ཀྱིས་བཀང་འདུག་་་་ཅེས་གསུང་ཡོད་ནའང་ཆོག་པ་རེད།
ཡ་དྲ་འབུ་སྐོར་ཞིག་གིས་རྒྱལ་བ་རིན་པོ་ཆེ་ཐང་ཆད་འགྱེལ་རག་བར་དུ་སྐུ་ངལ་བཟོ་འདོད་འདུག ཁྱེད་ཚོའི་ཕ་རྒན་ལོ་༨༠སླེབས་མ་ཡང་ཤར་ནུབ་གང་སར་གཏོང་ཨེ་ཐུབ།
ནམ་མཁའ་ལེགས་ཀྱིས་བོད་ཡོངས་ལ་བརྩེ་བའི་ཤ་ཚས་བྲིས་པ་དེ་ལ་ཐུགས་རྗེ་ཆེ་ཞུ་འོས། འོང་ཀྱང་འཐད་པ་གང་ཡིན་དང་དུ་ལེན་ཅིང་། གཞན་འགའ་ཞིག་ལ་བསམ་གཞིགས་དགོས། “དེ་དུས་སྐུ་མདུན་སྐུ་ཐང་ཆད་ནས་མར་སྐས་འཛེགས་ཕེབས་པ་ལ་ཡང་སྐུ་ངལ་ཆེན་པོ་བྱུང་ཡོད་པ་མཐོང་ནས་བྲིས་པ་ཞིག་ཡིན།”
སྐུ་མདུན་གྱིས་གསུང་བཤད་པའི་མཛད་པའི་སྐབས་སུ་སྐུ་ངལ་བ་ཞིག་གཏན་ནས་མཇལ་མ་མྱོང་། འོན་ཀྱང་སྐས་འཛེགས་ཡར་ཕེབས་མར་ཕེབས་ལ་སྐུ་ངལ་ཡོད་པ་ནི། སྐུ་རུས་ཉམས་རྒུད་ལས་འབྱུང་། ལོ་ངོ་༦༠་རེ་གྲངས་སྔོན་དུ། ཁམས་བཟང་པོར་འབྱུང་བའི་སྐོར་ཧིནྡ་སྐད་དུ་བཀླགས་པ་ན། མིའི་ལུས་ལ་ཡང་ཉི་མའི་འོད་ཟེར་ཕོག་དགོས་པ་གལ་ཆེ་བར་བཤད། ཉི་མའི་འོད་ཟེར་མེད་སར་རྩྭ་ལ་སོག་ས་པ་སྐྱེ་ཡང་ཐང་པོ་མེད་པ་མངོན་སུམ་དུ་མཐོང་ཐུབ། དེ་བཞིན་དུ་མི་ཡང་རྟག་ཏུ་ནང་ལོགས་ལ་ཉི་ཟེར་མེད་པར་བསྡད་པ་དང་། ཕྱི་ལོགས་ཞིང་ཁ་སོགས་སུ་ཉི་ཟེར་ཡོད་སར་འགྲོ་བ་གཉིས་ལ་ལུས་སྟོབས་མི་འདྲ་བ་ཡོད། དང་པོ་དེ་སྟོབས་དམན་པ་དང་། གཉིས་པ་དེ་སྟོབས་ཆེ་ཚུལ་ཡོད་པར་བཤད། སྔ་དྲོ་དང་ཕྱི་དྲོའི་ཉི་མའི་འོད་ཟེར་དེ་མིའི་ལུས་ཚ་གྲང་རན་པ་ཡོད་པ་ལུས་སྟོབས་གཉེར་བའི་སྐྱེ་བོ་དག་གིས་གླེང་། ཉི་མའི་འོད་ཟེར་ལས་སྟོབས་སྨན། vitamin D. དེ་ཉིད་ལུས་པོའི་རུས་པ་སྟོབས་ཅན་དུ་སྐྱེད་དོ།
་
ཚིག་གི་ཡི་གེ་དག་ཆ་འགའ་ཞིག་བགྲོ་གླེང་བྱེད་ཆོག་པ་ཞིག
་
རྩོམ་ཡིག་དངོས་འབྲི་བ་པོ་དང་། མཆན་འདེབས་པ་པོ་དག་གིས་རང་རང་སོ་སོའི་ཕལ་སྐད་གཙོ་བོར་བྱས་ཏེ་བྲིས་པ་དེ་དག་༧་སྐུ་མདུན་གྱི་བཞེད་པ་དང་འགལ། ༧སྐུ་མདུན་གྱིས་ལ་དྭགས་གནུབས་རྭ་རུ། ༢༠༡༡ ལ་ཡི་གེ་འབྲི་ན་དག་པོར་འབྲི་དགོས། དེ་མིན་མ་འབྲི་ན་ལེགས། ཞེས་དགའ་ལྡན་ཁྲི་རིན་པོ་ཆེར་གསུངས། དགའ་ལྡན་ཁྲི་རིན་པོ་ཆེས་བདག་ལ་གསུངས་པ་དངོས་གནས་ཡིན།
