ཨ་འདུས་སྐལ་བཟང་རྒྱ་མཚོ།
ས་སྐྱའི་རྩོམ་རིག་དུས་དེབ་<<ཆོས་དུང་དཀར་པོ་>>རྩོམ་སྒྲིག་ཁང་གིས་༸རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་བཅར་འདྲི་བྱས་པ།
ཆོས་དུང་། རིན་པོ་ཆེ། བཀྲ་ཤིས་བདེ་ལེགས། ཐོག་མར་སྐུ་ཉིད་ཀྱིས་གཙོ་འགན་བཞེས་བཞིན་པའི་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ངོ་སྤྲོད་མདོར་བསྡུས་ཤིག་གསུངས་རོགས།
ལན། མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ཟེར་བ་དེ་སྤྱིར་བཏང་ང་རང་ཚོ་ནང་པའི་ནང་ལ་མཆོད་གཞིས་བྱ་བ་ཞིག་ཡོད་པ་བཞིན། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་ཞལ་བཞུགས་པའི་སྐབས་སུ་ཡང་དགེ་འདུན་པ་ཚོའི་འཚོ་བ་དེ་བསོད་སྙོམས་ལ་བརྟེན་ནས་ཡོད་པ་རེད་ལ། དངོས་ནས་བྱས་ན་ཡང་དག་པའི་འཚོ་བ་ཞེས་པ་དེ་འདྲ་ཞིག་དགོས་ཀྱི་ཡོད་ས་རེད། ཡིན་ནའང་དེང་སང་དུས་ཚོད་དང་ས་ཆ་གང་ས་ཅི་ཐད་ནས་བསམ་བློ་བཏང་བ་ཡིན་ནའང་། འབར་མ། ཤྲིལིངྐ་། ཐེ་ལནྜི་ལྟ་བུའི་ནང་པའི་རྒྱལ་ཁབ་ཤུགས་ཆེན་པོ་དེ་ཚོའི་ནང་ལ་དེང་སང་ཡིན་ནའང་ནང་པའི་དགེ་འདུན་པ་ཚོ་འཚོ་བ་བསོད་སྙོམས་གནང་གི་ཡོད་པ་རེད། དེ་འདྲ་མཇལ་རྒྱུ་ཡང་ཡོད་རེད། ཡིན་ཡང་ཡིན་ས་རེད།
ཡིན་ནའང་དེ་ཚོའི་གྲས་ཏེ་དུས་ཚོད་ཀྱི་དབང་གིས་འགྱུར་བ་ཆེན་པོ་ཆགས་ནས། དཔེར་ན། ཐེ་ལནྜི་དང་། ཤྲིལིངྐ་དེ་ཚོའི་ནང་ལ་ཉུང་དུ་འགྲོ་ཡི་ཡོད་རེད། དེ་ནས་འཚོ་བ་བསོད་སྙོམས་ལ་བརྟེན་ནའང་བསོད་ནམས་སྙོམས་སྤྲོད་མཁན་གྱི་སྤྱིན་པའི་བདག་པོ། དཔེར་ན། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་བཞུགས་པའི་སྐབས་སུ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན། མ་སྐྱེས་དགྲ། གསལ་རྒྱལ་སོགས་འདྲ་མིན་ཞིག་ཡོད་སྐད་རེད། དེ་འདྲ་ཡིན་དུས། དཔེར་ན། ང་རང་ཚོས་སྨོན་ལམ་རྒྱབ་པའི་སྐབས་ལ་ཡང་། བསྟན་པའི་སྦྱིན་བདག་དེ་མངའ་ཐང་དར་དགོས་ཀྱི་ཡོད་ཅེས་སྨོན་ལམ་རྒྱག་གི་ཡོད་རེད། དེ་ལའང་གོ་རྒྱུ་ཞིག་ཡོད་པ་རེད། བསྟན་པའི་སྦྱིན་བདག་ཟེར་བ་དེ་ངེས་པར་དུ་དགོས་རྒྱུ་རེད། དེ་འདྲ་མིན་ན་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་རག་ལས་པ་ཡིན་དུས། བསྟན་པ་འཕེལ་འགྲིབ་དང་། བཤད་པ་དང་སྒྲུབ་པ་ཟེར་བ་དེ་དཀའ་ལས་ཁག་ཙམ་ཆགས་ཀྱི་རེད།
དཔེར་ན། ཆོས་རྒྱལ་མྱ་ངན་མེད་འདྲ་བོ་ཞིག་ཡིན་ནའང་། བསམ་བློ་བཏང་ཡོང་དུས། དུས་རྒྱུན་ང་རང་ཚོས་བསྟན་པ་གནས་པ་དང། བསྟན་པ་རྒྱུན་སྐྱོང་བ་དང་། བསྟན་པ་སྤེལ་ཡ་དེ་སྟོན་པའི་གཏབ་རབས་དང་། རྒྱན་དྲུག་མཆོག་གཉིས། གནས་བརྟན་བཅུ་དྲུག་དེ་ཚོ་དཔེ་མི་སྲིད་པའི་རྩ་ཆེན་པོ་བརྩིས་ཏེ་ལོ་རྒྱུས་ནང་ལ་ཡང་དེ་ཚོ་བྲིས། གསོལ་བ་ཡང་དེ་ཚོ་ལ་བཏབ། བསྟོད་པ་ཚིགས་བཅད་གཅིག་མ་གཏོགས་ཕུལ་རྒྱུ་མེད་ནའང་དེ་ཚོ་ལ་ཕུལ་བ་ལས། ཆོས་རྒྱལ་མྱ་ངན་མེད་ལ་བསྟོད་པ་ཕུལ་བ་ཞིག་ཕལ་ཆེར་ང་ཚོ་མེད་པ་ལྟ་བུ་རེད།
ཡིན་ནའང་ཆོས་རྒྱལ་མྱ་ངན་མེད་མེད་ན་ནང་པ་སངས་རྒྱས་པའི་བསྟན་པ་ཕལ་ཆེར་མེད་པ་ཆགས་ཡོད་པ་རེད། ཆགས་སྲིད་པ་རེད། དེ་བཞིན་དུ་ཀཎིཤིཀཱ། དེའི་ཕྱིས་སུ་སོག་པོའི་རྒྱལ་པོ། འཇར་པན། ཝེ་ཐི་ནམ། ང་རང་ཚོ་བོད་ལ་མཚོན་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། སྲོང་བཙན་སྒམ་པོ། ཁྲི་རལ་བ་ཅན་དེ་ཚོ་མེད་པ་ཡིན་ན། མཁས་གྲུབ་བླ་མ་ཧ་ལས་པ། ཧོན་འཐོར་བ་ག་འདྲ་ཞིག་ཕེབས་པ་ཡིན་ནའང་ཕལ་ཆེར་དཀའ་ལས་ཁག་པོ་རེད། དེ་འདྲ་ཡིན་དུས་བསྟན་པའི་སྦྱིན་བདག་ཟེར་བ་དེ་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་རེད། དེ་གཅིག་རེད།
དེ་འདྲ་ཡིན་དུས། མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ཟེར་བ་དེ་གཙོ་བོ་དང་པོ་མགོ་འཛུགས་དུས་ང་རང་གི་རྫོང་སར་དགོན་པ་དང་། བཤད་གྲྭ། དེ་ཚོ་ཁ་ཤས་ཤིག་ལ་མུ་མཐུད་མཐུན་རྐྱེན་སྦྱར་རྒྱུའི་ཆེད་དུ་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ཟེར་བ་དེ་མགོ་འཛུགས་བྱས་པ་རེད། དེའི་མཇུག་ལ་ཅུང་བློ་སྟོབས་རྒྱ་སྐྱེད་བྱས་ནས་ང་རང་ཙམ་གྱི་མ་ཡིན་པར། ཆོས་ལུགས་ཡིན་ནའང་རང་ཉིད་གཅིག་པུ་མ་ཡིན་པ། ཆོས་ལུགས་ཁག་འདྲ་མིན་ནས་སློབ་གཉེར་བྱེད་འདོད་ཡོད་པ་དང་། ཉམས་ལེན་འདྲ་བྱེད་འདོད་ཡོད་མཁན་ཚོར་ང་རང་ཚོའི་ནུས་པ་གང་ལྕོགས་ཀྱིས་རྒྱབ་སྐྱོར་དང་འཚོ་བའི་མཐུན་རྐྱེན་སྦྱར་ཨེ་ཐུབ་བལྟས་པ་རེད། དེའི་རྗེས་སུ་ད་དུང་བློ་སྟོབས་རྒྱ་སྐྱེད་བྱས་ནས་དེང་སང་ཕྱི་རྒྱལ་ཁག་ནས་ང་ཚོ་ནང་པའི་ཆོས་ལ། སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་རྗེའི་འཇུག་པ་མ་ཟད་པའི་རྒྱུ་མཚན་གྱིས་སྔོན་ནང་པ་སངས་རྒྱས་པའི་མཚན་གོ་ཡང་མ་མྱོང་བའི་རྒྱལ་ཁབ་དེ་ཚོའི་ནང་ལ་ནང་པའི་ཆོས་ལ་དོན་གཉེར་དང་། དེ་མིན་ཚོད་ལྟ་ཙམ་རེ་བྱེད་མཁན་དེ་འདྲ་རེ་ཡོད་ནའང་ཡག་པོ་ཞེ་དྲག་རེད།
ཚོད་ལྟ་བྱེད་མཁན་ཡོད་ན་ང་ཚོ་ནང་སངས་རྒྱས་པ་ལ་རྐུབ་རྡོལ་ཡོང་རྒྱུ་ནི་མེད། ད་དུང་དེ་ལས་ཡག་ཏུ་འགྲོ་གི་རེད། དེ་འདྲའི་ཚོད་ལྟ་བྱེད་མཁན་མང་པོ་ཞིག་ལ་མཐུན་རྐྱེན་སྦྱར་གི་ཡོད་རེད། ཕྱོགས་གཅིག་ནས་ང་ཚོ་སྐྱབས་བཅོལ་བ་ཡིན་དུས་སྐྱོ་བོ་ཡིན་ཆགས་རེད། ཡིན་ནའང་ཕྱོགས་གཅིག་ནས་བསམ་བློ་བཏང་ན། ཕྱི་རྒྱལ་གྱི་ནང་ཆོས་དོན་གཉེར་བ་དེ་ཚོའི་ནང་ལ་ང་ཚོ་ལས་ཀྱང་སྐྱོ་བ་དེ་འདྲ་ཡོད་རེད། ཆོས་ལ་དོན་གཉེར་ནི་ཧ་ཅང་ཆེན་པོ་དེ་འདྲ་ཡོད་པ་རེད། དེ་ཚོ་ལ་མཐུན་རྐྱེན་སྦྱར་ཡ་དེ་གནད་འགག་ཆེན་པོ་ཞིག་རེད་བསམ་ནས་དེ་འདྲའི་ལས་འགུལ་ཞིག་སྤེལ་བ་རེད།
དེ་ནས་ད་དུང་བློ་ཁོག་རྒྱ་སྐྱེད་ཅིག་བྱས་ཡོང་དུས། འཛམ་བུ་གླིང་འདི་ལ་ཕྱི་ནང་གང་ས་ཅི་ཐད་ནས་འགུལ་སྐྱོད་རྒྱབ་མཁན་ཆེ་ཤོས་དེ་སློབ་སྦྱོང་བྱེད་སའི་བསྟི་གནས། དེའི་ནས་ཀྱང་གཙུག་ལག་སློབ་གྲྭ་ཆེན་པོ་དེ་ཚོའི་ནང་ནས་ཐོན་ཡོང་མཁན་ཚོ། མ་འོངས་པའི་འཛམ་བུ་གླིང་ཡག་ཉེས་དང་། བསྒྱུར་བཅོས་གཏོང་མཁན་དེ་ཚོའི་ནང་ནས་ཐོན་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས། ང་ཚོ་ནང་ཆོས་ཀྱི་སློབ་སྦྱོང་དེ་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་དང་། གཙུག་ལག་སློབ་གྲྭ་གནད་འགག་ཆེན་པོ་དེ་ཚོའི་ནང་ཆོས་ལུགས་གཞན་ཧིན་དྷི་དང་། དཔེར་ན། ཁ་ཆེ་དང་། ཧིན་དྷི་དེ་ཚོར་སློབ་སྦྱོང་བྱེད་སའི་ཆ་རྐྱེན་ཡོད་རེད། ནང་པའི་ཕྱོགས་ལ་སྤྱིར་བཏང་ཡོད་རེད་དེ། ཧ་ལས་པ་ཞིག་བྱུང་ཐུབ་ཡོད་མ་རེད། ད་དུང་ཡིན་ནའང་དེ་འདྲའི་རྒྱ་ཆེན་པོ་ཞིག་བྱུང་ཐུབ་ཡོད་མ་རེད།
དེ་འདྲ་ཡིན་དུས་ང་ཚོ་མཁྱེན་བརྩེ་ཐེབས་རྩ་ཚོགས་པས་དམིགས་བསལ་གྱིས་ཤུགས་ག་རེ་རྒྱབ་ཀྱི་ཡོད་རེད་ཅེ་ན། ཨ་མི་རི་ཀ་དང་། ཨོསིཁྲོལིཡ། དེ་འདྲའི་རྒྱལ་ཁབ་འདྲ་མིན་ནང་གཙུག་ལག་སློབ་གྲྭ་གནད་འགག་ཆེན་པོ་དང་། དཔེར་ན། ཚོང་པ་ཤུགས་ཆེན་པོ་དང་། སྲིད་དོན་གྱི་དབུ་ཁྲིད་དེ་ཚོའི་བུ་ཕྲུག་ཚོས་སློབ་སྦྱོང་བྱེད་ས་དེ་ཚོའི་ནང་ལ་ནང་ཆོས་ཀྱི་སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་དང་ཆ་རྐྱེན་ཞིག ད་ང་ཚོས་ཁ་ཤས་འཛུགས་ཐུབ་ཡོད་པ་རེད། དཔེར་ན། ཨ་རིའི་ནཱདཱིལིའི་གཙུག་ལག་སློབ་གྲྭ་ཟེར་བ་དེ་གཙུག་ལག་སློབ་གྲྭ་ཆེན་པོ་ཞིག་ཆགས་ཡོད་རེད། དེའི་ནང་དུ་ནང་ཆོས་སློབ་སྦྱོང་བྱེད་སའི་ཆ་རྐྱེན་ཞིག་གཏན་འཇགས་བཙུགས་ཐུབ་ཡོད་རེད། འཇར་པན་གྱི་ཧམ་བིརིཇེ་གཙུག་ལག་སློབ་གྲྭ། ཉེ་ཆར་ཨོཀསིཕྷོར་དང་དེ་ཚོའི་ནང་ལ་བཙུགས་དང་འཛུགས་བཞིན་པ་ཡིན། མཁྱེན་བརྩེ་ཐེབས་རྩ་ཚོགས་པ་འཛུགས་དགོས་པའི་རྒྱུ་མཚན་གཅིག་འདི་ཡིན།
སྔོན་མ་ཡིན་ན་བསྐལ་པ་བཟང་པོའི་སྐབས་སུ་བླ་མ་ཡང་ཡག་པོ་བྱུང་ཡོད་རེད། སློབ་མ་ཡང་དད་པ་མོས་གུས་ཤུགས་ཆེན་པོ་ཡོད་མཁན་དེ་འདྲ་བྱུང་ཡོད་རེད། ཡིག་ལྐོག་ནང་ལ་དངུལ་ག་རེ་བཙུད་ཡོད་ཡོད་པ་དེ་རྩིས་ཁྲ་ལ་སོགས་པ་གང་ཡང་མེད་པར་ཡར་ཕུལ་ན། བླ་མས་ཀྱང་གཟིམས་ཁྲིའི་འོག་ལ་བླུགས་ན། ལྕགས་སྒམ་ནང་ལ་བླུགས་ན་དད་རྫས་ཆུད་མ་གཟན་པ་ཞིག་ཡོང་གི་ཡོད་རྒྱུ་རེད། མ་གཞི་འདྲ་མིན་སྣ་ཚོགས་རེད། གང་ལྟར་དེ་འདྲ་ཆགས་པའི་དབང་གིས་ད་ལྟའི་བར་དུ་བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་གནས་དང་གནས་བཞིན་པ་རེད། དེ་དུས་མི་རྣམས་ཀྱང་དོགས་པ་དེ་འདྲ་ཞེ་དྲག་ཡོད་མ་རེད། ཡིན་ནའང་དེང་སང་དུས་ཚོད་འགྱུར་ཚར་རེད། བླ་མ་ཡང་སྤྲུལ་སྐུ་འདྲ་མིན་སྣ་ཚོགས་གསར་པ་མང་པོ་ཐོན། མ་གཞི་ནས་གང་ཟག་གི་ཚོད་སུས་བཟུང་ཤེས། དེ་ཚོའི་ནང་ལ་ཡག་པོ་དང་སྡུག་ཅག་འདྲ་མིན་ཡོད་རེད། ཆོས་བེད་སྤྱད་བཏང་ནས་འཚོ་བ་རོལ་མཁན་དེ་འདྲ་ཡང་ཧ་ཅང་མང་པོ་ཞེ་དྲག་ཅིག་ཡོད་རེད། སྦྱིན་བདག་དེ་ཚོའི་ནང་ལ་ཡང་ཆོས་ལ་དད་པ་བྱས། ཡིན་ནའང་བསམ་བློ་ཡག་པོ་བཏང་མ་ཤེས་དུས་དད་རྫས་ཆུད་ཟོས་འགྲོ་བའི་གནས་ཚུལ་དེ་འདྲ་རྟག་པར་གོ་བསྡད་ཀྱི་ཡོད་རེད།
