ཅོག་མྱི།
༼དེ་རིང་ཨ་སྐྱབས་དར་རྒྱས་ཀྱི་རྩོམ་འདིར་བལྟས་པ་ཡིན། ང་ཚོ་རང་ས་རང་ཐོག་ནས་རྒྱ་དང་ཁ་ཆེ་གཉིས་ཀྱིས་ཁྱི་སྤྱང་ངན་འབྲེལ་གྱིས་འདི་ལྟར་པགས་པ་དམར་རྗེན་ལ་བཤུས་པ་དེ་ལ་ཁོང་ཁྲོ་རབ་ཏུ་བླངས་པ་མ་ཟད། མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་དཔལ་འབྱོར་རིག་པའི་གནས་ལ་རྨོངས་ཏེ་བོད་ཀྱི་གདོད་མའི་འབྲོག་པའི་དཔལ་འབྱོར་གནས་སྟངས་ལ་ཇི་མི་སྙམ་པར་བཟོ་བཅོས་བརྒྱབ་པའི་ལས་ལེན་རེད་སྙམ་ནས་དེ་ཚོར་ཚིག་པ་གཡག་རོ་འདྲ་ཞིག་ཟོས་སོང་། བོད་ཀྱི་འབྲོག་པ་ལས་ངན་པོ། ང་ཚོར་རྩེད་སྤྱད་བྱེད་མཁན་རྒྱ་ཁ་ཆེ་མི་རིགས་ཙམ་མ་ཡིན་པར་བོད་ཀྱི་ཡོན་ཏན་པ་ཁ་ཤས་དང་བླ་སྤྲུལ་གྲྭ་གསུམ་ཁ་ཤས་ཡང་གདོན་མི་ཟ་བར་ཡིན། དེ་ལ་ང་ཚོས་སུན་འབྱིན་ཇི་ལྟར་བྱ་དགོས།༽
གཡག་རོག་རོག
ཨ་སྐྱབས་དར་རྒྱས།
མུན་རུབ་སོང་། མུན་དངོས་འབྲེལ་རུབ་སོང་། ལྟོས་དང་། ཟླ་འོད་མོག་མོག་ཅིག་ལས་མི་འདུག གྲང་ངར་ཆེ་ལ་ལྷགས་རླུང་ལྡང་བས། སྐར་ཚོགས་ཀྱང་གདུང་བས་གཟིར་གྱིན་གདའ། དགེ་འདུན་གྱིས་གཡག་རོག་རོག་ཅིག་ལྷས་རའི་ནང་ནས་བཙན་གྱིས་ཕྱི་རོལ་དུ་ཁྲིད།
ལྷས་རའི་ཕྱི་རོལ་དུ། དགེ་འདུན་གྱིས་རྒྱ་ཚོང་པ་དེ་ལ་ཁ་པར་ཞིག་བཏང་ཡང་ཁ་པར་ལ་སྙིང་རྗེ་སྤུ་ཙམ་མེད་པར་ “དགོངས་པ་མ་ཚོམས། ཁྱེད་ཀྱི་ཁ་པར་ནང་གི་སྒོར་མོ་ཚར་འདུག”ཅེས་སྒོར་མོ་ཟད་པའི་མུག་སྐད་སྒྲོག་གིན་འདུག
དགེ་འདུན་གྱིས་རང་གི་ཁ་པར་ནང་གི་སྒོར་མོ་ཟད་དེ་ཉིན་ཁ་ཤས་འགོར་ཟིན་པ་གཞི་ནས་དྲན། འདི་ནི་དགེ་འདུན་ལ་མཚོན་ན་ཆེས་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན་པས་ད་ལྟ་ཁོ་ལ་གོམས་ལོབས་སུ་གྱུར་འདུག
གཡག་རོག་རོག་ནི་ཆུང་དུས་ནས་དགེ་འདུན་དང་མཉམ་དུ་མེ་ཏོག་དང་ཆར་བའི་ཁྲོད། ཁ་བ་དང་གྲང་རླུང་གི་ནང་ནས་ལྷན་དུ་ནར་སོན་པ་ཡིན་མོད། ད་ལྟ་ཁོའི་འཚོ་གནས་ཀྱི་ཆེད་དུ་གཡག་རོག་རོག་བཤས་རར་ཕབ་དགོས་པས། དགེ་འདུན་གྱི་སེམས་སུ་སྙིང་རྗེ་སྐྱེས། མིག་ལ་མཆི་མ་འཁོར། ཁ་ནས་དངན་པ་ཤོར།
འོན་ཀྱང་དགེ་འདུན་ལ་འཚོ་གནས་ཀྱི་ཐབས་བཀོད་གཞན་ཡོད་དམ། ཁོ་ལ་ལག་རྩལ་མེད། ཤེས་རིག་མེད། འཇོན་ཐང་མེད། ཡོང་སྒོ་མེད། ཁོ་ནི་ནོར་དང་མཉམ་དུ་ནར་སོན་ལ། ནོར་དང་ལྷན་དུ་རྒས་སོང་།
ཟླ་འོད་ཁྲོད་དུ། དགེ་འདུན་གྱིས་རྐང་འཇབ་ལག་འཇབ་ཀྱིས་གཡག་རོག་རོག་ཁྲིད་དེ་རྫོང་མཁར་གྱི་བཤས་ཁང་འགྲམ་དུ་ཡོང་། བཤས་ཁང་གི་སྒོ་འགྲམ་དུ། རས་ཞྭ་དཀར་པོ་གྱོན་པའི་ཁ་ཆེ་བའི་ཚོང་པ་དང་། ཀོ་སྟོད་ནག་པོ་གྱོན་པའི་རྒྱ་ཚོང་བ་ཚོས་སྔ་མོ་ནས་དགེ་འདུན་འདྲ་བའི་ནོར་ལྐོག་ཚོང་རྒྱག་མཁན་ཚོ་བསྒུགས་ནས་འདུག མ་གཞི་དགེ་འདུན་གྱིས་ཁྲིད་འོང་བའི་གཡག་རོག་རོག་ནི་གཟུགས་བོངས་ཆེ་ལ་ཤ་ཤེད་བཟང་ཡང་། རས་ཞྭ་དཀར་པོ་གྱོན་པའི་ཁ་ཆེ་བའི་ཚོང་དཔོན་བཤས་ཁང་སྒོ་འགྲམ་གྱི་མེ་ཕུང་གི་གམ་ནས་ཚུར་འོང་ཏེ། གཡག་རོག་རོག་གི་རྒྱབ་ཐོག་ལ་ཁོའི་དཀར་ཞིང་རྒྱགས་པའི་ལག་པས་ཉུག་ཉུག་བྱེད་ཞོར།
“ཨ་རོགས། འབྲོག་པ་རྒད་པོ། གཡག་གི་ཤ་ཚོན་པོ་མ་རེད། སྒོར་ག་ཚོད་དགོས་”ཞེས་དྲིས།
“ལབ་མ་རྒྱག གཡག་བཤས་འབྲོང་འདྲ་བ་འདི་ནོར་བརྒྱའི་ཁྲོད་ནས་བཙལ་ཡང་རྙེད་དཀའ་”དགེ་འདུན་ལ་སྣང་དོགས་སྤུ་ཙམ་མེད་པར་དེ་ལྟར་ལབ།
“དྲང་མོར་ཤོད་ཡ། ངས་སྒོར་སྟོང་གཉིས་སྟེར་ག་འདྲ་རེད་”ཅེས་ཀོ་སྟོད་ནག་པོ་གྱོན་པའི་རྒྱ་ཚོང་པས་ཀྲུང་ཧྭ་རྟགས་ཅན་གི་ཐ་མག་སྔོ་ལྷོག་ལྷོག་འཐེན་ཞོར་གཡག་རོག་རོག་གི་རྒྱབ་ཏུ་རེག་ཞོར་དེ་ལྟར་ཟེར།
“དཔེ་མི་སྲིད། དཔེ་མི་སྲིད།” དགེ་འདུན་གྱིས་དེ་ལྟར་ལབ་ཀྱང་སེམས་སུ། ཚོང་དཔོན་གྱིས་རིན་གོང་འདི་འདྲའི་དམའ་མོ་ཞིག་ལབ་ཡོང་བ་ཡིད་ལའང་མ་ཤར།
སྡེ་མི་ཚོས་དཔྱིད་ལོ་སར་གྲ་སྒྲིག་བྱེད་ཀྱིན་ཡོད། དགེ་འདུན་གྱི་ཆུང་མ་རྫོང་སྨན་ཁང་དུ་ཡོད་པས་ཁོའི་ད་ལྟ་སྒོར་མོ་མང་པོ་ཞིག་གྲ་སྒྲིག་བྱེད་དགོས་པ་ཡིད་ལ་དྲན། དགེ་འདུན་ཡང་བསྐྱར་རས་ཞྭ་དཀར་པོ་གྱོན་པའི་ཁ་ཆེ་བའི་ཚོང་པ་དང་། ཀོ་སྟོད་ནག་པོ་གྱོན་པའི་རྒྱ་ཚོང་དཔོན་གྱི་གམ་དུ་བཅར་ཏེ།