དེ་ལས་སྐུ་ངལ་གསོ་བར་གནོངས། འདིའི་ནང་གི་གནོངས་ཞེས་པ་དེ་གནང་གི་སྐུལ་ཚིག་ཡིན་པ་བསམས་ཀྱང་། ཁོ་བོས་ཐོས་པ་ལ་གནང་དང་། ཞེས་ཐོས་ཀྱི། གནོངས་དང་ཞེས་མཁས་པས་དཔེ་ཆ་གང་དུ་མ་མཐོང་བར་མ་ཟད། གོ་བ་ལོག་པར་རྒྱབ་པའང་འོང་སྲིད་དེ། རང་ཉིད་ཀྱིས་ལས་ཀ་སྡུག་པ་མ་བྱས་ན་གནོང་དགོས་དོན་མེད། ཅེས་བྲིས་པ་ལྟར་གནོངས་ཞེས་པ་ཡོད་ངེས།
་
“བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཚོར་ཕོག་ཐུགས་འགྲོ་སྲིད་མོད།”
་
འདིར་ཐུགས་ལ་ཐུག་ཅེས་ས་ཡང་འཇུག་མེད་ན། ལེགས་སོ་སྙམ་མོ། །
རྒན་ལ་དྭགས་པ་བློ་བཟང་འཇམ་ལགས་བཀའ་དྲིན་ཆེའོ་ཉིད་ནས་ཡང་ནས་ཡང་དུ་བོད་ཡིག་ལ་ཞུ་དག་གནང་བར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ།
ཡ་མཚར་རྒན་ལ་དྭགས་པ་ལགས་སྐུ་མདུན་ཐང་ཆད་ཡོད་པ་གོ་མ་མྱོང་ན་ཞབས་ཞུ་ཚོར་སྐད་ཆ་དྲིས་དང་ཤེས་ཀྱི་རེད།དེ་མིན་ཡང་རང་ཐོག་ལ་སྐོར་ནས་བསམ་བློ་ཐོངས་དང་གཞན་ལ་འདྲི་མི་དགོས་བར་ཤེས་ཀྱི་རེད།ཁྱོད་༨༠ནང་མཁའ་ཐོག་དང་ས་ཐོག་ནས་འགྲུལ་བཞུད་བྱས་དང་ཧ་གོ་གི་རེད།
བྱང་ཆུབ་སེམས་དཔའི་མཛད་འཕྲིན་ལ་བར་ཆད་བྱས་ན་སྡིག་པ་ཚབ་ཆེན་བསགས་པ་རེད་ད། ལར་ནས་གོང་ས་མཆོག་སྐུ་ངལ་གསོ་དང་མི་གསོ་དེ་ཁོང་རང་ཉིད་ཀྱིས་ཐུགས་ཐག་བཅོད་རྒྱུ་ཞིག་ཡིན་པ་ལས་ང་ཚོས་ཞུ་སྐུལ་བྱེད་དགོས་པའི་དོན་དག་གཅིག་མ་རེད།
ཡ་xxལུང་རྟོགས་འདིས་སྐུ་མདུན་གྱི་སྐུ་ངལ་ཙམ་ལ་ཡང་བསམ་བློ་མེད་པ་མ་ཟད། ༧གོང་ས༧མཆོག་རང་ཉིད་ལ་འགན་ཁུར་ཡོད་པ་རེད་ཅེས་བཤད་ཚུལ་ལ་བལྟས་ན་གདོན་འདྲེ་ཞུགས་ཡོད་ས་རེད། དྲིན་ཆེན་ལ་དྲིན་ལོག་ཟེར་བ་ངོ་མ་xxལུང་རྟོགས་ལྟ་བུ་རེད།
རིན་ཆེན་འདི། མྱི་བསམ་ཤེས། མི་་ཡ་རབས། བདེན་པའི་སྐད་ཆ་བཤད་ཡོད་ཀི ཁ་ཤས་ཤིག་གིས་ཡ་ཐོད་ཀྱི་མིག་ངོར་༧ཁོང་ལྷ་རུ་འཁྲུལ་ནས་མི་ཡིན་པ་བརྗེད་ཡོད་ས་རེད། ཨ་ཙི་ཨ་ཙི།