སྤྱི་ཚོགས་ཀྱི་དངུལ་ཟེར་བ་དེ་རྩིས་ཁྲ་ཕྱི་གསལ་ནང་གསལ་ཡོད་པ། སྤྱི་ཚོགས་ཀྱི་དངུལ་གྱི་བེད་སྤྱད་དེ་དངོས་ནས་བྱས་ན། སྤྱི་ཚོགས་རང་གི་མང་གཙོའི་སྟེང་ནས་ཐག་གཅོད་ཀྱི་ཡོད་རེད། དེ་དེང་སང་འཛམ་གླིང་གི་ལུགས་སྲོལ་ཞིག་ཆགས་བསྡད་ཡོད་པ་རེད་ལ། ལུགས་སྲོལ་ཡག་པོ་ཞིག་ཀྱང་རེད། ད་མི་རེ་གཉིས་བྱང་ཆུབ་སེམས་པ་ཆེན་པོ་དེ་འདྲས་ཐག་གཅོད་ཐུབ་ན་ཡག་པོ་ཞེ་དྲག་རེད་དེ། དེ་སུ་ཡིན་གང་ཟག་གི་ཚོད་བཟུང་ཐུབ་ཀྱི་མ་རེད། སུ་ཡིན་ཧ་གོ་གི་མ་རེད། དེ་འདྲ་ཡིན་དུས། མཁྱེན་བརྩེ་ཐེབས་རྩ་ཚོགས་པ་འཛུགས་དགོསཔའི་རྒྱུ་མཚན་གཅིག་དེ་ང་ཚོས་མ་འོངས་པར་དགོན་པ་དང་། བཤད་གྲྭ། སྒྲུབ་གྲྭ་དེ་ཚོའི་སྒྲིག་འཛུགས། ཆོས་ཀྱི་སྒྲིག་འཛུགས་དེ་ང་རང་ཚོ་ལ་ཡོད་བསྡད་པ་ཡིན་དུས་བཤད་མ་དགོས་པ་རེད། ཡིན་ནའང་འཚོ་བ་དང་མཐུན་རྐྱེན་གྱི་སྐབས་སུ་དཔལ་འབྱོར་གྱི་སྒྲིག་འཛུགས་ཐད་མིག་དཔེ་ཞིག་ཐོན་མི་ཡོང་ངམ་སྙམ་ནས་བཙུགས་པ་ཞིག་རེད།
ཆོས་དུང་། མཁྱེན་བརྩེ་སྐུ་གོང་མ་གཉིས་ལ་མཚོན་ན། བོད་ཀྱི་ལོ་རྒྱུས་སྟེང་རིས་མེད་མཁས་པ་ཀུན་གྱི་གཙུག་རྒྱན་ལྟ་བུར་གྱུར་ཡོད་པ་མ་ཟད། ཕྱག་རྗེས་ཀྱི་ཆ་ནས་ཀྱང་རིས་མེད་ཀྱི་དབང་ལུང་མན་ངག་བསྡུ་སྒྲིག་དང་། འཆད་ཉན། བསྒོམ་བསྒྲུབས་ཀྱིས་གཏན་ལ་དབབ་སྟེ་གསུང་འབུམ་ཡང་མང་པོ་བཞག་པ་སོགས་རླབས་ཆེན་གྱི་མཛད་པ་བསམ་ཡུལ་ལས་འདས་པ་བསྐྱངས་ཡོད། སྐུ་ཉིད་དེ་གཉིས་ཀྱི་སྐྱེ་ཕྲེང་ཡིན་པའི་ཆ་ནས། ཆོས་ལུགས་རིས་མེད་ཅེས་པའི་ཐད་གོ་བ་ཇི་ལྟར་ལེན་གྱིན་ཡོད་དམ།
ལན། ད་ཆོས་ལུགས་རིས་མེད་ཟེར་བ་དེར་ངས་བསམ་བློ་འདི་འདྲ་བཏང་གི་ཡོད། དངོས་ནས་བྱས་ན་དགོས་རྒྱུ་ངེས་ཅན་ཞིག་རེད། ཡིན་ན་ཡང་ཆོས་ལུགས་རིས་མེད་ཟེར་དུས་སྐྱབས་འགྲོ་དེ་ས་སྐྱའི་སྐྱབས་འགྲོ། སེམས་བསྐྱེད་དེ་རྙིང་མའི་སེམས་བསྐྱེད། འདོན་པ་དངོས་གཞི་དེ་དགེ་ལུགས་ཀྱི་འདོན་པ་ཟེར་བ་འདྲ་བོ་དང་། སྨོན་ལམ་དེ་བཀའ་བརྒྱུད་ཀྱི་སྨོན་ལམ་ཟེར་བ་ལྟ་བུའི་ཆ་ལ་ཆོ་ལེ་དཔེར་ན། ཐུག་པ་འདྲ་བོ་དེ་ཞིག་རྩ་བ་ནས་ཡིན་ས་མ་རེད། དཔལ་ལྡན་ས་སྐྱ་པ་འདྲ་ཞིག་ཡིན་ན། ས་སྐྱ་པའི་ཆོས་ག་འདྲ་ཡིན་པ་དེ་ཇི་འདྲ་ཞིག་ཡིན་པ་དེ་ཇི་མ་ཇི་ལྟ་བ་བཞིན་ཉམས་སུ་བླངས་པ་ཡིན་ན། ས་སྐྱ་པའི་ནང་ལ་ཞེན་པ་བཞི་བྲལ་འདྲ་བོ་ཞིག་ལ་བསམ་བློ་བཏང་བཞག་པ་ཡིན་ན་ཡང་། ཞེན་པ་བཞི་བྲལ་དེ་དངོས་སུ་ཁ་ཡོད་ལག་ཡོད་ཉམས་སུ་བླངས་བཞག་པ་ཡིན་ན། རིས་མེད་ཏན་ཏན་ཆགས་འགྲོ་གི་རེད། ཚེ་འདི་ལ་ཞེན་ན་ནི་ཆོས་པ་མ་རེད་གསུངས་ཡོད་པ་རེད། འཁོར་བ་ལ་ཞེན་ན་ནི་སོགས་གསུངས་ཡོད་རེད། དེ་འདྲ་ཡིན་དུས་རིས་མེད་ཏན་ཏན་ཆགས་ཀྱི་ཡོད་ས་རེད། ཡིན་ན་དམིགས་སུ་བཀར་ནས་རིས་སུ་མ་ཆད་པ་ཞིག་དགོས་ཀྱི་རེད་གསུངས་མཁན་དེ། སྔོན་མ་བོད་ལ་བཀའ་མོལ་དེ་འདྲ་བྱུང་སོང་བ་རེད། གཙོ་ཆེ་བ་ཤུགས་རྒྱབ་མཁན་དེ་འཇམ་དབྱངས་མཁྱེན་བརྩེ་དང་། འཇམ་མགོན་གོང་སྤྲུལ་རྣམ་པ་གཉིས་ཡིན་རྒྱུ་རེད་བསམ་གྱི་འདུག
ཡིན་ན་ང་རང་སྒེར་གྱི་བསམ་བློ་བཏང་སྟངས་བྱས་པ་ཡིན་ན། རིས་མེད་ཟེར་བ་དེ་དཔེ་མི་སྲིད་པའི་དཀའ་ལས་ཁག་པོ་ཞིག་རེད། དེའི་ནང་ནས་ང་ཚོ་བོད་པའི་གོམས་གཤིས། བོད་པའི་མིའི་གོམས་གཤིས་ལ་རིས་མེད་ཟེར་བ་དེ་སྡུག་ཅག་གི་གྲས་ལ་སླེབས་བསྡད་ཡོད་རེད། མི་མདོ་མེད་ཀྱི་གྲས་ལ་སླེབས་བསྡད་ཡོད་རེད། རིས་མེད་ཟེར་བ་དེ་གལ་སྲིད་སྙན་མོ་ཞིག་བཤད་ན། དེ་སྲིད་དོན་གྱི་སྐད་ཆ་རེད། ཡོང་ཡ་མེད་པའི་སྐད་རེད་ཅེས་དེ་འདྲ་དྲན་མཁན་མང་པོ་རེད། བོད་མིའི་གོམས་གཤིས་དེ་ལ་ལ་ཕར་ནང་ཚུར་ནང་། ཆུ་ཕར་ནང་ཚུར་ནང་ལ་ཡང་ཁོང་ཚོ་དང་ང་ཚོ་ཟེར་ནས། ཁ་ཕོ་རིས་དང་སྣ་ཕོ་རིས་ཟེར་ནས་དེ་འདྲའི་སྐད་བཤད་ཡ་ལ་དགའ་བོ་ཞེ་དྲག་རེད། ང་ཆོས་ལུགས་འདི་འདྲ་རེད། ཁོ་ཆོས་ལུགས་དེ་འདྲ་རེད། ཁ་དོག་དཀར་དམར་ཡན་ཆད་ནས་ང་ཚོས་ཞྭ་མོ་དམར་པོ་གྱོན་གྱི་རེད། ཁོ་ཚོའི་ཞྭ་མོ་སྔོན་པོ་གྱོན་གྱི་རེད།
བོད་དེ་ཕྱོགས་གཅིག་ནས་ང་ཚོས་བོད་ཆོས་ལྡན་རྒྱལ་ཁབ་ཅེས་རྒྱ་ཆེན་པོ་དང་རྫིག་པོ་དེ་འདྲ་བཤད་རྒྱུ་ཡོད་རེད་དེ། ཕྱོགས་གཅིག་ནས་ས་ཁུག་ལུང་ཁུག་གི་རྒྱལ་ཁབ་ཅིག་རེད། ལྟ་རྒྱ་མཐོང་རྒྱ་རྩ་ནས་མེད་མཁན། ཕྱིའི་རྒྱལ་ཁག་གི་ནང་དུ་ཡང་ང་དགུ་ལོ་སྔོན་ལ་བྱུས་གཏོགས་རྩ་ནས་མ་བྱས། སེམས་པ་རྒྱ་ཆུང་ཆུང་། བོད་ཀྱི་ཕྱི་ལོག་ཏུ་ཡོད་ཚད་ཐམས་ཅད་ལྐུག་པ། མུན་པའི་གླིང་། ཀླ་ཀློའི་རང་བཞིན་ཅན་དེ་འདྲ་ཞིག་ཏུ་བརྩིས་ནས་ལྷག་བསྡད་པའི་རྒྱལ་ཁབ་ཅིག་རེད། དེའི་གོམས་གཤིས་དེ་དཔེ་མི་སྲིད་པའི་ཁྱད་མཚར་ཞིག་ཡོད་རེད། ང་ཚོ་དང་ཁོང་ཚོ་ཟེར་བའི་སྐད་ཆ་མང་པོ་བཤད་དགོས་མཁན་ཞིག དེ་འདྲ་ཡིན་དུས། བསམ་བློ་དངོས་གནས་ཤིག་བཏང་བ་ཡིན་ན། གྱོང་རག་ཡོད་པ་རེད་དྲན་གྱི་འདུག
དཔེ་ཞིག་བཞག་ན། ཕྱི་རྒྱལ་གྱི་གཙུག་ལག་སློབ་གྲྭ་ཞིག་གི་ནང་ལ་ད་ལོ་ཚན་རིག་པ་ཞིག་གིས། དཔེར་ན། དངོས་པོ་རྫས་ག་རེ་ཡིན་ནའང་། གཅིག་གི་སྟེང་ལ་བརྟག་དཔྱད་བཏང་ནས་གྲུབ་འབྲས་གསར་བ་ཞིག་ཐོན་པ་ཡིན་ན། གཙུག་ལག་སློབ་གྲྭ་གཞན་པ་ཚོས་དེ་ལ་ཕྱོགས་རིས་བྱས་ནས་དེའི་སྐོར་ལ་དགག་པ་རྒྱག་རྐྱང་། དེ་མ་རེད་ཟེར་གྱི་མ་རེད་ཟེར་བ་དེ་འདྲ་བྱེད་ཀྱི་མ་རེད། དེ་ཡང་དང་དུ་བླངས། དེ་འདྲ་ཡིན་ས་རེད་བསམ། དེ་ལ་དོ་སྣང་བྱས་ནས་ཕྱི་རྒྱལ་དེ་ཚོ་ཡར་རྒྱས་འགྲོ་ཡི་ཡོད་རེད། དེ་ཆོས་ཀྱི་སྐོར་ལ་ཟེར་གྱི་ཡོད་མ་རེད། རྫས་དང། ཚན་རིག དཔལ་འབྱོར་གྱི་སྟེང་ནས་རིག་པ་དེ་ག་ས་གང་དུ་ག་འདྲ་ཡོད་ནའང་། དེ་འདྲ་ཡིན་དུས། ང་རང་ཚོས་དངོས་གནས་བྱས་ན། ས་སྐྱ་དང་། བཀའ་བརྒྱུད། རྙིང་མ། དགེ་ལུགས། བསམ་བློ་ཡག་པོ་བཏང་ཡོང་དུས་སྐབས་ལ་ང་ཚོའི་ནང་ལ་ཡོད་པའི་ཉམས་ལེན་ཟེར་ན་རེད། ཤེས་ཡོན་ཟེར་ན་རེད། དེ་ཚོ་ཡོངས་རྫོགས་དེ་མི་ཧ་ལས་པ་དེ་ཚོའི་སྐད་ཆ་རེད། ཌོམ་བུ་ཧེ་རུ་ཀ ནག་པོ་པ། ཏེ་ལོ་པ། དཔེ་མི་སྲིད་པའི་མཁས་པ་བསམ་བློ་མང་པོ་བཏང་ན་གཏོང་ཐུབ་མཁན་གྲུབ་ཐོབ་དེ་ཚོ། མཁས་པ་དེ་ཚོ། བིར་ཝ་པ་ཟེར་བ་འདྲ་བོ། དེ་ཚོ་ནས་མར་བརྒྱུད་པའི་བསམ་བློ་བཏང་སྟངས་ཤིག་རེད་བསྡད་ཡོད་རེད། ཆོས་ཟེར་ན་མ་ཟེར་ན། དེ་འདྲ་ཡིན་དུས། དེ་ཚོ་ཚང་མར་དོ་སྣང་བྱས་ནས་བདག་པོ་རྒྱག་མི་ཐུབ་ནའང་། དེ་ནས་བརྒྱུད་བཞག་པ་དེ་སྡུག་ཅག་རེད། ཡག་པོ་མ་རེད། སྤངས་དགོས་རེད། ང་ཚོའི་དེ་རང་ཡག་ཤོས་རེད་ཟེར་བའི་བསམ་བློ་དེ་གང་ལ་གང་འཚམས་ཀྱི་རྒྱ་ཆུང་ཆུང་རེད་བསྡད་ཡོད་ས་རེད། ཡིན་ནའང་དེ་བསམ་བློ་བཏང་དཔེ་དཀའ་ལས་ཁག་པོ་རེད།
བོད་ནང་ལ་ཡང་ལོ་རྒྱུས་སྟེང་ནས་མར་བལྟ་ཡོང་བའི་སྐབས་ལ། ཨ་ཧོ། ཆོས་ལུགས་རིས་སུ་མ་ཆད་པ་དང་། དེ་ཡང་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ལ་རིས་སུ་མ་ཆད་པ་གནང་མཁན་དཔེ་མི་སྲིད་པ་དཀོན་པོ་ཡིན་ས་དྲན་གི་འདུག ། ད་དེ་ང་རང་གི་རང་གི་ཆོས་ལུགས་ལ་རང་བསྟོད་འདྲ་ཞིག་ཆགས་ཀྱི་འདུག་སྟེ། ངས་སྔོན་ཡང་འཇམ་དབྱངས་མཁྱེན་བརྩེ་དང་། འཇམ་མགོན་ཀོང་སྤྲུལ་ནང་བཞིན་སྔར་ཡང་བྱོན་ཨེ་ཡོད་ན་བསམ་གྱི་འདུག ཡོད་སྲིད་པ་རེད། ང་མཐོང་རྒྱ་ཆུང་ཆུང་རེད། ཡོད་ན་མཁས་པ་ཚོས་ཞིབ་འཇུག་གནང་དགོས་པ་ཞིག་ཆགས་བསྡད་ཡོད་རེད། དཔེ་དཀའ་ལས་ཁག་པོ་རེད། ངས་བསམ་བློ་བཏང་ན། དེ་ནས་སྔོན་མ་ང་ཚོ་རྫོང་སར་བཤད་གྲྭ་དེ་ལ་ངས་མཁན་པོ་ཀུན་དགའ་དབང་ཕྱུག་ཞལ་བཞུགས་པའི་སྐབས་སུ་ཡང་ཁ་རུ་ཁ་ཐུག་ཞུས་པ་ཡིན། སྔོན་མ་རྫོང་སར་བཤད་གྲྭ་འདི་ཡང་རིས་མེད་ཡིན་མདོག་མདོག་དེ་འདྲ་གནང་གི་རེད། རྩ་ནས་མ་གནང་རོགས་གྱིས།
གང་རེད་ཟེར་ན། ས་སྐྱ་པ་རང་ཡིན་ཞེས་གསུངས་རོགས་གྱིས། རིས་མེད་ཟེར་བ་དེ་དངོས་སུ་ཁ་ཡོད་ལག་ཡོད་བྱེད་མ་ཐུབ་པ་ན། རིས་མེད་ཟེར་བ་དེ་པད་ཤག་བསྡུ་རུབ་བྱེད་རྒྱུའི་ཆེད་དུ་བཀོལ་བ་ཡིན་ན། ཆོས་ཕྱོགས་ནས་ཀྱང་ལོག་འཚོ་ཆགས་ཀྱི་རེད། དེ་འདྲ་ཡིན་དུས་རིས་མེད་ཟེར་བ་དེ་དཔེ་མི་སྲིད་པའི་དཀའ་ལས་ཁག་པོ་ཞིག་ནི་རེད། ཡིན་ནའང་བྱེད་དགོས་པ་ཞིག་ནི་ངེས་པར་དུ་རེད། བཟོ་ཐུབ་ན་ནི། གང་ཡིན་ཟེར་ན། འདི་ཡང་ཡག་པོ་ཡོད་མ་རེད། ཕར་ཡང་ཅེས་རྒྱུ་མཚན་གཞན་ཡང་གང་ཡང་ཡོད་པ་མ་རེད། ལ་ཕར་ནང་ཚུར་ནང་གི་སྐད་ཆ་རེད། ང་ཚོ་ལ་ཚུར་ནང་གི་མིའི་སྐད་ཆ་ཡིན། ཞེས་ལ་ཕར་ནང་གི་མི་ལ་རིག་པ་ཡག་པོ་ཞིག་ཡོད་ནའང་། བསམ་བློ་གཏོང་སྟངས་ཡག་པོ་ཞིག་ཡོད་ནའང་དང་དུ་མི་ལེན་པ། གང་ལྟར་བཤད་ན། ངས་དུས་རྒྱུན་ཁམས་པ་ཚོ་ལ་རྩེད་མོ་རྩེད་ཀྱི་ཡོད། ཁ་ཕོ་རིས་ཀྱི་མཚན་ཉིད་དེ་གང་ཡིན་ཟེར་ན། རང་ལ་ཡོད་པའི་སྐྱོན་ཞིག་ཡིན་ནའང་ཡོན་ཏན་དུ་བརྩི་བ། གཞན་ལ་ཡོད་པའི་ཡོན་ཏན་ཞིག་ཡིན་ནའང་སྐྱོན་དུ་བརྩི་བ་དེ་ཁ་ཕོ་རིས་ཀྱི་མཚན་ཉིད་རེད། དེ་ཡིན་དུས། དེས་དཔེ་མི་སྲིད་པའི་གྱོང་རག་གི་འདུག་ཅེས་ངས་བཤད་ཀྱི་ཡོད།
