སྐྱོ་བྲག་དགའ་དབང་།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་མང་པོ་གནང་བའི་ཉེར་ལེན་ལ་བརྟེན་ནས་ཁོང་འཇུ་བཟུང་ཐེབས་པ་རེད་ལ། བོད་མི་རིགས་ཀྱིས་ཀྱང་ཁོང་གི་ལྷག་བསམ་འཇོན་ནུས་ཤེས་ཀྱི་ཡོད་ཅིང་། ཤེས་པ་བཞིན་དུ་ཁོང་ལ་རེ་བ་དང་དགའ་ཞེན་ཀྱང་ཡོད་པ་རེད། རེ་བ་དང་དགའ་ཞེན་ཡོད་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞི་བར་གཤེགས་རབས་ཀྱི་སྐད་ཆ་ཞིག་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པ་ནི་གཙོ་བོ་རྒྱལ་བ་རིན་པོ་ཆེའི་གྱ་སྟོན་ཟིལ་ཤུགས་གཅོག་ཆེད་དུ་རེད།
རྒྱ་ནག་གཞུང་ལ་ལྟོས་ན་འཛམ་གླིང་གི་ས་གནས་ཆེས་མང་པོ་ཞིག་ཏུ་རྒྱལ་བ་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་གྲ་རྒྱས་ཕུན་ཚོགས་ཀྱི་ངོ་བོར་སྲུང་བརྩི་བྱ་བཞིན་ཡོད་པ་ནི། མིག་ནང་གི་ཚེར་མ་ཞིག་ཡིན་པ་ནི་སྨོས་མ་དགོས་ཤིང་། མིག་ནང་གི་ཚེར་མའི་ཟིལ་ཤུགས་གཅོག་པའི་ཐབས་སུ་ཆབ་སྲིད་དཔལ་འབྱོར་མཐུན་ལམ་སོགས་ནུས་པ་ཡོད་དགུ་འདོན་གྱིན་པའི་ཆ་ཤས་ཤིག་ཏུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞི་བར་གཤེགས་པའི་སྐད་ཆ་འདི་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པ་རེད།
ཁྱབ་བསྒྲགས་འདིས་གྱ་སྟོན་གྱི་ཐུགས་སྤྲོ་མང་པོ་ཞིག་ཕྱིར་འཐེན་ཡོང་སྲིད་ཅིང། གལ་ཏེ་མ་བྱས་ན་ནི་བོད་མི་རིགས་ཀྱི་ངོས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ནི་ཤི་ནའང་ཕངས་སེམས་སྐྱེ་རིན་མེད་པ་བོད་མི་ཕལ་པ་དཀྱུས་མ་ཡིན་པའི་སྣང་ཚུལ་ཞིག་འཛམ་གླིང་མི་མང་གི་ངོ་ལ་སྟོན་པ་ལྟ་བུར་ཆགས་པ་རེད་ལ། ཅི་སྟེ་གྱ་སྟོན་གྱི་ཐུགས་སྤྲོ་གཏོང་བའི་དབང་དུ་བཏང་ནའང་དགའ་སྐྱོ་འདྲེས་མའི་ངང་ནས་བྱ་དགོས་ཐུག་པ་རེད།
རྒྱུ་མཚན་འདུག
གང་ཤེས། ཀྲུང་གོའི་གཞུང་ལ་མཁོ་ཡ་ནི་འུ་འུར་ཟིང་ཟིང་གི་གྱ་སྟོན་འདི་མགྱོག་པོར་ཚར་དགོས་བ་དང་དེའི་སྐབས་ལ་ཞི་ལྷིང་དགོས་བ་དེ་རེད། དུས་ཚོད་འདི་འདྲའི་སྐབས་ལ་མེ་ཐོག་སྣུམ་བླུག་ནི་བྱེད་མདོག་མ་རེད་བསམ། གང་ལྟར་སྤྲུལ་སྐུ་འདི་ལྟར་ཕེབས་པ་ལ་སྐྱོ་སེམས་སྐྱེས།།
གཅིག ༽སྤྲུལ་བསྟན་འཛིན་དགེ་ལེགས་ལ་གྱ་སྟོན་རྒྱས་སྤྲོས་ཡོང་བའི་ཐུགས་འདུན་རེ་བ་ཡོད་ན་དེའི་དགོངས་པ་རྫོགས་ཕྱིར་རྒྱ་སྟོན་མུ་མཐུད་དེ་བྱེད་དགོས། གྱ་སྟོན་འཚམས་འཇོག་གནང་ན་ཞིང་གཤེགས་དམ་པ་ཐུགས་སྐྱོ་བའི་བྱ་བ་སྤེལ་བ་སྟེ་ཁོང་གིས་གྱ་སྟོན་འགོག་པའི་བྱ་བ་ནམ་ཡང་སྤེལ་མི་སྲིད་པས་སོ། ། གཉིས།༽ རྒྱ་ནག་གིས་གྱ་སྟོན་གྱི་ཟིལ་ཤུགས་གཅོག་པར་བསམ་བཞིན་བཟོས་པ་ཡིན་པ་བདེན་ན་དགྲ་ཕྱོགས་ཀྱིས་གཡོ་སྒྱུའི་འོག་ཚུད་མི་རུང་བས་གྱ་སྟོན་མུ་མཐུད་དུ་སྤེལ། གྱ་སྟོན་མཚམས་འཇོག་གནང་བ་ན་ནི་དགྲ་དགའ་གཉེན་སྡུག་གིས་བྱ་བ་ཁོ་ནའོ། ། གསུམ། ༽བོད་ནང་དུ་ལྷག་བསམ་ཅན་དང་བྱས་རྗེས་ཅན་མང་པོས་སྐུ་སྲོག་གཏོང་དོན་བོད་ལྷ་མི་གཉིས་དགའ་བའི་བྱ་བ་རེ་བྱུང་བར་རེ་སྒུག་བྱས་ཡོད་པ་ཡིན་ན་རྒྱ་སྟོན་གྱིས་མི་རིགས་ཆིག་སྒྲིལ་དང་དགའ་སྤྲོ་འཔེལ་བས་མུ་མཐུད་དུ་སྤེལ་ཅིག །
དེ་རྒྱུ་མཚན་ཡང་དག་གི་བཀའ་མོལ་གནང་འདུག་བཀྲིན་ཆེ།