(Lauran R. Hartleyདང་ Patricia Schiaffini-Vedani ནས་རྩོམ་སྒྲིག་བྱས་པ། Durham and London: Duke University Press ཞེས་པའི་དཔེ་བསྐྲུན་ཁང་ནས་དཔེ་སྐྲུན་བྱས། ཤོག་གྲངས་༣༨༢ཡོད།)
“བོད་ཀྱི་དེང་རབས་རྩོམ་རིག་དང་སྤྱི་ཚོགས་ཀྱི་འགྱུར་བ་”ཞེས་པ་འདི་དཔེ་སྐྲུན་བྱས་པ་ནི་བོད་ཀྱི་རྩོམ་རིག་ལ་དགའ་སྣང་དང་ཤེས་རྟོགས་ཡོད་པ་རྣམས་ཡུན་རིང་པོར་སྒུག་པ་དང་གལ་ཆེ་བ་ཞིག་ཡིན་པ་མ་ཟད། སྔར་ལས་མང་བའི་ྐློག་པ་པོ་རྣམས་བོད་ཀྱི་རྩོམ་རིག་དང་སྒྱུ་རྩལ་གྱི་ཞིང་ཁམས་ཀྱི་འཇུག་ངོགས་ཤིག་ཡིན་པ་ཐེ་ཚོམ་མེད། ཀོ་ལུམ་སྦི་ཡ་སློབ་གྲ་ཆེན་མོའི་བོད་རིག་པའི་དཔེ་མཛོད་པ་དང་འབུམ་རམས་པ་ Lauran R. Hartley དང་། ཨ་རིའི་ལྷོ་ནུབ་སློབ་གྲ་ཆེན་མོའི་དེང་རབས་སྐད་ཡིག་དང་རྩོམ་རིག་སྡེ་ཚན་གྱི་རྒྱ་ནག་གི་རྩོམ་རིག་དགེ་རྒན་ཆེན་མོ་གཞོན་པ་དང་འབུམ་རམས་པ་ Patricia Schiaffini-Vedani གཉིས་ནས་རྩོམ་སྒྲིག་བྱས་བའི་དཔེ་དེབ་འདིའི་ནང་དུ། མཁས་པ་དང་རྩོམ་པ་པོ་གཉིས་ཀའི་རྩོམ་ཡིག་བསྡུས་ནས་དུས་རབས་ཉི་ཤུ་དང་ཉེར་གཅིག་པའི་ནང་གི་བོད་ཀྱི་དེང་རབས་རྩོམ་རིག་གི་བྱུང་རིམ་སྟོན་ཐབས་བྱས་ཡོད་པ་མཚུངས་སུ། གོམས་སྲོལ་དང་སྤྱི་ཚོགས་ཀྱི་འགྱུར་བ་ཡང་མངོན་ཐབས་བྱས་ཡོད། རྩོམ་སྒྲིག་པ་Lauran R. Hartley ནས་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་འདོན་ཐེངས་སྔོན་མ་བཞི་བོའི་རྩོམ་རིག་གི་རྩོམ་སྒྲིག་པ་གནང་བ་དང་། ཁོང་མོ་ནི་དེང་རབས་བོད་ཀྱི་རྩོམ་རིག་དང་དཔེ་སྐྲུན་ལ་སྣེ་ཁྲིད་ཀྱི་ཞིབ་འཇུག་པ་ཞིག་ཡིན། རྩོམ་སྒྲིག་པ་ Patricia Schiaffini-Vedani