སྐལ་བཟང་སྤེན་པ།
དེ་སྔོན་དང་མི་འདྲ་བར་དེང་གི་དུས་འདིར་དྲ་བའི་མཐུན་རྐྱེན་མི་ཉུང་བ་ཞིག་ཡོད་སྟབས། མཐུན་རྐྱེན་དེ་རིགས་སྤྱད་དེ་རང་རིགས་སྤུན་ཟླ་མི་ཉུང་བ་ཞིག་གིས་༢༠༡༦ ལོའི་སྲིད་སྐྱོང་གི་འགྲན་རྩོད་དང་འོས་མི་ཚོའི་སྐོར་ལ་གནས་ལུགས་ཡོད་མེད་སྣ་ཚོགས་ཀྱི་སྒོ་ནས་བསམ་ཚུལ་མི་ཉུང་བ་ཞིག་སྤེལ་བཞིན་ཡོད། དེའི་དབང་གིས་སྲིད་སྐྱོང་འོས་འདེམས་དེ་ཡང་རང་བཞིན་གྱིས་འཁྲུག་ཆ་དོད་པོ་ཞིག་ཆགས་ངེས་ཡིན། ལྷག་པར་དུ། སྐད་འཕྲིན་དང་ངོ་དེབ་གཉིས་ནི་ང་ཚོས་སྤྱོད་གོ་ཆོད་ཤོས་སུ་རྩིས་ཏེ་དྲ་ལམ་དེ་གཉིས་ཐོག་རང་ཉིད་ཀྱི་དགའ་ཕྱོགས་འོས་མིར་བསྟོད་ར་དང་། དེ་མིན་འོས་མི་བྱིངས་ཚོར་གཞི་མེད་སྙོན་འཛུགས་ཀྱང་བྱེད་བཞིན་སྣང་། དེ་དག་ནི་འོས་མི་རྣམས་བཟང་ངན་ཅི་རིགས་ནས་དྲིལ་བསྒྲགས་བྱེད་སྟངས་ཙམ་ཞིག་རེད།
དེ་བས་གལ་ཆེ་ཤོས་ནི། ང་ཚོས་སྐབས་གོང་མའི་སྲིད་སྐྱོང་འོས་བསྡུའི་ཉམས་མྱོང་གཞི་རྩར་བཞག་སྟེ། འདི་ལོའི་སྲིད་སྐྱོང་གི་འོས་སྒམ་སུ་ལ་ཐོབ་སྲིད་མིན་གྱི་གནད་དོན་དེར་བལྟ་རྒྱུ་དེ་རེད། དེ་ཡང་སྐབས་གོང་མའི་སྲིད་སྐྱོང་འོས་ཁོངས་ཁྲོད། ཉམ་མྱོང་སོགས་ཕྱོགས་མི་ཉུང་བ་ཞིག་ནས་བཀྲས་མཐོང་དེ་བློ་བཟང་སེང་གེ་མཆོག་ལས་ཕུན་སུམ་ཚོགས་པ་ཡོད་པ་རེད། འོན་ཀྱང་། རྒྱུ་མཚན་མི་ཉུང་བ་ཞིག་གིས་ཐོག་ནས་སྲིད་སྐྱོང་གི་རྐུབ་སྟེགས་ཚ་པོ་དེ་བློ་བཟང་སེང་གེ་ལ་ཐོབ་ཡོད།
དེ་ཡང་རྒྱུ་མཚན་དང་པོ་ནི། སྲིད་སྐྱོང་འོས་མའི་ལོ་ནའི་ཁྱད་པར་དེ་རེད། ལོ་ནའི་བབ་ནས་བཤད་ན། སྲིད་སྐྱོང་བློ་སེང་མི་རབས་གསར་པའི་ཁོངས་སུ་གཏོགས་པར་བརྟེན། མི་རབས་གསར་པའི་ཁྲོད་ནས་ཁོང་ལ་འོས་ཤོག་འཕེན་མཁན་མང་བ་བྱུང་ཡོད།
རྒྱུ་མཚན་གཉིས་པ་ནི་སློབ་སྦྱོང་གི་རྒྱབ་ལྗོངས་དེ་རེད། སྤྱིར་བཀྲས་མཐོང་ལ་མཚོན་ན། ཤེས་མྱོང་གཉིས་ཐད་ནས་ཕུན་སུམ་ཚོགས་པོ་ཡོད་ཀྱང་། བློ་བཟང་སེང་གེ་ལགས་ཨ་རིའི་ནང་སྙན་གྲགས་ཡོད་པའི་སློབ་གྲྭ་ནས་ཐོན་པ་མ་ཟད་དེར་ཕྱག་ལས་གནང་གི་ཡོད་པ། ཁོང་གི་སློབ་སྦྱོང་གི་རྒྱབ་ལྗོངས་དེ་ཡང་ཁྲིམས་ལུགས་ཡིན་པ་སོགས་ཀྱིས་ཁོང་གི་འོས་གྲངས་ལ་བཟང་ཕྱོགས་ཀྱིས་ཤུགས་རྐྱེན་ཐེབས་པ་ནི་སྨྲོས་མེད་རེད།
གང་ཡིན་ཟེར་ན། ཁོང་གི་ཁྲིམས་ལུགས་ཤེས་ཡོན་དེས་བོད་དོན་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་། སྔར་བས་ཚད་མཐོར་རུ་སྐྱེལ་རྒྱུའི་རེ་བ་བཅངས་ཡོད།
རྒྱུ་མཚན་གསུམ་པ་ནི། བློ་སེང་གིས་སྲིད་སྐྱོང་བཞེངས་སྐབས་ཆབ་སྲིད་ཀྱི་སྒྲགས་གཏམ་གསུམ་སྤེལ་ཡོད། དེ་དག་ནི་གསར་གཏོད་དང་། གཅིག་སྒྲིལ། རང་ཁ་རང་གསོ་གསུམ་ཡིན། དེའི་དབང་གིས་ཀྱང་ཁོང་གི་འོས་གྲངས་འཕར་རྒྱུར་ནུས་པ་ཐོན་ཡོད། གང་ལགས་ཤེ་ན། ཁོང་གིས་རང་ཉིད་སྲིད་སྐྱོང་གི་རྐུབ་སྟེགས་སྟེང་བཞུགས་སྐབས། ལས་དོན་ཅི་འདྲ་ཞིག་གནང་འཆར་ཡོད་མིན་གྱི་ས་ཕྱོགས་ས་ཁྲ་ཞིག་བྲིས་ཡོད་པ་རེད། འོན་ཀྱང་། བཀྲས་མཐོང་གིས་རང་ཉིད་ཀྱི་དེ་སྔོན་བྱས་པའི་ལས་མྱོང་ཙམ་ལས་མ་འོངས་པའི་ལས་འཆར་གང་ཡང་བཏོན་མེད་པ་རེད། དེ་ཙམ་དུ་མ་ཟད། བཀྲས་མཐོང་མཆོག་དེ་སྔོན་བཀའ་བློན་གནང་ཟིན་པས་མི་མང་གི་བསམ་བློའི་ནང་ཁོང་ལ་ནུས་པ་འདོན་རྒྱུ་ཡོད་ན་དེ་དུས་བཏོན་ཚར་བས་དེ་བས་གཞོན་ནུ་ཞིག་ལ་གོ་སྐབས་སྤྲད་ན་དགེ་མཚན་ཆེ་བ་ཡོད་ལུགས་ངོས་འཛིན་བྱས་ཡོད།