“ཡ། ཚོང་དཔོན་ལགས། ཀུ་རེ་མ་རྩེ། དོན་ངོ་མ་ངའི་གཡག་འདིར་སྒོར་ག་ཚོད་སྟེར་ཐུབ་ཀྱིན་འདུག”
“སྟོང་གཉིས་དང་ཉིས་བརྒྱ།” ཁ་ཆེ་བའི་ཚོང་པས་དེ་ལྟར་བཤད།
དགེ་འདུན་གྱིས་ཕུ་ཐུང་ས་ལ་དྲུད་ཞོར་ཡང་བསྐྱར་ཁ་ཆེ་བའི་ཚོང་དཔོན་གྱི་གདོང་ལ་གཟབ་ལྟ་བྱས།
“འོ་ན། ཁྱོད་རང་གིས་གོང་ཞིག་ཤོད་དང་།” ཀོ་སྟོད་ནག་པོ་གྱོན་པའི་རྒྱ་ཚོང་དཔོན་གྱིས་དགེ་འདུན་གྱི་ཕུ་ཐུང་ནང་དུ་ལག་པ་བསྲིངས་བྱུང་།
“སྒོར་སྟོང་ལྔ་དགོས། ང་ད་རུང་ཁྱིམ་དུ་ལོག་དགོས་པས་རིན་གོང་ཆེས་སྟབས་བདེ་བྱས་པ་ཡིན།”
“མིན།”
“འོ་ན། སྒོར་སྟོང་གཉིས་དང་སུམ་བརྒྱ་སྟེར། བཙོང་རྒྱུ་ཨེ་ཡིན།”
“མིན། གཏན་ནས་མིན” དགེ་འདུན་གྱིས་མགོ་བོ་ཏྲ་རུ་གཡུག་གཡུག་བྱས།
ཁ་བ་མ་བབས་པའི་ཡར་སྔོན་གྱི་ཉིན་དེར། དགེ་འདུན་གྱིས་སྡེ་དཔོན་སྐྱབས་ལོ་ལ་དངུལ་སྐྱེད་མཐོན་པོ་བྱས་ཏེ་བསྐྱིས་པའི་སྒོར་མོ་དེས། ཁོའི་ཆུང་མའི་ལུས་ཟུངས་གསོ་ཆེད། ཀོ་སྟོད་ནག་པོ་གྱོན་པའི་རྒྱ་ཚོང་པ་ལ། ཤ་རྐང་ཡ་ཞིག་ལ་སྒོར་སྟོང་གཅིག་ལྷག་སྟེར། ཨ་ཙི། ད་ལྟ་ཁོའི་ངའི་གཡག་འབྲོང་འདྲ་བ་འདིར་སྒོར་སྟོང་གཉིས་མ་གཏོགས་མི་སྟེར་ཟེར། དགེ་འདུན་ཀོ་སྟོད་ནག་པོ་གྱོན་པའི་ཚོང་དཔོན་གྱི་གདོང་གི་ཉམས་དང་། བཤད་པའི་གཏམ་དེས་རང་ཉིད་ཀྱི་རྣ་བ་ལའང་ཡིད་མི་ཆེས་པར་གྱུར།
“ཨ་ཁུ་འབྲོག་པས་གཡག་བཙོང་རྒྱུ་མིན་པ་འདྲ།” ཞེས་ཁ་ཆེ་བའི་ཚོང་དཔོན་གྱིས་དེ་ལྟར་ལབ་ཞོར་མེ་ཕུང་གམ་དུ་ལག་པ་བསྲོ་རུ་སོང་།
“ཁྱོད་ཀྱིས་མི་བཙོང་ན། ང་ལ་ཡང་བཀོད་པ་མི་འདུག” ཀོ་སྟོད་ནག་པོ་གྱོན་པའི་རྒྱ་ཚོང་དཔོན་གྱིས་སླར་ཡང་ཐ་མག་རྐང་གཅིག་ལ་མེ་སྒྲོན་ཞོར་ཁོ་ཡང་མེ་ཕུང་གམ་དུ་སོང་།
འདི་ནི་བཤས་ཁང་སྒོ་འགྲམ་གྱི་ཚོང་པ་ཚོའི་འགྲོ་ལུགས་ཤིག་རེད། ད་ལྟ་བཤས་འཚོང་བྱེད་མཁན་གྱི་མི་ཚོས་དམར་ལྷབ་ལྷུབ་འབར་བའི་མེ་ཕུང་གི་འགྲམ་དུ་ཤོ་རྒྱན་བཞག་ནས་དགའ་བཞིན་འདུག དགོད་ཀྱིན་གདའ།
ཉིན་དེར། དགེ་འདུན་གྱིས་ཤ་རྐང་ཡ་ཞིག་ཉོས་ནས་ཁྱིམ་དུ་ལོག ཁོའི་ཡིད་ལ་ཆུང་མ་དྲན། ཆུང་མའི་སྐམ་ཅིང་རུད་པའི་ངོ་གདོང་ལ་སྐྱོ་བའི་འཛུམ་ཞིག་བསྡུས་འདུག་པ་དྲན།
ཡིད་ཕངས་པ་ཞིག་ལ། ཤ་ཉོས་རྗེས་དགེ་འདུན་གྱི་འཕྲུལ་རྟའི་ནང་གི་སྣུམ་ཟད་འདུག འོན་ཀྱང་དགེ་འདུན་ལ་སྣུམ་བླུག་སྤྱད་ཀྱི་སྒོར་མོ་མེད་པས་ལེ་དབར་ལྔ་ལྷག་ལ་ཡར་སྔོན་དང་འདྲ་བར་འཕྲུལ་རྟ་དེད་ནས་རྐང་ཐང་དུ་ཡོང་།
མཚན་མོ་དེར། ཆར་བ་བབས། ཆར་བ་ཤུགས་ཀྱིས་བབས་པས་དགེ་འདུན་གྱི་ལུས་ཡོངས་རློན་ཤུར་ཤུར་དང་། འདར་སུག་སུག་བྱེད། ཁོས་ནུབ་ཚལ་ཡང་བཏུང་མ་འདོད་པར་ངལ་དུབ་ཁྲོད་གཉིད་དུ་ཡུར། དགེ་འདུན་བཤས་ཁང་གི་སྒོ་འགྲམ་དུ་ཙོག་ནས་ཡར་སྔོན་གྱི་དོན་དག་ལ་དེ་ལྟར་ཕྱིར་དྲན་བྱས། བཤས་ཁང་སྒོ་འགྲམ་གྱི་མེ་ཕུང་དམར་ལམ་ལམ་བྱེད། མཚན་མོའི་དུས་ཚོད་བཞི་པ་ཡོལ་ཟིན།
ཟླ་འོད་མོག་མོག་དེ་གར་སོང་མི་ཤེས་ཀྱང་སྒོ་ཁྱིའི་ཟུག་སྐད་གཉོམ་པོ་ཞིག་རླུངགིས་ཁྱེར་ནས་དགེ་འདུན་གྱི་རྣ་འགྲམ་དུ་བསྐྱལ།
དགེ་འདུན་གྱི་མཁྲིག་མའི་མགོའི་དུས་ཚོད་འགྲོ་བ་ཧ་ཅང་མགྱོགས། ཧ་ཅང་མགྱོགས། དུས་ཚོད་ཀྱི་གོམ་འགྲོས་དང་བསྟུན་ནས་དགེ་འདུན་སྡོད་མི་ཚུགས་པར་བྲེལ་བ་ལང་། འཚུབ་ཆ་སྐྱེས། གྲང་རླུང་ངར་མ་དེས་དགེ་འདུན་གྱི་ལག་པ་དང་། རྐང་པ། ངོ་གདོང་བཅས་འཁྱག་སིབ་བེར་བཏང་། གྲང་ཤུར་ཤུར་བྱེད། དགེ་འདུན་འུ་ཐུག་སོང་།
དགེ་འདུན་མེ་ཕུང་གམ་དུ་བཅར་དེ་ཚོང་དཔོན་གཉིས་ལ་མིག་རིག་རིག་གིས་བལྟས་ཀྱང་ཁོ་ཚོས་དེ་ལ་ཁ་ཡ་མི་བྱེད་པར་དགེ་འདུན་གྱིས་མི་གོ་བའི་རྒྱ་སྐད་ཀྱི་ཁ་བརྡ་བྱེད་ཞོར་ཤོག་ཤོ་རྒྱག་གིན་འདུག
དགེ་འདུན་གྱིས་འདི་ལྟར་ཁ་རོག་གེར། ཁུ་སིམ་མེར་སྒུག་འདོད་ག་ལ་ཕོད། ད་ལྟ་ཁོས་བཤས་ཚོང་བྱེད་བཞིན་པ་དྲན་མ་ཐག་རྒྱུད་པ་འདར། ལག་པ་འཁོབ། སེམས་པ་སྐྱོ།