ནི་རྒྱ་ནག་གི་རྩོམ་རིག་དང་བོད་པས་རྒྱ་ཡིག་ཏུ་བརྩམས་པའི་བོད་ཀྱི་རྩོམ་རིག་གི་ཆེད་མཁས་ཤིག་ཡིན། ཁོང་མོ་གཉིས་མཉམ་རུབ་ཀྱིས་རྩོམ་པ་པོ་དང་རྩོམ་གྱི་རིགས་དོ་མཉམ་པ་དང་སྣ་འཛོམས་པའི་དཔེ་དེབ་ཅིག་བསྐྲུན་ཡོད། དཔེ་དེབ་འདིའི་ནང་དུ་ཞིབ་མཐའ་ཆོད་པ་དང་ཧ་ཅང་བཀོལ་སྤྱོད་ཅན་གྱི་དཔེ་ཁུངས་ཀྱི་ཐོ་གཞུང་ཞིག་དང་། བོད་ཀྱི་རྩོམ་རིག་གི་བརྩམས་ཆོས་དབྱིན་འགྱུར་མའི་ཐོ་གཞུང་ཞིག རྒྱ་སྐད་ཀྱི་ཐ་སྙད་དང་བོད་མིང་གི་དག་ཆའི་ཐོ་གཞུང་ཞིག་བཅས་ཟུར་བཀོད་བྱས་ཡོད་པ་འདིས་དཔེ་དེབ་འདི་མཁས་པ་དང་། སྤྱིར་བཏང་གི་ྐློག་པ་པོ། དེ་བཞིན་སློབ་ཁྲིད་བྱེད་མཁན་བཅས་ལ་ཕན་ངེས་ཅན་ཏུ་བཏང་ཡོད།
དཔེ་དེབ་འདིའི་ནང་དུ་རྩོམ་སྒྲིག་གནང་བའི་རྩོམ་ཡིག་ཁག་ནི།
Lauran R. Hartleyཀྱི་”ལྟ་བ་ལོགས་འཛིན་པ་དང་སྙན་ངག་གི་རྩོམ་རྒྱུན་གསར་པ། དུས་རབས་ཉི་ཤུའི་སྟོད་དང་དཀྱིལ་གྱི་བོད་ཀྱི་རྩོམ་པ་པོ་རྣམས།”
གཡང་སྒྲོན་དོན་གྲུབ་ཀྱི་ “གངས་སེང་གི་གད་རྒྱངས། རྒྱ་ཡིག་ཏུ་བྲིས་བའི་བོད་པའི་སྙན་རྩོམ།”
ཚེ་རིང་ཤཱཀྱའི་ “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་གཅིག་དགུ་བརྒྱུད་ཅུའི་ནང་བོད་ཀྱི་དེང་རབས་རྩོམ་རིག་གི་བྱུང་རིམ། ”
Nancy G. Lin ཀྱི་”དོན་གྲུབ་རྒྱལ་དང་ར་མ་ཎའི་བཅོས་འབྲི།”
པད་མ་འབུམ་གྱི་ “མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་།”
པད་མ་འབུམ་གྱི་ “མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ལ་སྐྱར་ཞིབ།”
Francoise Robinཀྱི་”དེང་དུས་བོད་ཀྱི་རྩོམ་རིག་ནང་གི་”ལྷ་དང་འདྲེ།” བོད་ཡིག་བརྩམས་སྒྲུང་ནང་གི་ཆོས་ལུགས་ཀྱི་མངོན་རྟགས།
Lara Maconiཡི་”ཡུལ་སྡེ་གཅིག་ལ་གླེང་ཕྱོགས་གཉིས། བོད་ཀྱི་དུས་སྐབས་གསར་བའི་རྩོམ་རིག་དང་སྐད་ཡིག་གི་རྩོད་གླེང་།”
Patricia Schiaffini-Vedaniཡི་”བོད་ཀྱི་མཁའ་ལ་ལྡིང་བའི་”བྱ་རྒོད་།” བཀྲ་ཤིས་ཟླ་བ་དང་བོད་ཀྱི་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་དོན་སྙིང་།”
