དྲི་བ་དང་པོ། གུས་པས་ཟིན་བྲིས་དོ་རའི་ནང་དུ་རང་གི་ཁྱིམ་གཞིས་ཤིག་འཛིན་རྒྱུའི་སྟ་གོན་ལན་མང་བྱས་ན་ཡང་རྨོངས་པའི་ཆར་རླུང་གིས་བརྡུངས་ཏེ་ག་འདྲ་བྱས་ནས་ཁྱིམ་གཞི་འདི་འཛུག་དགོས་པ་རྩ་བ་ཉིད་ནས་ཤེས་ཀྱི་མི་འདུག
གཉིས་པ། དུས་བབ་དང་ཟིན་བྲིས་ཀྱི་རྩོམ་ཡིག་ལ་མཆན་འདེབས་ཕྱིར་ཐོ་འགོད་ལན་མང་བྱས་ན་ཡང་ཐོ་མིང་དང་གསང་ཨང་གང་རུང་ཞིག་འགྲིག་གི་མི་འདུག་ཟེར་ནས་ནང་ལ་འཛུལ་འཇུག་གི་མི་འདུག
གསུམ་པ། སྔོན་མ་ཞིག་ལ་ཁ་བརྡ་དྲ་ངོས་འདིར་འདྲ་པར་འཇོག་རྒྱུར་དཀའ་ངལ་མེད་ཀྱང་བར་སྐབས་ཤིག་ནས་འདྲ་པར་འཇོག་མི་ཐུབ་པ་ཞིག་ཆགས་འདུག་པ་འགན་འཛིན་པས་དོ་དམ་བྱས་ཟིན་པ་རེད་དམ་དྲ་ངོས་ཀྱིས་རང་འགུལ་ངང་ཚོད་འཛིན་བྱས་པ་རེད།
སྐུ་མཁྱེན། སྐུ་ཉིད་ཐུགས་ལྷོད་ལྷོད་བྱས་ནས་གོང་གི་དྲི་བ་འདི་གསུམ་ལ་ལྗགས་ལན་རེ་གནངས་རོགས། ང་དང་ང་ལྟ་བུ་ད་དུང་རྨོངས་མུན་མཐུག་པོས་བཏུམས་བསྡད་ཡོད་པ་དག་གི་ཚབ་བྱས་ནས་ཕུལ།
དུས་བབ་ཟིན་བྲིས་སུ་ང་ཡང་ཞུགས་ཐུབ་མ་སོང་། ནང་འཛུལ་བྱས་ཚར་རྗེས་མྱུར་འཕྲིན་ཁ་བྱང་བརྒྱུད་ཁ་བྱང་ཞིག་བསྐུར་ཡོང་གི་འདུག་ཀྱང་མྱུར་འཕྲིན་ནང་དུ་འབྱོར་བའི་ཁ་བྱང་དེ་བརྒྱུད་ནས་ཁ་ཕྱེ་ཐུབ་ཀྱི་མི་འདུག དེ་མ་ཐུབ་ན་མཆན་གཅིག་ཀྱང་འགོད་ཐུབ་ཀྱི་མི་འདུག
i think, you could give comment to articles in Tibettimes if you registered. but you could not open blog without getting permision response from Editor.
if you want to open a new blog, you should ask to Editor through mail.
ཁ་ལ་བདག་བརྒྱག་མ་ཤེས་ན་ཁྱོའི་མགོར་འབབ་རྒྱུ་དེ་ལས་ཅི་ཡོད། ད་གང་ནས་ཡིན་རུང་ལམ་ཁ་འགག་འདུག་ག ཨ་ལ་རྩེད་མོ་ཡིན། དེ་འཕྲུལ་རྩལ་དོ་དམ་གྱི་ཐོག་ནས་ཅིག་མ་འགྲིག་པ་ཡིན་རྒྱུ་རེད། ཁ་སྔོན་དུས་བབ་དྲ་ཐོག་ཏུ་ཟིན་བྲིས་ཐོ་འགོད་བྱེད་སྐབས་ང་ལ་དཀའ་ངལ་གང་ཡང་འཕྲད་མ་སོང་།
ཁྱེད་ཀྱི་དང་པོ་དེབ་སྐྱེལ་གནོན་དགོས། དེ་ནས་མིང་ཚིག་འདི་དག་ཤར་ཡོང་། དེ་ལ་འདི་ལྟར་བསྐོང་དགོས། དཔེར་ན།
ཐོ་མིང་། tashi འདྲ་བོ་དབྱིན་ཡིག་གི་འབྲི་རྗེས་སུ་བཟོ་བཅས་རྒྱབ་ཆོག།
གསང་ཚིག ཁྱེད་ཀྱི་བརྗེད་མི་རུང།
གསང་ཚིག་བསྐྱར་འགོད། ཡང་བསྐྱར་གཅིག་པ་ཡིན
མིང་། གཅིག་པ་བཀོད་ཆོག
གློག་འཕྲིན། འདི་ལ་ཁྱེད་ཀྱི་དབྱིན་ཡིག་གི་ e-mailཁ་བྱང་བཀོད་དགོས།
འདི་དག་རྫོགས་རྗེས་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་ནང་དུས་བབ་ཀྱི་ཡི་གེ་ཞིག་འབྱོར་ཡོང། དེ་ལ་ཐུག་སྔོན་པོ་ཅན་དེས་ནང་འཛུལ་དགོས། དེ་ནས་ཡང་བསྐྱར་༼ནང་འཛུལ།༽འདི་གནོན་དགོས། འདིས་ནང་ཁྱེད་ཀྱི་༼ཐོ་མིང་།
གསང་ཚིག ༽འཇོག་དགོས་། དཔེར་ན་ཐོ་མིང་ལ་ tashi འགོད་དེ་ནས་གསང་ཚིག་སྔོན་མ་བཟོ་སྐབས་ཀྱི་དེ་རང་བཀོད་དགོས། ཟིན་བྲིས་བཟོ་ན་ཁྱེད་ཀྱི་ཐོ་འགོད་བྱས་རྗེས་དུས་བབ་ཀྱི་གློག་འཕྲིན་ཁ་བྱང་editor@tibettimes.netའདི་ལ་ཡི་གེ་གཏོང་དགོས། ཁྱེད་ཚོ་དུབ་བབ་ཟིན་བྲིས་ནང་འཛུལ་ཐུབ་པའི་སྨོན་ལམ་ཡོད།
ལན་གཅིག་ཉོན་དང་ཡེ་ཤེས་ཅན།
ཁྱོད་ལ་ཡེ་ཤེས་མེད་བཞིན་དུ།
ཡེ་ཤེས་བཏགས་པ་ཡ་མཚན་ཆེ།
ྔོན་མ་ཁ་ལ་མ་སྡོམས་པར།
སེམས་ལ་གང་ཤར་གཞན་ལ་བཤད།
འཁོན་དང་དགྲ་དང་བློ་ཕམ་གསུམ།
ཁྱེད་དང་བྲལ་མེད་མཉམ་དུ་འཁུར།
རྒྱལ་བ་མཆོག་དང་བོད་གཞུང་ལ།
དམའ་འབེབ་འཁོན་ཚིག་རྣབས་སེམས་སོགས།
ྐྷྱེད་ལས་མང་བ་ས་འདིར་མེད།
ད་ཆ་ཐབས་ཟད་ལུས་འགྱུར་ནས།
གཞན་ལ་ཞུ་བ་འཐེན་པ་ཡ་རེ་ང།
བོད་ཀྱི་དུས་འབབ་ཞུགས་ནས་ཡང་།
བོད་ཀྱི་རིགས་འདིར་བཅོམ་འདོད་པ།
བློ་ངན་ཁྱོད་ཀྱི་ལྐོག་གཡོ་མ་ཡིན་ནམ།
དེ་ན་དུས་འབབ་ྩོམ་སྒྲིག་པར།
དང་པོ་མི་འདིའི་རྒྱབ་ལྗོངས་འདིར།
ལེགས་པར་གཟིགས་རོགས་ནན་གཏན་མཛོད།
ཁོ་པའི་བྱ་ངན་བྱེད་ངན་ཐམས་ཅད་ནི།
ྔོན་མའི་མཆན་བཀོད་ནང་དུ་གསལ་ལེར་བཞུགས།
ཁོ་པས་རྒྱལ་བ་མཆོག་ལ་ངན་བཤད་བྱས།
ཁོ་པས་བོད་གཞུང་མཆོག་ལ་གཏོར་གཏམ་བཤད།
ཁོ་པས་ངེད་ཀྱི་རིགས་ལ་དམའ་འབེབ་བྱས།
ཁོ་པས་བོད་ཀྱི་ཐོབ་ཐང་རྒྱ་ལ་སྦྱིན།
ཁོ་པས་ངེད་ཚོ་ཚང་མར་ཁ་རྡུང་བཏང་།
ད་ཆ་སྤྱང་ཀི་ལུག་ལྤགས་མགྱོན་ནས་སིམ་འཛུལ་བྱེད།
གཟབ་གཟབ་ནན་གཏན་མཛོད་དང་སྤུན་ཟླ་ཚོ།
ཨ་ཁུ་ཀླུ་སྨྱོན་ལགས། དུས་བབ་དྲ་ཚིགས་ལ་ཞུགས་སྟངས་མྱི་སྨྱོན་གྱིས་བཤད་པ་ལྟར་རེད།