དགེ་འདུན་དང་འདྲ་བའི་འབྱོར་བ་ཞན་པའི་འབྲོག་པ་ཚོས་མཚན་མོའི་དུས་སུ། ནོར་རྣམས་ལྐོག་ནས་བཤས་ཚོང་བྱེད་མཁན་ཚོར་སྤྲོད་ཀྱིན་ཡོད།
ཡིད་སྐྱོ་བ་ཞིག་ལ། རས་ཞྭ་དཀར་པོ་གྱོན་པའི་ཁ་ཆེ་བའི་ཚོང་དཔོན་དང་། ཀོ་སྟོད་ནག་པོ་གྱོན་པའི་རྒྱ་ཚོང་དཔོན་ཚོས་ཀྱང་ད་ལྟ་སྤྱི་ཚོགས་ཐོག་གི་འགྲོ་ལུགས་ཤེས་པས། ཁོ་ཚོས་ནམ་གསལ་ཡོང་ན་དགེ་འདུན་གྱིས་གཡག་ཕྱིར་ཁྱིམ་དུ་དེད་འགྲོ་མི་ཕོད་པ་སྔོན་ནས་ཤེས་ཡོད།
དགེ་འདུན་ཆད་པ་ལ་སྐྲག་དགོས། མི་ཁ་ལ་དོགས་དགོས། སྡིག་པ་ལ་འཛེམ་དགོས།
གྲང་རླུང་ཤུར་ཤུར་དུ་ལྡང་། མུན་པ་ཧ་ཅང་ནག ནམ་གསལ་ལ་ཉེ།
བཤས་ཚོང་བྱེད་མཁན་ཚོའི་བློ་རིག་ཤིན་ཏུ་གསལ། ཚོང་ཧ་ཅང་རྒྱུག
དུས་དེར་དགེ་འདུན་འདྲ་བའི་ལྐོག་ཚོང་བྱེད་མཁན་ཚོར་འཇིགས་སྐྲག་ཆེ། ཁོམ་པ་མེད།
ཕར་བལྟས་ན། བཤས་ཉོ་མཁན་ཚོར་བྲེལ་བ་ཅུང་ཙམ་ཡང་མི་འདུག གཏན་ནས་མི་འདུག
དགེ་འདུན་འུ་ཐུག་ནས་ཀོ་སྟོད་ནག་པོ་གྱོན་པའི་རྒྱ་ཚོང་དཔོན་གྱི་ཕྲག་པར་ལག་པས་རྡེབ་ཙམ་བྱས། ཁོས་ཀྲུང་ཧྭ་རྟགས་ཅན་གྱི་དུ་བ་སྔོ་ལྷོག་ལྷོག་འཐེན་ཞོར་
“ཅི་རེད། གཡག་བཙོང་རྒྱུ་ཡིན་ནམ།”
“ཡིན། ཁྱོད་ཀྱིས་ངའི་ཁ་ངོ་ལ་བལྟས་ནས་སྒོར་བརྒྱ་བསྣན་ན་ཆོག་གམ།”
“ཆོག་གི འུ་གཉིས་ངོ་ཤེས་རྙིང་པ་རེད།”
“ཐུགས་རྗེ་ཆེ།”
“ཧ་ཧ། དེ་འདྲ་ལབ་ག་ལ་དགོས། འུ་གཉིས་ད་རུང་མུ་མཐུད་ནས་ཚོང་རྒྱག་དགོས།”
“ཡ་ཡ། གཞུག་ཕྱོགས་ཀྱང་ངས་ཁྱོད་བཙལ་ཡོང་།”
ཁོར་ཡུག་ཧྲིལ་བོ་ནག་རོག་གེར་འདུག དགེ་འདུན་མུན་ནག་ཁྲོད་དུ་གང་ཞིག་ལ་ཆས་སོང་།
དོན་དག་ངོ་མ་འདི་འདྲ་ཞིག་ཡོད་ན། སེམས་སྐྱོ་དགོས་པ་ཞིག་འདུག
འབྲི་གཡག་བཤས་འཚོང་བཀག་སྡོམ་བྱེད་པ་དང་མཉམ་དུ་འབྲོག་པ་ཚོར་དེ་ལས་གཞན་པའི་འཚོ་ཐབས་ལམ་སྲོལ་ཞིག་གསར་དུ་བསྐྲུན་ཐུབ་ན་ཧ་ཅང་བཟང་བར་མཐོང་།
ཕུགས་འཕེར་རང་བཞིན་གྱི་དཔལ་འབྱོར་གྱི་ཡོང་སྒོ་འཚོལ་བའི་ཐབས་ལམ་གཞན་དག་ཅིག་བསྟན་རྒྱུ་མེད་ན། མར་ཕྱུར་འོ་མ་གཅིག་པུས་འབྲོག་པ་རྒན་པོའི་དཀའ་སྡུག་གི་འཚོ་བའི་ཁ་གསོ་མི་ནུས་པ་གོང་གི་སྒྲུང་དེེས་བསྟན་འདུག
གཅིག་གིས་གཅིག་ལ་དགག་པ་བྱེད་རྒྱུ་གཙོ་བོར་མི་འཛིན་པར་འབྲོག་པ་ཚོར་དཔལ་འབྱོར་ཡོང་སྒོ་འཚོལ་ཐབས་ཀྱི་ལམ་ཁ་བཟང་པོ་དེ་འདྲ་གསུང་ཐུབ་ན་ཧ་ཅང་ཡག་པོ་རེད།
རྩོམ་ཡིག་འདིས་སྟན་དོན་ག་རེ་ཡིན་ན་མིན་ན་ཅོག་མྱི་ཟེེ་བ་འདིས་བེད་སྤྱོད་ལོག་པ་བཏང་ནས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་རྒོལ་བའི་ས་བོན་ཞིག་དཀྲུན་འདུག བྱ་སྤྱིད་འདི་ནི་དགོད་སྐྱེད་གཅིག་རེད། མཁན་པོ་ཚུལ་བློས་འབྲོག་པ་ཚོས་ཤ་མ་ཟ་ནོར་མ་ཚགས་ནམ་ཡང་གསུངས་མེད། ཁོང་གིས་གང་གསུངས་པ་ནི་བཤས་ཚོང་མ་བྱེད་ཟེར་བ་འདི་རེད། མ་ཤེས་རྨོངས་པའི་དབང་དུ་སོང་བ་ཚོར་གསལ་འདེབས་ཤིག་བྱས་པ་ཡིན་གྱི་ཕྲག་དོག་དང་ཕྱོགས་རིས་གདོན་གྱིས་ཟིན་པ་དག་ལ་ནི་གང་ཡང་བཤད་འདོད་མེད། གང་ཡིན་ཟེར་ན་མཁས་དབང་དགེ་ཆོས་ཀྱིས། མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་འདི། །དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།། ཅེས་གསུངས་པ་ལྟར་ཁོ་ཚོ་ལ་གསལ་བཤད་བྱས་ཀྱང་ཕན་ཐོག་མེད་པས་སོ།
དགེ་བཅུའི་ཁྲིམས་ཀྱིས་བོད་མི་དམངས་ཉལ་ས་འཕངས་བཞག
རྣོ་ལྕགས་ངར་མ།
གསེར་རྟའི་ཚུལ་བློ་སོགས་ཀྱི་མཚོན་ཏེ་ཆོས་ལུགས་པ་སྐོར་ཞིག་གིས། ཁྱི་སྤྱང་ངན་འབྲེལ་བྱས་ནས། དགེ་བཅུའི་ཁྲིམས་ཟེར་བའི། ལྐོག་ཇུས་ཤིག་འཐེན་གི་ཡོད་རབས་བཤད། ཚོགས་པ་དེའི་དམིགས་ཡུལ་ནི་ཁམས་ཁུལ་གྱི་དགོན་པ་དག་ནས་མགོ་བརྩམས་ཏེ། བོད་ཀྱི་དགོན་པ་སོ་སོ་ལ་ཤ་འདྲེས་པགས་འདྲེས་བྱ་རྒྱུ་རེད་ཟེར་ཡ་ཞིག་ལོ་དུ་མའི་སྔོན་ནས་ཚོར་མྱོང། ངས་ནི་དེ་དག་ཧ་ལས་དགོས་པ་དང་། ཧང་སང་དགོས་པའི་ངན་ཇུས་ཤིག་ལ་ལྟ་མ་ཐུབ། ཅུང་མ་འགོར་བར་ང་ཚོའི་ཕ་ཡུལ་ནས་ལྐོག་ཇུས་དེ་ལག་ལྟར་བྱེད་འགོ་ཚུགས། ལྐོག་ཇུས་ཀྱི་ནང་དོན་ནི་འདི་ལྟ་སྟེ།