ཆོས་ཕྱོགས་ནས་བཤད་ན་ཡིན་ད་ཡིན། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སྤངས་དགོས་པའི་ལས་ཞིག་རེད་མ་གཏོགས། བསྒྲུབ་དགོས་པའི་ལས་ཞིག་མ་རེད། ཡིན་ནའང་། དཔེ་དཀའ་ལས་ཁག་པོ་རེད། བླ་མ་དབུ་དཀར་པོ་ཕར་མཇལ་ས་ལ་གནས་བརྟན་འོད་སྲུངས་འདྲ་བོ་དེ་ཚོ་ཡང་ཆོས་ལུགས་ལ་སླེབས་ཡོང་དུས་ཕྱོགས་རིས་ཁོང་ཚོ་ལས་ཆེ་ཞིག་མེད་མཁན་དེ་འདྲ་ཤ་སྟག་རེད། དེ་ལས་ང་ཚོ་ཕོ་སར་ཚོ་ཅུང་ཟད་དྲག་གི་འདུག དངོས་གནས་ཡིན། ང་ཚོས་ད་དུང་དེ་འདྲ་བྱས་ན་ཡག་གི་མ་རེད་ཅེས་བསམ་གི་ཡོད། ད་ལྟ་ངས་ཞུས་པ་ནང་བཞིན་གནས་བརྟན་འོད་སྲུངས་འདྲ་བོ་དེ་ཚོ་ཡང་། ཚོགས་འདུ་འདྲ་བོ་ལ་སླེབས་ཡོང་དུས་རིས་མེད་ཡིན་ན་ཅིག་དགོས་ཀྱི་རེད་གསུངས་བསྡད་པ་ལས། ལྐོག་ནས་ཕྱོགས་རིས་ཁོང་ཚོ་ལས་ཆེ་བ་མེད་པ་ཤ་སྟག་རེད།
ཆོས་དུང་། མཁྱེན་བརྩེ་ཐེབས་རྩ་ཚོགས་པར་དམིགས་ཡུལ་ཆེན་པོ་ལྔ་ཡོད་པ་ལས་ཡིག་བསྒྱུར་གྱི་ཁོངས་སུ་བཀའ་འགྱུར་ཨིན་བསྒྱུར་བྱེད་རྒྱུ་དེ་ཚུད་ཡོད་ལ། དེ་ནི་ཧ་ཅང་དཀའ་ཁག་ཆེ་བའི་བྱ་བ་ཞིག་ཀྱང་རེད། འོན་ཀྱང་རིན་པོ་ཆེ་མཆོག་གིས་འདི་ལྟ་བུའི་རླབས་ཆེན་གྱི་ཕྱག་ལས་ཤིག་དབུ་འཛུགས་གནང་བར་ཐུགས་སྟོབས་དེ་འདྲ་ཞིག་ཇི་ལྟར་འཁྲུངས་བ་དང་། ལས་གཞི་དེ་ལོ་ཇི་ཙམ་གྱི་ནང་མཇུག་སྒྲིལ་ཐུབ་པ་བྱེད་འཆར་ཡོད་དམ།
ལན། མཁྱེན་བརྩེ་ཐེབས་རྩ་ཚོགས་པའི་ནང་ལ་བཀའ་འགྱུར་བསྒྱུར་རྒྱུའི་ལས་ཀ་ཞིག་ཡོད་པ་རེད། དེ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་འདི་འདྲ་རེད། དེའི་སྐོར་ཁྱེད་ཀྱིས་བཀའ་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ལ་བོད་པའི་སྤྱི་ཚོགས་ནང་ནས་ཁ་ཤས་ཤིག་གིས་ཐུགས་སྣང་ཁྱད་མཚར་དེ་འདྲ་ཡོད་ས་རེད། ངའི་དྲྭ་རྒྱ་ནང་ལ་དེ་འདྲ་འདུག་ཅེས་ངས་གོ་སོང་། ཡིན་ནའང་ང་ལ་ལྟ་ཁོམ་མ་བྱུང་། ཡིན་ནའང་འདིར་གསལ་བཤད་ཅིག་བྱེད་རྒྱུ་ཡོད། སྤྱིར་བཏང་ཐོག་མར་མཁྱེན་བརྩེ་ག་རེ་བྱས་པ་རེད་ཅེ་ན། སྐད་བསྒྱུར་གྱི་ཚོགས་འདུ་ཞིག་ལ་ང་ཚོས་འགྲོ་སོང་གཏོང་གི་ཡིན་ཞེས། མཁྱེན་བརྩེ་ཐེབས་རྩ་ཚོགས་པས་སྐད་བསྒྱུར་གྱི་སྟེང་ནས་ལས་ཀ་བྱས་པ་ཡིན་ན། ང་ཚོས་རོགས་པ་བྱེད་ཀྱི་ཡིན་ཟེར་མཁན་གྱི་ཨ་རིའི་མི་ཞིག་ཐུག་བྱུང་། ཁོས་དངུལ་སྤྲོད་ཀྱི་ཡོད་དུས་ང་ཚོས་སྐད་བསྒྱུར་གྱི་ཚོགས་འདུ་ཞིག་འཚོག་གི་ཡིན་ཞེས། སྐད་བསྒྱུར་གྱི་འཚོགས་འདུ་ཞིག་འཚོགས་པ་རེད། གཙུག་ལག་སློབ་གྲྭ་ལྔ་བཅུ་ང་གཉིས་ཙམ་གྱི་མི་སྣ་གནད་འགགས་ཆེན་པོ་མང་པོ་ཞིག ང་ཚོའི་ས་ཁུག་ལུང་ཁུག་སྦིར་ཕེེབས་པ་རེད། ཚོགས་འདུ་ཉི་མ་མང་པོ་འཚོགས་པ་རེད། འཚོགས་འདུ་ཧ་ཅང་ཡག་པོ་བྱུང་བ་རེད། ཕར་བཤད། ཚུར་བཤད།
གང་སྤྱིའི་དོན་དག་གཙོ་བོ་དེ་ག་རེ་བཤད་པ་རེད་ཅེ་ན། ང་རང་ཚོ་བོད་པ་བླ་མ་དེ་ཚོས་ད་ལྟ་ཕྱི་རྒྱལ་གྱི་མགོ་སེར་པོ་དང་། དམར་པོ་དང་། ནག་པོ་དེ་ཚོས་མང་པོ་ཞིག་བསྒྱུར་གི་ཡོད་པ་རེད། དེ་ལ་དོ་སྣང་ཞེ་དྲག་གནང་གི་ཡོད་མ་རེད། ཁག་ཡོད་པ་མ་རེད། བསྟན་པ་དང་དགོན་པའི་ཕྱག་ལས་མང་པོ་རེད། ཕྱོགས་གཅིག་ནས་ང་རང་ཚོ་བོད་པའི་བླ་མ་དེ་ཚོས་ང་རང་ཚོའི་བོད་ཀྱི་ལས་ཀ་དེ་འདྲ་ལ་དབུ་འཐོམ་པ་མ་གཏོགས། ཕྱི་རྒྱལ་གྱི་རེད་ཟེར་ནས་དེ་འདྲའི་བསམ་ཚུལ་ཞིག་ཀྱང་ཡོད་པ་མིན་ནམ་བསམ་གྱི་འདུག གང་ལྟར་ཇུས་གཏོགས་ཞེ་དྲག་མེད་པ་རེད། ཅུང་ཟད་རེ་བསྒྱུར་ནའང་རང་རང་སོ་སོའི་ཆོས་ལུགས་ཀྱི་བླ་མའི་རྣལ་འབྱོར། ཞབས་བརྟན། བསྐང་གསོ། བདེན་ཚིགས་སྨོན་ལམ་ཟེར་བ་དེ་འདྲ་བསྒྱུར་བའི་བསམ་བློ་མ་གཏོགས་མེད་རེད།
ད་དཔེར་ན། ཁ་ཆེ་ཡིན་ནའང་རེད། ཡེ་ཤུས་ཡིན་ནའང་རེད། དེང་སང་འཛམ་བུ་གླིང་ལ་རྙོག་དྲ་མང་པོ་ཡོང་གི་ཡོད་རེད། རྙོག་དྲ་ཆེས་མཐར་ཐུག་པ། ཁ་ཆེ་ཁྱེད་ཚོས་འདྲ་མིན་བྱེད་ཡ་དེ། ཡེ་ཤུས་ཀྱི་ཆོས་ནང་ལ་ཡོད་མེད། ཧིན་དྷུའི་ཆོས་ནང་ལ་ཡོད་མེད། ཁ་ཆེའི་ཆོས་ནང་ལ་ཡོད་མེད། དེ་འདྲའི་རྙོག་དྲ་མང་པོ་ཐུག་ཡོང་དུས་སྐབས་ལ། རྩོད་པ་བརྒྱབ་ནས་མཐར་ཐུག་ཡོང་དུས། ཡེ་ཤུས་འདྲ་ཞིག་ཡིན་ན། བྷེ་བྷར་ལ་ཐུག་འགྲོ་གི་རེད། ཁ་ཆེ་འདྲ་ཞིག་ཡིན་ན་ཀོ་རན་ལ་གཏུགས་འགྲོ་ཡོད་རེད། དེའི་ནང་གང་ཡོད་པ་ཚད་མ་བྱེད་དགོས་རེད་མ་གཏོགས། མིས་འདྲ་མིན་བཤད་པ་དེ་ཚོ་ཚད་མ་བྱེད་རྒྱུ་མེད་པ་རེད། ང་ཚོས་བཀའ་འགྱུར་ལ་གཏུགས་དགོས་ཀྱི་རེད། སངས་རྒྱས་ཀྱིས་གསུངས་འདུག་གམ་མི་འདུག དེ་ལ་མ་གཏུགས་རང་གཏུགས་རེད།
ང་ཚོ་བོད་ཀྱི་བླ་མ་དེ་ཚོས་ཇུས་གཏོགས་གནང་ན་རེད། མ་གནང་ན་རེད། མགོ་སེར་དམར་དེ་ཚོས་དེང་སང་བསྒྱུར་འགྲོ་གི་རེད། ཁོ་རང་ཚོས་ཐག་བཅད་ནས། ཡག་པོ་ཆགས་མིན་ཧ་གོ་ཡ་ཡོད་མ་རེད། བསྒྱུར་ནི་བསྒྱུར་ཡོད་རེད། བསྒྱུར་ཡང་བསྒྱུར། དཔར་ཡང་བརྒྱབ། གོང་དུ་ཞུས་པ་ནང་བཞིན་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་རེད། དེ་ཚོས་དེ་ཀློག་འགྲོ་ཡི་རེད། ཡག་པོ་བྱུང་ཡོད་ན་ཧ་ཅང་ཡག་པོ་རེད། ད་ཡང་ཡག་པོ་བསྒྱུར་མེད་ན། དེའི་ནང་ལ་ག་རེ་ཡོད་པ་དེ་མ་གཏོགས་གོ་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་དུས། ང་ཚོ་རང་གིས་ཀྱང་ཇུས་གཏོགས་ཤིག་གནང་དགོས་པ་ཞིག་ཆགས་ཀྱི་འདུག དེ་ནས་ངས་ག་རེ་བཤད་ཡོད་རེད་ཅེ་ན། དེའི་ནང་ནས་བཀའ་འགྱུར་དེ་གནང་འགགས་ཆེན་པོ་ཞིག་ཆགས་ཀྱི་འདུག
ད་དེ་ང་ཙམ་མིན་པར་བླ་མ་མང་པོ་ཞིག་གིས་གསུངས་པ་རེད། བཀའ་འགྱུར་དང་བཀའ་འགྱུར་བསྟན་འགྱུར་འདྲ་ཞིག་ལ་ཆ་བཞག་པ་ཡིན་ན། ད་ལྟ་བླ་མ་བགྲེས་པ་དང་མཁས་པ་མང་པོ་བཞུགས་ཡོད་པ་རེད། དེའི་སྐབས་སུ་བསྒྱུར་མ་ཐུབ་ན། མ་འོངས་པར་ལོ་ཉི་ཤུ་ཙམ་གྱི་མཇུག་ལ། བོད་ཀྱི་སྐད་ཡིག་ཀྱང་སྲིད་དོན་གྱི་སྟེང་ནས་རེད། མཐུན་རྐྱེན་གྱི་སྟེང་གང་ནས་ཀྱང་སྐད་ཡིག་དེ་ད་མར་ཉམས་འགྲོ་ཡི་ཡོད་རེད། དེ་ནས་དེང་བོད་ནས་རྩོམ་འདྲ་མིན་ཐོན་ཡོང་གི་ཡོད་རེད། དེ་ཚོ་ང་འདྲ་བོ་ཞིག་གིས་བཀླགས་ན་མང་ཆེ་བ་གོ་ཡི་མི་འདུག ད་དེ་ཚོ་རྩོམ་སྟངས་མ་འདྲ་བ་རེད། བཀའ་འགྱུར་དེ་ཚོ་ཕལ་ཆེ་བ་གོ་ལེན་ཐུབ་མཁན་གོ་བ་ལེན་ཐུབ་མཁན་ཧ་ཅང་ཉུང་དུ་འགྲོ་ཡི་རེད། ངས་དེ་འདྲ་བཤད་རྒྱུ་བྱུང་། དེ་འདྲ་བཤད་དུས་བོད་པའི་བསམ་བློ་གཏོང་མཁན་ཁ་ཤས་ཤིག་གི་ཐུགས་ལ་ཕོག་ཡོད་ས་རེད། ཐུགས་ལ་ཕོག་ཡོད་ན་མེད་ན་ངས་ནི་ཤ་ཚ་བའི་སྐད་ཆ་ཡིན།
གང་ལྟར་དེ་ཚོ་མ་ཉམས་པའི་སྔོན་ལ་བསྒྱུར་དགོས་ཀྱི་ཡོད་ན་གང་མགྱོགས་བསྒྱུར་དགོས་ས་རེད་ཅེས་སྐད་ཆ་དེ་འདྲ་ཞིག་བྱུང་། དེ་དུས་གནས་སྐབས་ཀྱི་རིང་ལ་བཀའ་འགྱུར་བསྒྱུར་རྒྱུའི་ལས་དོན་གྱི་མགོ་ལ་བལྟ་མཁན་ང་ཡིན་ཞེས་ཁོ་ཚོ་ཚང་མས་མང་མོས་ཀྱི་ཐོག་ནས་ང་བསྐོས་སོང་། ང་རང་གི་བསམ་ཚོད་ལ་དངོས་གནས་བྱས་ན་ངས་བཀའ་འགྱུར་བསྒྱུར་རྒྱུའི་སྟེང་ལ་ཕྱི་ལོག་ནས་རྒྱབ་སྐྱོར་བྱས་ཏེ། ནང་ལོག་གི་སྐད་བསྒྱུར་བྱེད་རྒྱུ་དང་སྐད་བསྒྱུར་གྱི་མགོ་ལ་བལྟ་མཁན་དེ་ཚོའི་ཐད་ང་རང་ལ་ཉམས་མྱོང་མེད། ངས་ད་དབར་ཤོག་ལྡེབ་གཅིག་ཀྱང་བསྒྱུར་མ་མྱོང་། དངོས་གནས་བྱས་ན་གཞན་པ་ཞིག་གིས་གནང་དགོས་པ་ཞིག་རེད། གནང་ན་ངས་ཕྱི་ལོག་ནས་རྒྱབ་སྐྱོར་བྱས་ན་ཡག་པོ་ཡོང་གི་རེད་བསམ་སོང་སྟེ། དེ་དུས་བྲེལ་བ་འདྲ་བོ་བྱས་ནས་ཕར་བྱས་ཚུར་བྱས་ད་ལྟ་གནས་སྐབས་ཀྱི་རིང་ལ་ངའི་མགོ་ལ་ལྷུང་བསྡད་ཡོད་རེད། བཟོས་ནས་ཚན་པ་ཁ་ཤས་ཤིག་བསྒྱུར་བཞིན་པ་རེད། ཚན་པ་གཅིག་བསྒྱུར་ཚར་ཡོད་རེད།
ཆོས་དུང་། རིན་པོ་ཆེ་གཙོས་པའི་བོད་ཀྱི་བླ་ཆེན་མང་པོ་ཞིག་གིས་ད་དབར་འཛམ་གླིང་ཤར་ནུབ་ཀྱི་ལུང་པ་གང་སར་ནང་ཆོས་འཆད་ཁྲིད་བྱས་པའི་ཉམས་མྱོང་གི་ཆ་ནས། མ་འོངས་པར་བོད་མི་རིགས་འདི་རྦད་དེ་ཉམས་སོང་བ་ཡིན་ནའང་། བོད་བརྒྱུད་ནང་བསྟན་འདིའི་གཞི་ལམ་འབྲས་གསུམ་ཆ་ཚང་བ་ཞིག་ཕྱི་རྒྱལ་གྱི་སློབ་མ་ཚོས་ཕྱོགས་གང་ནས་རྒྱུན་འཛིན་བྱེད་ཐུབ་པའི་རེ་བ་དང་། གདེངས་སྤོབས་འདྲ་སྐྱེ་མྱོང་ཡོད་དམ།
ལན། ང་ལ་འདིའི་སྐོར་གྱི་སྐད་ཆ་མང་པོ་ཞིག་བཤད་རྒྱུ་ཡོད་དེ། དུས་ཚོད་ཀྱིས་ལྡང་ས་མ་རེད། ཡིན་ན་མདོར་བསྡུས་ཤིག་བཤད་པ་ཡིན་ན། ང་ཚོ་བོད་པའི་བླ་མ་ཚོས་ཐུགས་བསམ་བཞེས་རྒྱུ་གཅིག་འདུག བོད་ཀྱི་རིག་གཞུང་ཟེར་བའི་སྐད་ཆ་ཞིག་ཡོད་པ་རེད། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཟེར་བ་འདི་གཉིས་འབྲེལ་བ་ཤུགས་ཆེན་པོ་རེད་དེ། དེ་གཉིས་ཐ་དད་རེད། ཕྱི་རྒྱལ་མགོ་སེར་དེ་ཚོ་ཚེ་འདི་ལ་བོད་པ་ནམ་ཡང་འགྱུར་ཐུབ་ཀྱི་མ་རེད། མ་འོངས་པ་ལ་བོད་པའི་ཕྲུ་གུ་ཞིག་ཏུ་འགྱུར་བར་ཤོག་ཅེས་སྨོན་ལམ་བརྒྱབ་ན་རང་རང་སོ་སོའི་ལས་དང་སྨོན་ལམ་གྱིས་སྐྱེ་ན་མ་གཏོགས། མགོ་སེར་པོ་དེ་ཚོས་ནག་པོ་རྒྱབ་ནས་བཟོ་རྒྱུ་ཡོད་རེད་མ་གཏོགས། དེ་ཚོ་བོད་པར་འགྱུར་ཐུབ་ཀྱི་མ་རེད། དེ་ངས་བཤད་དོན་གནད་འགགས་ཆེན་པོ་ཞིག་ཡོད།