རྒྱུ་མཚན་གཞན་ཞིག་ནི་བཀྲིས་དབང་འདུས་ལགས་མཐར་སྲིད་སྐྱོང་གི་འོས་མིར་བཞེངས་པ་དེས་བཀྲས་མཐོང་གི་འོས་ཤོག་མི་ཉུང་བ་ཞིག་ཁོང་ལ་ཤོར་ཡོད་པ་དེ་རེད། དེ་ཡང་བཀྲོས་མཐོང་དང་བཀྲས་དབང་གཉིས་ཀྱི་ཉམས་མྱོང་དང་ལོ་ནའི་བབ་སོགས་ཕྱོགས་མང་པོ་ཞིག་ནས་ཁོང་གཉིས་ཀྱི་རྒྱབ་ལྗོངས་འདྲ་པོ་ཡོད་སྟབས། མི་རབས་རྙིང་པའི་ཁྲོད་ཁོང་གཉིས་ལ་རྒྱབ་སྐྱོར་ཞུ་མཁན་གང་འཚམ་ཡོད་པ་རེད།
དེར་བརྟེན། བློ་སེང་ལ་རྒྱབ་སྐྱོར་མེད་མཁན་ཚོའི་འོས་ཤོག་དེ་ཁོང་གཉིས་གང་རུང་ལ་སྤྲད་པ་རེད། དེས་ཀྱང་བློ་སེང་ལགས་ལ་རྒྱལ་ཁ་ཐོབ་རྒྱུའི་ལམ་བུ་བཏོད་པ་རེད། གནད་དོན་དེ་དག་ནི་སྐབས་གོང་མའི་སྲིད་སྐྱོང་འོས་བསྡུའི་གྲུབ་འབྲས་ཇི་ལྟར་བྱུང་མིན་དེ་རེད།
ད་ལྟའི་ཆར་ཡོངས་གྲགས་སུ་གྱུར་བའི་སྲིད་སྐྱོང་འོས་མི་གཅིག་ནི། ལས་ཐོག་སྲིད་སྐྱོང་དང་བཀྲིས་དབང་འདུས་ལགས་གཉིས་ཡིན་པ་དང་། དེ་མིན་སྤྱི་འཐུས་ཚོགས་གཙོ་མཆོག་ཀྱང་སྲིད་སྐྱོང་ལ་བཞེངས་རྒྱུའི་ཁྱབ་བསྒྲགས་ཤིག་གང་མགྱོགས་གནང་ངེས་པ་མི་མང་ཚོས་ཚོད་དཔག་བྱེད་ཀྱི་ཡོད། འོན་ཀྱང་ད་ལྟའི་ཆར་གསལ་བསྒྲགས་གནང་མེད་པ་འདྲ། བདེན་མིན་ཇི་ལྟར་ཡང་། སྤྱི་ཚོགས་དྲ་ལམ་ཐོག་ཨ་ཚོགས་ཀླུ་མཁར་འབྱམས་ཀྱང་སྲིད་སྐྱོང་གི་འོས་ཁོངས་སུ་འཛུལ་ཞུགས་བྱ་རྒྱུ་ཡིན་པ་འདྲ། འོན་ཀྱང་། མིག་སྔར་ཡིད་འཕེར་བའི་ཁྱབ་བསྒྲགས་ཤིག་མཐོང་མ་སོང་།
དེས་ན་ངས་གོང་ཞུས་མི་སྣ་བཞི་སྲིད་སྐྱོང་གི་འོས་མིར་རྩིས་ཏེ། ཡང་སྙིང་སྲིད་སྐྱོང་གི་ཞབས་སྟེགས་ཚ་པོ་དེ་སུ་ལ་ཐོབ་མིན་ཚོད་དཔག་ཅིག་བྱ་བར་འདོད། དེ་ཡང་ཨ་ཆོགས་ཀླུ་མཁར་འབྱམས་ལགས་ཕུད་དེ་མིན་འོས་མི་གསུམ་ཀ་རང་རེའི་སྤྱི་ཚོགས་ཐོག་ཕྱོགས་ཡོངས་ནས་ཤེས་འཇོན་ཡོད་མཁན་ཞིག་དང་ལོ་ནའང་འདྲ་མཉམ། ལས་ཀའི་ཉམས་མྱོང་ཡོད་པ་གཅིག་མཚུངས་ལྟ་བུ་རེད། འོན་ཀྱང་། རྒྱུ་མཚན་མི་ཉུང་བ་ཞིག་གི་ཐོག་ནས་ད་རེས་ལས་ཐོག་སྲིད་སྐྱོང་བློ་སེང་ལགས་ལ་སྲིད་སྐྱོང་གི་རྐུབ་སྟེགས་དེ་མཐར་རག་སྲིད་ཀྱང་ཁོང་ལ་དཀའ་ཁག་འགའ་འཕྲད་སྲིད་པ་ནི།
དང་པོ། དེ་སྔོན་སྲིད་སྐྱོང་འོས་མིར་ལངས་སྐབས་ཁོང་གི་དམ་བཅའ་གསུམ་པོ་དེ་ལག་ལེན་ལ་འཁྱོལ་ཡོད་མིན་ཐད་མི་མང་གིས་ཚ་འདྲི་གཏོང་གི་རེད་ལ། ཁ་གཏད་འོས་མི་ཚོས་ཀྱང་། ཐེར་འདོན་གནང་གི་རེད། དེ་བཞིན་དུ་སྲིད་སྐྱོང་གིས་ཀྱང་རང་ཉིད་ཀྱི་གྲུབ་འབྲས་རྣམས་འབུར་འདོན་གནང་གི་རེད། དེ་ནི་འོས་བསྡུའི་འགྲོ་སྟངས་རེད།
གཉིས་པ་ནི། ལས་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་སྐབས་གོང་མའི་སྲིད་སྐྱོང་འོས་མི་བྱིངས་དང་མི་འདྲ་བར་མི་རབས་གསར་པའི་ཁོངས་སུ་གཏོགས་པ་དང་། ཁོང་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་འགྲོ་ལུགས་ཐད་ཧ་ཅང་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ། རང་རེའི་སྤྱི་ཚོགས་ཁྲོད་མི་མང་གིས་གདེང་འཇོག་ཆེན་པོ་གནང་གི་ཡོད། དེའི་དབང་གིས་བློ་བཟང་སེང་གེ་ལགས་ཀྱིས་སྲིད་སྐྱོང་འོས་མི་བྱིངས་གསུམ་ནས་འཇིགས་སྐྲག་ཆེ་ཤོས་གནང་དགོས་ས་དེ་ལས་ཐོག་སྤྱི་འཐུས་ཚོགས་གཙོ་ཆགས་ངེས་ཡིན།
གསུམ་པ་ནི། སྲིད་སྐྱོང་འོས་མི་བཀྲིས་དབང་འདུས་ལགས་ཀྱིས། སྲིད་སྐྱོང་བཞེངས་སྐབས་ཀྱི་འབོད་སྒྲ་རྩ་དོན་བཞི་ཡོད་བཏོན་ཡོད། དེ་ནི་ཁོང་གིས་འགྲེལ་བརྗོད་གནང་པ་ལྟར། ང་ཚོས་མཐོང་དགོས་པའི་གནད་དོན་བཞི་སྟེ། རྒྱུན་གནས། ཤེས་ཡོན། དཔལ་འབྱོར། ཞི་མོལ་བཅས་བཞི་པོ་དེ་རེད།