“ནང་དམེ་བྱེད་པ” “མཚོན་ཆ་བཏེགས་པ” “བཤས་ཚོང་གཉེར་བ” སོགས་ཀྱི་སྒྲོམ་གཞི་ཆེན་པོའི་བཞིའི་འོག་ནས། དགོན་པ་རང་གི་དགོས་མཁོ་ལྟར། “དབྱར་རྩ་རྐོ་བ”། “སྨད་ཚོང་མར་བསྟེན་པ” “རྩ་རྭ་སྐོར་བ”། “ཤིང་གཅོད་པ” “གྲྭ་ལོག་བྱེད་པ” ད་དུང་གོ་ཐོས་ཤིག་ལ“ཐུབ་བསྟན་དང་མི་མཐུན་པའི་རྩོམ་ཡིག་སྤེལ་བ”སོགས་ཀྱང་། ལྐོག་ཇུས་དེའི་ཁོངས་སུ་བསྡུས་ཡོད་རབས་བཤད། གོང་གི་ཁྲིམས་དེ་དང་འགལ་ཚེ། སྒོར་མོ་འབོར་ཆེན་གྱི་ཆད་པ་གཅོད་པ། ས་གནས་དེ་གའི་དགོན་པའི་བཀའ་ཁྲིམས་འོག་ནས་དགོན་པ་ལ་ལས་ཀ་ལས་དགོས་པ། སྐེ་ལ་ཤོག་བྱང་སྐོན་པ་སོགས་ཀྱིས། མི་ཆོས་ལས་འདས་པའི་གཉའ་གནོན་དང་བཙུར་གནོན་བྱེད་ཀི་ཡོད་རབས་གོ། ཉེས་མེད་ཀྱི་མི་དམངས་དག་གིས་རྩ་རྐང་གཅིག་བཅགས་བཞག་ན། ཆོས་སྐྱོང་དང་དམ་ཅན་གྱིས་སྙིང་ཁྲག་བཞེས་འགྲོ་རབས་ཀྱི་འཇིགས་བསྐུལ་མཐའ་ཡས་པ་ཞིག་གཏོང་གི་ཡོད་པ་དེ། མི་དམངས་ཀྱི་གློ་སྙིང་མཆིན་གསུམ་ཁྱི་ལ་འཕངས་བ་རེད།
2སངས་རྒྱས་ཆོས་ལུགས་ལོ་ངོ་ཉིས་སྟོང་ལྷག་ལ་ཟས་ངན་ངོན་དང་གོས་ཀྱི་འཚོ་བའི་འོག་ནས་ད་ལ་ཐུག་ན། ད་ནི་ཁོ་ཚོས་ཀྱང་རྩམ་འཁྱག་ཆུ་འཁྱག་གི་སྡུག་ཐུག་གི་འཚོ་རོལ་ནས་འདུག་མ་འདོད་པས་ལོས་ཡིན། ཁོ་ཚོས་ཀྱང་བོད་མི་དམངས་ཀྱི་གོ་ས་ངེས་ཅན་ཞིག་འཛིན་པའི། སངས་རྒྱས་ཆོས་ལུགས་བེད་སྤྱད་དེ་སྒེར་གྱི་ཁེ་ལས་གཉེར་བ་རེད། དེ་ནི་སངས་རྒྱས་ཆོས་ལུགས་ནས་བཤད་པའི་དུས་ངན་སྙིགས་མའི་དུས་ལ་ཐུག་པ་ལོས་ཡིན་འདོད།
ཕྱོགས་གཞན་ཞིག་ནས་གླེང་ན་མཁན་པོ་ཚུལ་བློ་བསྔགས་ཆོག་ཆོག་གི་དུས་རབས་ཉེར་གཅིག་གི་གྲྭ་བཙུན་ཞིག་ལ་ངོས་འཛིན་ཡོད། དགེ་བཅུའི་ཁྲིམས་ཀྱི་སྟེང་ནས་གུ་ཡངས་གནང་ཐབས་བྲལ་ལ། དེ་ལས་ལྡོག་སྟེ་མཐའ་གཅིག་ཏུ“རྒོལ་བ་བྱེད་མཁན་ཐོག་མའི་གྲས་ཡིན”། རང་ཐུབ་བསྟན་ལ་དད་མཁན་ཉི་ཚེ་བ་ཞིག་ཡིན་སྟབས། ཐུབ་བསྟན་གྱི་སྐྱེས་བུ་སྒེར་གྱིས་ཁེ་ཕན་གཉེར་བ་ནི། ཅི་འདྲའི་བཟོད་དུ་མི་ཐུབ་པའི་ན་ཟུག་ཅིག་རེད་ཨང་།དད་མོས་སྐྱེས་བུ་སྒེར་གྱི་རང་དབང་གི་འདམས་ཀ་ཞིག་ཡིན་སྟབས། ཆོས་ཁྲིམས། སྲིད་ཁྲིམས། བཙན་ཁྲིམས་སོགས་བཙན་གྱིས་མགོ་ལ་འཇོག་པ་ནི། རྦད་དེ་འགལ་བའི་གནས་སུ་འདུག གསེར་རྟ་ནས་དར་ནས་རྩ་བ་རྒྱས་ཤིང་བོད་ཀྱི་དགོན་སྡེ་ཕལ་མོ་ཆེ་ན་རྩེ་མོ་ཚུགས་པའི་དགེ་བཅུའི་ཁྲིམས་ནི། བོད་མངས་ཡོངས་ཀྱིས་དམངས་གཙོས་འོག་ནས་ཐག་བཅད་པ་ཞིག་ལར་ནས་མ་རེད། དགོན་འཁྱོག་ཉི་ཚེ་བ་ཞིག་གི་སྒེར་གཅོད་པ་ཁ་ཤས་ཤིག་གིས་མི་དམངས་སྐྲག་གིན་པའི་ཆོས་དམ་ཚིག་བེད་སྤྱད་དེ་ཆོས་ཀྱི་སྒོ་མོ་རྒྱག་པའི་སྲོལ་བཙུགས་པ་རེད། ཆབ་སྲིད་པས་འཇམ་དཔལ་དབྱངས་ཀྱི་རལ་གྲི་བཟུང་ནས་མི་གསོད་པ་དང་། ཆོས་ལུགས་པས་ཆབ་སྲིད་པའི་གདོང་འབག་གྱོན་ནས་གར་ཁྲབ་པའི། སྤྱི་ཚོགས་རྙིང་བའི་གར་མཁན་འདི་དག་གི་གྲིབ་རིས་ད་དུང་བོད་ཀྱི་སྤྱི་ཚོགས་དང་ཁ་བྲལ་ཐུབ་མེད་པ་དེ། སྐྲག་དགོས་ས་ཞིག་རེད། མཁན་པོ་ཉི་ཚེ་བ་ཞིག་གིས་དགེ་བཅུའི་ཁྲིམས་ སངས་རྒྱས་ཀྱི་བཀའ་དང་ལུང་ལ་སྦྱར་ནས། ཆོས་ཀྱི་སྒོ་མོ་རྩད་ནས་རྒྱག་འཇོག་རབས་ཀྱི་རྫིག་རྫིག་རྔམ་རྔམ་གྱིས་བོད་དམངས་ཡོང་ལ་འཇིགས་བསྐུལ་གཏོང་བ་དེ། འགྲོ་མིའི་དད་མོས་ཀྱི་ཞིང་ས་ལ་དུག་དྲངས་བའི་ཚོད་དུ་འདུག འུ་ཚང་ཆེན་པོ་དག་གནས་ལུགས་དང་དྲང་བདེན་གྱི་སྐམ་དྲགས་པས། དགེ་བཅུའི་ཁྲིམས་ཀྱི་བཟང་ཕྱོགས་རྐྱང་རྐྱང་ནས་དཔའ་དར་འཐེན་པ་ལས། ལྡོག་ཕྱོགས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་ཤོད་ཀི་མེད་པ་དེ། “ལྟ་ལོག” “བསྟན་དགྲ” “འདྲེ་སྲིན་པོ”སོགས་ཀྱི་མིང་ངན་འདི་ཁུར་ན་མ་འདོད་པས།མྱི་ཁ་ལ་གཡོལ་ཐབས་བྱས་པ་ཙམ་རེད།
ཡི་གེ་འདི་འདྲ་ཞིག་གང་སར་གཏོང་བཞིན་འདུག འོན་ཀྱང་རང་ངོས་ནས་བྱས་ན་མཁན་པོ་ཚུལ་བློའི་དགོངས་ཚུལ་ལ་ཡག་པོར་མཐོང་འོན་ཀྱང་འཇིག་རྟེན་མི་ནག་པ་ལ་དེ་འདྲ་ཁག་པོ་རེད་བསམ།