ཁྱེད་ཚོ་ཁ་བརྡ་དྲ་ཚིགས་ཀྱི་མཆན་བུ་འདེབས་མཁན་ཚོ་དངོས་གནས་ཀུན་སྤྱོད་དང་འགན་འཁུར་གྱི་བསམ་བློ་མི་འདུག ཚོད་ཚོད་ལ་སྟོང་བཤད་རྐྱང་རྐྱང་རྒྱག་གི་འདུག ངཌྷའི་ཚོད་དཔགས་ལྟར་ན་ཁ་བརྡ་དྲ་ཚིགས་སུ་ཤེས་ཡོན་པ་རྒན་རིམ་པ་མང་པོ་ཞིག་ཡོད་པ་འདྲ་བས། གསར་སྐྱེས་ཚོའི་མིག་དཔེར་འོས་པའི་རྩོམ་ཡིག་བསམ་ཚུལ་དགོད་དགོས་པ་ལས། ཚོད་མེད་ཉོག་གཏམ་བཤད་ན་ག་ལ་འགྲིག ཁྱོད་དུས་བབ་ཟིན་བྲིས་སུ་ཞུགས་འདོད་པ་ཡག་པོ་འདུག ཁྱོད་ཚོ་དུས་བབ་སོགས་སུ་ཞུགས་ནས་མིག་དཔེ་གསར་པ་སྟོན་པ་དང་། འགན་ཁུར་གྱི་རྣམ་འགྱུར་ནན་པོ་ཞིག་འཛིན་དགོས་པ་རེད། དེ་མ་གཏོགས་བརྡ་འཕྲིན་གྱི་བརྒྱུད་ལམ་འགྲིམས་ཐུབ་པ་ཙམ་གྱིས་བོད་ཡིག་གི་ཡར་རྒྱས་ཕན་གྱི་མི་འདུག དེ་ལས་ལྡོག་སྟེ་གནོད་སྐྱོན་ཚབ་ཆེན་འབྱུང་གི་འདུག ངའི་རེ་བར་ཧོར་འཇིགས་དང་། ཤེས་རབ་དར་རྒྱས། དཔལ་ལྡན་རྒྱལ། པདྨ་འབུམ་སོགས་ཟིན་བྲིས་འདི་དག་ལ་ཞུགས་དགོས་པ་དང་། ཞུགས་པ་ཙམ་མ་ཟད། འགན་ཁུར་ཞིག་ལེན་དགོས་ཀྱི་འདུག འདི་ནི་གླེན་པ་ལུག་ཅིག་ཅིག་བསམ་ཚུལ་བཅོས་མིན་ཞིག་ཡིན།
ཁྱེད་ཀྱི་བསམ་ཚུལ་དེར་མོས་མཐུན་ཡོད། ཡིན་ན་ཡང་ལྟོས་དང། བོད་ནང་དུ་ཡང་འཇུ་སྐལ་བཟང་དང་ལྗང་བུ་ལྟ་བུའི་སྙན་ངག་པ་རྒན་པ་དང་། རེབ་ཀོང་རྡོ་རྗེ་མཁར་དང་ཆབ་འགག་རྡོ་རྗེ་ཚེ་རིང་། རྡོ་རྗེ་རིན་ཆེན་ལྟ་བུའི་སྒྲུང་རྩོམ་པ་རྒན་པ། གཅོད་པ་དོན་གྲུབ་དང་ཆབ་འགག་རྟ་མགྲིན་ལྟ་བུའི་དཔྱད་བརྗོད་པ་རྒན་པའི་རིགས་དྲ་ལམ་དུ་གཏན་ནས་ཞུགས་ཀི་མེད་པ་མ་ཟད། གངས་ཞུན་དང་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ལྟ་བུའི་སྙན་ངག་པ་གསར་བ་དང་། ཞོགས་དུང་དང་བདུད་ལྷ་རྒྱལ་ལྟ་བུའི་དཔྱད་བརྗོད་པ་གསར་བ་ཚོར་ཡང་དྲ་ངོས་སུ་ཞུགས་འདོད་མེད་པའམ་ཡང་ན་ཞུགས་རྒྱུའི་སྙིང་སྟོབས་མི་འདུག་པས། ཧོར་འཇིགས་དང་པད་མ་འབུམ། དཔལ་ལྡན་རྒྱལ་སོགས་ལ་དྲ་ངོས་སུ་ཞུགས་འདོད་དང་ཞུགས་རྒྱུའི་སྙིང་སྟོབས། ཡང་ན་ཞུགས་རྒྱུའི་དུས་ཚོད་ཡོད་མིན་ངས་མི་ཤེས། ཤེས་རབ་དར་རྒྱས་ལགས་སྐབས་རེར་ཞུགས་ཀིན་འདུག ང་ལྟ་བུའི་རིགས་ཆུ་ཡིས་ཁུར་ན་ཡང་ཆུ་རྐྱལ་ཡིན་བསམ་མཁན་གཡག་གི་སྙིང་དང་འུག་པའི་མིག་ཡོད་མཁན་དག་དག་མ་གཏོགས་དྲ་ངོས་སུ་ཞུགས་ཀིན་མེད་པ་ཐུགས་འཇག་འཚལ།
གླེན་པ་ལུག ཁྱེད་ཀྱི་རེ་བ་བཤད་ས་ནོར་བ་རེད། སྨྱོན་པ་ཞིག་གིས་འདི་ལྟ་བུ་མི་སྣ་ཐང་ཐང་ཡོད་པ་རྐྱང་རྐྱང་ངོ་ག་བ་ཤེས་གི་རེད། དེ་བའི་ཁྱེད་ཀྱི་རབ་གསལ་ལ་བཤད་ན་འོ་་་་་ཙམ་་་
བདེན་པ་རེད་འདུག་ག་ངེས་བསམ་ཚུལ་སྤེལ་མ་ཐག་ཁོང་གི་གསུང་བྱོན་སོང་ང་་་་་་
ཨོ། གོང་གི་སྐུ་ཞབས་མྱི་སྨྱོན་གྱི་རོགས་རམ་ལ་ཐུགས་རྗེ་ཆེ་ཞུ།
ཐུགས་རྗེ་ཞུ་མི་དགོས་སྨྱོན་པ་རྒན་པ་ལ་སྨྱོན་པ་གཞོན་པའི་ཞབས་ཞུ་ཞུ་དང་ཞུ། སྨྱོན་པ་ཡིན་ཡང་རྒན་གཞོན་ཡོད་རེད། དཔེར་ན། ང་ཚོས་མེས་པོ་དགེ་སྨྱོན། དེ་ནས་ཁྱེད་ལྟ་བུ་རྒན་པ་ཚོ། ད་ང་ལྟ་བུ་གཞོན་པ་ཡང་ཡོད་རེད
ངས་གོང་དུ་དྲ་ངོས་སུ་པར་རིས་འཇོག་པའི་སྐོར་གླེང་བ་དེར་ལན་ཅང་མི་འདུག ངས་དེ་ལྟར་དྲིས་པའི་རྒྱུ་མཚན་ནི་ལོ་ཤས་གོང་ནས་གུས་པས་འདྲ་པར་རྒྱག་པའི་སྐོར་ལ་ཉམས་ཞིབ་མང་པོ་ཞིག་བྱས་པ་དང་། དེ་ནས་རང་ཉིད་ཀྱང་པར་རྒྱག་མཁན་ཞིག་གི་ལམ་བུར་སྐྱོད་བཞིན་ཡོད་པ་མ་ཟད། ཡུལ་དུས་གནས་སྟངས་འགའ་རེའི་འོག་ནས་འདྲ་པར་སྙིང་རྗེ་བོ་ཁ་ཤས་ཤིག་བརྒྱབ་ཡོད་པ་དེ་དག་དྲ་ཚིགས་འདིའི་གྲོགས་པོ་ཚོའི་སྤྱན་སྔར་བཤམ་སྟོན་ཞིག་བྱེད་འདོད་པ་ཡིན་ལགས། བོད་ནང་དུ་བཀྲ་ཤིས་ཚེ་བརྟན་ལྟ་བུའི་པར་བ་སྐད་གྲགས་ཅན་གང་འཚམ་ཞིག་ཡོད་ན་ཡང་། ཕྱིར་སྡོད་བོད་མིའི་ཁྲོད་དུ་གོང་དཀར་རྒྱ་མཚོ་ལྟ་བུའི་རི་མོ་བ་གྲགས་ཅན་མ་གཏོགས་པར་རྒྱག་མཁས་ཅན་དེ་འདྲ་ཡོད་པའི་སྐོར་མ་ཐོས། པར་རྒྱག་རིག་གཞུང་འདི་ཡང་དེང་དུས་ཀྱི་རིག་
པའི་གནས་མེད་དུ་མི་རུང་བ་ཞིག་ཡིན་པས། ཚང་མས་འདི་ལ་སྣང་ཆུང་མི་བྱེད་པར་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་
གལ་ཆེ།
དགོངས་དག་ངས་ཁ་བརྡ་སྐོར་ཤེས་ཀྱི་མེད་ཁྱེད་ལ་ཕམ་ཐོགས་མ་སོང་། དུས་བབ་ཟིན་བྲིས་ནང་ཁྱེད་ཕེབས་ན་པར་་ག་ཚེ་བཞག་ཀྱང་ཆོག་པ་འདྲ།
དཔེར་ན་ཁྱེད་ཀྱིས་འོད་དཀར་ཟིན་བྲིས་ལ་གཟིགས་དང་ཁོས་པར་མང་པོ་བཞག་འདུག
Dear boggers, sorry for my ghost language,
Currently I live in New York and am planing to relocate to an another state, any suggestions?