ཁོང་གི་འབོད་སྒྲ་བཞི་པོ་དེས་རེའི་སྤྱི་ཚོགས་ཁྲོད་འགུལ་ཤུགས་ཤིག་རང་བཞིན་གྱིས་སློང་ངེས་ཡིན། ཁོང་གིས་བཏོན་པའི་འབོད་སྒྲ་དེ་དག་གིས་སྲིད་སྐྱོང་གི་དེ་སྔོན་གྱི་འབོད་སྒྲ་དེ་དག་ལ་རང་བཞིན་གྱི་དྲི་བ་མི་ཉུང་བ་ཞིག་བསླེབས་སྲིད་པ་རེད།
འོན་ཀྱང་། ད་བར་སྤྱི་འཐུས་ཚོགས་གཙོ་དང་ཀླུ་མཁར་བྱམས་ལགས་ཀྱིས་རང་ཉིད་ཀྱི་བསྒྲུབ་བྱའི་རྩ་དོན་རྣམས་ཕྱིར་བསྒྲགས་གནང་མེད་སྟབས། ད་ལྟ་གཞི་ནས་བལྟ་རྒྱུ་བསྡད་ཡོད། ཕྱོགས་ཡོངས་ཀྱི་གནས་བབ་ལ་གཞིགས་ནས་ལྟ་སྐབས། ངའི་བསམ་པར་མཐའ་མའི་རྒྱལ་ཁ་དེ་སྲིད་སྐྱོང་ལ་ཐོབ་ངེས་པ་ལྟ་བུ་རེད། དེའི་རྒྱུ་མཚན་ནི་བཀྲིས་དབང་འདུས་ལགས་དང་ཀླུ་མཁར་བྱམས་ལགས་སྲིད་སྐྱོང་ལ་བཞེངས་ཚེ། སྤྱི་འཐུས་སྤེན་ཚེ་ལགས་ཀྱི་འོས་ཤོག་མི་ཉུང་བ་ཞིག་ཁོང་གཉིས་ལ་ཤོར་ངེས་པ་ལྟ་བུ་རེད།
དེ་ཡང་མདོ་སྟོད་ཕལ་མོ་ཆེས་ཧ་ལམ་སྲིད་སྐྱོང་ལ་འོས་ཤོག་འཕེན་ངེས་པ་དང་། དེ་བཞིན་དུ་མདོ་སྨད་པའི་ཁྲོད་ནས་འོས་ཤོག་དེ་ཧ་ལམ་དུམ་བུ་གཉིས་སུ་འགྲོ་ངེས་རེད། གང་ཡིན་ཟེར་ན། མང་ཉུང་ལ་མ་ལྟོས་པར་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་མདོ་སྨད་པ་གང་འཚམས་ཡོད་ལ། དེ་བཞིན་དུ་སྤྱི་འཐུས་ཚོགས་གཙོ་ལ་ཐོབ་སྲིད་པའི་དབུས་གཙང་མི་མང་གི་འོས་ཤོག་མི་ཉུང་བ་ཞིག་བཀྲིས་དབང་འདུས་ལགས་ལ་ཐོབ་ངེས་ཡིན།
དེའི་དཔང་རྟགས་གསལ་ཤོས་ཅིག་ནི། ཉེ་ཆར་མངའ་རིས་སྐྱིད་སྡུག་གིས་བཀྲིས་དབང་འདུས་ལགས་སྲིད་སྐྱོང་གི་འོས་མིར་བཏོན་པ་དེ་ཡིན། བཀྲིས་དབང་འདུས་ལགས་ལ་མཚོན་ན། གཞིས་ཆགས་ཁག་ནས་ཁོང་ལ་འོས་ཤོག་གང་ཙམ་རག་སྲིད་པ་མ་ཟད། གཞོན་སྐྱེས་ཁྲོད་ནས་ཀྱང་གང་ཙམ་རག་སྲིད། འོན་ཀྱང་། ཁོང་གི་ཕ་རྒྱུད་ཁམས་རིགས་ཡིན་ཀྱང་། མདོ་སྟོད་མི་མང་ཁྲོད་ནས་ཁོང་ལ་འོས་ཤོག་རག་པའི་རེ་བ་དེ་ཙམ་མ་མཐོང་། དེའི་རྒྱུ་མཚན་ནི། མདོ་སྟོད་མི་མང་མང་པོ་ཞིག་གི་མིག་ལམ་ན། ལས་ཐོག་སྲིད་སྐྱོང་ནི་སྐབས་རྗེས་མའི་སྲིད་སྐྱོང་གི་འོས་མིར་འཚམས་ཤོས་དེ་མཐོང་ངེས་ཡིན།
ཕྱོགས་ཡོངས་ནས་གཞིགས་ན། སྲིད་སྐྱོང་བློ་སེང་ལ་མདོ་སྟོད་ཆོལ་ཁ་ནས་འོས་གྲངས་མང་ཤོས་དང་དེ་ནས་གཞོན་སྐྱེས་ཁྲོད་ནས་ཀྱང་མི་ཉུང་བ་ཞིག་ཐོབ་སྲིད་པ་རེད། འོན་ཀྱང་། དེ་སྔོན་གྱི་འོས་བསྡུ་དང་མི་འདྲ་བར་ད་རེས་ཁོང་ལ་གཞོན་སྐྱེས་ཁྲོད་ནས་སྔོན་ལྟར་གྱི་འོས་ཤོག་མང་པོ་ཞིག་ཐོབ་མི་སྲིད།
འོ་ན། དབུས་གཙང་ཆོལ་ཁའི་འོས་ཤོག་རྣམས་སུ་ལ་ཐོབ་ངེས་ཞེ་ན། མང་ཤོས་དེ་ཚོགས་གཙོ་སྤེན་པ་ཚེ་རིང་དང་། དེ་ནས་སྲིད་སྐྱོང་དང་བཀྲིས་དབང་འདུས་ལགས་སུ་ཆ་སྙོམས་ལྟ་བུ་ཐོབ་ངེས་རེད།
དེས་ན། སྐུ་ཞབས་ཀླུ་མཁར་བྱམས་ལགས་སུ་རང་བཙན་འཐབ་རྩོད་པ་རེ་ཟུང་དང་དེ་མིན་མདོ་སྨད་ཁྲོད་གང་ཙམ་ཐོབ་སྲིད། དེ་མིན་ཁོང་ལ་འོས་ཤོག་ཐོབ་རེ་བྲལ་བ་རེད།
མདོར་ན། ད་རེས་བཀྲིས་དབང་འདུས་ལགས་དང་ཀླུ་མཁར་བྱམས་(སྲིད་སྐྱོང་ལ་ལངས་མིན་གསལ་པོ་མི་ཤེས)གཉིས་སྲིད་སྐྱོང་གི་འོས་མིར་ལངས་པ་དེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་ཕམ་ཉེས་ཀྱི་སྔོན་བརྡ་དང་སྲིད་སྐྱོང་གི་རྒྱལ་ཁའི་སྐྱ་རེངས་ལྟ་བུ་ཆགས་མེད་འགྲོ་སེམས་སོ།