གོང་གི་མི་དེས་དགེ་བཅུའི་ཁྲིམས་ཞེས་པ་ཅི་ཡིན་ཙམ་ཡང་ཤེས་མི་འདུག་པས་མུན་ནག་མདའ་འཕེན་གྱིས་མཁན་པོ་ཚུལ་བློ་སོགས་ལ་རྒོལ་བ་ནི་ཕྱོགས་ཞན་ཅན་ཚོའི་རང་གཤིས་ངན་པ་དེ་ལྷང་ལ་བུད་པ་མིན་ན་ཅི། ད་དུང་གཅིག་གོ་གཉིས་ཐོས་ཞེས་པ་ཙམ་ལས་ཁུང་འཕེར་གྱི་སྐད་ཆ་ཅི་ཡང་མི་འདུག་པས་འདི་འདྲ་ལ་ཡིད་ཆེས་བྱེད་མཁན་ཡོད་ན་སྨྱོན་པ་ཡིན་རྒྱུ་རེད། བོད་པ་ཚོས་རང་རིགས་དང་རིག་གཞུང་ལ་ཞེན་པ་དཀར་བའི་མི་བུ་རེ་ཟུང་བྱུང་ན་དེའི་ཡོན་ཏན་ཡོད་ཚད་ལ་བསམ་བློ་ཅི་ཡང་མེད་པར། སྐྱོན་ཆུང་ཙག་རེའི་སྣེ་མོ་བཟུང་སྟེ་རྐང་པ་ནས་འཐེན་གང་ཐུབ་བྱེད་སྟངས་འདི་ཚོ་མཐོང་ཡོང་དུས། རྒྱ་གུང་ཕྲན་གྱི་དཔོན་པོ་ཚོས་བོད་པ་ལ་མི་འཇོན་ཐང་ཅན་འཚར་ན་ང་ཚོས་དེ་ཙམ་དོ་སྣང་བྱེད་མི་དགོས་ཁོ་རང་ཚོས་མེད་པ་བཟོ་ཡི་རེད། ཤིན་ཅང་ལ་མི་འཇོན་ཐང་གཅན་བྱུང་ན་ང་ཚོས་ངེས་པར་དུ་དོ་སྣང་བྱེད་དགོས་ཞེས་བཤད་མྱོང་བ་རེད་ཟེར་བ་འདི་ཡང་ཉམ་མྱོང་ཅན་གྱི་སྐད་ཆ་ཞིག་ཅི་ལ་མིན་བསམ་པ་ཞིག་རེད།
ལུང་རྟོགས་ལགས་ཇེ་ལྐུགས་ནས་ཇེ་ལྐུགས་རེད། བཤས་ཚོང་མ་བྱེད་ཟེར་ཡ་དེ་འབྲོག་ཁུལ་ནས་སྒོ་ཕྱུགས་ལུག་དང་ནོར་རེད་མ་གཏོགས་དེ་ལས་གཞན་པའི་མི་བཤའ་བའམ་ཁྱི་བཤའ་བ། ཡང་ན། རྟ་དང་བོང་བུ་བཤའ་ཡ་ཞིག་ཡོག་མ་རེད། ལོ་རེར་ལུག་ནོར་གང་འཚམས་མ་བཙོང་བར་འཚོ་བའི་ཡོང་ཁུངས་གང་དུ་ཡོད་རེད།
ལུང་རྟོགས་་་་ཁྱོད་ཀྱིས་ཚུལ་བློ་ལ་དགའ་མདོག་དང་གུས་མདོག རྒྱབ་རྩ་ལངས་མདོག་མདོག་བྱས་བསྡད་པ་དེ་ཚོ་རྫུན་ཡིན་པ། བླ་རུ་ཚང་དང་ཡེ་ཤུ་ཚང་གཉིས་ཀྱི་བར་དུ་དཀྲུགས་ཤིང་བརྒྱབ་ནས་ནུས་ཕྱོགས་སུ་བླ་རུ་ཚང་མགོ་འབུད་སར་མེད་པ་ཞིག་བཟོ་ཆེད་དུ་འབད་བརྩོན་བྱས་མཁན་ཁྱོད་གཅིག་ཡིན་པ།
བོད་མི་རིགས་ཀྱི་ལས་དབང་ཐུར་རུ་རྒུད་འགྲོ་བའི་བྱ་བ་ཞིག་ཡིན་ན་རྒྱལ་བཙོང་བ་ཁྱོད་ཀྱིས་རྒྱབ་རྩ་བྱེད་རྐྱང་རེད། བོད་ཀྱི་འབྲོག་པ་རྩ་མེད་བཟོ་ཐུབ་པའི་མཐུན་རྐྱེན་བསྐྲུན་པའི་ལུགས་ངན་དེ་ནི་བོད་མི་རིགས་རྩ་མེད་གཏོང་ལ་དགའ་བའི་རྒྱལ་བཙོང་བ་ཁྱོད་ལ་སྨན་མཆོག་ཞིག་ལུས་ཡིན།
ཉོན་ཨ་་་་་ཏྲེའུ་ཤིང་ཁོག་ལུང་པའི་ནང་དུ་ཁྱིམ་ཚང་གཅིག་སྟོང་ལྔ་བརྒྱ་དང་ཉིས་སྟོང་མ་ཟིན་ཙམ་ཡོད། ཚུལ་བློ་གསེར་ཁྲིའི་ཐོག་ཏུ་མ་བསླེབས་པའི་སྔོན་དུ་ཁྱིམ་ཚང་རེས་ཕག་པ་གཅིག་ནས་གཉིས་རེའི་བར་དུ་གསོ་ཡི་རེད། སྡོམས་ན་ཕག་པ་༢༠༠༠་ལྷག་གསོ་ཡི་རེད།
ཕག་པ་གསོ་དུས་ལྟོ་ལྷག ནས་རྙིགས། སྲན་རྙིགས། མིའི་བཟའ་མི་འོང་པའི་ཟས་རིགས་དང་འབྲུ་རིགས་ཀྱིས་གསོ་ཡི་རེད། ཕག་པ་རེ་ལ་ཕག་ཤ་རྒྱ་མ་བརྒྱ་ཡོད་པར་བརྩིས་ན་2000*100=200000 ལོ་གཅིག་གི་ཕག་པའི་ཡོང་འབབ་ཕག་ཤ་རྒྱ་མ་འབུམ་གཉིས་ཙམ་རེད། ཕག་ཤ་སྒོག་མོའི་ཐོག་ཏུ་ཕབ་ན་དེང་སང་ཕག་ཤ་རྒྱ་མ་གང་ལ་རྒྱ་སྒོར་བཅུ་ཡིན་ན་སྡོམས་རྒྱ་སྒོར་ས་ཡ་གཉིས་རེད།
ཏང་གི་གོང་མ་ཆེན་པོ་ཞིན་ཅན་ཕིང་གིས་ཕག་གསོའི་ཁྱད་ལས་སློབ་སྦྱོང་བྱས་མྱངས་བ་དེ་ལ་ཡིད་སྨོན་ཤོར་གྱི་ཡོད། འབངས་མི་སེར་སྐྱོང་བའི་བསམ་བློ་ཡོད་པའི་མི་ཞིག་ཡིན་ན་མི་དམངས་ཀྱི་འཚོ་གནས་རྩ་བའི་རྩེ་ལ་བཞག་དགོས་ངེས་རེད། ཕག་པ་ཟེར་བ་དེ་ནི་མི་དམངས་དུང་ཕྱིར་མང་པོའི་འཚོ་རྟེན་གལ་ཆེན་ཞིག་ཆགས་ཡོད་པ་ནི་མིག་མཐོང་ལག་ཟིན་རེད།
ཚུལ་བློ་གསེར་ཁྲིད་སྟེང་དུ་ཕེབས་ནས་ཏྲེའུ་ལུང་པའི་ནང་དུ་ཕག་པ་གཅིག་ཀྱང་མཐོང་ཡ་མེད་པ་ཆགས་ཡོད་པ་དངོས་ཡོད་གནས་ཚུལ་ཡིན། མ་ཟད་ར་ལུག་ཡོངས་རྫོགས་ཚེ་ཐར་བཏངས་ནས་རི་ལ་བརྒྱབ་ཚར་བ་རེད། ར་ལུག་ཡང་ཕར་ཆེན་མཐོང་ཡ་མེད་པ་ཆགས་འདུག
འཛམ་གླིང་ཐོག་གི་འབྱོར་ལྡན་རྒྱལ་ཁབ་ཨ་རི་དང་རྒྱ་ནག་གཉིས་ཕག་པ་མང་ཤོས་གསོ་མཁན་གྱི་རྒྱལ་ཁབ་གཉིས་རེད། ཕག་པའི་ཡོང་འབབ་མང་ཤོས་ཡང་རྒྱལ་ཁབ་འདི་གཉིས་ཀྱིས་ལེན་གྱི་ཡོད་རེད།