དྲ་གྲོགས་རི་སྤྱང་ཁེར་འགྲོ་ལ། འགྲོ་སོང་ལ་མི་འཛེམས་ན་ཧུ་ཝ་ཡུའུ་ལ་ཕེབས་ན་བཟང་། ཚ་བ་ལ་མི་འཇིགས་ན་ཁྲེག་སེ་སི་ལ་སོང་ན་ཡག གངས་འཁྱགས་ལ་མི་སྐྲག་ཚེ་ཨ་ལ་སི་ཀ་རུ་སྤར་ན་ཆོག སྤྲིན་ནག་ལ་མི་དངངས་ན་སེ་ཨ་རོལ་དུ་ཡོང་ན་ལེགས།
ཨ་ལ་སི་ཀར་མ་ཡོང་མ་གཏོགས་བཙག་བསེར་བུ་ངའི་ཕ་ཡུལ་རོག་ཤི་གོང་ཁ་ནང་བཞིན་རེད་ཤག ངའི་ཕ་ཡུལ་དུ་བཙག་ཆེ་ལུགས་ཀྱི་གཏམ་འདི་འདྲ་ཞིག་ཡོད་རེད། གནའ་ཡིན་ན་འབྲོག་པ་རི་སྤོར་དུས་གཡག་ལ་ཁེལ་བཀལ་ནས་འགྲོ་བ་དང་། ཉིན་ཞིག་རྒད་པོ་ཞིག་གིས་གཡག་རོག་རོག་ཅིག་ལ་ཁེལ་བཀལ་ནས་ས་རོག་ཤི་གོང་ཁར་འགྲོ་དུས་གཡག་བཙག་ཤི་ཐེབས་པ་དང་། རྒད་པོས་མཇེ་༼གནའ་མིས་གྲི་དང་བརྡར་སྐེད་པར་བཏེགས་ནས་འགྲོ་སྲོལ་ཡོད༽དང་བརྡར་གཉིས་འཁྲུལ་ནས་བརྡར་ལག་པར་བཙིར་ནས་གཅིན་དོར་མའི་ནང་བཏང་བ་རེད། དུས་དེ་ནས་ངའི་ཕ་ཡུལ་དུ་གཏམ་ཞིག་དེང་སང་བར་ནས་ཁྱབ་འདུག་པ་ནི། “ས་རོག་རོག་རོག་ཤི་གོང་ཁ་ནས། གཡག་རོག་རོག་བཙག་གིས་འཁྱེར་ས་རེད། གནའ་རྒད་པོས་མཇེ་བརྡར་འཕྱུག་ས་རེད།”ཞེས་ས་དེར་འགྲོ་མཁན་ལ་ཉེན་བརྡ་གཏོང་སྲོལ་འདི་བྱུང་བ་རེད།
སྤྱང་ཀི་ཁེར་འདུག་ལ་དགོས་པ་གཙོ་བོ་དེ་གཡོག་པོ་རྒྱུག་ས་གང་བཟང་གི་ལན་དགོས་ཀྱི་ཡོད་རེད། འདིའི་སྐོར་མི་ཚེའི་དགོས་མཁོ་གལ་ཆེན་ཡིན་སྟབས་ལན་ཡག་པོ་རྒྱག་རོགས། ང་ལ་ཡང་འདི་འདྲ་བའི་དྲི་བ་ཁ་ཤས་ཡོད། བོད་མི་ཚོས་གཡོག་པོ་རྒྱུག་ས་གང་བཟང་དང་རང་ཉིད་ཀྱིས་གང་ཞིག་ན་གཡོག་པོར་རྒྱུག་བཞིན་པ་དང་གཡོག་གླ་ག་འདྲ་ཐོབ་ཀྱི་ཡོད་མེད་སྐོར་གླེང་བ་ལ་ངོ་ཚ་འདྲ་ཞིག་བྱེད་ཀྱིན་འདུག ང་ཚོ་འཚོ་ཐབས་ཀྱི་ཆེད་དུ་གཡོག་པོར་རྒྱུག་དགོས་པ་གཡོལ་ཐབས་མེད་པས་དེའི་སྐོར་ཕན་ཚུན་བརྡ་ལན་ཡག་པོ་སྟེར་རོགས།
ཇི་སྙེད་པའི་གང་ཟག་སེམས་ཁམས་གྲུབ་ཚུལ་ཡང་སོ་སོར་ཐ་དད་སྣང་བ་ལྟར་ངའི་རང་གཤིས་ནི་ཆུང་བྱིས་དུས་ནས་ང་རྒྱ་དང་རང་འདོད་མཐོ་བའི་སྐྱེ་བོ་ཞིག་ཡིན། རྒྱུ་མཚན་དེས་མི་ཚེ་འདི་ལ་མི་གཡོག་རྒྱུག་རྒྱུའི་བསམ་བློ་འཁོར་མ་མྱོང་པས་དེའི་ཐད་ང་ལ་རྒྱུས་མེད། གོ་ཐོས་ལ་མགོན་པོ་ཕྱག་གཉིས་པ་འདིའི་སྐོར་རྒྱུས་ཡོད་སྐད་འདུག་པས་ཁོང་གིས་ལན་ཞིག་གནང་བའི་རེ་བ་ཡོད།
མིའུ་ཕྲུག་འདི་ཀླུ་སྨྱོན་དང་མི་གཅིག་མིན་ན་ཡང་རྒྱུ་མ་གཅིག་ཡིན་པ་ངས་སྔོན་མ་ནས་བཤད་ཚར་ཡོད། མཚམས་རེར་ཁོ་གཉིས་ལྟ་བ་ཅུང་ཟད་མི་མཐུན་པའི་རྣམ་པ་སྟོན་གྱི་ཡོད་ན་ཡང་། རྩ་བས་ནམ་ཡིན་ན་ཡང་ཀླུ་སྨྱོན་གྱི་གང་བྲིས་པ་དེ་ཚོའི་རྒྱབ་རྩ་བྱས་འགྲོ་གི་འདུག དེ་ནས་ཚིག་གི་འགྲོས། སྐད་ཆ་བཤད་སྟངས། སྐད་ཆའི་རྒྱབ་ལོགས་ཀྱི་རང་གཤིས། སྐད་ཆའི་ནང་དོན། ཆོས་ཀྱི་སྐོར་ལ་བཤད་རྒྱུར་དགའ་བ། དེང་རབས་ཀྱི་རིག་གནས་སྐོར་ཡང་ཤེས་མདོག་ཆེན་པོ་སྟོན་པ་སོགས་ཕྱོགས་མང་པོ་ཞིག་ནས་འདི་གཉིས་གཅིག་མཚུངས་སུ་འདུག འདིའི་ཐོག་ནས་ཁྱེད་རང་རྩོམ་པ་པོ་ཡག་པོ་ཞིག་ཏུ་ངས་ངོས་འཛིན་མི་ཐུབ། ག་རེ་རེད་ཟེར་ན། ཁྱེད་རང་གིས་མི་འགའ་རེའི་མིང་བེད་སྤྱོད་གཏོང་གི་ཡོད་པ་ཙམ་ལས། མི་དེ་ཚོས་གཞན་དང་མ་འདྲ་བའི་ཁྱད་ཆོས་དམིགས་བསལ་བ་རེ་འཛིན་མི་ཐུབ་པར་དོན་ངོ་མའི་ཐོག་མི་གཅིག་ཆགས་འགྲོ་གི་འདུག་པའི་རྒྱུ་མཚན་གྱིས་ཡིན།
འཛམ་གླིང་འདིའི་སྐྱེ་བོ་ཕལ་ཆེ་བ་བཞིན་ང་རང་གི་ཁ་དོན་ཧོ་དོན་ལ་མི་གཡོག་རྒྱུག་གི་ཡོད། ངས་ལས་ཀ་ལ་བཟང་ངན་དང་ཡག་བཙོག་མེད་པར་བྱེད་ཀྱི་ཡོད། ཁྲིད་སྟེགས་སུ་ལངས་ནས་དགེ་རྒན་བྱེད་ཀྱི་ཡོད། ཟ་ཁང་ནང་ཕྱིན་ནས་གད་ཕྱིས་དང་སྡེར་མ་ཡང་བཀྲུ་གི་ཡོད། བཟོ་གྲྭ་ནང་ཕྱིན་ནས་ཤུགས་ལས་ཀྱང་བྱེད་ཀྱི་ཡོད། དེ་མིན་མི་ཚོགས་མདུན་ལངས་ནས་གཏམ་བཤད་ཀྱང་བྱེད་ཀྱི་ཡོད། མཚམས་རེར་ཁྲོམ་ལ་མི་རིགས་ཀྱིོ་ཆེད་དང་ཁོར་ཡུག་སོགས་ཀྱི་ཆེད་སྐད་འབོད་ལ་ཡང་འགྲོ་གི་ཡོད། མཚམས་རེར་ཆང་ཁང་སོགས་འགྲིམས་ནས་བག་མེད་ལོངས་སྤྱོད་བྱེད་དུ་འགྲོ་གི་ཡོད། མཚམས་རེར་ཏག་སེ་རྩེད་ནས་མཚན་གང་སྐྱེལ་གི་ཡོད། ང་དེ་འདྲ་ཞིག་ཡིན། དེ་ནས་ཁྱེད་རང་གི་སྐོར་ཅིག་ཤོད་དང་། མི་ཚེ་འདིར་མི་གཡོག་རྒྱུག་མ་ཐུབ་པ་དེ་ཁྱེད་རང་གི་ངོ་ཚ་ཞིག་ལས་གཞན་ངོམ་དགོས་པ་ཞིག་གང་ཡང་མ་རེད། མི་གཡོག་རྒྱུག་རྒྱུར་བློ་རྒྱུད་ན་གནོང་ཞིག་ཡོད་པ་དེ་ད་རུང་སེམས་ནང་ནས་འཆིང་རྒྱ་ཞིག བཅིང་བ་ཞིག འཛིན་པ་ཞིག་ལས་ད་རུང་གྲོལ་ཐུབ་ཀྱི་མེད་པའི་བློ་གུ་དོག་གི་རང་བཞིན་ཞིག་ལས་གཞན་ལེགས་ཆ་ཞིག་ཏུ་ངས་མཐོང་དཀའ་འོ།
མི་གཡོག་རྒྱུགས་རྒྱུ་འདི་ནི་ཆོས་དང་འཇིག་རྟེན་གཉིས་ཐད་ནས་ངས་སྐྱོན་ཞིག་གམ་རང་གི་ལ་རྒྱ་ལ་གནོད་གཞི་ཞིག་ཏུ་ནམ་ཡང་བལྟ་མ་མྱོང་། དང་པོ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ལས། གང་དང་གང་གིས་འགྲོ་ལ་ཕན་གྱུར་པ། །དེ་དང་དེ་ཡི་དངོས་པོར་བདག་གྱུར་ཅིག ཅེས་དང་ཁྱད་པར་དུ་སྤྱོད་འཇུག་ལས། ལུས་ཅན་ཀུན་གྱི་བྲན་དུ་ཤོག །ཅེས་གསུངས་པ་འདིས་མ་རིག་པའི་མུན་པ་ཅིག་ཅར་དུ་སེལ་འགྲོ གཉིས་པ། མི་མང་ལ་ཞབས་འདེགས་ཞུ་དགོས་པ་དེ་ནི་དམར་ཕྱོགས་པ་ཚུན་ཆད་ཀྱི་འཛམ་གླིང་གི་མིའི་རིགས་ཀྱི་རླབས་ཆེ་བའི་བྱ་སྤྱོད་ཅིག་ཡིན་པ་ཡོངས་སུ་གྲགས་ཡོད་པས་སོ། །གསུམ་པ། ང་ཚོ་ཨ་རི་ལ་ཡོང་དོན་ནི་རང་གི་འཚོ་བའི་གནས་སྟངས་ཅུང་ཟད་ཡག་པོ་ཞིག་གི་ཆེད་དུ་ཡིན་པ་དང་། ཨ་རིའི་ལུང་པ་ནས་ཨ་རིའི་མི་ཚེའི་ལྟ་བ་འཁུར་དགོས་པས། ཨ་རི་བ་མང་ཤོས་ཀྱིས་ལས་ཀའི་ངོ་བོ་ལ་མི་བལྟ་བར་ཡོང་འབབ་ལ་བལྟ་བའི་ལུགས་སྲོལ་ཡག་པོ་འདི་ལ་རང་རེས་ཅིས་ཀྱང་སློབ་སྦྱོང་དང་སློབ་སྦྱོང་དེ་ཡང་མུ་ནས་མུ་རུ་བྱེད་དགོས་པ་ཞིག་ཏུ་ངས་ནམ་རྒྱུན་མཐོང་གི་ཡོད། འདིའི་ཕྱོགས་ནས་སྐུ་ཞབས་མགོན་པོ་ཕྱག་གཉིས་པར་རྒྱབ་སྐྱོར་བྱེད་ཀི་ཡོད། གཞན་ང་ཚོ་ཚང་མས་མིའི་སྐྱེ་བ་བླངས་ཡོད་པས་ལྟ་གྲུབ་མི་མཐུན་པ་ཡོད་སྲིད།