བོད་པའི་བླ་མ་མང་ཆེ་བས་ཕྱི་རྒྱལ་བ་ཚོར་བོད་ཀྱི་ལུགས་སྲོལ་ལབ་བསྡད་ཡོད་རེད། ཁ་བཏགས་ལྟེབ་བརྩེགས་རྒྱག་སྟངས་འདྲ་བོ་དང་། འབྲས་སིལ་བཟོ་སྟངས། གསོལ་ཇ་བཟོ་སྟངས་དེ་ཚོ་ལབ་བསྡད་ཡོད་རེད། དེ་ངས་ནོར་བ་རེད་དྲན་གྱི་ཡོད། གང་ཡིན་ཟེར་ན། བོད་ཀྱི་སྲོལ་ཟེར་ན། ལུགས་སྲོལ་ནི་ལུགས་སྲོལ་རང་རེད། མིས་བཟོས་པ་རེད། མཐའ་བཙན་པོ་གང་ཡང་མེད་རེད། ང་རང་ཚོ་བོད་པས་ཀྱང་དེང་སང་འཇོན་གྱི་མེད་རེད། ཕྱི་རྒྱལ་ཚོར་དེ་ལབ་ནས་ག་རེ་བྱེད་དགོས་རེད། བོད་པའི་ཇ་བཟོ་སྟངས་དང་། འབྲས་སིལ་བཟོ་སྟངས་ཡག་ཐག་ཆོད་ཤེས་ནའང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་མ་རེད། དངོས་ནས་བྱས་ན། དེ་ལས་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བའོ་ཞེས་དེ་ཕར་བཤད། ཁོ་རང་ཚོ་རྐང་པ་བརྐྱངས་ནས་བསྡད་ནའང་བསྡད། རྐང་པ་བརྐྱངས་པ་མ་གུས་པ་འདྲ་ཡིན་ན་ཅི་ཤེས། ཕྱི་རྒྱལ་མིའི་བྱེད་སྟངས་ཤིག་ཡོད་པ་རེད། གོམས་གཤིས་ཁ་ཁ་རེད། བོད་པ་ནང་བཞིན་ལྕེ་བརྐྱངས་དགོས་པ་མེད་རེད། དེ་དང་དེའི་སྐོར་ལ་ཐུགས་བསམ་ཞིག་བཞེས་པ་དགོས་པ་རེད་བསམ་གྱི་ཡོད།
ཆོས་དུང་། སྐུ་ཉིད་ནས་ད་དབར་(ཕོར་བ་)དང་། (ཆང་ཧུབ་ཐེངས་ཤིག་གི་འཁྲུལ་སྣང་)གིས་མཚོན་པའི་གློག་བརྙན་འགའ་བཟོ་བསྐྲུན་བྱས་ཡོད་ལ། བོད་མི་ཚོའི་ངོས་ནས་བླ་མ་ཞིག་གིས་གློག་བརྙན་བཟོ་བསྐྲུན་བྱས་པ་དེ་ཧ་ཅང་གི་དམིགས་བསལ་བ་ཞིག་ཀྱང་ཆགས་ཡོད། གློག་བརྙན་དེ་དག་གིས་སྤྱི་ཚོགས་ཁྲོད་དོན་ངོ་མར་གདན་དོན་གང་ཞིག་འགྲེལ་བཤད་རྒྱག་འདོད་པ་ཡིན་ནམ།
ལན། ངས་གློག་བརྙན་བཟོས་པ་དེ་བསྟན་པ་དང་སེམས་ཅན་ལ་ཕན་པའི་ཀུན་སློང་ཐིགས་པ་གཅིག་སྐྱེ་མ་མྱོང་། གློག་བརྙན་བཟོས་པ་དེ། ང་རང་སྒེར་སྤྱིར་སྟངས་ནས་ང་མི་དྲན་རྒྱུ་རྒོད་པོ། འཇིག་རྟེན་པའི་བསམ་བློ་ཤུགས་ཆེན་པོ། ཆོས་ཀྱི་བསམ་བློ་ཕལ་ཆེར་མེད་ཟེར་ན་ཆོག་བསྡད་མཁན། དེ་འདྲའི་ལས་ཀ་འདྲ་མིན་བྱེད་རྒྱུར་ཆུང་ཆུང་སྐབས་ནས་དགའ་བོ་དེ་འདྲ་ཡིན། དེ་འདྲའི་རྒྱུ་མཚན་གྱིས་གློག་བརྙན་ཐེངས་གཉིས་བཟོས་པ་རེད།
སྤྱིར་བཏང་མ་འོངས་པ་ལ་ང་རང་ཚོའི་སངས་རྒྱས་ཤཱཀྱ་ཐུབ་པའི་རྣམ་ཐར་གཞིར་བཟུང་ནས་གློག་བརྙན་བཟོ་རྒྱུའི་སྨོན་ལམ་རེ་རྒྱག་གི་ཡོད། ཡིན་ནའང་དཔེ་དཀའ་ལས་ཁག་པོ་རེད། དངུལ་ཕོན་ཆེན་པོ་དགོས་ཀྱི་རེད། དེ་འདྲ་སྤྲོད་མཁན་ཡོང་གི་ཡོད་མེད་ཅི་ཤེས། ཡིན་ནའང་ང་རང་ཆོས་ཀྱི་ནང་ལ་ཚུད་པའི་གང་ཟག་ཅིག་ཡིན་དུས། ཆོས་ཀྱི་སྐོར་ཅུང་ཟད་རེ་སླེབས་ཀྱི་རེད། དེ་མ་གཏོགས་སྒྲུང་ཞིག་ངས་ཧ་གོ་ཡི་མེད། ཡིན་ནའང་སང་ལོ་སྤྱི་ཟླ་དང་པོའི་ནང་ལ་ང་ཚོ་བོད་ཀྱི་ནང་ཆོས་དང་འབྲེལ་བ་རྩ་ནས་མེད་པའི་སྒྲུང་གཞི་རྒྱ་གར་གྱི་ཞབས་བྲོ་འཁྲབ་མཁན་ཞིག་གི་སྐོར་གྱི་གློག་བརྙན་ཞིག་བཟོ་རྒྱུའི་མགོ་བཙུགས་ཡོད། དེ་ནས་རྐང་བཙུགས་ནས་བཟོ་ཡི་ཡོད། གང་ཡིན་ཟེར་ན། གློག་བརྙན་བཟོ་མཁན་དེ་ལ་དེ་འདྲའི་བསམ་ཚུལ་དེ་འདྲ་ཡོད་པ་རེད། རང་གིས་དཀའ་ལས་བརྒྱབ་ནས། རང་གི་སེམས་པའི་གཏིང་ནས་ཐུན་མོང་མ་ཡིན་པ་ཞིག་བཟོ་དགོས་བསམ་གྱི་ཡོད་རེད། ད་ཕལ་ཆེར་དེ་ཡིན་རྒྱུ་ཡིན་རེད།
ཆོས་དུང་། རིན་པོ་ཆེས་སློབ་མ་འགས་བཟོ་བསྐྲུན་བྱས་པའི་གློག་བརྙན་དང་། དེ་མཚུངས་སུ་གློག་ཀླད་དང་། ཁ་པར་སོགས་ཀྱི་དྲྭ་བའི་བརྒྱུད་ལམ་མང་པོར་སྐུ་ཉིད་ཀྱི་གྱོན་གོས་སྣ་ཚོགས་མནབ་པའི་དཔར་རིགས་ཀྱང་འདྲ་མིན་ཞིག་འཛེམས་མེད་ངང་བཞག་ཡོད། སྐུ་ཉིད་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེན་པོ་ཞིག་ཡིན་པའི་ཆ་ནས།
ལན། དེ་དངོས་ནས་ཁྱེད་ཀྱི་དྲི་བ་དེ་བདེན་པ་བདེན་རྐྱང་རེད། མ་འོངས་པའི་ནང་བསྟན་ལ་འགན་ཁུར་བའི་སྤྲུལ་སྐུ་དང་། སྤྲུལ་སྐུ་རྐྱང་པ་མ་རེད། བསྟན་པ་འཛིན་པའི་སྐྱེས་བུ་དགེ་ཚུལ་སློང་རྣམས་ལ་མིག་དཔེ་ངན་པ་ཏན་ཏན་ཆགས་ཀྱི་རེད། ངས་ཆ་ཚང་ཤེས་ཀྱི་ཡོད། ང་ཆུང་ཆུང་སྐབས་ནས་ཡར་འཚར་ཡོང་དུས། དུས་རྒྱུན་བླ་མ་སྤྲུལ་སྐུ་དེ་ཚོ་ལ་དགེ་རྒན་ཟེར་བ་ཞིག་ཡོད་རེད། གང་དུ་འགྲོ་ནའང་བ་རྫི་ནང་བཞིན་ག་ས་གང་དུ་འགྲོ་བསྡད་མཁན་ཞིག་ཡོད་རེད། གོ་སོང་ངམ། ང་ལ་དགེ་རྒན་གྱི་བསོད་ནམས་ཞེ་དྲག་མ་བྱུང་རེད། ལོ་བཅུ་གསུམ་བཅུ་བཞི་ནས་དགེ་རྒན་ཤི་རྒྱུ་ཡོད་ཚད་ཐམས་ཅད་ཤི འདས་གྲོངས་མང་པོ་རེད། མང་པོ་ཞིག་བཞུགས་ཡོད་མ་རེད།
གང་ལྟར་དགེ་རྒན་གྱི་བསོད་ནམས་དེ་ཡོད་མ་རེད། ང་ཚོ་ལོ་ཆུང་ཆུང་སྐབས་ཀྱི་བོད་པའི་སྤྱི་ཚོགས་དེ་དེང་སང་གི་དགོན་པ་ནང་བཞིན་ཡོད་མ་རེད། ངོར་དགོན་པ་དེ་ཚོ་གུར་རྒྱབ་ནས་བསྡད་ཡོད་རེད། ས་སྐྱ་ཆོས་ཚོགས་དེ་ཚོ་ཐབས་སྐྱོ་བོ་རེད། ས་སྐྱ་མཐོ་སློབ་ཇང་གལ་པ་བན་ཟེར་བའི་ནང་ལ་དཔེ་མ་སྲིད་པའི་སྐྱོ་བོ་བྱས་ནས་བསྡད་ཡོད་རེད། མཁྱེན་བརྩེ་བླ་བྲང་ཡང་དེ་དུས་སྐྱོ་བོ་རེད། མི་ཡང་མང་པོ་ཡོད་མ་རེད། དེ་འདྲ་ཡིན་དུས། དེང་སང་བླ་མ་སྤྲུལ་སྐུ་དེ་ཚོ་གང་དུ་ཕེབས་ནའང་ཞབས་ཞུ་བཅུ་གྲངས་རེ་གཟིམ་འགག གསོལ་དཔོན། ཕྱག་མཛོད་ཟེར་བ་ལྟ་བུའི་འཁོར་གྱིས་བསྐོར་ནས་བླ་སྤྲུལ་ཚོ་གང་དུ་ཕེབས་ཀྱང་། ང་རང་ཚོ་བོད་པའི་མིག་ནང་ལ་གསེར་སྦྱངས་བཙོ་མ་ཕྱི་དོར་བྱས་པ་ནང་བཞིན་ཟེར་བ་བཞིན་གང་དུ་ཕེབས་ཀྱང་ཡིན་མདོག་ཁ་པོ་བྱས་ཞིག་ཡོད་རེད། ང་ལ་དེ་རྩ་ནས་མ་བྱུང་བ་རེད། དེ་ལ་ངས་ཁག་དཀྲི་ཡི་མེད། གང་ཡིན་ཟེར་ན་རང་རང་སོ་སོའི་ཁྲིམས་དེ་རང་རང་སོ་སོས་བསྡམས། རང་རང་སོ་སོས་བསམ་བློ་བཏང་དགོས་ཀྱི་རེད།
གང་ལྟར་རྐྱེན་འདྲ་བོ་ཞིག་བཤད་ན་ང་ཆུང་ཆུང་ནས་འཚར་དུས་དེ་འདྲའི་ཆ་རྐྱེན་ཞེ་དྲག་མ་བྱུང་བ་རེད། དེས་མིན་འགྲོ། ང་ཆུང་ཆུང་སྐབས་ནས་རྩ་ནས་བསྡད་མ་ཐུབ་མཁན། ཀུན་སློང་ཀུན་སྤྱོད་ཡག་པོ་ཞི་ཞིང་དུལ་བ་བག་ཡོད་པ་དེ་འདྲ་རྩ་ནས་འཛོམས་མི་ཐུབ་མཁན་ཞིག་རེད། ལོ་བཅོ་ལྔ་བཅུ་དྲུག་བཅུ་བདུན་བཅོ་བརྒྱད་ཀྱི་བར་དུ་ང་རང་ཚོ་བོད་པའི་བླ་མ་ཚོས་མེད་ནའང་ཡིན་མདོག དཔེར་ན། བུ་མོ་ཚོར་དགའ་གི་མེད་མདོག གློག་བརྙན་བལྟ་རྒྱུར་དགའ་ཡི་མེད་མདོག་ངས་ཀྱང་ཞེ་དྲག་བྱས་པ་ཡིན། སེམས་གཏིང་ནས་བསྟན་བཤིག་གི་རྩ་དེ་བཟློག་ཏུ་མེད་པར། གལ་སྲིད་ཀུན་སྤྱོད་ཡག་པོ་ཡོད་མདོག་བྱས་ན་མུ་མཐུད་ནས་ཉི་མ་བཅུ་ཉི་ཤུ། ལོ་བཅུ་དང་ཉི་ཤུའི་རིང་བྱེད་དགོས་རེད་མ་གཏོགས་ཉིན་འགའ་བྱས་པས་གང་ཡང་ཕན་གྱི་མ་རེད། ངས་ནི་ཧ་ལས་པ་ཞིག་བྱས་ན་ཟླ་བ་རེ་རེ་ལས་བྱེད་ཐུབ་ཀྱི་མི་འདུག གང་ལྟར་གཡས་ལ་བཟོ་ཐུབ་ན་གཡས་ལ་བཟོ་ཐུབ་ཀྱི་མི་འདུག ཤར་ལ་བཟོ་ཐུབ་ན་ནུབ་ལ་བཟོ་ཐུབ་ཀྱི་མི་འདུག
དེ་ཡིན་དུས་ང་རང་རྒྱུད་གྱོང་པོ། མ་རབ་ཟེར་དགོས་པ་རེད། དེ་འདྲའི་གོམས་གཤིས་ཤུགས་ཆེ་ཐག་ཆོད་ནས་དེ་འདྲ་ཆགས་པ་རེད། ཕྱིས་སུ་སྦས་གསང་གང་ཡང་བྱེད་ཀྱི་མེད། དེ་འདྲ་ཡིན་དུས་དྲ་རྒྱ་སོགས་ཀྱི་ནང་ཆ་ལུགས་ངན་པ་འདྲ་མི་འདྲ་དེ་ཚོ་བཏོན་པ་ཡིན། དེ་ཆ་ལུགས་རྐྱང་པ་མ་རེད། མི་བསད་ཡོད་མེད་ཅེས་དྲིས་ན། མི་བསད་ཡོད་མ་རེད་ཟེར་ན་ཕལ་ཆེར་ཆོག་གི་རེད་མ་གཏོགས། དེ་མིན་གྱི་སྤྱོད་པ་ངན་པ་ཤ་སྟག་བྱས་ཡོད་རེད། དེ་འདྲ་ཡིན་དུས། ཏན་ཏན་མ་འོངས་པ་ལ་སངས་རྒྱས་ཀྱི་བསྟན་པའི་རྩ་བ་འདུལ་བ་རེད། ༸སྐུ་མདུན་རྒྱལ་བ་རིན་པོ་ཆེ་ཡན་ཆད་ནས་དཔེ་མི་སྲིད་པའི་རྩ་ཆེན་པོ་ཞིག་གནང་གི་ཡོད་རེད། དེ་འདྲ་ཡིན་དུས། དེ་ཚོ་ཐུགས་བརྩེ་ཆེན་པོ་གནང་མཁན་དེ་ཚོས་ང་ཡར་དཔེ་ཞྭ་མོ་ནང་བཞིན་མ་བཞག་པ་བྱས། སྤྱིར་བཏང་བླ་མ་སྤྲུལ་སྐུ་ཆུང་ཆུང་དེ་ཚོའི་དགེ་རྒན་ཚོས་ཁྱོད་ཀྱིས་རྫོང་སར་མཁྱེན་བརྩེ་ནང་བཞིན་མ་བྱེད་ཨ་ཞེས་ལབ་ཀྱི་ཡོད་རེད་ཟེར་གྱི་ཡོད་རེད་ཅེས་གོ་སོང་། ཨོ་ད་རང་རེད། དེ་འདྲ་རང་བྱེད་དགོས་རེད། དངོས་གནས་ཡིན། སྤྱོད་པ་ངན་པ་དེ་འདྲ་རེད།
ཆོས་དུང་། ༸གོང་ས་མཆོག་གིས་གཙོས་པའི་བོད་ཀྱི་བླ་ཆེན་མང་པོ་ཞིག་གིས་ནང་ཆོས་དང་ཚན་རིག་གཉིས་ཀྱི་དབར་སྔ་ཕྱིར་ལོ་བཅུ་ཕྲག་འགའི་རིང་བགྲོ་གླེང་བྱས་ཡོད་ལ། དེས་བོད་བརྒྱུད་ནང་བསྟན་འདི་ཤར་ནུབ་ཀྱི་སྤྱི་ཚོགས་ཁྲོད་སྔར་ལས་ཀྱང་མི་རྣམས་ཀྱིས་དགའ་མོས་བྱ་སའི་ཡུལ་ཞིག་ཏུ་གོམ་པ་སྤོ་བཞིན་ཡོད་པ་ལྟར། རིན་པོ་ཆེ་སྐུ་སྒེར་གྱི་ངོས་ནས་ཕྱོགས་འདིར་ལྟ་ཚུལ་ཇི་འདྲ་ཡོད་དམ།
ལན། ཚན་རིག་དང་ནང་ཆོས་གཉིས་ཀྱི་སྐོར་ལ་བཀའ་དེ་འདྲ་གནང་གི་ཡོད་རེད་ཅེས་ངས་མང་པོ་གོ་མྱོང་། ཚོགས་འདུ་ནང་ལ་ང་བཅར་རྒྱུ་མ་བྱུང་། ཞེ་དྲག་བཅར་འདོད་ཀྱང་མ་བྱུང་། སྤྱིར་བཏང་ང་ལེ་ལོ་ཆེན་པོ་ཡིན་པས་འབད་རྩོལ་ཡང་མ་བྱས། ཡིན་ནའང་ང་རང་གིས་བསམ་བློ་བཏང་ཡོང་དུས་སྐབས་ལ་ཚན་རིག་དང་། དཔལ་འབྱོར་དང་ཤེས་བྱ་རིག་པའི་གནས་ཡོངས་སུ་རྫོགས་པ་འཛམ་བུ་གླིང་ལ་འཛུགས་སྐྲུན་བྱེད་དགོས་པའི་རྒྱུ་མཚན་གཅིག་མ་གཏོགས་ཡོད་མ་རེད། དེ་སྐྱིད་པོ་བཏང་ནས་སྡོད་དགོས་བསམ་པ་དེ་རེད། སྐྱིད་པོ་དེ་ང་རང་ཚོ་ནང་པ་ཚོའི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་སྐྱིད་ཤོས་ཀྱི་གྲལ་ལ་སླེབས་ཀྱི་ཡོད་རེད།