ཉོན་ཨ་་་་འཛམ་གླིང་ཐོག་ཏུ་རིན་ཐང་ཆེ་བའི་ཤ་ཡག་ཤོས་བོད་ཀྱི་ཉ་ཤ་རེད་བསམས་ཀྱི་ཡོད། བཅུད་ཆེ་བ། ཞིམ་པ། ལུས་པོ་ལ་ཕན། འགྲོ་བ་མིའི་ལུས་ཁམས་གསོ་རྐྱེན་གྱི་ཟས་མཆོག་ཞིག་རེད། སོ་སོའི་ཉ་ཤ་སོ་སོའི་མི་ལ་བཟའ་མ་བཅུག ལྟོ་ཞིམ་པོ་ཁ་ལ་བཞག་ནས་གྲོག་ཡོད་པར་ཕུད་རྒྱག་པ་འདི་ལས་ལྐུགས་རྟགས་ཚ་བ་ཞིག་ག་རེ་ཡོད་དམ།
སྡིག་པ་མེད་པའི་ཟས་ཤིག་གོ་ལ་འདི་རུ་མི་འདུག་པས་ཡོད་ན་སྟོན་རོགས་བྱོས། ངས་ཀྱང་སྡིག་པ་མེད་པའི་ཟས་ཤིག་བཟའ་འདོད་ཡོད། ཏིང་ངེ་འཛིན་གྱི་ཟས་ནི་ཁྱོད་ཚོས་ཡང་བཟའ་མི་ཤེས། ངས་ཀྱང་མི་ཤེས། དེ་ལས་གཞན་པའི་སྡིག་པ་མེད་པའི་ཟས་ཤིག་ཡོད་ན་སྟོན་གནོང་རོགས་བྱོས།
མགོ་ཤིག་ཙ་རེ། རྐུབ་སྐྱག་པ་ཙ་རེ། ལུས་དྲི་མ་ཙ་རེ། ལྷ་སྒྲུང་གི་ཞིང་ཁམས་སུ་རྨོངས་དད་ཀྱི་གཉིད་ལ་ཤོར་བའི་མི་རིགས་འདིས་འཕྲོད་བརྟེན་མ་ཤེས་པ་དང་། ཟས་བཟའ་མ་ཤེས་པ་སོགས་ཕྱོགས་མང་པོ་ནས་རྗེས་ལུས་ཡོད་དུས་་་རྒད་མ་རན་གོང་ནས་རྒད། ཤི་མ་རན་གོང་ནས་ཤི་འགྲོ་ཡི་ཡོད། སྐད་ཆ་འདི་དག་དངོས་ཡོད་གནས་ཚུལ་ཡིན། བྱམས་སྙིང་རྗེ་ཡི་དྲི་མ་ཙམ་ཡོད་པའི་མི་ཞིག་ཡིན་ན་བོད་མི་རིགས་ཀྱི་སྡུག་གི་ཁུར་བོ་འདི་ལ་བསམ་གཞིག་རེ་གནོང་རོགས་བྱོས།
ཀར་བློ། ཁྱོད་རང་གིས་བཤས་ཚོང་ཟེར་བ་དེའི་གོ་དོན་ཤེས་ཀྱི་མེད་པ་འདྲ། བཤས་ཚོང་ཟེར་བ་ནི་སྒོ་ཕྱུགས་བཤས་རར་བཙོང་བ་ལ་ཟེར་བ་རེད། ལྷག་ཏུ་རྒྱ་མི་བཤས་ཉོ་བ་ཚོས་སྒོ་ཕྱུགས་མ་བསད་སྔོན་ནས་མནར་གཅོད་ཚད་ལས་བརྒལ་བ་གཏོང་གི་ཡོད་པས་དེ་ནི་འགྲོ་བ་མིའི་བཟང་སྤྱོད་དང་འགལ་བ་རེད། ནོར་ལུག་བཤས་རར་མ་བཙོང་ཡང་གསོན་ཚོང་བྱེད་ས་ག་ཚད་དགོས་དགོས་ཡོད་རེད། ཡང་ན་རང་ཉིད་ཀྱིས་བཤས་ནས་ཤ་བཙོང་ན་ཡང་འགྲིག་གི་རེད།
ཅོ་རི། ཁྱོད་ཚོ་ཚེ་འདིའི་འཚོ་གོས་ཙམ་ལས་རྒྱུ་འབྲས་དང་བཟང་སྤྱོད་སོགས་གང་ལ་ཡང་བསམ་བློ་གཏོང་མི་དགོས་མཁན་ཚོར་བཤས་ཚོང་བཀག་པ་དེས་གནོད་ཡོད་ན་སྡུག་གྱོང་རེད་ཟེར་རྒྱུ་ཡིན། ང་ཚོ་ནང་ཆོས་ཁས་ལེན་མཁན་དང་ཚེ་སྔ་ཕྱི་ལས་རྒྱུ་འབྲས་འདོད་མཁན་འགྲོ་བ་མིའི་བཟང་སྤྱོད་མཁོ་མཁན་གྱི་གངས་ཅན་བོད་པ་ཚོས་བཤས་ཚོང་བཀག་པ་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེས་བོད་མི་རིག་ཀྱི་ལས་དབང་ཐུར་དུ་རྒུད་པ་ཁས་ལེན་གྱི་མེད་ལ་འབྲོག་པ་རྩ་མེད་འགྲོ་བ་ཡང་ཁས་ལེན་གྱི་མེད། འབྲོག་པ་རྩ་མེད་བཟོ་མཁན་ངོ་མ་ནི་རྒྱ་གཞུང་གི་འབྲོག་པ་གནས་སྤོའི་སྲིད་ཇུས་ཡིན་ཡང་དེ་ལ་ནི་ཁྱོད་ཚོས་ཚིག་གཅིག་བཤད་ཕོད་ཀྱི་མེད། ཏྲེ་ཧོར་ལུང་པས་ར་ལུག་རི་ལ་རྒྱབ་ཕག་པ་རྩ་མེད་བཟོས་ཡོད་ན་དེ་ཁོ་རང་ཚོས་འདོད་མོས་ཡོད་པའི་ཐོག་ནས་བྱས་པ་ལས་མཁན་པོ་ཚུལ་བློས་མེ་མདའ་ཁྱེར་ནས་དེ་ལྟར་བྱེད་དགོས་པའི་བཙན་བཀའ་བཏང་མེད། ལར་ནས་དེང་སང་བོད་ནང་ལ་དཔལ་འབྱོར་ཡར་རྒྱས་ཆེན་པོ་འགྲོ་གི་འདུག་ཟེར་མཁན་ལས་དགེ་བཅུའི་ཁྲིམས་ཀྱིས་བོད་པ་དབུལ་ཕོངས་ཆགས་འདུག་ཟེར་མཁན་ཞིག་མཐོང་མ་སོང་། ཤ་ཟས་ཀྱིས་འཕྲོད་བསྟན་ལ་ཕན་པར་བཤད་མཁན་གྱི་ཚན་རིག་པ་མེད་ལ་སྨན་པ་ཡང་མེད། དེ་ལྟར་བཤད་མཁན་ནི་འཕྲོད་བསྟན་མི་ཤེས་པའི་ཤ་རྔམ་ཅན་གྱི་སྲིན་པོ་ཁྱོད་ཚོ་རེད། རྒས་མ་རན་གོང་ནས་རྒས་འགྲོ་མཁན་དང་ཤི་མ་རན་གོང་ནས་ཤི་འགྲོ་མཁན་ཡང་ཁྱོད་ཚོ་ཡིན་རྒྱུ་རེད། བྱམས་སྙིང་རྗེའི་དྲི་ཙམ་ཡོད་པའི་མི་ཞིག་ཡིན་ན་འགྲོ་བ་མིའི་འདོད་རྔམ་དང་དབང་ཡོད་ཀྱི་འོག་ནས་མ་ཤི་གསོན་དམྱལ་མྱང་བའི་ཉམ་ཆུང་དུད་འགྲོ་ཚོའི་སེ་སྲོག་སྐྱབས་རོག རྟག་ཏུ་ཉམ་ཆུང་གི་རྒྱབ་ལང་བྱེད་མཁན་ཡིན་ཞེས་ཁ་ཕོ་ཆེན་པོ་སྒྲོག་མཁན་ཚོས་ཉམ་ཆུང་དུད་འགྲོའི་ཚེ་སྲོག་ལ་རྡོག་རོལ་བཏང་བ་ཡིན་ན་དེ་ནི་ཁ་ཁོག་མི་མཚུངས་མི་ངན་ཞིག་ཡིན་པའི་རྟགས་མཚན་ལས་གཞན་ཅི་ཡང་མིན།