གོང་དུ་གུས་པས་ཕྱོགས་ལྷུང་སྤངས་ནས་རང་ཉིད་ཀྱི་སྔོན་དཔག་ཅི་ཡིན་གསལ་བརྗོད་བྱས་པ་ཙམ་ལས། རང་ཉིད་ཀྱི་འདོད་ཕྱོགས་དང་མཐུན་པའི་གནད་དོན་གང་ཡང་འབུར་བཏོན་བྱས་མེད་པ་མ་ཟད། ཞིབ་འཇུག་རང་བཞིན་གྱི་སྒོ་ནས་ཀྱང་བྲིས་མེད་སྟབས། ནོར་འཁྲུལ་མི་ཉུང་བ་ཞིག་མཆིས་པས་དགོངས་འགལ་མེད་པ་ཞུ།
ཚོད་དཔག་དེ་གང་འཚམ་ཞིག་དོན་ལ་གནས་འདུག་ཀྱང་། མདོ་སྟོད་ཀྱི་འོས་ཤོག་ཕལ་མོ་ཆེ་བློ་བཟང་སེང་གེར་འཐོག་གི་རེད་ཟེར་བ་ནི་རྒྱབ་ལྗོངས་ཀྱི་གནས་ཚུལ་མ་གཏོགས་པའི་རྐྱེན་རེད། བཀྲིས་དབང་འདུས་ནི་མདོ་སྟོད་ཀྱི་བསླངས་པའི་གང་ཟག་དང་། དེ་ཡང་མདོ་སྟོད་ཀྱི་ཚོགས་གཙོ་པདྨ་བདེ་ལེགས་ཀྱི་ལག་རོགས་སམ་དཔུང་བ་གཡས་བར་བརྩི་བཞིན་ཡོད་པ་དང་འགྲོ་གྲོན་ཀྱང་ཆུ་སྒང་ངོས་ནས་གཏོང་རྒྱུ་ཁས་ལེན་བྱུང་ཡོད་པ་འདྲ། གལ་ཏེ་བཀྲིས་དབང་འདུས་ཐོབ་ན་སྲིད་སྐྱོང་སྤྱི་འཐུས་ཟུར་བ་པདྨ་བདེ་ལེགས་ཐོབ་པ་དང་ཁྱད་མེད་པ་ལྟ་བུ་རེད།
ཚོད་དཔག་རང་བཞིན་གྱི་རྩོམ་ཡིག་ཡག་པོ་ཅིག་འདུག མུ་མཐུད་ནས་རྩོམ་ཡིག་འདི་རིགས་སྤེལ་དགོས་ཀྱི་འདུག
དབྱེ་ཞིབ་གང་ལ་གང་འཚམས་ཡག་པོ་བྱུང་འདུག ཡིན་ནའི། ཉིན་ཤས་སྔོན་དུ་ངོ་དེབ་ཏུ་སྐུ་ཞབས་ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིར་བཞེངས་པར་དཔྱད་བརྗོད་སྤེལ་བའི་ནང་དུ་ཁོང་གསར་འབྱོར་བ་ཞིག་སྲིད་སྐྱོང་ལ་བཞེངས་ཐེངས་དང་པོ་ཡིན་པར་མ་ཟད། ཆབ་སྲིད་བཙོན་ཟུར་ཞིག་སྲིད་སྐྱོང་ལ་བཞེངས་ཐེངས་ཀྱང་དང་པོ་ཡིན་པ་གསལ་འདུག འབྱུང་ཡུལ་གསར་འབྱོར། ལས་རིགས་བཙོན་ཟུར། ལྟ་བ་རང་བཙན་གསུམ་ནི་ཁོང་དང་གཞན་རྣམས་མ་འདྲ་བའི་ཆ་རེད་ལ། ཁོང་ལ་ཨ་མདོ་ཁ་ཤས་དང་རང་བཙན་རྩོད་མཁན་རེ་ཟུང་ལས་འོས་བླུགས་མཁན་་མེད་ཅེས་ཞུ་ཚོད་ཐུག་གི་མི་འདུག་བསམ།
ཀླུ་མཁར་བྱམས་ལ་སྣང་བ་འགྲོ་བོ་ཡོད། ཆོས་ལུགས་ལས་མི་རིགས་གཙོ། ཕྱི་མ་ལས་འདི་ཉིད་གཙོ། བླ་མ་ལས་མི་དམངས་གཙོ། ཞབས་རིམ་ལས་ཆབ་སྲིད་གཙོ། དངོས་མེད་ལས་དངོས་ཡོད་གཙོ། གནས་སྐབས་དབུ་མ་ལས་མཐར་ཐུག་རང་བཙན་གཙོ། མཆོད་འབུལ་ལས་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་གཙོ། གཞན་དོན་ལས་རང་དོན་གཙོ། གཙོ་བརྒྱད་གཙོ་བས་ང་ཁོང་ལ་དགའ།
ང་ཁོང་དང་ཆོས་ལུགས་མི་གཅིག ང་ཁོང་དང་ཆོལ་ཁ་མི་གཅིག ང་ཁོང་དང་འདུག་ས་མ་གཅིག ང་ཁོང་དང་ལས་རིགས་མི་གཅིག ང་ཁོང་དང་ཕ་མ་མི་གཅིག ང་ཁོང་དང་རིགས་རུས་མི་གཅིག ང་ཁོང་ལ་དགའ་བ་དང་གཅིག་པ་ཞིག་ཡོད་པ་ནི་ཁོང་གིས་མི་རིགས་ལ་བཅིངས་པའི་ལྟ་གྲུབ་དེ་ཡིན། ཁོང་གིས་ཆོས་ལུགས་ལ་ལྟ་བའི་ལྟ་གྲུབ་དེ་ཡིན། དེ་ལས་གཞན་པའི་རྒྱུ་མཚན་མེད།
སྔོན་མ་ཡིན་ན་མདོ་སྟོད་ཀྱི་མགོ་ན་སྡོད་མཁན་རེ་ཟུང་ཞིག་གིས་གཞིས་ཆགས་ཁག་གི་མདོ་སྟོད་མི་མང་ལ་ངོ་ལོག་རང་བཞིན་གྱི་སྟངས་འཛིན་ཞིག་བྱེད་ཀྱི་ཡོད་པ་རེད་ལ། བྱེས་ནས་སྐྱེ་བ་དང་བོད་ནས་འབྱོར་བ་ཚོའི་ཀླད་པའི་ནང་ན་ཚ་སྡུག་ཅག་ཅིག་བླུགས་ནས། ད་ལྟའི་ཆར་སངས་དྲག་ཕྱིན་མེད། ཡིན་ནའང། དེང་སང་མདོ་སྟོད་མི་མང་ནང་དགེ་བཤེས་དང། རྩོམ་པ་པོ། སྤྱི་ཚོགས་ཞབས་ཞུ་བ་རྙོག་དྲའི་ནང་མགོ་མི་རྒྱག་ཅིང། སྤྱི་སེམས་ཅན་མང་པོ་ཞིག་གིས་སྲིད་སྐྱོང་བློ་བཟང་སེང་གེ་རིམ་པས་རིམ་པས་གྲོས་ཚོགས་ནང་མདོ་སྟོད་སྤྱི་འཐུས་ཕུ་དཀྲུགས་མདའ་དཀྲུགས་བྱེད་མཁན་ཁ་ཤས་ཡོད་པའི་ཕྱོགས་སུ་ཕེབས་བཞིན་པ། དེ་དག་ཁོང་གི་རྒྱབ་དཔུང་དུ་འདྲེན་བཞིན་པའི་གནས་བབ་གསལ་བོར་མཁྱེན་ཡོད་པ། མདོ་སྟོད་ཀྱི་གཟུར་གནས་སྤྱི་སེམས་ཅན་གཞུང་ཞབས་བགྲེས་གཞོན་དང། སེར་སྐྱ་ཤེས་ལྡན་པ་མང་པོ་ཞིག་གིས་ཚུར་གསུང་གི་འདུག་ན། མདོ་སྟོད་མི་མང་གི་འོས་ཤོག་ཆ་ཚང་ཁོང་ལ་ཐོབ་རྒྱུ་ཟེར་བ་ནི་བློ་ཕྱོགས་རིས་ཅན་གྱིས་ཡིན་ཤག་གིས་བཤད་པའི་བསམ་ཚུལ་ཞིག་ལས། དངོས་ཡོད་གནས་ཚུལ་ལ་ཉམས་ཞིབ་བྱས་ནས་གསུངས་པའི་སྐད་ཆ་ཞིག་མ་རེད། ངས་བསམས་ན་མདོ་སྟོད་སེར་སྐྱ་མི་མང་ལ་ཕྱོགས་རིས་ཡོད་ཤག