མི་ཉག་ཀུན་དགའ་བཀྲ་ཤིས།
ཁོ་རེ
ཡག་མོ་ཉོན
མདུན་གྱི་ལམ་རིང་པོར་བསམ་ནས་སེམས་མ་སྐྱོ
ཡིད་ཐང་མ་ཆད དཔའ་མ་ཞུམ
སྐྲག་སྣང་ཡང་གཏན་ནས་མ་སྐྱེད
ཁྱོད་ད་དུང་མི་བུ་གསོན་པོ་ཞིག་རེད།
ཁོ་རེ
ཕོ་རྒོད་ཡིན་ན
སེམས་ཤུགས་བསྐྱེད་ནས་མདུན་དུ་སྐྱོད་དང
འགྲོ་ཡུལ་ཐག་རིང་མོ་ཅི་ཡང་མ་རེད
སེམས་པས་སྙིང་ལ་རུས་པ་བཅུག་ན
རྐང་པ་དང་ལག་པ་ནི་ཡོད
འཇིག་རྟེན་ཆུང་ཆུང་འདིའི་སྒང་ལ
སླེབས་མི་ཐུབ་པའི་གནས་ཤིག་ག་ན་ཡོད
གཞན་པ་ཕལ་ཆེ་བ་དེར་འབྱོར་ཚར་འདུག
ང་ཚོས་ཀྱང་དེར་སླེབས་ཐབས་ལ་འབད་དགོས
ཧ་གོ་ཨེ་སོང་།
སྤྱི་ལོ་༢༠༡༥ ཕྱི་ཟླ་༠༧ ཚེས་༡༦ གི་ཞོགས་པར་བྲིས།