Howard Y. Choy ཡི” “ང་”འཚོལ་ཞིབ། ཨ་ལེ་ཡི་ “ས་རྡུལ་འཇགས་སོང་།” གི་ནང་གི་གླེན་པ་དང་རང་ཆོས།”
Riika J. Virtanen གྱི་”བོད་ཀྱི་དེང་དུས་རྩོམ་རིག་ནང་གི་ཡར་རྒྱས་དང་གྲོང་ཁྱེར་།”
སངས་རྒྱས་རྒྱ་མཚོའི་(གངས་ཞུན་) “བོད་ཀྱི་དེང་རབས་རྩོམ་རིག་དང་རྩོམ་པ་པོའི་སྡེ་བྱུང་ཚུལ།”
ཧོར་གཙང་འཇིགས་མེད་ཀྱི་”ཕྱི་རྒྱལ་གྱི་བོད་ཀྱི་རྩོམ་རིག”
Steven Venturinoཡི་”བོད་ཀྱི་བརྩམས་སྒྲུང་རྩོམ་རིག་གི་འཇིག་རྟེན་གྱི་ནང་དུ་འཇོག་པ། འཇམ་དབྱངས་ནོར་བུ་དང་ཤེར་ལོག་ཧོལ་མི་སི་ཡི་དཀྱིལ་འཁོར།”
དཔེ་དེབ་འདིའི་ནང་དུ་གླེང་མོལ་བྱས་ཡོད་པའི་རྩོམ་པ་པོ་ཁག་ཅིག་ནི། ཡི་དམ་ཚེ་རིང་། གངས་ཞུན། བཀྲ་ཤིས་ཟླ་བ། འཇུ་སྐལ་བཟང་། དོན་གྲུབ་རྒྱལ།
དོམ་པ་ཚེ་རིང་དབང་མོ། ལྗང་བུ། གཡང་མཚོ་སྐྱིད། དཔལ་ལྷ་མོ་བཅས་ཡིན།
(གསལ་བཤད། གོང་བཀོད་རྩོམ་ཡིག་འདི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་བེམ་པོ་༥པ་ནས་བླངས།)
གང་མགྱོགས་ལྟ་ཀློག་ཐུབ་པར་ཤོག
ལ་རྩེ་དཔེ་མཛོད་ཁང་གིས་ད་བར་ཕྱག་ལས་རྗེས་སུ་ཡིད་རངས་ཞུས་དགོས་པ་མང་པོ་ཞིག་གནང་སོང་། ཐུགས་རྗེ་ཆེ།
རྩོམ་རིག་གི་ཚོགས་འདུ་ཞིག་ཀྱང་བསྡུ་བསྐོང་བྱེད་ཐུབ་ན་ལེགས་པར་བསམས།།
ལ་རྩེའི་གསར་འཕྲིན་སྐོར་ལ་བས་མ་འཆར་ཞིག་ཞུས་པར་འདོད།
ལ་རྩེའི་གསར་འཕྲིན་ནི་ལ་རྩེ་རུ་ལས་དོན་གསར་བ་ཅི་སྤེལ་བརྗོད་པའི་ལོ་དེབ་ཞིག་ཡིན་པས་ལ་རྩེ་དང་འབྲེལ་བའི་བྱུང་བ་རྣམས་གནད་དུ་འཛིན་དགོས་པ་་ཡིན་ཡང་། ཕྱི་རྒྱལ་ན་བོད་པ་རྩོམ་པ་པོར་དམིགས་པའི་རྩོམ་རིག་དུས་དེབ་ད་བར་མཐོང་མ་སོང་བས།
ལ་རྩེ་གསར་འཕྲིན་འདི་བོད་པ་རྩོམ་པ་པོ་ལ་ཆེད་དུ་དམིགས་ཤིང་། བོད་དང་འབྲེལ་བའི་རྩོམ་ཡིག་སྤེལ་སའི་དུས་དེབ་ལྟ་བུ་ཞིག་ཏུ་བསྒྱུར་ཐུབ་ན་ཧ་ཅང་ལེགས་པར་སེམས།
ཕྱི་རྒྱལ་ཟེར་བ་ནུབ་གླིང་ལ་བཅོས་འཚལ།།།