སློབ་སྦྱོང་ལས་གླེན་ཚུགས་ཆེ་ཤག་བྱས་ན་ཏག་ཏག་ཅིག་རྩ་བ་ནས་བསྡད་ཡོད་པ་མ་རེད། དེ་འདྲ་མིན་པའི་གནས་སྟངས་ལྟོས་ན་གསལ་དུ་འགྲོ་གི་རེད་སྙམ། དཔེར་དོལ་འདྲེའི་རྒྱུགས་ཁྱི་ཚོགས་པའི་ཚོགས་མི་མང་པོ་ཞིག་ཁམས་པ་རེད་དེ། ཕྱོགས་གཞན་ཞིག་ནས་ཁམས་པའི་མི་རབས་གསར་པའི་ཤེས་ཡོན་ཅན་མཁར་འཕགས་དང། སྐལ་བཟང་ལྗི་ཏྲི་སོགས་མང་པོ་ཞིག་གིས་ཐད་ཀར་དེ་དག་ལ་བདེན་པའི་ལམ་སྟོན་དང། དམིགས་བསལ་རྙོག་དྲ་བཟོ་རྒྱུ་ལས་བོད་སྤྱིའི་རྩ་དོན་ལ་འབད་འབུངས་དམ་ཚིག་གཙང་མ་གནང་དགོས་པ་ཁ་རུ་ཁ་ཐུག་གིས་གསུང་གི་ཡོད་པ་རང་ཉིད་ཀྱིས་དངོས་སུ་གོ་མྱོང། ངས་མ་གོ་བ་དང་མ་ཤེས་སར་མཆོག་ཏུ་ཡོད་པས། དེ་སྔའི་འཇུ་ཆེན་སོགས་ཀྱི་ཆུ་སྒང་གསར་རྙིང་གི་རྙོག་གླེང་དང་འབྲེལ་ཏེ་མདོ་སྟོད་མི་མང་ལ་རང་ཁོངས་ནས་མགོ་སྐོར་ཐེབས་ཡོད་པ་དེ་འདྲ་ཞིག དེང་སང་དུས་རབས་ཉེར་གཅིག་པ་ཤེས་ཡོན་གྱི་དུས་རབས་ནང་རང་འཇགས་བསྡད་ཡོད་རེད་ཟེར་ན་སྣང་བ་མི་འགྲོ་བའི་སྐད་ཆ་རང་ཡིན་སྟབས། མདོ་སྟོད་གཟུར་གནས་སེར་སྐྱ་མི་མང་གིས་རང་རང་གི་རྣམ་དཔྱོད་བེད་སྤྱོད་བཏང་སྟེ། ༧གོང་ས་མཆོག་གི་དགོངས་གཞི་ལྟར་བོད་སྤྱི་སེམས་སྲོག་ལས་གཅེས་པའི་ཕུལ་བྱུང་དབུ་ཁྲིད་ཅིག་འདེམས་རྒྱུ་ཡིན་པ་ང་རང་ཡིད་ཆེས་བརྟན་པོ་ཡོད།
༄། ཆ་རྐྱེན་ཆེན་པོ་གསུམ་མི་ཚང་བ་དེ་ཁུངས་སྐྱེལ་ཅུང་ཙམ་ཞུས་ན། ཆ་རྐྱེན་དང་པོ་ངས་ཞུ་མ་དགོས་པ་རེད། བློ་བཟང་སེང་གེ་མཆོག་བོད་མི་ཕྱེད་ཀ་ཞིག་རེད། ཕྱེད་ཀ་དེ་སྲིད་སྐྱོང་གནང་ནས་ཀྱང་ཡར་རྒྱས་སུ་མ་ཕྱིན་པར། རང་འཇགས་བསྡད་ཡོད། དེ་ནི་མཛད་བྲེལ་ཆེ་བས་བོད་ཡིག་སྦྱངས་ཁོམ་མེད་པས་མིན་པར་བོད་མི་རིགས་ལ་ཤ་ཞེན་རྣལ་མ་ཡོད་མེད་ཀྱིས་སྐུལ་འདེད་བཏང་ཡོད་མེད་ལ་རག་ལས། མ་གཞི་ནས་སྲིད་སྐྱོང་ནས་གད་པ་ཚུན་ལ་ཕྱག་ལས་རྩ་ནས་ཁོམ་ལོང་མེད་པ་དེ་འདྲ་མེད། དེ་ནི་ང་ཙམ་མིན་པར་གངས་ཅན་སྐྱིད་གཤོངས་ལ་རྒྱུས་ཡོད་ཚོར་ཕྲིས་དང་གཅིག་གསལ་གཉིས་གསལ་རེད།
སྐལ་བཟང་སྤེན་པ་ལགས་དགའ་པོ་བྱུང་ཕྱོགས་ལུང་གང་ཡང་མི་འདུག།
མདོ་སྟོད་སྨད་སོགས་ཀྱི་སྐད་ཆ་འདྲ་མིན་བཤད་སྡད་པ་ནི་ཆབ་སྲིད་པ་ཚོའི་གཡོ་ཇུས་ཤིག་རེད། དོན་ངོ་མ་དེང་སང་བོད་མི་སྤྱི་དང་ལྷག་པར་ན་གཞོན་ཚོས་སྤྱི་དོན་གཙོ་བོ་བྱེད་པ་ལས་ཆོལ་ཁའི་འཐེན་ཁྱེར་གཙོ་བོ་མི་བྱེད་པ་སྤྱི་ཚོགས་ནང་གི་སྐད་ཆ་ལ་རྣ་བ་གཏད་ཤེས་མཁན་ཞིག་ཡིན་ན་གསལ་པོ་རེད། སྤྱིར་བཙན་བྱོལ་ནང་གི་མི་མང་ཤོས་དབུས་གཙང་ཡིན་ཡང་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ་རྒྱལ་ཁ་ཐོབ་ཡོད་པ་འདིས་ཀྱང་གསལ་པོ་ཆགས་ཡོད། འདིར་དཔྱད་བརྗོད་ཡིན་མདོག་གིས་མདོ་སྟོད་ཀྱིས་གཅིག་ལ་བླུག་གི་རེད། མདོ་སྨད་ཀྱིས་གཉིས་ལ་བླུག་གི་རེད་ཟེར་ན་ནི་མི་མང་གི་བསམ་ཚུལ་ལ་རྒྱུས་མངའ་མེད་པའི་ལོང་བཤད་རང་རེད། ངས་བྱས་ན་ད་ཐེང་གི་སྲིད་སྐྱོང་འོས་བསྡུ་འདིའི་ཁྲོད་ནས་ཀྱང་རྒྱལ་ཁ་ཐོབ་མཁན་ནི་སྲིད་སྐྱོང་ལས་ཐོག་ཁོང་རང་ཡིན་པ་དྲྭ་ཐོག་གི་བགྲོ་གླེངས་ཁག་ལ་ལྟས་ན་གསལ་པོ་ཆགས་འདུག
བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་མཁན་དེ་ཁོང་ཉིད་གཅིག་པུ་ཡིན་ཞེས་དང་། (“ཚོགས་གཙོས་བོད་མི་ས་དྲུག་གི་ཚབ་བྱེད་ཐུབ་ཀྱི་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ་ལགས་བཙན་བྱོལ་དུ་ཡོད་པ་ཚོས་འོས་བསྡུ་བྱས་པ་རེད་མ་གཏོགས། ཁྱེད་རང་གིས་ཕལ་ཆེར་བོད་མི་ས་ཡ་དྲུག་གི་ཚབ་བྱེད་ཐུབ་ཀྱི་མ་རེད་དཱ། ངས་ཕལ་ཆེར་བྱེད་ཐུབ་པའི་བཟོ་འདྲ་ཞིག་ཡོད་པ་རེད་ཅེས་ལབ་རྒྱུ་བྱུང།” ༧གོང་ས་མཆོག་གི་བཀའ་སློབ་ཇི་བཞིན་སྒྲ་ཕབ་ཞུས།
བཀྲིས་བདེ་ལེགས། ད་རེས་སྲིད་སྐྱོང་ལང་ཕྱོགས་ཐད་བགྲོ་གླེང་ལ་བསམ་བྱ་སྐོར་ཡིན་ན་་་་་་
མི་མངོན་པའི་བྲན་གཡོག་རྐུབ་སྟེགས་སུ་ལ་འཐོབ་ན་འཐོབ། ཁྱད་པར་སྤུ་ཙམ་མེད་དོ།
ལུང་རྟོགས་ཀྱི་གསུང་པ་ལྟར་སྲིད་སུ་ཐོབ་ལུང་ཚན་དང་འབྲེལ་ནས་དཔྱད་པ་བཏང་ཁུལ་བྱེད་པ་ནི་སོ་སོའི་ནུས་ཚོད་ཀྱི་གཡོ་ཇུས་ཤིག་རེད་བསམ་ཀི། གལ་ཏེ་ཡིན་པའི་དབང་དུ་བཏང་ན་འང་་ཆོལ་ཞེན་གྱིས་བློ་སེང་ཐོབ་མི་སྲིད།་གང་ཡིན་ཟེར་ན་ཁོ་རང་དམིགས་བསལ་ཆོལ་ཞེན་ཡོད་མཁན་དེ་འདྲ་རྩ་བ་ནས་མ་རེད། སྐབས་སྔོན་མར་བློ་བུར་ཏུ་ཐོབ་པའི་རྒྱུ་མཚན་ཅིག་དེ་ཡིན། ཤེས་ཡོན་ཨ་ཅང་ཅང། གཞོན་སྐྱེས་ལུང་ཞེན་མེད་པ། མང་ཚོགས་ཡིན་ན་འང་ཆབ་སྲིད་ཀྱི་གོ་རྟོགས་ཡོད་པས་ཡིན། ད་དུང་ཡང་ཁོང་ལསལྷག་ཞིག་མི་རྙེད་ལ་ལས་དོན་ཉམས་མྱོང་ཐོག་མཇུག་སྐྱོང་དགོས་པའི་དུས་ཚོད་དགོས། གཙོ་བོ་ཆབ་སྲིད་དབུ་ཁྲིད་ཞིག་གི་ཤེས་འབྱོན་ཡོད་ལ་སྤྱོད་ལམ་ཧ་ཅང་ཡག་པོ་རེད།
ད་རེས་ཤར་ཁུག་ལགས་ཀྱིས་གོང་གི་རྩོམ་ཡིག་གི་ཁ་ཕྱོགས་དེ་སླར་ཡང་ཕྱོགས་ཞེན་གྱི་ངོ་བོར་བསྒྱུར་གྲབས་གནང་གི་ཡོད་དེ་ཏོག་ཙམ་ཁྱད་མཚར་མཐོང་སོང་། གང་ཡིན་ཟེར་ན། གོང་གི་རྩོམ་ཡིག་ནང་མདོ་སྟོད་བས་བློ་བཟང་སེང་གེ་ལ་འོས་ཤོག་བླུགས་ན་གླན་ལྐུག་ཞིག་ལ་གྲུབ་པའི་གནད་དོན་གང་ཡང་བསྟན་མི་འདུག དེ་བཞིན་དུ་མདོ་སྟོད་པ་རྣམས་ཕྱོགས་ཞེན་རིང་ལུགས་པ་ཡིན་པ་འབུར་བཏོན་ཀྱང་གང་ཡང་གནང་མི་འདུག དྲང་མོར་བཤད་ན། ལུང་ཚན་ཕྱོགས་ཞེན་གྱི་དབང་དུ་བྱས་ན། ཨ་མདོ་བ་རྣམས་མདོ་སྡོད་བ་ལས་ཕྱོགས་ཞེན་ཆུང་བ་ཞིག་ཡོད་པ་ངས་ཡིད་ཆེས་བྱེད་ཀྱི་མེད། དེ་ནི་སློབ་སྦྱོང་ཡོད་མིན་གྱི་གནད་དོན་ཞིག་གཏན་ནས་མ་རེད། ཕྱོགས་ཞེན་གྱི་དྲི་ངན་འདེབས་མཁན་ནི་ཤེས་ཡོན་ཅན་གྱི་མིང་ཅན་དེ་ཚོས་བྱེད་ཀྱི་ཡོད། ང་ཚོས་ལོ་རྒྱུས་ལ་བལྟས་ནས་སྐད་ཆ་བཤད་ན། དོན་དངོས་ཁ་གྲགས་ཡོང་གི་རེད། དེ་ཡང་དེ་སྔོན་བཀའ་ཁྲིའི་འོས་བསྡུའི་སྐབས། དབུས་གཙང་བས་ཟམ་གདོང་རིན་པོ་ཆེ་མིར་བཏོན་པ་རེད། མདོ་སྟོད་མི་ཉུང་བ་ཞིག་གིས་འཇུ་ཆེན་དང་། ཨ་མདོ་བས་རྒྱལ་ལོ་ལ་རྒྱབ་སྐྱོར་བྱས་པ་རེད། དེས་ན་ཕྱོགས་ཞེན་གྱི་རྣམ་པ་གསལ་མཐིང་ངེར་མཐོན་འདུག དེ་ཡང་མདོ་སྟོད་གཅིག་པོ་མ་རེད་མདོ་སྨད་ཀྱང་རེད། འོན་ཀྱང་ངས་དེ་མཐའ་གཅིག་ཏུ་ནོར་བ་ཞིག་ལ་ངོས་འཛིན་ཞུ་གི་མེད། དེ་ནི་གཅིག་བྱས་ན་མིའི་རང་གཤིས་ཤིག་ཀྱང་ཡིན་སྲིད། གང་ལྟར། ལུང་ཚན་ཕྱོགས་རིས་ཀྱི་བསམ་ཁྱེར་དེ་སློབ་སྦྱོང་ཡོད་མིན་ཞིག་གཏན་ནས་མ་རེད། དེ་བས་ལྷག་བསམ་ཡོད་མིན་དེ་གཙོ་བོ་རེད། དེ་ནི་ངའི་བསམ་ཚུལ་ཙམ་ཡིན།