xxངོ་མ་རེད། རྒྱལ་བ་རིན་པོ་ཆེ་ཟེར་བ་དེ་དུས་གསུམ་གསལ་གཟིགས་ཐུབ་པའི་སྐྱེས་ཆེན་ཞིག་རེད་མ་གཏོགས་ཅི་ཡང་མི་ཤེས་པའི་xxཁྱོད་ཚོ་འདྲ་པོ་ཞིག་མ་རེད། སྤྱན་རས་གཟིགས་ལ་མ་ཎིའི་ལུང་གནང་བའི་དགོས་པ་ཅི་ཡང་ཡོད་མ་རེད།
འོ་ཡ་xxལུང་རྟོགས་ཁྱེད་ཀྱི་ཕ་རྒན་ལོ་༨༠ སླེབས་དུས་ཁྱེད་ཀྱི་ཁྱིམ་ཚང་ཆེད་ལས་ཀ་གང་སར་བཏང་ཤོག་ཡ། དེ་མིན་ཁྱེད་ལྟ་བུ་སེམས་ཐང་པོ་ཞེ་དྲག་མེད་མཁན་ཞིག་ལ་བགྲོ་གླེང་བྱས་ཀྱང་རྡོ་ཐོག་ཆུ་བླུགས་པ་གཅིག་མཚུངས་རེད།
xxརིན་ཆེན། གོང་ས་མཆོག་སྐུ་ངལ་གསོ་དང་མ་གསོ་རང་དབང་རེད་མ་གཏོགས་ཁོང་ལས་ལ་སྐུལ་མཁན་སུ་ཡང་ཡོད་མ་རེད། གཞན་དོན་སྐུ་ངལ་མ་མི་རྩི་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་དམ་རེད། བྱང་ཆུབ་སེམས་དཔའ་རྣམས་གཞན་དོན་དུ་འགྱུར་ན། པདྨའི་མཚོ་རུ་ངང་པ་བཞིན། མནར་མེད་པར་ཡང་འཇུག་པར་བྱེད། ཞེས་པ་དེ་གོ་ཨེ་མྱོང་། ལར་ནས་མི་མ་གཏོགས་ཡར་སངས་རྒྱས་དང་མར་ངན་སོང་སོགས་གང་ཡང་ཁས་མི་ལེན་པའི་དམར་ལྟ་ཅན་གྱི་མི་ཁྱོད་ཚོར་བཤད་ཀྱང་ངལ་བའི་རྒྱུ་ལས་ཅི་ཡོད།
རིན་ཆེན་ལེགས་ལ་ཞུ་ན། ང་ཉིད་བོད་ལྟར་ན་གྱ་གསུམ་དང་། སྤྱི་ལོའི་ལུགས་ལྟར་གྱ་གཉིས་པ་ཡིན། ཁམས་བཟང་པོར་འབྱུང་བ་ནི་གཅིག་ན་ལུས་པོའི་འབབས་དང་། སྐྱེ་བ་སྔོན་མོའི་ལས་ལ་ལུས་ཁམས་འཕྲོད་བསྟེན་ལས་འབྱུང་། གཉིད་ལོག་པ་ན་མལ་ས་མཁྲེགས་པོ་དགོས་པ་ཡོད། ཟས་སུ་འབྲུ་རིགས་རྩུབ་པོ་ཟ། ཆུ་གྲང་མོས་ལུས་རྒྱུན་དུ་འཁྲུད། ལུས་ལ་འགུལ་སྐྱོད་གཏོང་། སྔ་དགོངས་དག་ཏུ་ཉེ་ཟེར་ལུས་པོར་ཕོག་ཏུ་འཇུག ཁ་སང་ལས་ཁུངས་ཤིག་ལ་ཡུལ་འཇུག་ཆོག་མཆན་ཞུ་བར་ང་རང་གཅིག་པུར་ཕྱིན་པས་ལས་དོནགྲུབ། མི་གཞན་ལ་བྱེད་གྲོགས་་མངགས་ན་རང་གིས་བྱེད་པ་ལ་ཉམས་ཆག་འབྱུང་། དེ་ཡིས་ལུས་པོའི་སྟོབས་ཤོར། དེ་རིང་སྔ་དྲོ་རང་སྐྱེད་ཚལ་ཞིག་ན། རྡོ་ཐེམ་སྐས་མང་དུ་ཡོད་པ་ན་མར་འབབས་པ་དང་ཡར་འཛེགས་པ་ལ་དཀའ་ངལ་གང་ཡང་མ་བྱུང་། དེ་བཞིན་ཁྱེད་སོགས་ཀྱིས་ཀྱིས་ཀྱང་མཛད་པའི་རེ་འདུན་ལགས སྤྱོད་འཇུག་ལེའི་ལྔ་པ་།