རྣམ་དཔྱོད་ཀྱིས་ས་རྒྱ་བཅད་མ་ཐུབ་མཁན་གྱི་མི་ཁྱོད་ཚོས་སྐད་ཆ་འདི་རེད་བ་་་་ཨོ་་་་ཧཧཧཧ་་་་་ལུག་རྟོག་ལགས། དབྱར་རྩྭ་དགོན་འབུ་དང་སྨན་རྩྭ་བཟའ་མཁན། གཏེར་ཆུ་འཐུང་མཁན་བོད་ཀྱི་གཡག་གི་ཤ་ཡི་བཅུད་ལ་ལུས་རྩལ་དྲུག་རྒྱས་པའི་རྫས་ཤིག་ཡོད་རེད། རྫས་དེའི་མིང་ལ་་་ཨེན་སྐད་ཐོག་Creatineཟེར་བ་ཞིག་ཡོད་རེད། མིའི་ལུས་ལ་muscleསྐྱེས་རྐྱེན་ཟས་བཅུད་གལ་ཆེ་ཞིག་གཡག་ཤའི་ནང་དུ་ཡོད་རེད། ལྷག་པ་ཏུ་ཤུགས་ལས་བྱེད་མཁན་གྱི་མི་རྣམས་ལ་ཟས་བཅུད་འདི་མེད་ན་ལུས་སྟོབས་རྒྱས་ཐུབ་ཀྱིན་མ་རེད།
ཤིང་ཐོག་དང་སྔོ་ཚོད་ནང་དུ་ཡོད་པའི་ཟས་བཅུད་དེའི་མིང་ལ་proteinཟེར་གི་རེད། གནམ་གཤིས་དང་ལས་ཀ་སོགས་ཕྱོགས་གང་ལ་བལྟས་ན་མཐོ་སྒང་བོད་ལ་འཚོ་གནས་བྱེད་མཁན་མི་རྣམས་ཀྱི་ལུས་ལ་ཤ་རྒོད་སྐྱེས་པ་དང་གཟུགས་གཞི་བདེ་ཐང་ཡོངས་དགོས་ན་ཤའི་བཅུད་ངེས་པ་ཏུ་དགོས་ངེས་རེད།།
ལུག་རྟོག་་་ལགས། ཅོ་རིས་ཉམ་ཆུང་གི་རྒྱབ་ལངས་བྱེད་ཀྱི་ཡིན་ཟེར་བ་ལ་ས་མཚམས་ཤིག་ཡོད། འགྲོ་བ་མིའི་རིགས་ཀྱི་ཉམ་ཆུང་ཚོའི་རྒྱབ་ལངས་བྱེད་སེམས་ཡོད་པ་ལས་ཉམ་ཆུང་དུད་འགྲོ་དང་འབུ་གྲོ་མའི་རྒྱབ་ལངས་བྱེད་ཀྱི་ཡིན་ཟེར་གྱི་མེད། འཚེ་མེད་ཞི་བདེའི་ལྟ་གྲུབ་ལ་ཡང་ས་མཚམས་ཤིག་ཡོད། འགྲོ་བ་མི་དང་མིའི་བར་ལ་འཚེ་མེད་ཞི་བདེའི་ལྟ་གྲུབ་འཛིན་ཐུབ་འི་རེ་བ་མ་གཏོགས་གཅན་ཟན་ཚོའི་མཉམ་དུ་འཚེ་མེད་ཞི་བདེ་ཡི་ལྟ་གྲུབ་འཛིན་གྱི་མེད། ཁྱོད་ཤི་ང་གསོན་རེད་བསམས་ཀྱི་ཡོད།
ཧཧཧ རྣམ་དཔྱོད་ཀྱི་ས་རྒྱ་བཅད་ཐུབ་མཁན་ཚོའི་སྐད་ཆ་བཤད་སྟངས་འདི་འདྲ་ཡིན་ན་སྐྱོ་བ་ལ། འོ་ན་ཕྱིའི་རྒྱལ་ཁབ་ཀྱི་ཤུགས་ལས་བྱེད་མཁན་མི་རིགས་ཚོ་ལུས་སྟོབས་སྐྱོ་པོ་རྐྱང་རྐྱང་ཡིན་རྒྱུ་རེད་ཁོ་ཚོ་ལ་གཡག་ཤ་ཟ་རྒྱུ་མེད་པས་སོ། ནུབ་ཕྱོགས་ལུང་པའི་མི་དེ་ཚོ་ལ་གཡག་ཤ་ཟ་རྒྱུ་མེད་ཀྱང་ལུས་སྟོབས་བོད་པ་ལས་ཆེ་བ་མ་གཏོགས་ཆུང་བ་མེད་པ་མཐོང་ཆོས་རེད། བསམ་བློ་འདི་ཙམ་ཡང་མ་འཁོར་བར་ད་དུང་རྣམ་དཔྱོད་ཡོད་མེད་བཤད་པ་ངོ་མི་ཚའམ།
འོ་ད་དེ་རེད། ཁྱོད་ཅོ་རིས་གང་བཤད་པ་དེ་ཁ་བཤད་ཆུ་ཡི་སྦུ་བ་ཡིན་པ་གསལ་པོ་ཆགས་སོང་ང་། འགྲོ་བ་མིའི་རིགས་མ་གཏོགས་དུད་འགྲོ་ཚོར་ཚེ་སྲོག་མེད་པ་ཨེ་རེད་བདེ་སྡུག་གི་ཚོར་བ་མེད་པ་ཨེ་རེད། གང་ལྟར་སྐད་ཆ་འདིས་སྟེང་ནས་ཁྱེད་རང་མི་དྲང་པོ་ཞིག་མིན་པ་གསལ་པོ་ཆགས་སོང་།
ཨོ་་ཧཧཧ་་་ལུག་རྟོག་་་་་ཐེག་ཆེན་སེམས་བསྐྱེད་ཀྱི་འགྲོ་སྟངས་ཙམ་ཡང་མི་ཤེས་མཁན་གྱི་ཆོས་པ་རྫུན་མ་ཁྱོད་ཚོས་བོད་གངས་ཅན་པའི་མ་རྒན་ཚོའི་སྡུག་གི་ཁུར་བོར་མི་མཐོང་པར་དུད་འགྲོའི་བདེ་སྡུག་ལ་འགན་ཁུར་མདོག་མདོག་འདི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་དང་མི་མཐུན་པའི་ཟློས་གར་ཞིག་རེད།་་་་་མགོ་སྟོང་།
ཨོ་་་་་ད་མང་པོ་ཅིག་བཤད་ཡོད་གི གཅིག་གིས་ཤེས་མདོག་མདོག་གིས་ཅིག་བཤད། གཞན་དེས་ཡིན་ཡིན་མདོག་མདོག་ཅིག་ལབ། ད་དུང་རྣམ་དཔྱོད་ཡོད་མེད་དང་། མི་གཤིས་དྲང་མིན་། ཆོས་དང་འཇིག་རྟེན། ད་དུང་མང་པོ་ཞིག་ཞོར་དུ་ཡོང་རྒྱུ་རེད། མདོར་བསྡུས་ནས་བཤད་ན། ཚུལ་བློ་ནོར་བ་རེད་ལ་ཅོག་མྱི་ནོར་བའང་མ་རེད། ཀློག་འདོན་མཁན་ཚོ་མ་གཞི་ནས་ནོར་ཚར་འདུག
ཧཧཧ ཅོ་རི། ཐེག་ཆེན་སེམས་སྐྱེད་ཀྱི་འགྲོ་སྟངས་ཤེས་ན་དུད་འགྲོ་ཚོ་མ་རྒན་གྱི་གྲལ་ནས་ཟུར་ཕུད་གཏོང་གི་མ་རེད། མི་མ་གཏོགས་སེམས་གཅན་གཞན་གྱི་བདེ་སྡུག་ལ་འགན་མི་ཁུར་བ་འདི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་དང་མཐུན་པ་རེད། ཤེས་མེད།
ལུང་རྟོགས་ལགས། སེམས་ཅན་གྱི་ཚེ་སྲོག་ལ་མི་གནོད་པའི་ཁམས་ཟས་ཞིག་ད་ལྟ་ངེད་ཅག་ཐལ་མ་པ་ལ་ཡོང་མི་སྲིད་པ་རེད། གལ་སྲིད་དེ་ལྟར་དུ་འདོད་ཚེ་ཁྱོད་ཁ་རྐུབ་གཉིས་ལ་ཚེར་བརྒྱབ་ནས་ཏིང་ངེས་འཛིན་གྱི་ཟས་འཚོལ་བ་ལ་འབོད།
རྩོམ་པ་པོ་ཨ་སྐྱབས་དར་རྒྱས་ནི་བོད་ཀྱི་ལོའུ་ཞུན་༼鲁迅༽རེད།
དྲང་ཐིག སེམས་ཅན་གྱི་ཚེ་སྲོག་ལ་གནོད་ན་གནོད་སྟངས་ཡོད་རེད། ཤ་ཟ་འདོད་ནས་གཞན་སྲོག་བཅད་པ་དང་སྔོ་ཟ་འདོད་ནས་ཞོར་དུ་འབུ་སྲིན་ཤི་བ་གཉིས་གཅིག་པ་རེད་བསམ་ན་ཁྱོད་རང་གིས་ཆོས་གྱི་གོ་དོན་ཅི་ཡང་རྟོག་གི་མེད་པའི་རྟགས་རེད།