མགོན་པོ་ཕྱག་གཉིས་མ་ལ་དམིགས་བསལ་དུ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན་གོང་དུ་བརྗོད་ཟིན་པ་ལྟར་མི་གཤིས་ཀྱིས་མ་ཡིན་པ་རྩོམ་རིག་གི་ཐོག་ནས་ཀླུ་སྨྱོན་འདི་བ་ཚད་ལྡན་གྱི་རྩོམ་པ་པོ་ཞིག་རེད་ཅེས་བརྗོད་ན་མི་ཆོག་རྒྱུ་མེད་ངེས་བརྟེན། ངའི་ཚིག་འགྲོས་དེ་དང་མཚུངས་སྐད་དེས་ང་ལ་སྤོབས་པ་འཕར་མ་ཞིག་བསྣན་བྱུང་ལགས། འོན་ཀྱང་ཨ་ལགས་དོལ་རྡོ་དང་ཁྱེད་རང་གཉིས་ཀྱིས་མི་གཡོག་རྒྱུག་རྒྱུ་དེ་ཆོས་དང་འཇིག་རྟེན་གཉིས་ཐད་ནས་འོས་པ་ཅན་ཞིག་ཡིན་སྐད་བརྗོད་འདུག དེ་ནི་ཧ་ཅང་ནོར་འཁྲུལ་ཆེ་བའི་བགས་འཁུམ་གྱི་བསམ་བློ་དང་ནུས་མེད་ཀྱི་རང་བཞིན་ཞིག་ཡིན་པ་སྟེ། ཆོས་ཀྱི་ཐོག་ནས་བཤད་ན་འཕགས་ཀླུ་སྒྲུབ་ཀྱིས་བྲན་གཡོག་ཏུ་གྱུར་ན་ཆོས་སྒྲུབ་པའི་ཆ་རྐྱེན་མི་ཚང་བས་དེར་མ་སྐྱེས་ཞེས་སྨོན་ལམ་བཏབ་ཡོད་པ་མི་དྲན་ནམ། འཇིག་རྟེན་གྱི་ཐོག་ནས་བརྗོད་ན་རང་ཉིད་ཀྱི་མི་ཚེའི་རིན་ཐང་དེ་སྦྱིན་བདག་གི་དངུལ་དང་བརྗེས་ནས་ཁོའི་ངོ་འཛུམ་དཀར་ནག་ལ་བལྟ་རྒྱུ་རེད། ཆོས་དང་འཇིག་རྟེན་གཉིས་ཆར་ཐོག་ནས་མདོར་བསྡུ་ན་གཞན་དབང་ཐམས་ཅད་སྡུག་བསྔལ་རྒྱུ།། ཞེས་པ་འདི་ཙམ་ཡང་མ་ཤེས་པ་ཟད་དོ།
ཀླུ་སྨྱོན་ཁྱེད་ང་ལ་མཁོན་འཛིན་གནང་མེད་ཚེ་ཁ་བརྡའི་དྲྭ་ཚིགས་སུ་རྩོམ་ཡིག་བཀོད་སྟངས་ཤིག་གསུངས་རོགས ངས་མཆན་བུ་ཁོ་ན་ལས་རྩོམ་ཡིག་བཀོད་མི་ཐུབ་འདུག
མིའུ་ཕྲུག ཁྱེད་རང་གིས་མི་གཡོག་བེད་སྤྱོད་བཏང་ཙང་ངས་ཀྱང་མི་གཡོག་བེད་སྤྱོད་བཏང་ཡིན། ངས་གང་དུ་ལས་ཀ་བྱེད་ན་རང་གི་ཐོབ་ཐང་དེ་ཨང་དང་པོར་བརྩི་གི་ཡོད་པ་མ་ཟད་གཞན་གྱི་ཐོབ་ཐང་དེ་ཡང་གལ་ཆེན་པོར་བརྩི་གི་ཡོད། རང་གི་འགན་གང་ཡིན་དེ་རང་གིས་སྒྲུབ་ཀྱི་ཡོད། རང་གི་དཔོན་པོ་རང་གིས་བྱེད་ཀྱི་ཡོད། མི་ཚེ་འདིའི་ནང་ང་ལ་སྐྱོན་ཞིག་ཡོད་པ་ཡང་ན་ཡོན་ཏན་ཞིག་ཡོད་པ་ནི་མིའི་ངོ་དཀར་ནག་ལ་མི་ལྟ་བ་དེ་ཡིན།
དཔལ་འབྱོར་དང་རང་འདོད་ཀྱི་མིག་ཟུང་སྔོ་ལོག་ལོག་འཁོར་བཞིན་པའི་མ་རྩའི་་བདག་པོ་དེ་ཚོའི་བཟོ་ཚོང་ནང་ང་སེང་གེ་བཞིན་འགྱིང་ནས་འགྲོ་གི་ཡོད། ད་བར་དུ་ལས་ཀ་བཅུ་ལས་མང་ཞིག་བརྗེས་པ་ཡིན། ཐེངས་གཅིག་ངས་ཚོང་བདག་ལ་ fUCK YOU ཟེར་ནད་ཉིན་བདུན་ལས་མ་འགོར་བའི་ལས་ཀ་དེ་གཡུག་ནས་ཕྱིན་པ་ཡིན། ང་ཡང་ཚེ་གང་ལས་ཀ་གཅིག་ལ་ཁྱི་འདོགས་འདོགས་བྱས་པའི་རང་དབང་བྲལ་བའི་མི་དེ་འདྲ་མ་རེད། རང་ཉིད་ལ་གུང་སེང་དགོས་དུས་གུང་སེང་ལ་འགྲོ་གི་ཡོད། ཕ་ཡུལ་ལ་འགྲོ་གི་ཡོད། སྐྱིད་པོ་གཏོང་གི་ཡོད། རང་དབང་དེ་གལ་ཆེ་ཤོས་ཤིག་ཏུ་བརྩི་གི་ཡོད། ཡང་སྒོར་མོ་དགོས་དུས་ལས་ཀ་ག་རེ་ཡིན་ཡང་བྱེད་ཀྱི་ཡོད། མཐོ་སྲིད་འཛིན་ནས་གད་ཕྱིས་བར་ཚང་མ་ལས་ཀའི་བྲན་དུ་ཚུད་པའི་ནུབ་གླིང་འདིར་ང་ཁོ་ན་རི་འགོའི་རི་དྭགས་བཞིན་རང་དབང་གིས་འཚོ་ཐུབ་པ་འདི་ནི་ངས་གཞན་ལ་ངོམ་འོས་པའི་སྤོབས་པ་ཡིན།
ནུབ་ཕྱོགས་ནས་མིའི་གཡོག་ལ་རྒྱུགས་རྒྱུ་རྙེད་མཁན་གྱི་གྲས་ནི་ངར་བ་ཅན་རེད་འདོད་ཀྱི་ཡོད། ཁ་ཤས་ཀྱིས་མིའི་གཡོག་ལ་རྒྱུགས་འདོད་རུང་དེ་ཡང་རྙེད་ཀྱི་མེད། ངས་མི་ཁ་ཤས་ལ་འདི་ལྟར་ཤོད་ཀྱི་ཡོད། ལས་ཀ་ཞིག་རེག་པ་ཙམ་གྱིས་འགྲིགས་བསྡད་ཡོད། ལས་ཀའི་ཁྱད་པར་ལ་དབྱེ་བ་འབྱེད་རྒྱུ་ཡོད་དུས། མི་དེས་སྐྱིད་གཏམ་ཤོད་ཀྱི་ཡོད་ཅེས་བཤད་མྱོང་། ངས་ཀྱང་ལས་ཀ་འདྲ་མིན་ལས་མྱོང་སྟེ། ང་ལ་ཨ་ཐང་ཆད་མེད་ནའང་། གཞུང་ལ་ཟླ་རེར་ལོ་རེར་གཞུང་ཁྲལ་རྒྱག་དུས། ངའི་སེམས་ལ་དངུལ་འདི་དག་རང་གི་རྒྱལ་ཁབ་ལ་སྤྲོད་ཐུབ་ན་ཅི་མ་རུང་སྙམ་པའི་བསམ་བློ་ཡང་ཡང་འཁོར་མྱོང་ཡོད།
རྩོམ་ཡིག་སྤེལ་དབང་དྲ་བདག་དང་དྲ་བདག་གིས་བདམས་པའི་དྲ་སྤུན་ཁག་ཅིག་ལ་ཡོད་པ་ལས་འདིར་འདུས་ཚང་མ་ལ་གནས་སྐབས་རིང་མི་འདུག འདི་ཕལ་ཆེར་དྲ་ངོས་ཚོད་འཛིན་དང་སྤུས་ཀ་ཞིག་ལ་དམིགས་བཞིན་པ་མིན་ནམ། གསལ་བོ་ཞིག་ངས་ཀྱང་ཧ་མ་གོ འདི་གོང་གི་དྲ་གྲོགས་མིའུ་ཕྲུག་ལགས་ལ་ཕུལ་བ་ཡིན།
དེ་རེད། ངས་ཀྱང་རང་གི་འཕྲོད་རྟེན་ལ་གནོད་མིན་ལྟ་བ་ལས་གཞན་ལས་ཀ་ཡག་བཙོག་ཟེར་བ་ལྟ་གི་མེད། ཨོ། ཐེངས་གཅིག་ཤན་པའི་ལས་ཀ་འདྲ་ཞིག་རག་སོང་། གསོད་དགོས་ཀྱི་མི་འདུག བསད་ཟིན་ཤ་དེ་བཅད་གཏུབ་གྱིས་འགྱིག་ཤོག་ནང་ལ་བཏུམ་རྒྱུ་རེད་འདུག ཡིན་ན་ཡང་ངས་ལས་ཀ་དེ་བྱས་མེད། སྲོག་ཆགས་དེ་ཚོའི་རྐེ་གཏུབ་ཟིན་ཡང་ད་དུང་ཅུང་ཙམ་རེ་འགུལ་གྱིན་འདུག གཞན་པ་ག་རེ་ཡིན་ན་ཡང་རང་གིས་བྱེད་ཐུབ་པ་ཚང་མ་བྱེད་འདོད་འདུག