གཞན་པ་ཚོར་འགྲེལ་བ་རྒྱག་སྟངས་མང་པོ་རེད། སྐྱིད་པོ་ཡོང་དགོས་ཀྱི་ཡོད་ན། གང་ལ་བརྟེན་ནས་ཡོང་གི་རེད་ཅེ་ན།དངོས་པོའི་གནས་ཚུལ་ཇི་མ་ཇི་ལྟ་བ་བཞིན་དུ་ཧ་གོ་ཐུབ་ན། དེས་སྐྱིད་པོ་ཡོང་གི་རེད། དངོས་པོའི་གནས་ལུགས་ཇི་མ་ཇི་ལྟ་བ་བཞིན་དུ་ཧ་མ་གོ་པར་བརྫུན་མ་ལ་བདེན་པར་ཞེན་ནས་བསྡད་ན། ནོར། འཁྲུལ། ཚང་མ་སྡུག་བསྔལ་གྱི་རྒྱུ་ཆགས་ཀྱི་རེད་ཅེས་བཤད་སྟངས་ཙམ་མ་གཏོགས་ཕལ་ཆེ་བ་དེ་འདྲ་ཆགས་ཡོད་རེད། དེའི་སྟེང་ནས་བསམ་བློ་བཏང་ཡོང་དུས། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པའི་སྐོར་དང་། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་སྐོར་སངས་རྒྱས་ཀྱིས་གསུངས་པ་ལས་ལྷག་པ་ཞིག་ཚན་རིག་པ་ཚོ་ལ་བཤད་ཡོང་རྒྱུ་རྩ་ནས་ཡོད་མ་རེད་དྲན་གྱི་འདུག
དེ་ཡིན་དུས། སྤྱིར་བཏང་ང་ཚོ་ནང་པ་སངས་རྒྱས་པ་དང་། དེའི་ནང་ནས་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་སྡོམ་འདྲ་ཞིག་བླངས་ཡོད་ན། སེམས་ཅན་གཞན་ལ་གདུལ་བྱ་ཡར་ཁ་དྲངས་རྒྱུའི་ཆེད་དུ་ཐབས་རྣམ་པ་སྣ་ཚོགས་པ་བཟོ་དགོས་པ་རེད། དེ་བཟོ་བར་བྱེད་པ་ལ། སྔ་རྒོལ་ཟེར་ན་རེད། སྔ་རྒོལ་རང་མ་རེད། ཚན་རིག་པ་ཚོ་སྔ་རྒོལ་ཡིན་པས་ཁྱབ་པ་ཡོད་མ་རེད་དེ། ཡིན་ནའང་ཕ་རོལ་པོའི་མིའི་བསམ་ཚུལ་དེ་ཚོ་ཡང་ཧ་གོ་བ་དང་། སྐད་ཡིག་དེ་ཚོ་ཧ་གོ་བ། དེ་ཚོའི་འདོད་ཚུལ་དེ་ཚོ་ཧ་གོ་བའི་ཆེད་དུ་ཚན་རིག་ལ་སོགས་པར་དོ་སྣང་གནང་རྒྱུ་དེ་གནད་འགག་ཆེན་པོ་རེད་དྲན་གྱི་ཡོད། ཡིན་ནའང་། འདི་ཞུ་རྒྱུ་ཡོད། ང་རང་གི་བསམ་པར་ཚན་པ་རིག་པ་ཚོས་ཚུར་མགོ་སྒུར་གྱི་དགོས་ཀྱི་རེད་མ་གཏོགས། ང་ཚོ་ནང་པ་སངས་རྒྱས་པས་ཚན་རིག་པ་ལ་རྩ་ནས་མགོ་སྒུར་དགོས་ཀྱི་མ་དྲན་གི་ཡོད། ང་ཚོ་ནང་པའི་ཆོས་ཚན་རིག་དང་མཐུན་ཨེ་ཐུབ་རྩ་ནས་ལྟ་དགོས་ཀྱི་མ་རེད་ཟེར་གྱི་ཡོད།
དེ་ནས་ཞིབ་ཅིང་ཕྲ་བ་བཤད་ཡོང་དུས་སྐབས་ལ། གནད་འགག་ཆེ་རུ་ཆེ་ཚད། དཔེར་ན། སེམས་ཟེར་བ་ལྟ་བུའི་སྐོར་བཤད་དགོས་ཀྱི་ཡོད་ན། ཚན་རིག་པ་ཚོར་ད་ལྟ་ཡང་སེམས་ཟེར་བ་དེ་འདི་རེད་ཟེར་བ་ཞིག་མཛུབ་མོ་འཛུགས་ས་མེད་པ་ལྟ་བུ་ཞིག་ཆགས་ཡོད་རེད། དེ་ཡིན་དུས། རྒོལ་སྔ་རྒོལ་གཉིས་ཀ་ལ་རྩོད་གཞི་ཆོས་ཅན་མཐུན་སྣང་བ་ཞིག་མེད་བསྡད་པ་ལྟ་བུ་ཞིག་ཡོད་རེད། གང་ལྟར་ངས་དེ་ཚོ་རྒྱ་ཆེན་པོ་ཞིག་མི་ཤེས་ཏེ། གདུལ་བྱ་གཞན་ཁ་དྲངས་བའི་ཆེད་དང་ཐབས་འདྲ་མིན་མཁྱེན་རྒྱུའི་ཆེད་དུ་སློབ་སྦྱོང་བྱེད་ཐུབ་ན་ཡག་པོ་ཡིན་རྒྱུ་རེད་དྲན་གྱི་ཡོད།
ཆོས་དུང་། རིན་པོ་ཆེ་ཤར་ནུབ་ཀྱི་སློབ་གྲྭ་ཆེན་མོ་གང་མང་ཞིག་ལ་ནང་ཆོས་གཙོ་བོར་གྱུར་པའི་ཤེས་རིག་གི་གཏམ་བཤད་དང་། བགྲོ་གླེང་སོགས་ཀྱི་ཆེད་ཕེབས་མྱོང་ཡོད་པའི་དབང་གིས་སློབ་གྲྭ་དེ་དག་གི་ཤེས་ཡོན་གྱི་སྲིད་བྱུས་དང་བསྡུར་ན། ང་ཚོའི་ད་ཡོད་ཀྱི་སློབ་སྦྱོང་གི་བསྟི་གནས་བཤད་གྲྭ་ཁག་དང་། དགོན་སྡེ་ཁག་གི་འཛིན་སྐྱོང་གིས་མ་ལྡང་བའི་ཆ་ཅི་ཞིག་མཐོང་གི་འདུག་གམ།
ལན། གཞི་ཡི་སློབ་སྦྱོང་དེ་ཤུགས་ཆུང་ཐག་ཆོད་ང་ཚོའི་ལུགས་སྲོལ་ལ་ཆུང་ཆུང་སྐབས་ནས་གྲྭ་ཚང་ལ་འཛུལ་ཏེ། གཞི་ཡི་སློབ་སྦྱོང་དེ་ཡིག་རྩ་སྦྱང་རྒྱུ་དང་། ཆོ་ག་ཕྱག་ལེན་སྦྱང་རྒྱུ་ཟེར་བ་ལྟ་བུ་ཅུང་ཟད་རེ་ཡོད་པ་རེད་དེ། ཨང་རྩིས་དང་། ཚན་རིག་དང་། དཔལ་འབྱོར་སོགས་ཀྱི་སྐོར་ལ་སློབ་སྦྱོང་ཞེ་དྲག་མེད་པ། དེ་དང་དེ་འདྲའི་རྐྱེན་བྱས་ནས། ད་ལྟ་ང་ཚོའི་བཤད་གྲྭ་ནང་ལ་ཡོད་པའི་མཁན་པོ་མཁས་པ་ཡིན་ཟེར་མཁན་དེ་འདྲ་ཡོད་པ་རེད། དཔེ་ཆ་ཕར་བཤད་ཐུབ་ཀྱི་ཡོད་ཟེར་མཁན་དེ་ཚོ། སྤྱིར་བཏང་དབུ་མ་འདྲ་བོ་ཞིག་ལ་ཆ་བཞག་ན། དབུ་མའི་ལྟ་བ་ངོ་མ་སུས་རྟོགས་ཐུབ་ཡོད་མིན་ཧ་གོ་གི་མ་རེད། དབུ་མའི་ལྟ་བ་རྟོགས་ན་ས་ཐོབ་གྲབ་བྱེད་ཀྱི་ཡོད་རེད། ཡིན་ནའང་མཁན་པོ་ཆུང་ཆུང་དེ་ཚོས་ཧ་གོ་བསྡད་པ་དང་། བཤད་གྲྭ་བ་ཆུང་ཆུང་དེ་ཚོས་ཧ་བསྡད་པ་དེ། ང་ཚོས་ལོ་དགུ་ཙམ་གྱི་རིང་དཀའ་ལས་བརྒྱབ་བསྡད་པ་དེ། མགོ་སེར་དེ་ཚོས་ཉིན་མ་བཅོ་ལྔ་རེའི་ནང་ལ་ཧ་གོ་འགྲོ་ཡི་འདུག དེའི་རྒྱུ་མཚན་གང་རེད་བསམ་བློ་བཏང་ཡོང་དུས། གཞི་སློབ་སྦྱོང་དེ་ཉུང་དྲགས་པས་མིན་འགྲོ་དྲན་གྱི་འདུག
ཆོས་དུང་། འདི་ག་རྩོམ་སྒྲིག་ཁང་གིས་ད་ལོ་མཁན་ཆེན་ཨ་པད་རིན་པོ་ཆེའི་རྗེས་དྲན་ཆེད་སྒྲིག་ཅིག་འདོན་འཆར་ཡོད་ལ། རིན་པོ་ཆེ་མཆོག་སྐུ་ཆུང་ངུའི་དུས་ནས་མཁན་ཆེན་མཆོག་བླ་མར་བསྟེན་མྱོང་མཁན་ཞིག་ཡིན་པའི་ཆ་ནས། ཁོང་གི་རྗེས་འཇུག་སློབ་མ་ཚོར་དམིགས་བསལ་གྱི་བཀའ་མོལ་འདྲ་གསུངས་རྒྱུ་ཡོད་དམ།
ལན། མཁན་རིན་པོ་ཆེ་ཨ་པད་རིན་པོ་ཆེའི་སྐོར་ལ་སྐད་ཆ་ཐུང་ངུ་ཞིག་མ་གཏོགས་བཤད་རྒྱུ་མེད། མཁན་རིན་པོ་ཆེ་ཨ་པད་ཀྱིས་ལྷག་བསམ་དང་སེམས་ཤུགས་བྱེད་སྟངས་དེར་བསམ་བློ་བཏང་དུས། ང་ཚོ་མཁན་རིན་པོ་ཆེའི་སློབ་མ་དེ་ཚོའི་དེའི་རྗེས་འཇུག་ཡིན་པའི་ཆ་ནས། ཁོང་གི་ལྷག་བསམ་དང་སེམས་ཤུགས་ལ་དཔེར་བྱས་ནས་ཐམས་ཅད་ཀྱིས་དེ་འདྲ་ཞིག་ཡོང་ཨེ་ཐུབ་བལྟ་རྒྱུ་དེ་གལ་ཆེན་པོ་མིན་འགྲོ་བསམ་སོང་།
ཆོས་དུང་། ༸གོང་ས་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་པ་དེ་འདབ་གཤོག་གཉིས་ལྡན་ཞིག་དགོས་ཚུལ་གྱི་བཀའ་སློབ་མང་པོ་ཞིག་བསྩལ་ཡོད་ནའང་། བོད་ཀྱི་གདན་ས་ཆེ་ཁག་གིས་མཚོན་པའི་བོད་མི་ཚོའི་ངོས་ནས་ད་དུང་ཁོང་གི་དགོངས་གཞི་ལེགས་པོ་ཞིག་བསྒྲུབས་ཐུབ་མེད་ལ། སྲོལ་རྒྱུན་རྐྱང་པར་ཨུ་ཚུགས་བྱེད་པའི་དགོན་པ་དང་བཤད་གྲྭ་འགས་དེང་རབས་ཀྱི་སྐད་ཡིག་དང་། ཚན་རིག་ལ་རྦད་དེ་སྣང་མེད་བྱས་ཡོད་པས། རིན་པོ་ཆེའི་དགོངས་པར་ཇི་ལྟར་བྱས་ན་ད་གཟོད་ང་ཚོས་གནའ་དེང་གི་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་པ་ཞིག་ཏུ་འགྱུར་ཐུབ་པ་དང་། ལྷག་པར་མ་འོངས་པར་བོད་རིགས་སྤྱི་དང་། ཡང་སྒོས་དགེ་འདུན་པ་རྣམས་ཀྱི་འཚོ་བའི་ཁ་ཕྱོགས་ཇི་འདྲ་ཞིག་གི་སྟེང་དུ་ཕྱིན་ན་དགེ་མཚན་ཆེ་བར་མཐོང་གི་འདུག་གམ།
ལན། ངས་དྲི་བ་འདི་གཉིས་བསྡེབས་ནས་བཤད་ཀྱི་ཡིན། ད་དེ་དཔེ་དཀའ་ལས་ཁག་པོ་ཞིག་འདུག བོད་ཀྱི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་སྟངས་དང་གོམས་གཤིས་དེ་ང་ཚོ་ནང་པའི་ཆོས་དང་མཉམ་དུ་འདྲེས་ནས་ཡོད་པ་རེད། དེས་དཀའ་ངལ་ཆེན་པོ་ཞིག་མཐོང་གི་འདུག དཔེར་ན། ང་སྔོན་མ་ཁམས་ལ་སོང་བ་ཡིན། གྲྭ་བ་ཁ་ཤས་ཤིག་གིས་གྲྭ་ཆེ་བ་གཞན་ཞིག་ཡོད་པ་དེ་གྲྭ་བ་དཔེ་ཡག་པོ་ཡོད་རེད་ཟེར་གྱི་འདུག བུ་མོ་ལ་རྩ་ནས་དགའ་ཡི་མ་རེད་ཟེར་གྱི་འདུག ཡང་སྐད་ཆ་བཤད་ཡོང་དུས། དཔེ་མི་སྲིད་པའི་དཔའ་བོ་རེད་ཟེར་གྱི་འདུག རྒྱ་གཉིས་གསུམ་ཞིག་བསད་ཡོད་རེད་ཟེར་གྱི་འདུག གོང་སོང་ངམ། ཨོ་དེ་རེད།
ལུང་པའི་གོམས་གཤིས་ནང་ལ་བུད་མེད་ཧ་ཅང་གི་སྡུག་ཅག་བརྩི་ཡི་ཡོད་རེད། དེའི་ནང་ནས་དགོན་པ་དང་གྲྭ་ཚང་སོགས་འདུལ་བའི་ཕྱོགས་གཏོགས་ཚོས། ཡིན་ནའང་ཁམས་ཀྱི་ལུང་པ་ཚོར་མི་བསད་ན་དཔའ་བོ་རེད་ཟེར་ཚུལ་གོམས་གཤིས་ཤིག་ཡོད་པ་རེད། དཔེ་དེ་ཡིན། གོམས་གཤིས་ཀྱི་དབང་གིས་ང་ཚོའི་ཆོས་སྒྲུབ་སྟངས་ཀྱང་གོམས་གཤིས་ཀྱི་དབང་དུ་མ་གྱུར་བ་ཞིག་ཧ་ཅང་གལ་ཆེན་པོ་མིན་འགྲོ་བསམ་གྱི་འདུག དེ་སྔོན་དཔེར་ན། ངའི་ཀུན་སློང་ཀུན་སྤྱོད་ཀྱི་སྐོར་ཞུས་པ་ཡིན་ནའང་། ང་ཚོའི་དགེ་ཚུལ་སློང་གི་སྡོམ་རྒྱུན་ཞིག་ཡོད་པ་རེད། དེ་རྒྱལ་བ་རིན་པོ་ཆེ་མན་ཆད་ནས་ཚང་མས་སྲུང་དགོས་ཀྱི་རེད་གསུངས་ཀྱི་ཡོད་རེད། དེ་དངོས་གནས་དགོས་རྐྱང་རེད། ཡིན་ནའང་ང་ཚོའི་ནང་དགེ་ཚུལ་སློང་གྲྭ་བ་ན་གཞོན་མང་པོ་རེད། དེ་དག་ཐམས་ཅད་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན་རེད་ཅེས་བཤད་ཐུབ་ཀྱི་མ་རེད།རྒྱུད་འདོད་ཆགས་ཞེ་སྡང་གཏུ་མིག་ང་རྒྱལ་གྱིས་ཁེངས་བསྡད་པ་དེ་འདྲ་ཡང་མང་པོ་ཡོད་རྒྱུ་རེད། ཡིན་ནའང་བོད་པའི་སྤྱི་ཚོགས་ནང་ལ་ད་ང་གྲྭ་བ་བྱེད་ཐུབ་ས་མ་རེད།
གནས་སྐབས་ཤིག་ང་གྲྭ་བའི་ཁོངས་གཏོགས་ནས་དགོངས་པ་ཞུས་ནས་སྡོམ་པ་ཡར་ཕུལ་གྱི་ཡིན་ཞེས་སྐད་ཆ་བཤད་མཁན་ཡོད་ན། ཁོ་ཞབས་འདྲེན་གྱི་གྲས་ལ་བརྩིས་ནས། དེའི་གྲས་ལ་བརྩི་བཀུར་བྱེད་ཀྱི་མ་རེད། དེའི་གྲས་ལ་ཆེ་གྲགས་ཐམས་ཅད་ཀྱིས་དམའ་འབེབས་གཏོང་གི་རེད། དངོས་གནས་བྱས་ན་འདུལ་བའི་ལས་ཆོག་ལ་ནང་ལ་དེ་བཟོ་ཆོག་གི་ཡོད་རེད། དེ་ལྟར་བཟོས་ན་ཤིང་ཏ་ལའི་མགོ་བོ་བཅད་པ་ནང་བཞིན་ཆགས་ཀྱི་མ་རེད། མང་ཆེ་བ་མི་ཁ་ལ་སྐྲག་ནས་དེ་བཟོ་ཐུབ་ཀྱི་ཡོད་མ་རེད། དེ་ནས་རྒྱུད་ཉོན་མོངས་པ་ཤུགས་ཆེ་དྲགས་པས་དབང་གིས་བྱེད་སྤྲོ་ཚད་ཐམས་ཅད་བྱེད་ཀྱི་ཡོད་རེད། ཕྱོགས་གཅིག་ནས་སྤྱི་ཚོགས་ནང་ལ་བཤད་མ་ཕོད། དངོས་སུ་ཕར་སྟོན་མ་ཕོད། མེད་ནའང་ཡིན་མདོག་བཟོས་ནས་འདུལ་བའི་བསྟན་པ་ལ་ཧ་ཅང་གི་རྨ་ཆེན་པོ་བཟོ་ཡི་ཡོད་རེད། གྲྭ་སར་ལོ་ཆུང་དེ་ཚོ་གཅིག་པུ་མ་རེད། བླ་རྒན་མན་ཆད་ནས་རེད། དངོས་གནས་ཡིན། དཔེ་མི་སྲིད་པའི་བྱེད་ཁག་པོ་ཆགས་ཀྱི་ཡོད་རེད། ཡིན་ནའང་། དེ་སྔོན་གོང་དུ་ཞུས་པ་བཞིན་སྤྱི་ཚོགས་ཀྱི་གོམས་གཤིས་ཀྱི་དབང་གིས་བཤད་མ་ཕོད། ལབ་མ་ཕོད་པ་དེ་འདྲ་བྱེད་ཀྱི་ཡོད་རེད།
