བོད་ཨ་མདོ་རྔ་བ་ཁུལ་འབར་ཁམས་དགེ་ཐོན་སློབ་གྲའི་སློབ་མ་ཚོས་ད་ལོ་ཡང་སུམ་ཅུའི་དུས་དྲན་དང་གསུམ་པའི་བཅུ་བཞིར་དྲན་གསོ་བྱེད་པའི་ལས་འགུལསྤེལ་ཡོད་ལ་སྐབས་དེར་སློབ་མ་ཚོས་སློབ་གྲའི་རྩེད་ཐང་དུ་ཞའ་འདོན་འདོན་པ་དང་། མཆོད་མེ་སྤར་བ། སློབ་གྲའི་ར་སྐོར་ལ་གོམ་འགྲོད་སོགས་བྱས་ཐོག་སྔ་ས་ནས་གྲ་སྒྲིག་གིས་འབྲེལ་ཡོད་གྱི་རྩོམ་ཡིག་འདྲ་མིན་སློབ་གྲའི་གནམ་ལྕགས་ཚགས་པར་ལ་སྤེལ་བ་སོགས་བྱས་པར་སློབ་མ་ཕོ་མོ་གྲངས་༡༦་ཙམ་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་བའི་གནས་ཚུལ་ཐོན་པ་བོད་ནས་བཏང་འབྱོར་བྱུང་།
འབར་དགེ་ལོ་རེ་ནས་ཇེ་འབར་རེད།
བློ་མིག་ ༼བོད༽
སྙིང་སྟོབས་རྦ་རླབས་དགུང་ལ་འཕྱོ་བཞིན།།
སོ་མང་ཆུ་བོ་གཞུང་ནས་གཤག་པས།།
འབར་དགེ་ཚང་གི་གནམ་ལྕགས་ཚགས་པར།།
བདེན་པའི་ཐ་སྙད་གཞི་ནས་གྲུབ་ཡོད།།
ཚ་བ་རོང་གི་དུག་ཚེར་ནག་པོའི།།
ལུས་སྲོག་ལག་རྟགས་གནོད་སྐྱོན་བྱས་ཀྱང་།།
སྟོང་བར་གྱུར་བའི་མདུན་ཅོག་སྡོད་ཁང་།།
བེད་སྤྱོད་གཏོང་བའི་སློབ་མ་རེ་འགའ།།
སུ་ཞིག་བྱོན་ནས་གང་དུ་ཁྲིད་སོང་།།
མིག་ཟུང་ཉན་པ་སྟོང་ཕྲག་མང་བོའི།།
བཟང་ངན་ཅི་ཞིག་མཐོང་ཐོས་སྒུག་ནས།།
ཕྱིར་ཡོང་མཇལ་འཕྲད་དུས་ཤིག་ནམ་ཡིན།།
ཁྱེད་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ་བ་དང་ང་ཚོའི་དམིགས་ཡུལ་རྒྱས་རྒྱུར་ཅིག།
འབར་འབར་འབར་འབར་འབར་འབར་ཇེ་འབར་རེད། ཚང་མ་འབར།
དེང་སང་་བོད་ནང་དུ་བསྟུད་མར་མེ་འབར་བཞིན་འདུག་ན་ཡང་། བྱེས་སུ་དུ་བ་ཙམ་ཡང་ཐོན་རྒྱུ་མེད་པ་ལྟ་བུ་ཞིག་ཆགས་ཡོད་པ་དེ་ནི་ཅི་རེད། སྤུན་ཟླ་ཚོ། ངེད་ཅག་སྡར་མ་ཡིན་པས་རེད་དམ། ཡང་ན། ངེད་ཅག་གིས་རང་རང་ལ་ཁེངས་སེམས་ཀྱིས་བརྒྱང་དེ་བསྡད་ཡོད་པ་རེད་དམ།
དང་པོ་རྔ་པས་ངར། གཉིས་པ་འབར་དགེ་བས་འབར། གསུམ་པ་དང་། དེ་ནས་་་་་་་་་་་་་་་་་་་་་་་་་་་་་་་་་