ལུག་རྟོག་་་ལགས། དུད་འགྲོ་ཚོ་མ་རྒན་གྱི་གྲལ་དུ་འཇོག་པའི་སྔོན་དུ་རང་གི་མ་རྒན་གྱི་དྲིན་ཤེས་པར་དགོས་ཀྱི་རེད། རང་གི་ཨ་མ་ཟུར་དུ་ཕུད་ནས་དུད་འགྲོ་ལ་མ་ལྟར་བརྩེ་མདོག་མདོག་འདི་སེམས་སྐྱེད་ཀྱི་འགྲོ་སྟངས་ནོར་བསྡད་ཡོད་རེད། རང་གི་དགེ་རྒན་ཟུར་དུ་ཕུད་ནས་སེམས་ཅན་ཐམས་ཅད་ལ་མ་ཡི་འདུ་ཤེས་འཛིན་གྱི་ཡིན་ཟེར་བའི་སྐད་ཆ་དེ་དག་རྫུན་གཏམ་རེད།
ཤ་ཁྲག་གཅིག་པའི་བོད་རིགས་དོལ་རྒྱལ་བ་ཚོ་ཟུར་དུ་ཕུད་ནས་དུད་འགྲོ་མ་རྒན་གྱི་གྲལ་དུ་འཇོག་གི་ཡིན་ཟེར་བ་འདི་ཐེག་ཆེན་སེམས་སྐྱེད་ཀྱི་འགྲོ་སྟངས་མ་ཤེས་པའི་སྐྱོན་རེད། དོལ་ཚོགས་ཟུར་དུ་ཕུད་མཁན་ཚོའི་རྒྱུད་ལ་ཐེག་ཆེན་སེམས་སྐྱེད་ཡོད་མ་རེད་ཅེས་ཐག་གཅོད་ཆོག་གི་རེད།
བླ་དཔོན་ཚོ་བྱམས་སྙིང་རྗེ་ཡི་ལྷ་ཡིན་མདོག་མདོག་བཤད་བསྡད་པ་འདི་མི་དམངས་མགོ་སྐོར་གཏོང་རྐྱེན་ཙམ་ལས་དོན་དངོས་ཐོག་བྱང་ཆུབ་ཀྱི་སེམས་ཀྱི་དྲི་ཙམ་མེད་པའི་རང་རྟགས་སྟོན་ཚར་བ་རེད་དོ།
སྐབས་རེར་དུད་འགྲོ་ཡང་མ་རྒན་ཚོའི་གྲལ་དུ་བཞག་ནས་བརྩེ་བ་དང་བདེ་སྡུག་འགན་ཁུར་འོང་མདོག་མདོག སྐབས་རེར་ཤ་ཁྲག་གཅིག་པའི་བོད་མི་དོལ་རྒྱལ་བ་རྣམས་ཟུར་དུ་ཕུད། ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད། དུད་འགྲོ་ལ་བརྩེ་བ་སྤྲད་ཐུབ་ན་་་ཤ་ཁྲག་གཅིག་པའི་དགེ་རྒན་དང་འབངས་མི་ལ་བརྩེ་བ་སྤྲོད་མི་ཐུབ་དོན་ཅི་རེད་དམ། འདི་ཐེག་ཆེན་སེམས་སྐྱེད་སྟངས་ཀྱི་ཐོག་ནས་བཤད་ན་འགྲོ་སྟངས་མེད་པའི་དམ་ཉམས་ཚོས་ལས་ཀ་མ་རེད་དམ། མ་ཟད་ཡ་རབས་བཟང་སྤྱོད་ཀྱི་ཆ་ནས་བཤད་ནའང་་་རང་རིགས་དོལ་རྒྱལ་བ་ཚོ་དང་ཆོས་དང་ཟང་ཟིང་གི་འབྲེལ་བཅད་ནས་དུད་འགྲོ་ལ་མ་རྒན་ལྟར་བརྩེ་བ་དང་དྲིན་ཤེས་བྱེད་ཀྱི་ཡིན་ཟེར་བ་འདི་་་ཏ་ལའི་ཆོས་ལུགས་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་སྟངས་རེད་དམ།་་་་་་ཧཧ
ཤ་ཁྲག་གཅིག་པའི་སྤུན་ཟླ་ཡིན་པ་སེམས་ཅན་ཐམས་ཅད་གི་ནང་ནས་སེམས་ཅན་གཅིག་ཡིན་པར་སོང་
དོད་རྒླ་ཚོགས་པ་དང་དོད་རྒྱལརྗེས་འབྲང་པ་རྣམས་ད་ལྟ་འཛམ་བུའི་གླིང་དུ་གནས་ཡོད་པ་མཁྱེན་དགོས་
ད་དུང་་རྩོམ་ཡིག་ཞིག་འབྲི་དགོས་ཀྱི་འདུག་བསམས་ནས་བསྡད་ཡོད། ཀུན་སྤྱོད་ཀྱི་ཐོག་ནས་རྩོམ་ཡིག་ཤིག་འབྲི་དགོས་ཐུག་ས་རེད་བསམ་གྱི་འདུག་པས་བརྡ་ཙམ་ཡིན།
མཛུབ་མོ་བཞི་བཅངས་ནས་དཀྱིལ་མཛུན་གནམ་ལ་ལོངས་པའི་ཀུན་སྤྱོད། བུད་མེད་ཀྱི་པང་ཁེབས་བརྡགས་པའི་ཀུན་སྤྱོད། ཁྲོམ་གཞུང་དུ་རྐུབ་སྟོན་པའི་ཀུན་སྤྱོད། ཁྱི་འབོད་དང་འདྲེ་འབོད་འཐེན་པའི་ཀུ་སྤྱོད། སྒོར་མོ་སྟོན་པའི་ཀུན་སོགས་ཀྱི་སྐོར་དུ་་་་་རྩོམ་ཡིག་ཞིག་འབྲི་དགོས་ཐུག་སར་རེད། ཀུན་སྤྱོད་དེ་དག་གི་ཡོངས་ཁུངས་དང་ངོ་བོ་སོགས་ཀྱི་སྐོར་དུ་་་་་་་་་་་་་་་་་་་་
ཚིག་གསུམ་མདུད་པ་གྲོལ་མ་ཤེས་མཁན་ཞིག་གིས་སྤྱི་ཚོགས་དྲ་རྒྱའི་ཐོག་ཏུ་ཡི་གེ་བྲིས་ན་ངོ་མི་ཚ་འམ།
དངོས་ནས་ཀུན་སྤྱོད་ཐོག་རྩོམ་ཡིག་ཞིག་འབྲི་རོགས་གུང་ཁྲན་གིས་རྒྱུག་ཁྱིའི་ཀུན་སྤྱོད་
གུང་ཁྲན་གྱི་དངུལ་ལ་དགའ་བའི་ཀུན་སྤྱོད་ རྩ་བའི་བླ་མར་དད་ལོག་བྱས་པའི་ཀུན་སྤྱོད་
བོད་མིའི་ཞབས་འདྲེན་ཞག་པའི་ཀུན་སྤྱོད་ལ་སོགས་པའི་རྩོམ་ཞིག་ཡིན་ད་།
ཅོ་རི། དོལ་རྒྱལ་བ་ཚོས་བོད་མི་རིགས་མ་འདོད་པར་རྒྱ་གུང་ཕྲན་གྱི་རྗེས་སུ་སོང་བ་ལས་ཁོ་ཚོ་ཟུར་དུ་ཕུད་མཁན་སུ་ཡང་མེད། དོལ་རྒྱལ་བ་ཚོ་དངོས་གནས་དུད་འགྲོ་ཚོ་ཧ་ཅང་བཟང་གི་རེད། ཁྱི་ཞིག་ཡིན་ཡང་བདག་པོ་ལ་སོ་མི་རྒྱག་པས་མ་ཚད་རང་སྲོག་ཡང་བདག་པོའི་དོན་དུ་གཏོང་གི་རེད། མདོར་ན་དོལ་རྒྱལ་བ་ཚོ་ནི་དུད་འགྲོ་ལས་ཀྱང་ཧ་ཅང་སྡུག་གི་བསམ་ནས་ཡོད། ཀུན་སྤྱོད་ཀྱི་ཐོག་ནས་རྩོམ་ཡིག་འབྲི་མཁན་ལ་དང་པོ་སོ་སོ་ཀུན་སྤྱོད་ཚད་ལྡན་ཞིག་དགོས་པ་རེད། རང་ཉིད་ལ་ཀུན་སྤྱོད་མེད་པར་མི་གཞན་གྱི་ཀུན་སྤྱོད་ལ་ཚད་ཐིག་འཇོག་གི་ཡིན་ཟེར་ན་བསམ་ཡོད་ཚོ་དགད་མོ་ཤོར་སྐྱེད་མ་རེད་དམ།