མ་གཞི་ནས་ངས་འདུལ་བའི་ཆོ་ག་དེ་ཆོ་ཞེ་དྲག་ཤེས་ཀྱི་མེད་དེ། དངོས་གནས་བྱས་ན་འདུལ་བའི་ནང་ལ་ཁ་ཤས་ཀྱིས་གསུངས་ཡ་ལ་སྡོམ་པ་ཡར་ཕུལ། དེ་ནས་རང་གིས་གང་བྱེད་འདོད་པ་བྱས། དེ་ནས་བསམ་བློ་ཞིག་འཁོར་ནས་གྲྭ་བ་རང་བྱས་ན་དགའ་ས་རེད་ཅེས་ཡང་བསྐྱར་ཚུར་སླེབས་ན། ཕར་ཆེར་སྡོམ་པ་གནང་ཡ་ཡོད་པའི་སྐད་ཆ་དེ་འདྲ་ཡང་ཡོད་པ་རེད། དེ་འདྲ་ཡོད་པ་རེད་ཅེས་བཤད་ས་དེ་ཡང་གྲྭ་བ་རྐྱང་པ་མ་ཡིན་པར་སྤྱི་ཚོགས་ཡོངས་རྫོགས་ལ་དེ་འདྲའི་ལུགས་སྲོལ་ཡོད་པ་རེད་ཅེས་དེ་འདྲའི་སློབ་སྦྱོང་སྤྲད་པ་ཡིན་ན། དེ་ནས་དམའ་འབེབས་གཏོང་མཁན་མེད་པའི་སྟེང་དུ་གཟེངས་བསྟོད་དབུགས་དབྱུང་ཡང་ཡོང་སྲིད་ཀྱི་རེད། དེས་འདུལ་བའི་བསྟན་པ་ཡང་ཧ་ཅང་གཙང་དུ་འགྲོ་ཡི་རེད་དྲན་གྱི་འདུག དེ་ངས་དཔེ་བྱས་ན་བཤད་ཀྱི་ཡོད། ང་ཚོའི་ནང་པའི་ཆོས་དེ་མ་ཉམས་པར་རྒྱུན་སྤེལ་རྒྱུའི་ཆེད་དུ་བསམ་བློ་གཏོང་དགོས་པ་མང་པོ་ཞིག་ཆགས་ཀྱི་འདུག སློབ་སྦྱོང་ཡང་དགོས་ཀྱི་འདུག མཐུན་རྐྱེན་ཡང་དགོས་ཀྱི་འདུག་སྟེ་ཕྱོགས་གཅིག་ནས་ང་ཚོའི་སྤྱི་ཚོགས་ཀྱི་གོམས་གཤིས་རྙིང་པ་དེ་ཚོ། ཕྱོགས་གཅིག་ནས་ང་ཚོའི་རིག་གཞུང་ཟེར་ནས་བདག་པོ་ཡང་རྒྱག་དགོས་ཀྱི་ཡོད་རེད། ཕྱོགས་གཅིག་ནས་ཁ་ཤས་དེ་སྔོན་ངས་ཁམས་ཀྱི་བླ་རྒན་གྱི་དཔེ་ཞུས་པ་ལྟ་བུ་ཡང་མང་པོ་འདུག
ཆོས་དུང་། རིན་པོ་ཆེ་མཆོག་གི་ཉིན་གཅིག་གི་འཚོ་བའི་གོ་རིམ་ཇི་ལྟར་ཡིན་པ་དང་། ཆེས་དགའ་སའི་མཁས་པ་དང་། ལོ་རྒྱུས་མི་སྣ་གྲགས་ཅན། སློབ་ཚན། རྩེད་མོ། གློག་བརྙན། འཁྲབ་སྟོན་པ། སྒྲུང་དེབ། ལུང་པ་བཅས་གང་ཡིན་གསུངས་ན་འགྲིག་གམ།
ལན། ངའི་ཉིན་གཅིག་གི་འཚོ་བའི་གོ་རིམ་ལ་ངེས་པ་གང་ཡང་མི་འདུག བྱ་སྒྲོ་རླུང་གིས་སྤུར་བ་ལྟ་བུའི་གར་འགྲོ་རང་དབང་མེད་པ་བར་དོའི་སེམས་ཅན་ལྟ་བུ་དེ་ང་ཡིན། དེ་ལ་དམིགས་བསལ་ཞུ་རྒྱུ་ཡང་མེད། ཆེས་དགའ་སའི་མཁས་པ་དེ་མ་གཞི་ནས་འགྱུར་བ་ཐེབ་འགྲོ་ཡི་འདུག ད་ཡུན་ཤོས་ཀྱི་རིང་ལ་དགའ་ས་དེ་དགེ་འདུན་ཆོས་འཕེལ་ཡིན། ཁོང་དངོས་གནས་ཧ་ལས་པ་ཞིག་ཡིན་ས་རེད་དྲན་གྱི་འདུག ལུང་པ་གཅིག་གི་ནང་ལ་གང་དུ་འགྲོ་ནའང་རྒྱ་གར་ལས་དགའ་ཞིག་མི་འདུག ནང་པ་སངས་རྒྱས་པ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནམ། ཡང་ན་ཆུང་ཆུང་སྐབས་ནས་འདི་བསྡད་པའི་རྒྱུ་མཚན་གྱིས་ཡིན་ནམ་གང་ཡིན་མི་ཤེས།
ལུང་པ་འདི་དངོས་གནས་རིག་པའི་འབྱུང་གནས། ཆོས་ཀྱི་འབྱུང་གནས། སེམས་པ་བག་ཕེབས་པོ། མེ་འཁོར་དང་། རླངས་འཁོར་དུ་འགྲོ་ས་ཕྱི་རྒྱལ་ནང་བཞིན་མཐུན་རྐྱེན་ཧ་ལས་པ་མེད་ནའང་། སེམས་པ་བགས་ཕེབས་པོ། ལུང་པ་དགའ་ཤོས་དེ་རྒྱ་གར་ཡིན། ང་ཆུང་ཆུང་སྐབས་ནས་ཡར་འཚར་ཡོང་དུས་བླ་མ་སྤྲུལ་སྐུའི་མཚན་ཞིག་ཁུར་ནས། རྩེད་མོ་རྩེད་རྒྱུ་ཕར་ཞོག འདྲ་མིན་གྱི་རིགས་རྩ་ནས་མི་ཆོག་ནས་འཚར་བ་རེད། ཡིན་ནའང་ རྩེད་མོར་ལྟ་རྒྱུ་དགའ་ཤོས་དེ་རྐང་རྩེད་སྤོ་ལོ་ཡིན། སྒྲུང་དེབ་དང་དེ་ཚོའི་རིགས་དེ་འདྲ་མི་འདྲ་རེད། ངེས་པ་ཡང་མི་འདུག
ཆོས་དུང་། མཐའ་དོན་ཆོས་དུང་དཀར་པོ་འདོན་ཐེངས་བདུན་པ་འདི་བརྒྱུད་ནས་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བ་སྤྱི་དང་། ལྷག་པར་དུ་མ་འོངས་ནང་བསྟན་གྱི་སོན་རྩར་གྱུར་པའི་ཀློག་པ་པོ་ན་ཆུང་དགེ་འདུན་པ་རྣམས་ལ་རེ་སྐུལ་འདྲ་གསུངས་རྒྱུ་ཡོད་དམ།
ལན། ཆོས་དུང་ཟེར་བ་ལྟ་བུའི་ནང་ཆོས་དང་འབྲེལ་བའི་དུས་དེབ་མང་པོ་ཞིག་ཐོན་གྱི་ཡོད་པ་དེ་གནད་འགགས་ཆེན་པོ་རེད་དྲན་གྱི་ཡོད། དེའི་ནང་དུ་དཔེ་བཤུས་པ་ལྟ་བུའི་ཀ་བཤད་འདྲ་བོ། བླ་མ་རྒྱང་འབོད་ཟེར་བ་ལྟ་བུ་འདྲ་མིན་ཞིག་བྲིས་ཡོད་པ་དེ། མ་གཞི་ནས་སློབ་སྦྱོང་ལ་ཕན་གི་ཡོད་རྒྱུ་རེད། མ་འོངས་པ་ལ་ངས་བསམ་བློ་བཏང་ཡོང་དུས་བོད་པའི་བླ་མ་སྤྲུལ་སྐུ་དེ་ཚོས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་དེ་ཚོ། ད་དུས་ཚོད་འགྱུར་བ་ཆེན་པོ་འགྲོ་ཚར་བ་ཡིན་དུས། སྐྲག་ས་བརྩི་ས་ཡོད་མ་རེད། སྔོན་མ་འདྲ་ཞིག་ཡིན་ན་སྐྲག་ས་བརྩི་ས་མང་པོ་རེད།
ད་སྒེར་རང་གི་ངོས་ནས་རྩ་བའི་བླ་མ་ལ་སྐྲག་དགོས་པ་རེད། བརྩི་དགོས་པ་རེད། དེ་མ་བརྩིས་ན་རྗེས་མ་དམྱལ་བ་ལ་འགྲོ་དགོས་རེད། མ་གཏོགས་སྤྱི་ཚོགས་ཀྱི་ངོས་ནས་སྐྲག་ས་བརྩི་ས་ཉིན་རེ་ནས་ཉིན་རེར་ཧ་ཅང་ཉུང་དུ་འགྲོ་ཡི་ཡོད་རེད། གོང་མ་བརྩི་བཀུར་དང་སྐྲག་ས་ཧ་ཅང་ཉུང་དུ་འགྲོ་ཡི་ཡོད་རེད། ད་སྐྲག་ས་བརྩི་ས་འཛམ་བུ་གླིང་ལ་གཅིག་མ་གཏོགས་ཡོད་མ་རེད། ཚགས་པར་རེད། དེ་ཡིན་དུས། འདིའི་ཆེད་དུ་ཧ་ཅང་གནད་འགགས་ཆེན་པོ་རེད་དྲན་གི་འདུག
དེ་ཡང་གོང་དུ་ཞུས་པ་བཞིན་རྩོམ་འདྲ་བོ་དང་། ཕ་ཡུལ་དྲན་པའི་གླུ། ཞབས་བརྟན་ཟེར་བ་ལྟ་བུ་རྐྱང་པ་མ་ཡིན་པར། བླ་མ་ཚོས་འདྲ་མིན་གནང་གི་འདུག་ཅི་རེད། དེ་འདྲའི་སྐད་ཆ་གླེང་བསླངས་ན། རྙོག་དྲ་ཡོང་གི་རེད་ལོས་ཡོང་ང་དང་ཁྱོད་ཟེར་ནས་དེའི་སྟེང་ནས་རྙོག་དྲ་ཡོང་གི་རེད་དེ། འདིའི་དབང་གིས་གཟབ་གཟབ་བྱེད་དགོས་པ་ཞིག་ཆགས་ཀྱི་རེད། ད་ལྟ་འཛམ་བུ་གླིང་ལ་བསམ་བློ་བཏང་ཡོད་དུས་ཨ་མི་རི་ཀའི་དཔོན་པོ་དེ་ཚོ་ཡང་སྐྲག་ས་གཅིག་མ་གཏོགས་ཡོད་མ་རེད། དེ་གསར་ཤོག་རེད། དེ་མ་གཏོགས་སྐྲག་གི་ཡོད་མ་རེད། ཡ་ད་ཐུགས་རྗེ་ཆེ།
གོང་གི་དྲིས་ལན་འདི་༸རིན་པོ་ཆེས་གང་གསུངས་པ་རྣམས་བོད་ཀྱི་བརྡ་སྤྲོད་དང་མཐུན་པར་ལེན་ཇི་ཐུབ་བྱས་ཡོད་ནའང་། ང་ཚོས་ངོས་ནས་ད་དུང་མ་འདང་བའི་ཆ་ཏན་ཏན་ཡོད་སྲིད་པས་དེ་ལུགས་ཀྱིས་དགོངས་འཆར་སྩོལ་གནང་ཡོང་བའི་རེ་སྐུལ་བཅས།
འོད་སྡེར་ནས་སྒྲ་ཕབ་ལེན་པ་ས་སྐྱ་མཐོ་རིམ་སློབ་གྲྭའི་རང་ཤག་ནས་ཨ་འདུས་སྐལ་བཟང་རྒྱ་མཚོས།
བཀའ་མོལ་ཧ་ཅང་སྙན་པོ་བྱུང་སོང་།
གཅར་འདྲི་བ་ལགས་ནས་གཅར་འདྲི་བྱེད་པའི་ལོ་དུས་ནམ་ཡིན་གསལ་པོ་བཟོ་རོགས། རིས་མེད་སྐོར་གྱི་བཀའ་མོལ་དེ་ང་ལ་གལ་ཆེན་པོ་ཆགས་སོང་། ཐུགས་རྗེ་ཆེ།
ད་དུང་མཛད་ཕྲིན་གོང་འཕེལ་དུ་འོངས་བའི་སྨོན་འདུན་ཞུ།
མདང་དགོངས་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་་དཔལ་ལྡན་ས་སྐྱ་མཐོ་རིམ་སློབ་གྲྭའི་ཆོས་དུང་ནས་དྲི་བ་བཀོད་ཅིང་། ལན་འདེབས་མཛད་པ་ཀློག་པའི་སྐལ་བ་བཟང་པོ་བྱུང་། གུས་སོགས་སྐྱེ་བོ་ཐ་མལ་པར་སེམས་ལ་འབབས་པའི་བཀའ་མོལ་མང་དུ་མཆིས། ལྷག་པར་དགེ་འདུན་ཆོས་འཕེལ་མཆོག་ལ་བདག་ཀྱང་དད་དགོས་པའི་རྒྱུ་མཚན་གཅིག་ནི། བོད་ཀྱི་སྐད་ཕལ་སྐད་གཙོ་བོ་མ་ཡིན་པར་ཆོས་སྐད་དང་བསྟུན་ནས་འབྲི་དགོས་པ་གསུངས་ཤིང་། དེ་བཞིན་མཁས་དབང་གང་གིས་བརྩམས་པའི་བསྟན་བཅོས་དག་ན་རང་རེས་མིག་གིས་མཐོང་ཐུབ། ༧སྐྱབས་མགོན་ས་སྐྱ་ཁྲི་འཛིན་རིན་པོ་ཆེའི་ཞབས་སུ་མཇལ་ནས། རོགས་སོགས་ལ་གྲོགས་སོགས་ཞེས་འབྲི་དགོས་པ་འདུག་ཞུས་པ་ན། གྲོགས་ལ་གོ་བ་འདུག་གསུངས། ས་སྐྱ་མི་གྲངས་ཉུང་ཉུང་ཡིན། གཙོ་བོར་དགེ་ལུགས་པ་རྣམས་ཀྱི་མཛད་དགོས་ཞེས་བཀའ་སྩལ་བྱུང་། དབྱིན་སྐད་ལ་ཨིན་སྐད་དང་། འདང་ལ་ལྡང་བྲིས་པར་ཁོ་བའི་ཡིད་དགའ་ཞིང་མགུ། སྩལ་ལ་བསྩལ་ཅེས་བོད་རྒྱ་ཚིག་མཛོད་སོགས་ན་ཡོད་པ་བོད་ཀྱི་དཔེ་ཆ་རྙིང་པ་ཀུན་དང་མི་མཐུན།
བར་ཞེས་པར་དབར་ཞེས་བྲིས་པ་བོད་ཀྱི་ཡི་གེ་དག་ན་དཀོན། དཔར་ཞེས་པ་དག་པར་འབྲི་ན། སྤར། ཞེས་པ་དགོས། ད་སྔོན་འཇུག་ས་དང་ར་དང་ལ་ལ་འབོད་པར་ལན་མང་དུ་མཐོང་།
ཆོས་དུང་དཀར་པོ་འདོན་ཐེངས་བདུན་པ། བོད་ཀྱི་སྐད་སྲུང་དགོས་པའི་ཆ་ནས། ཆོས་དུང་དཀར་པོ་འདོན་ལན་བདུན་པ། ཞེས་འབྲི་ན་སྐྱོན་གང་ཡོད་དམ། ལན་གཅིག་ཕྱིར་འོང་བ། ལན་གསུམ། ཞེས་པ་སོགས་བསྟན་བཅོས་ཀྱི་སྐད་ན་མང་། ངོ་མ་ཞེས་པར་དགེ་འདུན་ཆོས་འཕེལ་གྱི་བྲིས་རྩོམ་དང་། བོད་ཀྱི་ཕལ་སྐད་འགའ་ཤས་ན་ཡང་དངོས་མ་ཞེས་བྲིས་ཤིང་འདོན་ཏོ། བདག་གི་ཡིག་ནོར་དག་ལ་ཞུས་དག་མཛད་ན་རང་གཞན་ལ་ཕན་ནོ།