གཡོག་པོ་ཡིན་མིན་གྱི་ཆ་ནས་བཤད་ན་རི་ཁྲོད་ནགས་ཁྲོད་ན་འཚམས་པ་བྱ་བཏང་དྲང་སྲོང་རེ་ཟུང་འདྲ་ཡོད་སྲིད་ན་ལས་གཞན་མཐོ་སྲིད་འཛིན་ནས་དམའ་གད་ཕྱིས་པ་ཡན་ཆད་གཡོག་པོར་མིན་པ་ཞིག་དང་མིའི་ངོ་འཚོ་མི་དགོས་པ་གཅིག་ཀྱང་མི་འདུག་ག
དོན་དངོས་སུ་མིའི་གཡོག་ཅིག་མ་རེད། རང་རང་གི་ལྟོས་གོས་ཆེད་དུ་གཡོག་བྱེད་ཀྱི་ཡོད་པ་རེད། མིའི་གཡོག་རང་རང་གི་བསམ་བློ་གཏོང་སྟངས་ཐོག་ནས་བཟོ་གི་ཡོད་པ་རེད། ཁྲིམས་མཐུན་གྱི་ལས་ཀ་བྱེད་མཁན་ཞིག་ཡིན་ན་ཁྲིམས་ཐོག་ནས་གཞུང་གི་འགན་སྲུང་ཡོད་པ་རེད། ཕྱི་གླིང་དུ་གསར་དུ་འབྱོར་བ་འགའ་རེས་རང་གི་རིན་ཐང་དང་རང་གི་ཐོབ་ཐང་གི་རིན་ཐང་དེ་རྐུབ་ཕྱིས་ཀྱི་མཆིང་བུ་བཞིན་ཕར་ལས་སླ་པོར་གཡུག་སྟེ་ལྷག་བསམ་ཡོད་མདོག་གིས་ལས་ཀ་སྐྱག་པ་ཤོར་ཤོར་བྱས་ཏེ་ཚོང་བདག་ལ་ངོ་འཛིན་དང་ཚོང་བདག་གིས་གསར་འབྱོར་བ་དག་གི་ཐོག་ནས་ཁེ་བསང་ཟ་འཇུག་རྒྱུར་སྐྱག་ལངས་ཤོར་འཇུག་གི་ཡོད་པ་འདི་ཚོ་ཡང་ཤེས་དགོས་པའི་གནད་དམ་པ་ཞིག་ཏུ་མཐོང་།
རང་རང་ལ་ཡོད་པའི་ཐོབ་ཐང་དེ་ཚོ་ངོས་ཟིན་ན་ཁྱེད་རང་གི་དཔོན་པོ་ཁྱེད་རང་ལས་ཚོང་བདག་མ་རེད། ཡིན་ན་ཡང་། སེམས་པ་སྐྱོ་དགོས་པ་ཞིག་ནི་ལས་མི་གསར་འབྱོར་བ་རྣམས་ནི་ཚོང་དཔོན་རྣམས་སྐྱག་ལངས་གཏོང་མཁན་གྱི་ཉེས་ཅན་ཁོ་ན་ཡིན་པ་རེད། ཡང་ངས་འདི་ལྟར་བཤད་ན་ཅུང་མ་འགྲིགས་པ་ཞིག་ཀྱང་འདུག་སྟེ། ཚོང་སྡེ་ཆེ་ཁག་དེ་དག་ནི་རང་གི་མཐོང་དང་ཚོང་བྲིན་པའི་ཆེད་དུ་ལས་མིར་གང་ཡོད་པའི་ཐོབ་ཐང་དེར་ཕོགས་ཐུག་ཕྲ་མོ་ཙམ་ཡང་གཏོང་གི་མ་རེད།
སྐབས་རེར་བལྟས་ན། ལས་མི་རྣམས་དཔོན་པོ་ནང་བཞིན་ཡོད་པ་རེད། ཚོང་བདག་གིས་ལས་མི་རྣམས་ལ་སྤྲེའུ་ལད་འཁྲབ། རྔན་པ་འདྲ་ཉོས་དེ་འདྲ་བྱེད་ཀྱི་རེད། ག་རེ་རེད་ཟེར་ན། ལས་མི་ཚོས་ལས་ཀ་ཡག་པོ་མ་བྱས་ན་ཁོ་ཚོང་རྡིབ་རྒྱུའི་ཉེན་ཁ་ཡོད་པ་རེད། ཁོ་ཚོང་རྡིབ་ན་ཡང་ཚོང་སྡེ་སྒོ་མ་རྒྱབ་པར་ལས་ཕོགས་སྤྲད་དགོས་ཀྱི་ཡོད་པ་རེད། ཡང་ལས་མི་ཕྱིར་འབུད་གཏོང་རྒྱུ་དེ་ལས་སླ་པོ་མེད་པ་རེད། དེ་ཁྲིམས་གཞིར་བཞག་འགྲོ་དགོས་པ་རེད། གལ་སྲིད་ཁྱེད་རང་གིས་ཁྲིམས་མཐུན་མིན་པར་ལས་མི་ཞིག་ཕྱིར་འབུད་བྱས་པ་ཡིན་ན། ལས་མི་དེས་ཁྱེད་རང་ཁྲིམས་ལ་གཏུགས་པ་ཡིན་ན། གཅིག་བྱས་ན་ཁྱེད་རང་གིས་སྒོར་ཁྲི་ཁ་ཤས་ལས་མི་དེར་འཆོར་མི་སྲིད་པའི་ངེས་པ་མེད་པ་རེད། མདོར་དེད་ན། ནུབ་གླིང་འདིར་ལས་མི་རེ་རེ་བཞིན་ཁྲིམས་ཐོག་དུ་སྲུང་སྐྱོབས་ཡོད་པ་རེད། ལས་ཀ་བྱེད་དང་མི་བྱེད། ལས་ཀ་གཡུག་དང་མི་གཡུག། ལས་ཀ་དེར་དགའ་དང་མི་དགའ་ཚང་མ་རང་གིས་འདེམས་དགོས་པའི་དོན་དག་ཅིག་རེད། ཡང་ངས་བཤད་རྒྱུ་བརྗེད་གྲབས་བྱས་པ་ཞིག་ནི། ཆུ་ཚོད་རེའི་ལས་གླ་དམའ་མཐའ་ག་ཚོད་ཡིན་མིན་དེ་རྒྱལ་ཁབ་ཀྱིས་ཁྲིམས་ཐོག་ནས་གཏན་འབེབས་བྱས་ཡོད་པ་རེད། ཁྱེད་རང་གཉིད་ཁུག་བསྡད་ཆོག་པའི་ལས་ཀ་ཞིག་ཡིན་ན་ཡང་དམའ་མཐའི་སྒོར་མོ་དེ་ཆུ་ཚོད་ལ་བཀུག་སྟེ་ཁྱེད་སྟེར་དགོས་པ་རེད། འདི་ཡང་ཕྱི་གླིང་ལ་ཡོང་རྒྱུར་འགྲམ་ཆུ་ལྡང་སྡོད་མཁན་རྣམས་དང་ཕྱི་གླིང་གི་གནས་ཚུལ་གང་ཡང་མི་ཤེས་མཁན་དག་ལ་མདོ་ཙམ་བཤད་པ་ཡིན་པས་སེམས་ལ་ངེས་པར་བྱ།
ཚང་མར་ཐུགས་རྗེ་ཆེ་ཞུ། རང་བདག་གི་རྒྱལ་ཁབ་རེ་ཡོད་མིན་ལ་མ་ལྟོས་པར་ང་ཚོ་ཚང་མ་མ་ཤི་བར་དུ་ལས་ཀའི་ཁོལ་བོ་རང་རེད། དེ་ལ་དགེ་ཆོས་ནས། མི་ཡི་མི་ཚེ་ཚེ་ཡི་ཁྲལ་ཡིན་པས། །ཁྲལ་བ་འཆི་བདག་ཡུལ་དུ་མ་འཁྱོལ་བར། །དགའ་དུས་རིང་དུ་གཏོང་བའི་ཐབས་མེད་ན། །སྡིག་དུས་ཐུང་དུ་གཏོང་བའི་ཐབས་ཅི་ཞིག །ཅེས་གསུངས་པ་རང་རེད།
དགེ་འདུན་ཆོས་འཕེལ་གྱི་སྐད་ཆ་ལུང་དྲངས་རྒྱུར་ཁྱེད་ཚོ་ཞེ་དྲག་དགའ་པོ་འདུག ཡིན་ན་ཡང་། དགེ་འདུན་ཆོས་འཕེལ་གྱི་ཚིག་དེ་ཚོ་མི་རེའི་ཁ་བརྒྱུད་ནས་ཅུང་ཟད་རེ་ཅུང་ཟད་རེ་བྱས་ནས་འགྱུར་འགྲོ་གི་འདུག་ག། སྤྱི་ཚོགས་ཧྲིལ་བོ་ཞིག་དང་མི་རིགས་ཧྲིལ་བོ་ཞིག་གི་ལོ་རྒྱུས་ཀྱི་འགྱུར་རིམ་དེ་ཡང་འདི་འདྲ་ཞིག་བྱས་ནས་འགྱུར་འགྲོ་གི་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། གནའ་སྔ་མོའི་ཡིག་རྨོངས་ཀྱི་སྐབས་དེ་དོན་དག་གཞན་ཞིག་རེད། ད་ལྟའི་དེང་རབས་ཀྱི་དུས་འདིར་དྲ་གནས་གཅིག་གི་ཐོག་ནས་ཀྱང་ཐ་སྙད་རེའི་འབྲི་སྤྱོད་ལ་བརྟེན་ནས་ལོ་རྒྱུས་ཀྱི་ཚོས་མདོག་འགྱུར་འགྲོ་བ་འདིས་ལོ་རྒྱུས་ཧྲིལ་བོ་ཞིག་གི་འགྱུར་རིམ་ང་ཚོར་སྟོན་གྱི་མི་འདུག་གམ།
ལོ་དང་ཟླ་བ་བརྒྱུད་ནས་ཆོས་རིག་ཆ་ལུགས་ཡུལ་སྲོལ་གོམས་གཤིས་གཞན་རྩོམ་ལུང་འདྲེན་སོགས་འགྱུར་བའི་རང་བཞིན་ཅན་ཚོ་འགྱུར་བཞིན་ཡོད་ཏན་ཏན་རེད།
དུས་ནི་མི་འགྱུར་མི་རྣམས་འགྱུར་པ་ཡི།། ཞེས་གསུངས་ཡོད་པ་མ་རེད་དམ།
ཁ་སང་ཡེ་ཤེས་སྤོབས་པས་གྲ་བཙུན་ལོག་ཡོང་དུས་མཇེ་སྐམ་པོ་རེ་མ་གཏོགས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་པ་གང་ཡང་འཁྱེར་ཡ་མི་འདུག་ཟེར། དེ་རིང་ཁ་པར་ལས་གཅུང་བོས་མཐོ་རིམ་སློབ་གྲར་སློབ་ཆན་འདེམས་སྟངས་སྐོར་ང་ལ་སྐད་ཆ་དྲིས་སོང་། ངས་ལན་དུ་རང་རེའི་དགོས་མཁོ་ལ་བལྟས་ནས་ཁ་ཡོད་ལག་ཡོད་གང་ཡིན་འདེམས་ཐུབ་ན་སྐད་ཡིག་མ་འདེམས་ནའང་འགྲིག་གི་རེད་ལབ་པ་ཡིན། གང་ཡིན་ཟེར་ན་བོད་ནང་གི་ཞིབ་འཇུག་སློབ་མའི་སློབ་གཉེར་དེ་ཡང་གྲ་བའི་སློབ་གཉེར་གི་བཟོ་འདྲ་བོ་ཞིག་འདུག དེ་ནས་ང་ཡའོ་ཏྲོ་ ༡༠ 1/2 ( Golden youth of Tibetan Kids)ནང་ལ་གཅིག་འགྲོ་དུས་ཏག་ཏག་དེང་སང་གི་དགོན་པའི་བཟོ་འདྲ་བོ་ཞིག་མཐོང་སོང་། ཨ་རོ་་་་ཨ་རོ་་་་་མ་འོངས་པའི་མི་རབས་འདི་དག་གིས་ཀྱང་ལོག་ཡོང་དུས་མཇེ་སྐམ་པོ་རེ་འཁྱེར་ཡོང་བའི་འཆར་གཞི་མིན་ནམ།