སྐལ་བཟང་སྤེན་པ་ལགས་ཀྱིས་ཡག་པོ་ཞེ་དྲག་གསུང་། ལས་ཐོག་སྲིད་སྐྱོང་ལགས་ཀྱིས་ཁས་ལེན་ལག་ལེན་བྱེད་མ་ཐུབ་པས་ཁོ་ལ་རེ་བ་མི་རྒྱག
ད་དུང་ང་ཚོར་དམངས་གཙོའི་མིང་ཙམ་ལས་དོན་ལ་གནས་པའི་དམངས་གཙོ་ཞིག་ཡོང་ཐུབ་ཀྱི་མེད་པ་ཤེས་པར་མཛོད། འོས་ཤོག་གི་ལམ་ནས་སོང་ནའང་ཆོལ་ཁ་དང་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཆེན་པོ་རེད། འདི་ནི་ད་དུང་བོད་མི་ཚོར་སློབ་སྦྱོང་ཚད་དུ་མ་ཐོན་པའི་རྟགས་རེད། ཨ་རིར་ལྟ་བུ་དམངས་གཙོ་ཡར་ཐོན་ཅན་ལའང་མི་རིགས་ཀྱིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་སྨོས་མེད་ལགས། ད་ལྟའི་ཨ་རིའི་སྲིད་འཛིན་འདི་མི་རིགས་ནག་པོ་ཡིན་ཕྱིར་མི་རིགས་ནག་པོ་ཕལ་མོ་ཆེས་ཁོང་ལ་འོས་ཤོག་འཕངས་པ་རེད་ཅེས་ཟེར། རྒྱུ་མཚན་ནི་མི་རིགས་ནག་པོ་ཚོར་མི་རིགས་དཀར་པོ་དང་བསྡུར་ན་སློབ་སྦྱོང་ཧ་ཅང་ཞན་པས་རེད། ང་ལ་གྲོགས་པོ་ཁམས་པ་ཞིག་ཡོད། ཁོང་གིས་ཟེར་དོན་ཁམས་པ་མང་པོས་བློ་བཟང་སེང་གེར་འོས་ཤོག་འཕེན་གྱི་ཡོད་ཟེར། དེ་དང་དེ་བཞིན་ད་དུང་ལོ་ངོ་བཅུ་ནས་ཉི་ཤུ་རིང་དམངས་གཙོ་ཚད་ལྡན་ཞིག་ཆགས་རྒྱུ་དཀའ་ལས་ཁག་པོ་རེད་སྙམ། །
ྱཕྱི་ལོ་ ༢༠༡༦ ལོའི་བཙན་བྱོལ་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་བྱ་རན་ལ་སོང་། སྤྱི་ཚོགས་དྲ་རྒྱ་ཐོག་ཚ་ཚ་འུར་འུར་ཐོག་བགྲོ་གླེང་བྱུང་བཞིན་པ་ནི་མི་མང་ནང་ཆབ་སྲིད་ཐོག་དོ་སྣང་དང་འགན་འཁུར་བྱེད་པའི་རྣམ་པ་གསལ་སྟོན་ཡིན་པ་མ་ཟད། བོད་མི་ཚོས་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་སྐབས་སྤྱི་སེམས་འཁྱེར་ནས་ཆོལ་ཆོས་ལུང་ཚན་གྱི་ཞེན་ཁོག་སྤངས་ནས་རྩ་དོན་ཁོ་ནར་བསམ་ནས་འདེམས་དགོས་པ་ཡིན། མི་མང་ནས་སྲིད་སྐྱོང་དང་སྤྱི་འཐུས་འོས་མིར་སུ་ཕེབས་ཀྱང་རྒྱ་གར་ཆབ་སྲིད་པ་ལྟ་བུ་སྐད་ཆ་སྙན་པོ་དང་ཁ་བདེ་པོ་བཤད་ནས་སླུ་ཐབས་ཟློས་གར་འཁྲབ་མཁས་མི་ཉུང་བ་ཡོད་དང་ཡོང་བཞིན་པར་སོང་མི་མང་རྣམས་དབུ་མ་འཁོར་བར་གཏམ་བཤད་ཀྱི་ནང་དོན་ལ་བསམ་ཞིབ་ནན་པོ་བྱ་གལ་ཆེ་བ་ཡིན།
རྒྱལ་ཁབ་དང་མི་རིགས་བསམ་ན་ཀླུ་མཁར་བྱམས་ལས་ལྷག་མེད། དེ་མ་ཡིན་པའི་དགོས་མཁོ་ཡོད་ན་སུ་སླེབས་ན་སྔར་བཞིན་ཉི་མ་གཏོང་རོགས་ཡིན་པ་ཐག་བཅད་ནས་བཤད་ཐུབ།
ནུབ་ཕྱོགས་ཁུག་རྟ་ལགས་
གང་འདྲ་ཞིག་ལ་ཀླད་པ་དཀྲུག་ཞུ་གི་ཡོད་ན་
ཤེས་འཇོན་གཉིས་ལྡན་གྱི་མི་སྣ་གང་འདྲ་ཞིག་ལ་ཤེས་འཇོན་གཉིས་ལྡན་ཞུ་གི་ཡོད་ན་
ངས་ཤ་ཁུགས་ལ་དྲི་བ་གཅིག་རང་ཡོད་ ཁྱེད་ཤར་ཕྱོགས་ཁུག་རྟས་དུས་རྒྱུན་དུ་ནས་ད་ལྟའི་སྲིད་སྐྱོང་མཆོག་མཁས་དབང་མིན་རབ་དང་འཇོན་ཐོང་མེད་རབ་བཤད་སྡོད་པ་ལས་ཁྱེད་རང་༢༠༡༦ ལོ་ཡི་སྲིད་སྐྱོང་འོས་མི་མ་ལོང་པའི་རྒྱུ་མཚན་ཅི་ཡིན་ནམ་ཟེ་ཞུ་རྒྱུ་ཡིན་ ཁྱེད་རང་གི་རང་ལ་ཞུ་དག་གཏོང་བ་ལས་ཆོལ་ཁ་གསུམ་གྱི་མི་མངས་ལ་ཞུ་དག་གཏོང་རྒྱུས་གནས་ཚད་དེ་ཁྱེད་ལ་མི་འདུག་ཞུ་རྒྱུ་ཡིན་
བོད་ཁམས་སྡེ་བ་ལགས། ལན་དེ་ལས་སླ་བོ་རེད། གུས་བ་ད་དུང་སྲིད་སྐྱོང་ལ་བཞེངས་ཆོག་པའི་ཕོ་ལོ་སོ་ལྔ་སོན་མེད། དེ་ཙམ་ཞུ།