རྫོང་གསར་རིན་པོ་ཆེའི་གསུང་པ་མང་པོ་ཞིག་ལ་མོས་མཐུན་ཡོད། སྐུ་ཚེ་བརྟན་ཅིང་མཛད་པ་འཕྲིན་ལས་རྒྱས་པའི་སྨོན་ལམ་ཡོད། འོག་ནས་རྫོང་སར་ཚང་ལ་ཞུས་པ་མིན་ཏེ། གློ་བུར་གྱི་འཆར་སྣང་འགའ་ཞིག་ཞུ་ན། ༡༽དགོན་པའི་སྒྲིགས་ཁྲིམས། གྲྭ་བའི་སྤྱོད་ལམ། འཛིན་སྐྱོང་། སློབ་ཁྲིད་སོགས་ལ་འགྱུར་བ་རན་ཙམ་གཏོང་པར་མོས་མཐུན་ཡོད། ༢༽རང་ལ་ཁེ་བཟང་མེད་ན་སངས་རྒྱས་བསྟན་པ་ཡོད་མེད་ཅི་ཡང་རུང་པའི་སྐྱབས་འགྲོ། ངེས་འབྱུང་མི་དགོས་པའི་སོ་ཐར། བྱང་སེམས་ཟེར་བའི་ཡི་ཤུ་རྒན་མོའི་བརྩེ་བ། བླ་མ་ལ་དད་མི་དགོས་ཤིང་གུས་པ་དགོས་པ། རང་ཉིད་གསང་སྔགས་ཀྱི་ཆོས་ལ་དད་པ་མེད་ཀྱང་དབང་ལུང་ཆོ་ག་སོགས་ཅི་དགར་གནང་བ་སོགས་དེང་དུས་མཁན་ཆེན་བླ་ཆེན་རྣམས་ཀྱི་ནང་ན་ཤིན་ཏུ་མང་པ་ནི་བསྟན་བཤིག་ལས་བསྟན་འཛིན་དུ་བཤད་དཀའ་བར་སེམས། ༣༽སྲོལ་རྒྱུན་བཅོས་དགོས་མདོག་གིས། ཚན་རིག་དང་ནང་ཆོས་ཀྱིས་བཤདཔ་གཅིག་ཏུ་བསྲེས། སེམས་ཁམས་རིག་པ་དང་། ཕྱི་གླིང་མཚན་ཉིད་རིགས་པས་ལྷན་པོ་བརྒྱབ། ཕྱི་ནང་གང་ཡིན་ཡང་མགོ་འཐོམ་པར་བྱེད་པའི་གྲངས་ཅན་པའི་ལུགས་སྲོལ་གསར་བ་ཞིག་དར་ཡོད་པ་དེ་བསྟན་པ་སྲུང་བ་འདོད་བཞིན་དུ་དོན་གྱིས་བསྟན་པ་བསྲེ་ལྷད་ཅན་དུ་བསྒྱུར་བ་འདྲ། ནང་པའི་མཁས་པ་ཚོས་མུ་སྟེགས་པ་དང་བཤད་སྲོལ་ཙམ་ཡང་འདྲེ་མི་རུང་བའི་དམ་བཅའ་དེ་གྲུང་པོ་ཚོས་སྔ་མོ་ནས་དོར་ཟིན་པའི་ལྟས་སུ་གོ། ༤༽ད་ལྟ་བླ་མ་ཚོའི་གསུང་བཤད་ཟེར་བའི་པོད་འཐུག་ལ་རྔམ་པ་མང་པོ་ཞིག་བརྩེག་ཡོད་པ་ཕལ་མོ་ཆེ་ནི་ཆོས་དང་ཆབ་སྲིད་བསྲེ། རང་གི་འདོད་པ་སྒྲུབ་པའི་ཕྱིར་རྫོགས་པའི་སངས་ལ་ཡང་དག་མི་སྟེར། སློབ་མ་ཚོ་དེའི་རྗེས་སུ་འབྲངས། བརྒྱུད་འཛིན་ཐམས་ཅད་ནང་པ་ལས་ཕྱི་རོལ་དུ་གྱུར་བ་མང་ངོ། ༥༽སྔ་མོ་བནྡེ་ཚོས་བོན་པོ་ལ་སྐུར་བ་བཏབ། རང་གི་བསྟན་སྤང་འདུག་ཟེར། ནང་པའི་མདོ་སྔགས་གཉིས་རྐུས་སོང་ཟེར། བསྲེས་སོང་ཟེར། འཔྲོག་སོང་ཟེར།འདྲ་བཟོ་བྱས་སོང་ཟེར། ད་ལྟའི་བོད་ཀྱི་ནང་བསྟན་ཁྲོད་ཕྱི་གླིང་གི་རིག་གནས་ནང་དུ་འདྲེན་པའང་སྔར་བོན་པོ་ལ་སྐྱོན་བརྗོད་ཅི་བྱས་ཐོག་ཏུ་འབབ་པར་མ་ཟད། མ་བརྟགས་རང་བཞིན་གྱིས་སྟོན་པ་དང་བསྟན་པ་སྤང་བའི་ཉེན་ཁ་ཡང་འདུག་གོ ༦༽ཚན་རིག་སོགས་ཕྱི་གླིང་གི་རིག་གཞུང་ནང་འདྲེན་ཤིན་ཏུ་འོས་ཀྱང་ནང་ཆོས་དང་མ་འདྲེས་པ་པ་ཞིག་ཡོང་གལ་ཆེ་སྙམ།གལ་ཏེ་ཐམས་ཅད་བསྲེས་པ་ཡིན་ན། ནམ་ཞིག་སྟོང་ཉིད་ངོ་སྤྲོད་བྱེ་པ་ལ་ཕྲ་མཐོང་ཆེ་ཤེལ་ཞིག་མེད་མི་རུང་པ་དང་། དགེ་སློང་རྣམས་ཀྱིས་ཁམས་སྦུག་གཤག་བཅོས་བྱས་ཏེ་བུད་མེད་ལ་བསྒྲོད་ཆོག་པ་དང་། ཆུ་འཐུང་པ་དང་ཤ་བཟོས་པའི་ཉེས་པ་གཅིག་ཏུ་འགྱུར་བ། ཐོབ་རྒྱུ་མེད་པའི་སངས་རྒྱས་གོ་འཔང་གཉེར་བ་ལས་ཐོབ་ངེས་པའི་འཇིག་རྟེན་བདེ་བ་དང་དུ་ལེན་པ། ཀུན་རྫོབ་ཀྱིས་ངོ་ན་གང་ཡོད་པ་ལས་གཞལ་དཀའ་བའི་དོན་དམ་གྱི་ཡུལ་སྤང་བྱར་གྱུར་བ་སོགས་ཉེས་པའི་ཕུང་པོ་བསལ་དཀའ་བ་མང་པོ་ཞིག་བརྒྱུད་མར་འབྱུང་བ་ལ་ཚེགས་མེད་དོ། །༧༽གལ་སྲིད་ཚན་རིག་དངོས་པོའི་གནས་ཚུལ་དང་མཐུན། རིགས་པ་དང་མཐུན་པས་བླང་བྱ་ཡིན་པར་འདོད་ན་ཐོག་མར་དགེ་སློང་རྣམས་ཀྱིས་བུད་མེད་ལ་བསྒྲོད་པ་འདི་འགོག་མི་རུང་སྟེ། བུད་མེད་ལ་སྦྱོར་བས་ཕན་གནོད་གཉིས་ལ་ཕན་པ་ཆེ་བ་ཚན་རིག་དང། སྨན་གཞུང་གཉིས་ཀས་ངོ་སྤྲོད་ཐུབ། ཕོ་མོ་རན་པར་སྦྱོར་བ་བྱས་པ་ཚེ་རིང་། ལུས་བདེ། སེམས་སྐྱིད། གཉིས་ཀ་ལ་ན་ཚ་ཉུང་བས་མི་རུང་པ་གཏན་ནས་མེད་པ་ལྟ་བུའོ། ། ཿ གོང་གི་འདི་དག་གནས་སྐབས་ཀྱི་བསམ་ཚུལ་ཙམ་ལས་རྫོང་སར་ཚང་ལ་ཞུས་པ་མིན་ལ། དམིགས་འབེན་མི་སྒེར་བ་སུ་ཡང་མེད་པས་ཐུགས་ཁྲོ་བ་མེད་པར་ཞུ། །
ད་རྒྱ་གར་ནང་གི་བོད་དགོན་དཔེ་ཁྲིད་ཡོད་ས་ཁག་ཏུ་ཚན་རིག་གི་སློབ་ཚན་མེད་དུ་མི་རུང་བ་གཏན་འབེབས་བྱས་སོང་།
རྫོང་གསར་མཁྱེན་བརྩེ་བླ་མ་ཆེན་པོ་རེད། བླ་ཆེན་མི་ཆེན་འདི་ཚོས་གང་གནང་ན་ཡང་སངས་རྒྱས་བསྟན་པ་རེད། ཡིན་ན་ཡང་ང་ནི་ལས་ངན་ཞིག་ཡིན་པ་འདྲ། འདིའི་གནང་སྟངས་ཁ་ཤས་ངོ་མ་བློ་ཡུལ་ཏུ་མི་ཤོང་གི
གོང་གསལ་དྲི་མེད་ལྷག་བསམ་གྱི་དགོངས་འཆར་དེ་དག་ནི་ཡིད་ལ་ཤར་ན་ཡང་ཡིད་ལ་སྦས་ནས་སྡོད་དགོས་པ་ལྟ་བུ་རེད། ངོ་མ་སེམས་གཏིང་ལ་ཡུན་རིང་ཤར་བ་ཡིག་ཐོག་ལ་བཀོད་འདུག
མཁྱེན་བརྩེ་འདི་བླ་མ་རྩ་བ་ཆེན་པོ་ཡིན་མིན་མི་ཤེས་མོད་མི་དྲང་པོ་འདྲ་ཞིག་རེད་བསམ་གི། ང་ལ་དཔེ་མ་ལྟ། ངས་ནི་འཇོན་མ་སོང་། ཟེར་གི་འདུག ང་ནི་མི་འདི་ལ་དད་པ་མེད་ལ་དད་ལོག་ཀྱང་མེད།
འཛམ་གླིང་འདིའི་ཐོག་ཏུ་མི་དམངས་དུང་ཕྱུར་བདུན་ཅུ་ཡོད་པའི་ཁྲོད་དུ་རྩ་བཞི་ཆང་ལྔ་སྲུང་ཐུབ་མཁན་གྱི་གང་ཟག་ལ་གུས་བཀུར་ཐོབ་ཀྱི་ཡོད་པ་རེད། དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཚུལ་བཞིན་སྲུང་མཁན་གྱི་སྐྱེ་བོ་རྣམས་ནི་གུས་བཀུར་བྱེད་འོས་པའི་སྐྱེ་མཆོག་རེད་འདོད།
འཛམ་གླིང་མི་དམངས་ཀྱིས་རང་ངོས་ནས་རྩ་བཞི་ཆང་ལྔ་སྲུང་ཐུབ་ཀྱི་མེད་དུས་རང་བཞིན་གྱི་སྲུང་ཐུབ་མཁན་རྣམས་ལ་གུས་བཀུར་ཡོང་གི་ཡོད། གུས་བཀོར་བྱེད་དགོས་ངེས་ཀྱང་རེད། རང་ངོས་ནས་མི་ཚེ་གཅིག་ལ་རྩ་བཞི་ཆང་ལྔ་སྲུང་མི་ཐུབ་དུས་གྲྭ་པ་ཚོད་དང་ལྡན་པ་དེ་དག་ཡིད་སྨོན་ཤོར་ཆོག་པ་ཞིག་རེད།
རྐུ་མི་རྒྱབ། རྫུན་མི་བཤད། སྲོག་མི་གཅོད། རྒྱོབ་མི་རྒྱབ། ཆང་མི་འཐུང་མཁན་གྱི་སྐྱེ་བོ་དེ་དག་ནི་མཆོག་ཏུ་གྱུར་པའི་སྐྱེ་བོ་དོན་དངོས་པོའི་ཐོག་ནས་རེད། དེ་མིན་སྤྲུལ་སྐུ་ཡིན་ན་ཅིག་ཟེར་ནས་ལུས་ལ་གྲྭ་ཆས་གྱོན། རྩ་བཞི་ཆང་ལྔ་ཙམ་མི་སྲུང་མཁན་གྱི་སྐྱེ་བོ་དེ་དག་གིས་ཤཀྱའི་བསྟན་པའི་དགྲ་བོ་དང་བསྟན་བཤིག་རེད།
ལུས་ལ་གྲྭ་ཚས་གྱོན་བཞིན་དུ་རྩ་བཞི་ཆང་ལྔ་མི་སྲུང་མཁན་ཚོའི་བྱ་སྤྱོད་ལ་བརྟེན་ནས་དགེ་སློང་ཚོད་དང་ལྡན་རྣམས་ཀྱི་མཐོང་བརླགས་འགྲོ་གི་ཡོད། གྲྭ་ཆས་ཀྱི་མཐོང་བརླགས་ཀྱི་ཡོད། ཁྱིམ་པ་སེམས་འགྱུར་བའི་ལས་བསགས་ཀྱི་ཡོད།
ཡ་རབས་བཟང་སྤྱོད་ཟེར་ནའང་འདྲ། རྩ་བཞི་ཆང་ལྔ་ཙམ་སྲུང་བ་ནི་ཡ་རབས་བཟང་དངོས་མ་དེ་རེད། ཁ་ནa་ཆོས་བཤད་མདོག ལག་ལེན་རྩ་བཞི་ཆང་ལྔ་ཙམ་ཡང་སྲུང་མི་མཁན་རྣམས་ནི་སངས་རྒྱས་བསྟན་པའི་དགྲ་བོ་དངོས་མ་རེད་དོ།
ཤཀྱའི་དགེ་སློང་ཚོ་མཐོང་དགོས་ན་འཛམ་གླིང་མི་དམངས་ཀྱིས་སྲུང་མི་ཐུབ་པའི་འདུལ་ཁྲིམས་སྲུང་དགོས་རེད། གྲྭ་ལོག་ཚར་དུས་གྲྭ་ཚས་གྱོན་ན་རང་གི་ཞབས་འདྲེན་དང་སྤྱི་ཤཀྱའི་དགེ་སློང་ཚོའི་ཞབས་འདྲེན་འཇོག་བཞིན་ཡོད་དུས་སངས་རྒྱས་བསྟན་པ་བསམས་ན་ངེས་པ་ཏུ་གྲྭ་ལོག་གྲྭ་ཆས་གྱོན་མཁན་རྣམས་ལ་དགག་དགོས་ངེས་རེད།
འདུལ་ཁྲིམས་ཚུལ་བཞིན་སྲུང་བའི་སྐྱེ་མཆོག་ཚོ།
ས་སྟེང་འགྲོ་བ་མི་ཡི་གུས་ཡུལ་རེད།
སྡོམ་མེད་ཆོས་པགས་ཅན་གྱི་སྤྲུལ་གོག་ཚོ།
ས་སྟེང་འགྲོ་བ་མི་ཡི་གད་རྙིགས་རེད།།།།།།།།།།།།།།།།
ནོར་བཅོས།
# 8 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
August 6th, 2015 at 6:37 AM
འཛམ་གླིང་འདིའི་ཐོག་ཏུ་མི་དམངས་དུང་ཕྱུར་བདུན་ཅུ་ཡོད་པའི་ཁྲོད་དུ་རྩ་བཞི་ཆང་ལྔ་སྲུང་ཐུབ་མཁན་གྱི་གང་ཟག་ལ་གུས་བཀུར་ཐོབ་ཀྱི་ཡོད་པ་རེད། དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཚུལ་བཞིན་སྲུང་མཁན་གྱི་སྐྱེ་བོ་རྣམས་ནི་གུས་བཀུར་བྱེད་འོས་པའི་སྐྱེ་མཆོག་རེད་འདོད།
འཛམ་གླིང་མི་དམངས་ཀྱིས་རང་ངོས་ནས་རྩ་བཞི་ཆང་ལྔ་སྲུང་ཐུབ་ཀྱི་མེད་དུས་རང་བཞིན་གྱི་སྲུང་ཐུབ་མཁན་རྣམས་ལ་གུས་བཀུར་ཡོང་གི་ཡོད། གུས་བཀོར་བྱེད་དགོས་ངེས་ཀྱང་རེད། རང་ངོས་ནས་མི་ཚེ་གཅིག་ལ་རྩ་བཞི་ཆང་ལྔ་སྲུང་མི་ཐུབ་དུས་གྲྭ་པ་ཚོད་དང་ལྡན་པ་དེ་དག་ལ་ཡིད་སྨོན་ཤོར་ཆོག་པ་ཞིག་རེད།
རྐུ་མི་རྒྱབ། རྫུན་མི་བཤད། སྲོག་མི་གཅོད། རྒྱོབ་མི་རྒྱབ། ཆང་མི་འཐུང་མཁན་གྱི་སྐྱེ་བོ་དེ་དག་ནི་མཆོག་ཏུ་གྱུར་པའི་སྐྱེ་བོ་དོན་དངོས་པོའི་ཐོག་ནས་རེད། དེ་མིན་སྤྲུལ་སྐུ་ཡིན་ན་ཅིག་ཡིན་ཟེར་ནས་ལུས་ལ་གྲྭ་ཆས་གྱོན། རྩ་བཞི་ཆང་ལྔ་ཙམ་ཡང་མི་སྲུང་མཁན་གྱི་སྐྱེ་བོ་དེ་དག་ནི་ཤཀྱའི་བསྟན་པའི་དགྲ་བོ་དང་བསྟན་བཤིག་རེད།
ལུས་ལ་གྲྭ་ཚས་གྱོན་བཞིན་དུ་རྩ་བཞི་ཆང་ལྔ་མི་སྲུང་མཁན་ཚོའི་བྱ་སྤྱོད་ལ་བརྟེན་ནས་དགེ་སློང་ཚོད་དང་ལྡན་རྣམས་ཀྱི་མཐོང་བརླགས་འགྲོ་གི་ཡོད། གྲྭ་ཆས་ཀྱི་མཐོང་བརླགས་ཀྱི་ཡོད། ཁྱིམ་པ་སེམས་འགྱུར་བའི་ལས་བསགས་ཀྱི་ཡོད།
ཡ་རབས་བཟང་སྤྱོད་ཟེར་ནའང་འདྲ། རྩ་བཞི་ཆང་ལྔ་ཙམ་སྲུང་ནའང་ཡ་རབས་བཟང་སྤྱོད་ཅན་དངོས་མ་དེ་རེད། ཁ་ནས་ཆོས་བཤད་མདོག ལག་ལེན་རྩ་བཞི་ཆང་ལྔ་ཙམ་ཡང་སྲུང་མི་ཐུབ་མཁན་རྣམས་ནི་སངས་རྒྱས་བསྟན་པའི་དགྲ་བོ་དངོས་མ་རེད་དོ།
ཤཀྱའི་དགེ་སློང་ཚོ་ལ་མཐོང་དགོས་ན་འཛམ་གླིང་མི་དམངས་ཀྱིས་སྲུང་མི་ཐུབ་པའི་འདུལ་ཁྲིམས་སྲུང་དགོས་རེད། གྲྭ་ལོག་ཚར་དུས་གྲྭ་ཚས་གྱོན་ན་རང་གི་ཞབས་འདྲེན་དང་སྤྱི་ཤཀྱའི་དགེ་སློང་ཚོའི་ཞབས་འདྲེན་འཇོག་བཞིན་ཡོད་དུས་སངས་རྒྱས་བསྟན་པ་ལ་བསམས་ན་ངེས་པ་ཏུ་གྲྭ་ལོག་གྲྭ་ཆས་གྱོན་མཁན་རྣམས་ལ་དགག་དགོས་ངེས་རེད།
འདུལ་ཁྲིམས་ཚུལ་བཞིན་སྲུང་བའི་སྐྱེ་མཆོག་ཚོ།
ས་སྟེང་འགྲོ་བ་མི་ཡི་གུས་ཡུལ་རེད།
སྡོམ་མེད་ཆོས་པགས་ཅན་གྱི་སྤྲུལ་གོག་ཚོ།
ས་སྟེང་འགྲོ་བ་མི་ཡི་གད་རྙིགས་རེད།།།།།།།།།།།།།།།།
ཁོང་གི་བཀའ་མོལ་མང་པོ་ཞིག་གིས་ཡིད་དབང་འཕྲོག་འཇོག་གི ཁ་སྔོན་ཝེ་ཤིན་ན་ཁོང་གི་བྱིས་པའི་རྩེད་ཆས་ཅིག་ཕྱག་ཏུ་བཟུང་ནས་ཀུན་རྫོབ་ངོ་སྤྲོད་ཅིག་འདུག ངོ་མ་སྙིང་རྗེ་བོ་དེ་འདྲ་རེད། དེ་མིན་ཁ་སྔོན་རྫ་ཚེས་དྲིས་པའི་ལན་དེ་ནང་གི་གྲྭ་བ་ལོག་ན་ཡང་ཆོས་གོས་གྱོན་པའི་ལན་དེར་བལྟས་ནས་དྲང་མོ་ཞིག་མ་རེད། འདུལ་བ་ན་གང་ཡོད་པ་དྲང་མོར་བཤད་ཀྱི་མི་འདུག
བོད་མི་རྨོངས་དད་ཅན་ཚོས་གྲྭ་སར་ཁག་གི་དགེ་སློང་ཚོད་དང་ལྡན་པ། འདུལ་ཁྲིམས་མིག་འབྲས་བཞིན་སྲུང་མཁན་རྣམས་ལ་གུས་བཀུར་དང་མཐོང་ཆེན་བྱེད་ཀྱི་བཞག་ནས་མི་དགོས་པའི་སྤྲུལ་གོག་མི་ཆོས་བླ་མའི་རྫུན་བཤད་མཁན་དང་། རྩ་བཞི་ཆང་ལྔ་ཙམ་ཡང་སྲུང་མི་ཐུབ་པའི་གྲྭ་ཅན་ཚོ་ལ་མཐོང་དང་གུས་བཀུར་བྱེད་ཀྱི་ཡོད་པ་འདི་ནི་བསྟན་འཛིན་གྱི་སྐྱེ་བོ་ངོ་ཤེས་ཀྱི་མེད་པའི་རྟགས་དང་། སངས་རྒྱས་བསྟན་པར་ཉམས་རྒུད་དུ་འགྲོ་བའི་སྔོན་བརྡ་རེད་འདོད་དོ།།