ཁྱེད་ཀྱིས་གསུངས་པ་རང་རེད། དགེ་ཐོན་སློབ་གྲྭ་དང་སློབ་གྲྭ་ཆེན་མོ་རྣམས་སུ་ཡང་དགེ་བཤེས་ཚོ་སྐད་བཏང་ནས་ཚད་མ་དང་མཛོད། ཕར་ཕྱིན་དང་ལམ་རིམ། དབུ་མ་སོགས་དངོས་གཞིའི་སློབ་ཚན་ལྟ་བུར་འཁྲིད་བཞིན་འདུག ངས་དེ་འགྲིག་གི་མི་འདུག་ལབ་ཀྱིན་ཡོད། ཕྱི་གླིང་བའི་བྱེད་སྟངས་བཞིན་སྐབས་རེར་ཆོས་ལུགས་ངོ་སྤྲོད་བྱེད་ཆོག་རེད། དེ་མིན་ཆོས་ལུགས་ཉམས་ཞིབ་འཛིན་གྲྭ་ཡང་བཙུགས་ཆོག་གི་རེད། དེ་མ་གཏོགས་སློབ་མ་འདི་ཚོར་གྲྭ་བའི་ལས་ཀ་སྤྲད་དེ་རིགས་གཅིག་རྐང་འཛིན་སློབ་གཉེར་ལ་ལྷོད་གཡེང་ཤོར་དུ་བཅུག་ན་ངོ་མ་མི་ལེགས། དེང་སང་གྲྭ་པས་གཞུང་ཆེན་བཀའ་པོད་ལྔ་ཤེས་ན་བཀོལ་སྤྱོད་བྱེད་ས་མི་རྙེད་པའི་དུས་འདིར་མི་སྐྱ་ཕོ་མོ་ཚོས་ལོ་དེ་སྙེད་ཅིག་ལ་བསླབས་པའི་དབུ་མ་ཕར་ཕྱིན་ཁྱེར་ནས་གང་དུ་འགྲོ སྤྱིར་ཆོས་དད་རང་མོས་ཡིན་པས་རང་རང་གི་ནང་དུ་ནང་ཆོས་ལ་སློབ་གཉེར་དང་ཉམས་ལེན་བྱེད་རྒྱུར་སུས་འགོག་ཆོག བོད་མི་
རིགས་འདིའི་སྤྱི་ཚོགས་ལ་དེང་དུས་ཀྱི་ཕན་ཐོགས་ཡོད་པའི་ཚན་རིག་པ། དངུལ་རྩིས་རིག་པ་བ། རྩི་ཤིང་རིག་པ་བ། ས་ཁམས་བརྟག་དཔྱད་པ། སྲོག་ཆགས་ཉམས་ཞིབ་པ། ཆབ་སྲིད་མཁས་ཅན། ཚོང་ལས་རབ་འབྱམས་པ། གློག་ཀླད་མཁས་ཅན། གློག་ཆས་སྒྲིག་བཟོ་བ་སོགས་ཁ་ཡོད་ལག་ཡོད་ཀྱི་ནུས་པ་འདོན་ཐུབ་པའི་སློབ་ཆེན་མཐར་ཕྱིན་སློབ་མ་དགོས་པ་མ་གཏོགས་གྲྭ་པ་མགོ་སྐྲ་ཅན་གྱི་མཐར་ཕྱིན་སློབ་མ་དགོས་དོན་ཆེན་པོ་ཞིག་ཨེ་ཡོད་ན།
ང་ཚོ་འདི་ལྟར་རང་ཉིད་ལ་ཡིད་ཆེས་མེད་ཅིང་རང་གིས་རང་ཉིད་ནུས་མེད་དུ་བསྒྱུར་བཞིན་པ་བརྟེན་ཕམ་ཁ་ཐམས་ཅད་ང་ཚོར་བདག་པ་རེད། མི་གཡོག་རྒྱུག་རྒྱུ་རྙེད་པ་ཙམ་ཡང་རང་གི་འཇོན་ཐང་དུ་བརློམས་པའི་སྐྱེ་བོ་འདི་ཚོས་རང་གི་རྒྱལ་ཁབ་ཇི་ལྟར་སླར་གསོ་བྱེད་ཐུབ། བསམ་གཞིག་ཇི་ལྟར་བྱས་ཀྱང་ཟམ་གདོང་བླ་མས་ཨ་རི་སོགས་ཕྱི་གླིང་ཡུལ་དུ་ཡོད་པའི་བོད་རིགས་དག་བོད་པའི་སྤྱི་ཚོགས་ནས་དོན་ཚར་བ་རེད་ཅེས་བརྗོད་ནའང་ཆོག་གསུངས་པ་དེ་བདེན་པ་ཞིག་ཡིན་པ་འདྲ། ངོ་མ་ཁྱེད་ཚོ་ལ་མི་གཡོག་རྒྱུག་རྒྱུ་ལས་བསམ་བློ་གཞན་མེད་པ་ངེས་པས་སྙིང་རེ་རྗེ། མགོན་པོ་ཕྱག་གཉིས་པ་ཁྱེད་རང་བོད་ཡིག་ཏོག་ཙམ་ཤེས་འདུག་པས་། ཀ་ལི་ཕོ་ནི་ཡ་ཤོག་དང་ངའི་གཡོག་པོ་གཞག་ཆོག་མགོ་སེར་གཡོག་པ་ལས་བོད་པ་ཞིག་གཡོག་ན་ཡག་ཚོད་རེད། སྐད་ཆ་འདི་བདེན་པ་ཡིན།
མིའུ་ཕྲུག ཁྱེད་རང་གིས་ང་དེར་གདན་འདྲེན་ཞུས་པ་བཀའ་དྲིན་ཆེ། ངས་བོད་མིའི་ཚོང་བདག་ཅིག་ལས་མགོ་སེར་ཚོང་བདག་ཅིག་འདེམས་ཀྱི་ཡིན། ཁྱེད་རང་གིས་ལས་མི་རྣམས་བྲན་གཡོག་ལྟ་བུ་ཞིག་དུ་བརྩི་གི་ཡོད་པ་དེས་ཁྱེད་རང་ལ་བྲན་གཡོག་སྤྱི་ཚོགས་ཀྱི་བྲན་བདག་ཅིག་གི་གོ་རྟོགས་མ་གཏོགས་མེད་མཁན་གང་ཡང་མི་ཤེས་མཁན་མི་ཁྱི་ལས་ལོད་པ་ཞིག་ཡིན་པ་གསལ་བཤད་བྱས་ཚར་བ་རེད།
མ་གཞི་ང་ལ་རིན་ཐང་ཆེ་ཤོས་དེ་ལས་ཀ་མིན་པར་རང་གི་ཁྱིམ་ཚང་ཡིན། ང་ད་ལོར་མི་རེ་ཟུང་གིས་ ཀོ་ལིམ་བྷི་ཡ་སློབ་གྲྭ་ཆེན་མོར་དགེ་རྒན་ཞིག་དགོས་འདུག་པས་སྙན་ཞུ་ཕུལ་ན་ཡག་པོ་རེད་ཟེར་ཡང་ངས་ཕུལ་མེད། ང་ཁྱེད་ཡོད་ས་དེར་སྐྱག་པ་ཟ་གི་ཡོང་དགོས་རེད་པས། གལ་སྲིད་ང་རྒྱལ་ཁབ་གཞན་ཞིག་ལ་ཕྱིན་ནས་ལས་ཀ་བྱེད་དགོས་ན་རྒྱ་ནག་དང་རྒྱ་གར་གཉིས་ལས་གཅིག་འདེམས་ཀྱི་རེད།
མིའུ་ཕྲུག་ཡིན་ན་འདི་སྐད་ཆ་བཤད་སྟངས་ལ་བལྟས་ན་ནུབ་ཕྱོགས་དམངས་གཙོའི་ལུང་བར་ཡོང་ནས་ད་དུང་འཐོམ་སངས་མེད་པ་འདྲ། ཁྱོད་ཀྱི་ཕ་མེས་སྐུ་དྲག་མིན་ན་གུང་ཁྲན་འོག་གི་དཔོན་པོ་ཐབས་ཆག་ཅིག་ལོས་ཡིན་འདོད་ཀི མིན་ན་ཁྱོད་རང་གཡོག་པོ་ལ་མཐོང་ཕྱོགས་ངན་པ་དེ་འདྲ་ཡོད་དགོས་དོན་གང་ཡིན་ནམ། མ་གཞི་ནུབ་ཕྱོགས་ཡུལ་ལུང་འདིར་དཔོན་གཡོག་ལ་ཁྱད་མེད་པར་ཕལ་ཆེ་བས་ལས་ཀ་ཡག་བཙོག་གང་ཡིན་བྱས་ཀི་འདུག་ལ་ཐ་སྙད་དེ་ཞེ་དྲག་བཀོལ་གི་ཡང་མི་འདུག ཁྱོའི་ལག་པར་གཡོག་པོ་ཞིག་ཤོར་དུས་ན་པགས་པ་དམར་བཤུས་ལོས་བྱེད་འདོད་གི སྟབས་ཡག་ནས་ཁྱོའི་སྐད་གདངས་ལ་བལྟས་ན་ས་ཨ་རི་ནས་གཡོག་པོ་ཉར་ཐུབ་པའི་ནོར་བདག་ཅིག་མིན་པ་ལྷང་ལ་བུད་འདུག
མིའུ་ཕྲུག་འདི་ཨ་རིར་ཡོད་མཁན་ཞིག་ཡིན་མི་སྲིད། འདི་མགོ་སེར་དང་བོད་པ་ཟེར་ནས་མི་རིགས་དབྱེ་འབྱེད་བྱེད་སྟངས། ལས་རིགས་ལ་གཙང་བཙོག་གི་ཁྱད་པར་ཡོད་པ། མི་ཚང་མར་འདྲ་མཉམ་གྱི་བསམ་བློ་མེད་པར་ལས་བྱེད་པར་གཡོག་པོའི་འདུ་ཤེས་ཡོད་པ་སོགས་ཕྱོགས་མང་པོ་ཞིག་ནས་བལྟས་ན་འདི་ད་རུང་བོད་སྤྱི་ཚོགས་དང་ཁ་བྲལ་མ་མྱོང་བ། བོད་ཡིག་མ་གཏོགས་མི་ཤེས་མཁན་ཁྲོན་པའི་ནང་གི་སྦལ་བ་ཞིག་ཡིན་ལས་ཆེ། འདི་འདྲ་མི་བསམ་བློ་གུ་དོགས་ཅན། ཡོན་ཏན་མེད་པ། བསམ་བློ་དམན་པ། རང་མཐོང་ཅན་ཞིག་ཨ་རིར་ཡོད་མི་སྲིད།
ཨ་རི་ལ་ཡོད་མཁན་ཆ་ཚང་ཤེས་ཡོན་པ་དང་སེམས་དཔའ་ཡིན་ནམ?