ཆོལ་ཁ་སོ་སོར་སྡོམས་རྒྱབ་ནས་བཤད་མཁན་ཕལ་ཆེ་བ་ནི་རང་ཉིད་ཆོལ་ཁ་དང་ལུང་ཚན་སོགས་ཞེན་ཁོག་གིས་རྣམ་རྟོག་དགྲ་ལང་ཙམ་ལས་ཡོད་མ་རེད། གང་ལྟར་བོད་མིའི་སྤྱི་ཚོགས་སུ་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་མང་དག་ཞིག་ཡོད་ཚུལ་བཤད་ཀྱི་ཡོད་ཀྱང་ད་དགོས་ས་ལ་སླེབས་དུས་ཆང་དང་ན་མོ་སོགས་ལ་ཞེན་ཆགས་ཆེ་བའི་དཔོན་ཚེ་ལྟ་བུ་ལས་གྲངས་རྒྱུ་མི་འདུག། ད་དུང་ཁོ་པར་མི་བསོད་ལག་དམར་གྱི་རྩོད་གླེང་དེ་བཙན་བྱོལ་གྱི་གྲོས་ཚོགས་ར་བའི་བར་དུ་གླེང་བཞིན་པ་དེར་ཡང་གསལ་བཤད་ཐུབ་ཀྱི་མེད། མི་བསོད་ལག་དམར་གྱི་རྩོད་གཞི་ཅན་ཞིག་བོད་མིའི་སྲིད་སྐྱོང་གི་འོས་གཞི་ལ་སྐྱེལ་པ་དེ་ཡ་ཚན་རེད། སྐད་ཆ་འདི་དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ལ་ལབ་པ་ཡིན། དངོས་གནས་ཡིན། དབུས་གཙང་ཚང་གིས་སྲིད་སྐྱོང་གི་འོས་གཞིར་མི་སྤོས་ཁོ་ལས་དྲག་ཙམ་ཞིག་མ་རག་པ་ནི་ངོ་མ་ཐབ་སྐྱོ་པོ་རེད། འགོ་གོང་ས་ཆོག་གིས་གཙོས་བོད་མིའི་སྤྱི་ཚོགས་སུ་བཙན་བྱོལ་ནང་དུ་དེང་དུས་ཀྱི་ཤེས་ཡོན་དང་ལྷག་བསམ་སོགས་ཀྱི་ཕྱུགས་པའི་བོད་པའི་ལོ་གཞོན་ཕོ་མོ་མང་པོ་ཡོད་ཟེར་ནས་གསུངས་སྡོད་ཀྱི་ཡོད། ད་དགོས་སར་གོང་གསལ་འོས་མི་བཞི་ལས་སྟོན་རྒྱུ་མེད་སོང་བ་ཡིན་ན་བོད་པའི་བྱ་བཞག་ཚང་མ་འདི་མོ་འདི་མོ་འཇུག་རྫོག་འགྲོ་རྒྱུ་རེད།
སུ་ལ་ཐོབ་ན་འགྲིག། བོད་དོན་ལ་དོན་སྣང་དང། རྒྱལ་བའི་བཀའ་བཞིན་བྱུང་ན་བོད་པ་དེ་ག་རང་ལ་འགྲིགས། རང་བཙན་ནི་མི་རྩོད། གཉིས་མེད་དབུ་ལམ་དེ་རྟོགས་ན་བོད་པ་ཚང་མ་སངས་རྒྱས་ཚར་ནས་རྒྱ་ནག་་ལ་ཆོས་འཆད་ན་བཟང།
བློ་སེང་གི་བྱས་རྗེས་ཡོད་ཚད་འདི་ཡིན།
གཅིག ཉམས་མྱོང་དང་འཇོན་ཐང་གང་ཡང་མེད་པའི་ཁོང་གི་བློས་གྲོགས་སྐལ་རྡོར། ཨ་རིའི་དོན་གཅོད་དུ་བསྐོས་པ།
གཉིས། ཤེས་ཡོན་གལ་ཆེ་ཚུལ། འུར་བཤད་དང་སྟོང་བཤད་ཁྲི་ལ་ཉེ་པ་བྱས་དེ། རང་ཉིད་རང་གིས་ཤེས་རིག་བཀའ་བློན་དུ་བསྐོས་པ། མཐར་ཤེས་རིག་བཀའ་བློན་ནས་བློ་སེང་རང་ཉིད་ཀྱིས་དགོངས་པ་ཞུས།
གསུམ། བདེ་སྲུང་ཉམས་ཞིབ་ཀྱི་མིང་བསྒྱུར་ཏེ་བོད་ཀྱི་སྲིད་བིྱས་ཉམས་ཞིབ་ཁང་། ཞེས་བཏགས་པ།
བཞི། ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་དང་འཇལ་འཕྲད་གནང་ཡང་། འུར་རྒྱབ་མང་དྲགས་དེ་བོད་དོན་ཐོག་རྒྱབ་སྐྱོར་གང་ཡང་མ་རགས་པ།
ལྔ། བློ་སེང་འོག་ལས་ཀ་བྱེད་མ་འདོད་པར་དམིགས་བསལ་སྐུ་ཚབ་གཉིས་ནས་དགོངས་པ་ཞུས་པ།
དྲུག དཔོན་རིགས་ཆེན་པོ་ཡིན་མདོག་ཀྱིས།
སྔོན་བསམ་གདོང་རིན་པོ་ཆེ་ནས་མ་བཞེས་པ། ཁོ་རང་གི་རླངས་འཁོར་ཐོག་གློག་དམར་པོ་ཞིག་དགར་པ།
བདུན། ས་ཆ་ག་བ་སོང་ན་འར་བཤད་པ།
བརྒྱད། ཁོ་རང་གི་ཁང་པའི་བུ་ལོན་ཨ་རིའི་གཞུང་ལ་སྤྲད་ཚར་འདུག
དགུ སྔོན་མ་ལས་བོད་ཡིག་ཡག་པོ་ཀློག་ཐུབ་པ།
བཅུ། པོ་ཏྭ་ལ་ཞེས་པའི་ལམ་ཁ་ཆུང་ཆུང་ཞིག་ལ་མིང་བཏགས་ཡོད།
ཚང་མས་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་རྒྱབ་སྐྱོར་གནང་རོགས་གནང་།
སྲིད་སྐྱོང་སུ་ལ་ཐོབ་ཀྱང་སྡ་རམ་ས་ལར་སླེབས་དུས་༧གོང་ས་མཆོག་གི་དགོང་གཞི་ལྟར་ལས་ཀ་བྱེད་དགོས་པས་སུ་ལ་ཐོབ་ཀྱང་ཁྱད་པར་མིན་འདུག་ དེར་རྟེན་ང་རང་འོས་ཤོག་བླུགས་པར་འགྲོ་མཁན་མིན་
ད་ཡང་མིན་ན་མངའ་རིས་པ་ཚོས་བཀྲ་ཤིས་དབང་འདུག་སྲིད་སྐྱོང་འདོམས། ཁམས་པ་ཚོས་བློ་བཟང་སེངྒེ་འདོམས། དབུས་པ་དང་ཨ་མདོ་པས་སྤེན་པ་ཚེ་རིང་འདོམས། མཐར་བསྟན་པ་གཅིག་ལ་སྟོན་པ་གསུམ། སྲིད་གཞུང་གཅིག་ལ་སྲིད་སྐྱོང་གསུམ་གང་འདྲ་འདུག ཧ་ཧ་ཧ་
བུམ་པར་ཆུ་གླུག་དགོས།
ཤར་ཕྱོགས་ཁུག་རྟ་ཁྱེད་བདེན་ཡ་ རྒྱལ་དར་དམར་པོར་རྣམས་ལ་འཕྱར་སྟངས་ལ་ལྟས་ན་ངས་ནི་ཁྱེད་ལོ་ཤི་ཤུ་ཡང་སོན་ཡོད་ན་བསམ་སོང་ཧཧཧ