་
མཁས་ཤིང་ལྡང་དང་ལྡན་བྱས་ནས།
ལས་རྣམས་བདག་གིས་རྟག་ཏུ་བྱ།
ལས་རྣམས་ཀུན་ལ་སུ་ལ་ཡང་།
བལྟོས་པར་བྱ་བ་མ་ཡིན་ནོ།། ༨༢ །།
་
ཞེས་གསུངས་པ་ཡིད་ལ་བཟུང་སྟེ། ཉམས་སུ་བླང་དགོས་སོ།
སྐུ་མདུན་གྱིས་གསུང་བཤད་པའི་མཛད་པའི་སྐབས་སུ་སྐུ་ངལ་བ་ཞིག་གཏན་ནས་མཇལ་མ་མྱོང་།
་
ཡ་མཚར་རྒན་ལ་དྭགས་པ་ལགས་སྐུ་མདུན་ཐང་ཆད་ཡོད་པ་གོ་མ་མྱོང་ན་ཞབས་ཞུ་ཚོར་སྐད་ཆ་དྲིས་དང་ཤེས་ཀྱི་རེད།
མཇལ་མ་མྱོང་། ཞེས་པ་དང། གོ་མ་མྱོང། ཞེས་པ་གཉིས་ལ་གོ་དོན་མི་འདྲ་བ་ཡོད་པ་མ་ཡིན་ནམ།
གོང་ས་མཆོག་ལ་དངོས་གནས་དད་པ་ཡོད་ན་ཁོང་གི་མཛད་འཕྲིན་ལ་རྒྱབ་སྐྱོར་དང་མཛད་འཕྲིན་ལ་བར་ཆད་བྱེད་མཁན་ཚོར་གདོང་ལེན་ཁོང་གི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པ་རེད། གཞན་དོན་གྱི་མཛད་འཕྲིན་རྒྱུན་ཆད་སོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འཇིག་བརྟེན་ལ་འཚོ་ཞིང་བཞུགས་པའི་དགོས་པ་སྟོང་སོང་བ་རེད། དེས་ན་གོང་ས་མཆོག་གི་མཛད་འཕྲིན་ལ་བར་ཆད་བྱས་ན་དེ་ནི་ཁོང་གི་སྐུ་ཚེ་ལ་བར་ཆད་བྱས་པ་ལས་སེམས་ཁུར་བྱས་པ་ཞིག་གཏན་ནས་མ་རེད། ང་ཚོས་དད་པ་དང་དམ་ཚིག་བསྲུང་ན་སྤྱིར་འཛམ་གླིང་མི་མང་དང་ལྷག་པར་ཉམ་ཐག་པའི་བོད་མི་མང་གི་དོན་དུ་ཁོང་གི་སྐུ་ཚེའི་ཚད་ཅི་ཙམ་ཡོད་པ་དེ་ཙམ་བཞུགས་རྒྱུ་ཐེ་ཚོམས་མི་དགོས་པ་རེད། ཁོང་སྐུ་ལས་ཁ་ནས་སྐུ་ཚེ་ཐུང་རུ་འགྲོ་བ་དང་སྐུ་ངལ་གསོས་ནས་སྐུ་ཚེ་རིང་དུ་འགྲོ་བ་དེ་འདྲ་ཡོང་མི་སྲིད་པ་རེད། ང་ཚོས་སྒྲུབ་དགོས་པ་ཁོང་གི་བཀའ་གསུང་ཅི་སྒྲུབ་མ་ཞུས་པར་མི་དགོས་པ་ཁོང་སྐུ་ངལ་གསོ་དགོས་རབས་བཤད་པ་འདི་བཟང་པོ་ཞིག་ཡིན་དང་ངན་པ་ཞིག་ཡིན་བཤད་ཁག་པོ་རེད། འདིར་ནམ་རྒྱུན་གོང་ས་མཆོག་