སློབ་མའི་དཔེ་ཁུག་ནང་མེ་མདའ་ཁུར་ནས་འགྲོ་ས་དེ་ཨ་རི་མ་ཡིན་ནམ??
ཨ་རི་ལ་སླེབས་པ་བསོད་ནམས་ཅན་དུ་བསྒོམ་ཞིང་མི་གཡོག་རྒྱུག་ཐུབ་པ་འཇོན་ཐང་དུ་བརློམ་པའི་བོད་མི་འཁྱམས་པོ་ཁ་ཤས་ཀྱིས་གནས་ལུགས་ཡོད་མདོག་དང་གཏན་ཚིགས་བཙན་མདོག་གིས་མི་གཡོག་བྱེད་རྒྱུ་དེ་ནི་ཆེས་འོས་ཤིང་འཚམས་པའི་བྱ་གཞག་ཞིག་ཏུ་ངོས་འཛིན་དང་རང་ཉིད་དེ་ལ་ཞུགས་ཐུབ་པ་ལ་དགའ་སྤྲོ་བྱེད་ཀྱིན་ཡོད། བསམ་བློ་ཞིབ་མོ་བཏང་ན་ཁྱེད་ཅག་ནི་བཀྲུ ས་ན་མི་དག་པའི་བྲན་གཡོག་ལམ་ལུགས་ཀྱི་རྒྱུན་འཛིན་ངོ་མ་དེ་ཡིན། དཔལ་འབྱོར་ཕྲན་བུ་ཙམ་གྱི་ཆེད་དུ་རང་ཉིད་གཞན་གྱི་གཡོག་ཏུ་བཀོལ་བཞིན་གླ་དངུལ་ཅུང་ཙམ་ཐོབ་ཚེ་དགའ་བ་ཆེན་པོ་སྒོམ་མཁན་དེ་ཡིན་པས་སོ། དེས་ན་ཁྱེད་ཅག་གིས་བོད་མི་རིགས་ལ་ཕན་པ་བསྒྲུབ་རྒྱུ་ནི་རི་བོང་གི་རྭ་དང་མོ་ཤམས་ཀྱི་བུ་ལས་མ་འདས། གོང་གི་སྐད་ཆ་འདི་དག་ཐོས་དུས་ངའི་ཡིད་ངོར་ལ་འཆར་བའི་ཁྱེད་ཅག་ནི་ཨ་རིར་སླེབས་པའི་ཆེད་དུ་དབྱིན་མོའི་སྟུ་ལྡག་ཅིང་། ཕྱི་རྒྱལ་འགྲིམས་པའི་ཆེད་དུ་མགོ་སྐྱེས་ཀྱི་སྐྲ་ལོ་བྲེགས་པ། ཝིས་ཟ་རག་པའི་ཆེད་དུ་གྲྭ་བ་རྫུན་མ་བཟོ་མཁན་དག་ཡིན་པ་ངེས།
མགོན་པོ་ཕྱག་གཉིས་པས་སློབ་གྲྭ་ཆེན་མོ་གཅིག་གི་དགེ་རྒན་གྱི་གོ་སྐབས་རག་ཀྱང་མ་བླངས་པ་མི་གཡོག་རྒྱུ་དེ་ཁས་བླངས་པ་ཡིན་ཟེར། དེས་ན་ངས་ཁྱོད་ལ་གཏམ་དཔེ་ཞིག་འདྲེན་རྒྱུ་ལས་ཅི་ཡོད། གཏམ་དཔེ་ནི། ཡར་ལྷ་སྐུ་བཞིན་དུ་བཤམས་ཀྱང་། མར་ཟན་གོང་བཞིན་དུ་འགྲིལ་བྱུང་། ད་ཁྱོད་ལ་རེ་བ་མེད་ཀི
དཀོན་མཆོག་འདིས་སྐད་ཆ་བཤད་སྟངས་བལྟས་ཚེ་དགེ་འདུན་ཆོས་འཕེལ་དང་རྩིས་པ་ལུང་ཤར་ཉམས་ཉེས་བཏང་མཁན་གྱི་སྐུ་དྲག་ཞིག་གིས་ཡང་སྲིད་ཡིན་བ་འདྲ། ཁོ་དང་ལྟ་བ་ཅུང་ཙམ་མ་མཐུན་ཚེ་ཁོས་རྒྱ་མིའི་རྒྱུག་ཁྱི་འམ་ལྟ་ལོག་པ་རེད་ཟེར་ནས་ཁ་རྡུང་བཏང་ཅི་ཐུབ་བྱེད་པ་འདི་ངོ་མ་ཁོ་ཡི་གོམས་གཤིས་ཞིག་ཡིན་པ་འདྲ།
སྔོ་ལོ་འཕྱ་བའི་དོ་ལོ་སྔོན་པོས་ང་ཨ་རི་ལ་ཡོད་མི་སྲིད་ཟེར། ཁྱེད་རང་གི་ཨ་རི་དང་ཕྱི་གླིང་ཡ་མཚན་ཆེ་བའི་ཞིང་ཁམས་ཤིག་ཏུ་བརྩི་ནས་དེ་ལ་བགྲོད་འགྲིམས་བྱེད་པ་ཧ་ཅང་དཀའ་ངལ་ཅན་དུ་མཐོང་གི་ཡོད་ན་ཐང་། ང་ནི་གང་དུ་སོང་ཀྱང་ཆོག་ལ་གང་ལ་སླེབས་ཀྱང་གཞན་གྱིས་ཚུར་ལ་ཞབས་ཞུས་བྱེད་མཁན་ཡོད་པ་ཅན་ཞིག་ལས་མི་གཡོག་རྒྱུག་མཁན་དེ་ལྟར་མ་ཡིན་འདི་སྐོར་ཞིབ་ཏུ་བཤད་ན་ཁྱེད་ཅག་གིས་སྦོབ་ཤོབ་བཤད་བྱུང་ཟེར་རྒྱུ་རེད། དེར་བརྟེན་དེ་ཙམ་གྱིས་མཐུས་པ་བྱས། ད་དུང་ཁྱེད་ཀྱིས་ང་ལ་མི་རིགས་དབྱེ་འབྱེད་འདུག་ཟེར་དེ་བདེན་པ་རེད་ངས་བོད་པ་འདི་རྒྱ་དང་ཨ་རི་སོགས་ལས་ལོགས་སུ་ཕྱེས་ཀྱིན་ཡོད
བླ་མ་དང་གྲྭ་བའི་མིང་ཐོག་ནས་མར་གྱུར་སེམས་ཅན་ཐམས་ཅད་ཁ་ལ་ཁྱེར། མངོན་ཤེས་ཡོད་མདོག། མི་ཆོས་བླ་མའི་རྫུན་སྨྲས། མི་ལ་མགོ་སྐོར་བཏང་ནས་དངུལ་ཟ་བ་ལས་རང་གི་ལས་ཀ་ལ་བརྟེན་ནས་དངུལ་ལེན་པ་ནི་ཅི་འདྲའི་གཙང་མ་ཞིག་རེད་ཨང་། ཁྱེད་རང་གི་ཀླད་པའི་ནང་ལྷག་བསྡད་ཡོད་པའི་དུག་རྫས་ཏེ་བྲན་བདག་གི་བསམ་བློ་དེ་ཡོངས་སུ་བཀྲུ་བར་བྱ། ཁྱེད་རང་གི་བསམ་བློ་གཏོང་སྟངས་དེར་བལྟས་ན། བོད་ཡར་རྒྱས་ཀྱི་འགོག་རྡོ་ལམ་དོང་ནང་གི་རྡོ་མདོང་གང་མགྱོགས་གཙང་མ་བཟོས་དགོས་པ་ཞིག་ཡིན་པ་འདྲ།
དབྱིན་མོའི་སྟུ་ལས་ཞིམ་པའི་ཁ་ཟས་ཤིག་ཁྱེད་རང་གང་དུ་ཕྱིན་ཡང་རྙེད་མི་སྲིད། ཁྱེད་རང་ཕལ་ཆེར་དེ་ལ་རྒྱུས་མེད་པའི་གྲྭ་རྫུན་ཞིག་ཡིན་པ་འདྲ། མཇེ་ལག་པའི་ནང་བྱིལ་བྱིལ་བྱས་ནས་སྡོད། ཁྱེད་སྙིང་རྗེ། བོད་དོན་ལ་ག་རེ་བྱེད་ཀྱི་ཡོད། ཁྱེད་རང་གིས་བོད་དོན་བྱས་པ་དང་ངས་བྱས་པ་གཉིས་གང་མང་ད་རུང་བཤད་མི་ཤེས། མདོར་དེད་ན། གཞུང་སྒེར་གྱི་ཆོས་ཚོགས་གང་རུང་ཞིག་གི་རྐུབ་བཀྱག་བཟུང་ནས་ཡར་ལ་སྤྲེལ་ལད་འཁྲབ། མར་མགོ་སྐོར་བཏང་། ཕྱུགས་པོ་ཚོའི་རྐུབ་བལྡག ཕྱུགས་མོ་ཚོའི་སྟུ་བལྡག་སྡོད་མཁན། ཡར་བཅོས་མའི་འཛུམ་བསྟན། མར་བཅོས་མའི་འཛུམ་བསྟན་ཏེ་སྡོད་མཁན་ཞིག་ལས་གཞན་མ་མཆིས།