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་མཁན་དྲ་འབུ་ལ་ལས་ཁོང་སྐུ་ངལ་གསོ་དགོས་པའི་བསམ་འཆར་ལ་རྒྱབ་སྐྱོར་བྱེད་པ་ནི་། གོང་ས་མཆོག་གི་མཛད་འཕྲིན་འཛམ་གླིང་སྟེང་ཉིན་རེ་བཞི་ཇེ་རྒྱས་ལ་འགྲོ་བཞིན་པ་འདིར་མིག་ཚ་ཕྲག་དོག་སྐྱེས་ནས་བྱས་པ་ལས་ཁོང་གི་སྐུ་ཚེ་ལ་སེམས་ཁུར་ཆེ་ནས་བྱས་པ་ཞིག་ནམ་ཡང་མ་རེད།
གོང་ས་མཆོག་ནས་ང་དཀའ་ལས་ཁག་སོང་གསུང་ཁག་པོ་རེད། ཡིན་ནའང་ཐེངས་མང་གསུངས་ཟིན་པ་རེད། བུ་སྡུག་འགས་རང་གི་ཕ་མ་རྒན་ཁོག་ཚོར་སྒོ་གསུམ་ཆད་ཆད་ཐང་ལ་འགྱེལ་འགྱེལ་བར་དུ་བསྐུལ་གྱི་རེད། ཕ་མས་རང་གི་བུ་ཕྲུག་གི་དོན་དུ་དཀའ་ངལ་ཅི་ཞིག་ཁག་ཀྱང་ལུས་སྲོག་ལ་མ་འཛེམས་པར་ལས་བྱེད་ཀྱི་རེད། བུ་བཟང་པོ་ཞིག་ཡིན་ན་ཕ་མའི་དཀའ་ངལ་བསམ་ནས་ཕ་མར་ལས་བྱེད་དུ་མི་འཇུག་ཅིང་ཕ་མ་སྐུ་ཚེ་རིང་བའི་ཕྱིར་ཞབས་ཏོག་གང་ལེགས་སྒྲུབ་པ་ལས། ལུས་སེམས་ཆད་ཆད་བར་དུ་བསྐུལ་མི་སྲིད། བུ་རུལ་པ་ཡིན་ན་སོ་སོ་རེད།
འཛམ་གླིང་གི་ཅ་དངོས་དག་ལ་ཡག་པོ་ཡོད་མེད་དང་རིན་གོང་ཆེ་ཆུང་ཅ་དངོས་ཀྱི་སྤུས་ཀ་ཡག་པོ་ཡོད་མེད་ལ་བལྟ་གི་ཡོད།དེས་རྐྱེན་རྒྱ་ནག་གིས་བཟོས་པའི་ཅ་དངོས་ཐམས་ཅད་སྤུས་ཀ་ཧ་ཅང་ཞན་པས་རིན་གོང་ཡང་ཆུང་ཤོས་རེད།ནུབ་ཕྱོགས་གང་སར་ཡོད་པའི་ཅ་དངོས་made in chinaཡིན་པ་ཤེས་དུས་རིན་གོང་ཆུང་ཤོས་དང་སྤུས་ཀ་ཞན་ཤོས་སུ་བརྩི་བ་བཞིན།ང་ཚོ་བོད་མི་ཚོས་ཀྱང་མི་ལ་རྒྱུད་སྤུས་ཡོད་མེད་ལ་བལྟ་གི་རེད།རང་གི་ཕ་མའི་བདེ་སྡུག་ཡང་བསམ་ཤེས་བྱེད་མི་ཐུབ་མཁན་ལ་རྒྱུད་སྤུས་ཡག་པོ་མེད་པར་བརྩི་། ག་རེ་བྱས་ན།རང་གི་རྒན་རྒོན་གྱུར་དུས་ཡང་ཁྱིམ་ཚང་ཆེད་ལས་ཀ་བཀོལ་ཚེ་རྒྱུད་སྤུས་མེད་མཁན་དང་སྤུས་ཀ་ཞན་པར་བརྩི་བ་བཞིན།༧གོང་ས༧མཆོག་གི་སྐུ་ངལ་ཙམ་ལ་ཡང་བསམ་བློ་མི་གཏོང་བར་སྐུ་མདུན་རང་ལ་འགན་ཡོད་པ་རེད་ཟེར་མཁན་གྱི་རྒྱུད་སྤུས་ནི་made in chinaདང་གཅིག་མཚུངས་རེད།
རང་གི་ཕ་མ་རྒན་རྒོན་གྱུར་དུས་ལ་བཅོས་རོགས