ཁྱོད་ཀྱིས་ལས་ཀ་མ་བྱས་པར་དཔལ་འབྱོར་གང་ནས་ཡོང་གི་ཡོད། ལས་ཀ་མི་བྱེད་པར་གཞན་གྱི་དཔལ་འབྱོར་གཡོ་ཐབས་ལ་བརྟེན་ནས་ལེན་མཁན་དག་ནི་ཇག་རྐུན་ལས་ཀྱང་སྡུག གཞན་དངུལ་ལ་བརྟེན་ནས་འཚོ་བ་ལས་གཞང་བཙོང་མ་ཞིག་ཡིན་ན་བཟང་། རང་གི་ལུས་ལ་བརྟེན་ནས་དངུལ་བཟོ་གི་ཡོད་པས་དེ་གཙང་མ་རེད།
ཁྱེད་རང་གིས་ང་དེར་གདན་འདྲེན་ཞུ་གི་ཡོད་པ་རེད་དེ། ང་ཕེབས་གི་མ་རེད། ང་གལ་སྲིད་ཕེབས་པ་ཡིན་ན། ཉི་མ་རྗེས་མ་དེར་ངས་ཁྱེད་རང་ཁྱི་རྫོགས་འཐེན་ཚར་ཡོད་པ་རེད། ག་རེ་རེད་ཟེར་ན་ཁྱེད་རང་མི་ཁྱི་ལས་ལོད་པ་ཞིག་ཡིན་པ་མི་གཞན་ལ་མཐོང་ཆུང་བྱེད་སྟངས་ལ་བལྟས་ན་ངས་ཤེས་ཀྱི་འདུག
ཤ་ཚ་སྙིང་རྗེ་མགོན་པོ་ཕྱག་གཉིས་པ། ཕྱུགས་པོ་ཚོའི་རྐུབ་བལྡག ཕྱུགས་མོ་ཚོའི་སྟུ་བལྡག ཡར་བཅོས་མའི་འཛུམ་བསྟན། མར་བཅོས་མའི་འཛུམ་བསྟན་ཏེ་སྡོད་ཡོད་ཟེར། ད་དུང་ཁོས་གཞང་ཚོང་གི་ལས་ནི་ངོམ་སོ་བྱེད་འོས་པ་ཞིག་རེད་ཟེར། ཉིན་དེ་རིང་ནས་ཁྱོད་རང་བོད་པ་ཞིག་ཡིན་སྐད་མ་ཤོད་རོགས་དེ་ངས་ཁྱེད་ལ་ཆེས་ཐ་མའི་རེ་བ་ཡིན། ཁྱོད་ཀྱི་ངོ་བོ་མཐོང་བའི་ཉིན་དེ་རིང་ནས་ངས་ཁྱེད་ལ་འབྲེལ་བ་ཡོངས་སུ་སྤངས་ཡིན། མཆོག་གསུམ་གྱིས་ཐུགས་རྗེས་གཟིགས་པ་མ་གཏོགས་ཁྱོད་འདི་ལ་ཡོང་ན་ངའི་སྔོ་ལོ་དགུང་ལ་འཕྱ་ཚར་རེད།
ད་དུང་འདི་ན་ལ་གཞང་ཚོང་བའི་ལས་ཀ་དང་སྟུ་བལྡག་པའི་ཞབས་ཞུས་སོགས་ཡོད་མ་རེད་དེའི་ཕྱིར་ཁྱེད་ཡོང་བ་ལ་ཡང་ཕན་ཐོག་མི་འདུག
མིའུ་ཕྲུག ཁྱེད་རང་གིས་སྔོ་ལོ་ཕྱར་ཚར་འདུག་ག དེའི་རྟགས་ཚང་མས་ཁྱེད་རང་རུབ་ཡོང་གི་མི་འདུག་གམ། དེ་བས་ཁྱེད་རང་འདིར་ཤོག་དང་ངས་ཁྱེད་ལ་བོད་ཡིག་གི་བརྡ་དག་བསླབ་དགོས། ཁྱེད་རང་གི་ཡིག་ནོར་མང་པོ་འདི་ཚོར་ལྟོས་དང་།
ཨ་ཤུ་རེ་ཁོ། དག་ཡིག་ངག་སྒྲོན་ལ་རྩ་འགྲེལ་བྲིས་པའི་མི་ཆོག ཡང་འགྲེལ་ཡང་བྲིས་ཡོད། འདི་ཚོར་དམིགས་ནས་བྲིས་པ་འདྲ།
ཐུགས་རྗེ་ཆེ། ང་ལ་ཁྱོད་ཀྱི་ཀུན་སྤྱོད་དེ་འགོས་མི་རུང་ཞིང་། ཡིག་ནོར་གྱི་བརྡ་དག་དེ་ཉིད་དེ་ལས་ཀྱང་མི་དགོས། ཡིག་ནོར་ཕྱུག་ཅིང་མགོན་སྐྱོབ་མེད་པའི་ལག་གཉིས་པ།
བྲིས་པས་མི་ཆོག་ཅེས་རྣམ་དབྱེ་གསུམ་པའི་ས་བྱིན་ན་དོན་དང་འབྱོར།
ྐླུ་སྨྱོན། ལེགས་སོ། ད་ངས་ཁྱེད་ཀྱིས་མཆན་བཏབ་པ་དེ་ཚོར་ཞུ་དག་གཏོང་གི་ཡིན།
མིའུ་ཕྲུག རང་ཉིད་རང་གི་མགོན་ཡིན་ལ་རང་ཉིད་རང་གི་དགྲ་ཡང་ཡིན།
ང་ལ་ཡང་ཁྱེད་ཀྱི་ཚུལ་འཆོས་དང་། གཞན་མགོ་སྐོར་བ། གཞན་ལ་བཤུ་གཞོག་གཏོང་བ། གཞན་ལ་མཐོང་ཆུང་བྱེད་པ། མི་རིགས་དབྱེ་འབྱེད། གུ་དོགས་ཀྱི་ཀུན་སྤྱོད་དེ་ཚོ་མ་འགོས་པར་གཟབ་གཟབ་བྱེད་ངེས་ཡིན།
ངས་ཞར་ནས་རྙེད་དེ་ཐུགས་བསུན་ཞིག་ཞུས་པ་ཡིན་མ་གཏོགས་ཡིག་ནོར་བཙལ་དུ་འགྲོ་གིན་མེད། ད་ལོ་ལོན་སོང་བས་རང་གཞན་གཉིས་ཀའི་ཡིག་ནོར་གྱི་རྫི་བོ་བྱེད་མི་ཐུབ།
ཕྱག་གཉིས་པ།
རང་ཉིད་རང་གི་མགོན་ཡིན་ཏེ།།
རང་གི་དྲིན་ལས་ཨ་རིར་སླེབས།།
རང་ཉིད་རང་གི་དགྲ་ཡིན་ཏེ།།
རང་ལུས་གཞན་གྱི་གཡོག་ཏུ་བཀོལ།།
ཕྱག་གཉིས་པ།
གཞན་མགོ་བསྐོར་བའི་ལས་ལ་མི་དགྱེས་ཀྱང་།།
རང་མགོ་རང་གིས་གཡོགས་འདི་གད་མོའི་གནས།།
གཞན་ལ་བཤུ་གཞོག་གཏོང་བའི་མཐུ་མེད་པས་།།
རང་གིས་རང་ལ་བཤུ་གཞོག་གཏོང་འདི་མཚར།།
མིའུ་ཕྲུག
གང་ལ་བཤུ་གཞོག་གཏོང་བའི་མཐུ་མངའ་བ།།
ཤི་ན་དམྱལ་བ་མ་གཏོགས་འགྲོ་ས་མེད།།
རང་གིས་རང་ཉིད་འཇོན་པོ་ཡིན་སྙམ་ཤར།།
དོན་དུ་རང་མགོ་རང་གིས་གཡོགས་པ་ཡིན།།
ཆོས་པ་བཟང་པོ་དབེན་གསུམ་ཞིང་ན་རྒྱུ།།
ཆོས་མེད་ཟོག་པོ་ཨ་རིའི་གྲོང་ན་རྒྱུ།།
གྲྭ་བ་བཟང་པོ་ཆོས་སྤྱོད་བྱ་བས་འདའ།།
གྲྭ་རྫུན་ཁྲེབ་ཏེ་གྲོང་ནང་འཁོན་ལ་ཐུག
ཨ་རོགས་མིའུ་ཕྲུག ཁྱོད་ཀྱིས་བཤད་པ་དངོས་གནས་བདེན་པ་རེད། རང་ཉིད་རང་གི་དགྲའང་རེད་ལ། མགོན་ཡང་རེད།