མི་མང་པོས་མཁྱེན་རྩེ་སྤྲུལ་སྐུ་དྲང་པོ་རེད་ཟེར་གྱི་འདུག ཡག་པོ་རེད། ང་ཡང་དྲང་བདེན་ཅན་ལ་དགའ། དྲང་བདེན་ཅན་ལ་གུས། ཡིན་ཀྱང་དྲང་བདེན་གྱི་མི་ཞིག་ཡིན་ན་སྡོམ་པ་ཤོར་ཚར་དུས་གྲྭ་ཆས་གྱོན་གི་མ་རེད་བ།
རྟགས་ཤིག་བཀོད། མཁྱེན་རྩེ་སྤྲུལ་སྐུ་ཆོས་ཅན། དྲང་བདེན་ཅན་གྱི་མི་ཞིག་མ་ཡིན་པར་ཐལ། སྡོམ་པ་མེད་ཀྱང་སྡོམ་ལྡན་ཚོའི་གྲྭ་ཆས་གྱོན་མཁན་ཞིག་ཡིན་པའི་ཕྱིར། ཞེས་བཀོད་དུས་་་་ལན་ཅི་ཡོད་དམ།
བ་ལང་གི་རྔ་མ་བསྟན་ནས་བོང་བུའི་ཤ་ཚོང་འདྲ་བོ་ཞིག་ས་སྐྱ་ལེགས་བཤད་ན་ཡོད་བསམ་སོང་།
རྩོམ་ཡིག་འདིར་ཆ་ཚང་བ་ཞིག་རྩ་བ་ནས་བཀླགས་ཐུབ་མ་སོང་། ཅིའི་ཕྱིར་ཞེ་ན། རྩོམ་ཡིག་མར་མར་བཀླགས་འོང་དུས་མཁྱེན་བརྩེ་སྤྲུལ་སྐུ་ལ་ཆོས་ལུགས་ཀྱི་ཐོག་ནས་ཤེས་ཚོད་ཡག་པོ་མེད་པའི་རྟགས་མང་པོ་མཐོང་འོང་གི་འདུག དཔེར་ན་་་མཁྱེན་བརྩེ་སྤྲུལ་སྐུས་དེ་འདྲ་བཤད་འདུག་་་《
ད་མི་རེ་གཉིས་བྱང་ཆུབ་སེམས་པ་ཆེན་པོ་དེ་འདྲས་ཐག་གཅོད་ཐུབ་ན་ཡག་པོ་ཞེ་དྲག་རེད་དེ། དེ་སུ་ཡིན་གང་ཟག་གི་ཚོད་བཟུང་ཐུབ་ཀྱི་མ་རེད། སུ་ཡིན་ཧ་གོ་གི་མ་རེད། དེ་འདྲ་ཡིན་དུས། མཁྱེན་བརྩེ་ཐེབས་རྩ་ཚོགས་པ་འཛུགས་དགོསཔའི་རྒྱུ་མཚན་གཅིག་དེ་ང་ཚོས་མ་འོངས་པར་དགོན་པ་དང་། བཤད་གྲྭ། སྒྲུབ་གྲྭ་དེ་ཚོའི་སྒྲིག་འཛུགས། ཆོས་ཀྱི་སྒྲིག་འཛུགས་དེ་ང་རང་ཚོ་ལ་ཡོད་བསྡད་པ་ཡིན་དུས་བཤད་མ་དགོས་པ་རེད། ཡིན་ནའང་འཚོ་བ་དང་མཐུན་རྐྱེན་གྱི་སྐབས་སུ་དཔལ་འབྱོར་གྱི་སྒྲིག་འཛུགས་ཐད་མིག་དཔེ་ཞིག་ཐོན་མི་ཡོང་ངམ་སྙམ་ནས་བཙུགས་པ་ཞིག་རེད།》་་་ཅེས་བཤད་འདུག
ངས་དཀའ་ལས་ལ་མ་བལྟ་ནས་མཁྱེན་བརྩེ་སྤྲུལ་སྐུ་ལ་སློབ་ཁྲིད་ཤིག་བྱེད་ཀྱི་ཡིན།་་་་་དཔེར་ན་་་བྱས་ཆུབ་སེམས་དཔའ་སུ་ཡིན་ཧ་གོ་གི་མ་རེད་ཅེས་པའི་སྐད་ཆ་འདི་དཔལ་ན་ལེན་ཌའི་གཞུང་ལུགས་དང་འགལ་བསྡད་ཡོད་པའི་སྐད་ཆ་ཞིག་རེད།
དེ་ཡང་་ན་ལེན་ཌའི་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་ལས།
དུ་བ་ལས་ནི་མེ་སྐྱེད་དང་།
ཆུ་སྐྱར་ལས་ནི་ཆུ་སྐྱེད་ལྟར།
བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།
རིགས་ནི་མཚན་མ་དག་ལས་ཤེས།ཅེས་ལུས་ངག་གི་རྟགས་དང་མཚན་མ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་སུ་ཡིན་མིན་ཤེས་ཀྱི་རེད་ཅེས་་གསུངས་ཡོད་རེད།་་ཧཧ དཔལ་ན་ལེན་ཌའི་གཞུང་ནས་བཤད་པའི་འབྲས་རྟགས་ཡང་དག་ཙམ་ཡང་མཁྱེན་བརྩེ་ཡིས་ཤེས་མི་འདུག གཅིག་རེད།
གཉིས་པ། གང་ཟག་གིས་གང་ཟག་ལ་ཚོད་བཟུང་ཐུབ་ཀྱི་མ་རེད་ཅེས་པའི་དོན་དག་དངོས་གནས་ཡང་ཤེས་མི་འདུག མདོ་ལས་་་་ང་དང་ང་འདྲ་བའི་གང་ཟག་གིས་གང་ཟག་ལ་ཚོད་བཟུང་གིས་་་་་གང་ཟག་གིས་གང་ཟག་ལ་ཚོད་བཟུང་བ་མི་བྱ་སྟེ།་་་་ཞེས་གསུངས་དུས་་་སྣང་རུང་མི་དམིངས་པའི་རྟགས་ཡང་དག་དང་མི་སྣང་མ་དམིགས་པའི་རྟགས་ཡང་དག་གཉིས་ཀ་བསྟན་གྱི་ཡོད་རེད།།
གང་ཟག་གིས་གང་ཟག་ལ་ཚོད་བཟུང་བ་མི་བྱ་སྟེ་་་ཞེས་པའི་སྐབས་སུ་མི་སྣང་མ་དམིགས་པའི་རྟགས་ཡང་དག་གསུངས་ཀྱི་ཡོད་རེད། དཔེར་ན་་་མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་ལ་ཤ་ཟ་སྐལ་ལྡན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཡོད་ངེས་ཀྱི་དཔྱོད་ཤེས་དོན་མཐུན་མི་འཇུག་ཏེ། ཤ་ཟ་ལ་ཤ་ཟ་སྐལ་ལྡན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར།ཞེས་བཀོད་ཀྱི་རེད།
དངོས་མེད་ཀྱི་ལྷ་འདྲེ་ལ་ཚོད་བཟུང་ཐུབ་ཀྱི་མ་རེད་ཅེས་པའི་དོན་རེད་མ་གཏོགས་་་བྱང་ཆུབ་སེམས་དཔའ་སུ་ཡིན་ཧ་གོ་གི་མ་རེད་ཅེས་པའི་དོན་མ་རེད་དོ།་་་་མཁྱེན་རྩེ་ལགས།
སློབ་ཁྲིད་བྱས་པར་ཡ་བྱུང་མེད་ནའང་་་སྤོབས་ཤོར་ནས་ཁོང་ཁྲོ་མི་ལང་བའི་རེ་བ་ཡོད། ངས་མཁས་མདོག་བྱས་པ་མིན། སྤྲུལ་གོག་ཁ་བདེ་བ་ཁྱོད་ལ་སློབ་ཁྲིད་ཆུང་ཆུང་ཞིག་ཡིན་ད་་་་་་་ཧཧཧཧ
དུ་བ་ལས་ནི་མེ་སྐྱེད་དང་།
ཆུ་སྐྱར་ལས་ནི་ཆུ་སྐྱེད་ལྟར།
བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།
རིགས་ནི་མཚན་མ་དག་ལས་ཤེས།
འདི།
དུ་བ་ལས་ནི་མེ་ཤེས་དང་།
ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར།
བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས།
རིགས་ནི་མཚན་མ་དག་ལས་ཤེས།།
དམ་པ་དགེ་ཆོས་ཀྱི་མཛད་པའི་ཀླུ་སྒྲུབ་དགོངས་རྒྱན་ལས།
ཡོད་མཐའ་འགོག་པའི་སྣང་རུང་མ་དམིགས་དང་། །
མེད་མཐའ་སྤོང་བའི་མི་སྣང་མ་དམིགས་གཉིས། །
གཅིག་གི་རྣམ་གཞག་གཅིག་གིས་བཤིག་མཐོང་ནས། །
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །ཅེས་གསུངས་ཡོད་རེད་་་་མཁྱེན་བརྩེ་ལགས་་་དམ་པ་དགེ་ཆོས་ལ་དགའ་ན་དགེ་ཆོས་ཀྱི་གཞུང་ཏོག་ཙམ་ཤེས་དགོས་ངེས་རེད། ལྷག་པ་ཏུ་ཆོས་པགས་ཅན་ཞིག་གིས་ངོས་ནས་ཀླུ་སྒྲུབ་དགོངས་རྒྱན་ལ་བལྟས་མེད་ན་་་་་་དགེ་ཆོས་ལ་དགའ་སྟངས་ཅི་འདྲ་རེད་་་ཨ ཧཧ
ཨེ་ཀརྡོ་་་་་མཁས་མདོག་བྱེད་མ་འོང་ཨ། ངས་བློ་ནས་སྐྱོར་འོང་དུས་་་དུ་བ་ལས་མེ་སྐྱེད་དང་་་ཅེས་བསླེབས་འོང་གི་འདུག ཆོས་གཞུང་འདི་དག་ལ་མ་བལྟས་ན་ལོ་མང་འགྲོ་ཚར་དུས་ནོར་བ་ཤོར་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན། ཡིན་ཀྱང་་་་ནོར་ཡོད་སྣང་མི་ཤར་འདུག ཁྱོད་ལ་དེབ་ཡོད་ན་དག་ཆ་ག་འདྲ་ཡིན་མིན་ཞིག་ལྟོས་དང་།
བྱང་ཆུབ་སེམས་དཔའ་ཡང་སུ་ཡིན་ངོ་མ་ཤེས། སངས་རྒྱས་ཀྱང་སུ་ངོ་མ་ཤེས། བླ་མ་སུ་ཡིན་ངོ་ཤེས་ཀྱི་ཡོད་དམ། དེ་ཡང་མེད་ན་རྒྱ་མོའི་སྟུ་མ་གཏོགས་ངོ་ཤེས་མེད་པ་ཨེ་ཡིན། སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡིན་ཟེར་གིན་ཟེར་གིན་བྱང་ཆུབ་སེམས་དཔའ་སུ་ཡིན་ངོ་ཤེས་ཀྱི་མེད་་ཟེར་ན་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་རྣམས་སྐུ་བདག་རྒྱག་མཁན་ཚོས་རྫུན་བཤད་ཡོད་པ་རེད་དམ།
སོ་སོ་སྤྲུལ་སྐུ་ཡིན་མིན་ཤེས་ཀྱི་ཡོད་དམ། ཁྱོད་མི་དྲང་པོ་སོང་ཙང་་་སོ་སོས་སོ་སོར་ངོ་ཤེས་ཀྱི་མེད་པ་རེད་དམ།་་་་ཧཧཧཧ་་་་དགོད་ཀྱི་ཡོང་ནས་མིག་ཆུ་ཐོན་འོང་གི་འདུག་་་་་ཧཧ
གོང་དུ་བཤད་པ་ལ་སླར་ཡང་གསལ་བཤད་ཅུང་ཟད་ཞུ་ན།
༡༽ ༧གོང་ས་ཆེན་པོའི་དོལ་རྒྱལ་བསྟེན་ཕྱོགས་ལས། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ལྟ་ཁྲིད་མུན་སེལ་སྒྲོན་མེའི་ནང་དཔལ་ས་སྐྱ་པའི་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་སྒོམ་ཚུལ་ཞོར་འཕྲོས་སུ་གསུངས་ནས་དེའི་ཆོས་སྐད་རྗེ་བླ་མའི་ལྟ་བ་སྐྱོང་ཚུལ་ལ་མི་བསྲེ་བར་གསུངས་ཏེ་གདམས་ངག་ཐམས་ཅད་བརྡ་ཆད་ཕར་བསྲེ་ཚུར་བསྲེའི་བློ་བཟོ་སྣ་ཚོགས་ཀྱིས་གདམས་ངག་སོ་སོའི་ཐུན་མིན་ཐ་སྙད་ཐམས་ཅད་ཆལ་ཆོལ་དུ་བཏང་མི་རུང་ཚུལ་དང༌། ཡང་མན་ངག་གཞན་གྱི་དོན་དང་ཐ་སྙད་འདིར་བསྲེ་བར་མི་བྱ་ཞིང༌། འདི་ནས་ཀྱང་དེ་དག་ཏུ་བསྲེ་བར་མི་བྱ་སྟེ། དེ་ལྟར་བསྲེ་ན་མན་ངག་ཐམས་ཅད་རང་སྲོལ་འཕྱུག་འགྲོ་བའི་རྐྱེན་དུ་གསུང་འདུག ཅེས་པ་ལྟར་སྔགས་དང་ཕ་རོལ་ཕྱིན་པ་སོགས་བཤད་དུས་ཕྱི་གླིང་གི་རིག་པ་འདྲེན་རྒྱུ་མང་དྲན་ན་རིག་གཞུང་གཉིས་ཀའི་ཚིག་གི་གོ་བ་ཐ་དད་པས་ཕྱི་ཕྱིར་རྨོངས་བཅུག་པ་ལས་མི་འདུག
༢༽ བོད་ལ་ཚན་རིག་སོགས་ཕྱི་རྒྱལ་གྱི་རིག་པ་ཤིན་ཏུ་མཁོ་བས་ནང་འདྲེན་ཅི་ཙམ་བྱེད་པར་དགའ་བསུ་ཞུ་བ་དང་། རྒྱབ་སྐོར་ཡོད། བཀའ་དྲིན་ཆེ་ཞུ། ཕྱི་རྒྱལ་རིག་གཞུང་ཅི་ཙམ་ལེགས་ཀྱང་བོད་རང་གི་སྲོལ་རྒྱུན་རིག་གཞུང་ཉམས་པའི་རྐྱེན་དུ་འགྱུར་མི་རུང་།
༣༽ ནང་ཆོས་ཀྱི་གཞི་རྩ་བརྟན་པོ་ཡོད་མཁན་ཚོས་ཚན་རིག་ལ་ཞིབ་འཇུག་དང་བགྲོ་གླེང་ཅི་ཙམ་ནུས་ཀྱང་དགོས་པ་ཞིག་རེད། ཐུགས་རྗེ་ཆེ་ཞུ། དེ་༧གོང་ས་མཆོག་གི་དགོངས་པ་ཡང་ཡིན་པ་འདྲ།
༤༽ ནང་ཆོས་ལ་ཐོས་བསམ་གནད་སྨིན་བྱེད་མ་ཐུབ། བརྡ་དག་སྙན་ངག་སོགས་་ཅུང་ཟད་ཤེས་མཁན་ཚོས་ཚན་རིག་སོགས་སྦྱང་བ་ཡིན་ན་ཕལ་ཆེ་བ་མཐའ་མར་དོན་གཉིས་སྟོར་བའི་གྲྭ་ལོག་ཅིག་ལས་ལམ་ཁ་མེད་པ་འདྲ།
༥༽ གྲྭ་བ་རྒན་གཞོན་མེད་པར་ཚན་རིག་སྦྱང་ན་བརྒྱ་ཆའི་20་ཙམ་ལྟ་ལོག་དང་། ནང་བསྟན་ལ་་རྒོལ་མཁན། དངོས་གཙོ་སྨྲ་བ་ཞིག་ཏུ་འགྱུར་བ་ཐག་ཆོད། དེས་ན་ཐར་ལམ་འདོད་མཁན་རྣམས་ཀྱིས་ཐ་ནའང་ལོ་20་ཙམ་རེར་ནང་ཆོས་ལ་ཐོས་བསམ་བྱས། ལོ་5་ཙམ་རེ་ཚན་རིག་མ་སྦྱང་བར་ནང་བསྟན་ཚན་རིག་གིས་འགྲེལ་བའི་ལམ་དུ་སོང་ན་ཕན་ལས་གནོད་ཆེ་བར་འདུག་སྙམ། གནས་སྐབས་ཀྱི་རྨོངས་འཆར་རོ། །
དེ་རིང་་ངའི་སྙིང་ཁར་སྟོང་ལྷང་ལྷང་འདྲ་ཞིག་བཟོས་སོང་། མཁྱེན་བརྩེ་སྤྲུལ་སྐུས་བཀའ་བསྟན་ཨེན་ཡིག་ནང་དུ་སྒྱུར་གྱི་ཡིན་ཟེར་གྱི་ཡོད་རེད། བསྟན་འགྱུར་ནང་གི་འབྲས་རྟགས་ཡང་དག་བསྟན་པའི་གཞུང་ཚིག་ཙམ་གྱི་དོན་དག་ཡང་ཡག་པོ་མ་ཤེས། བཀའ་འགྱུར་ནང་གི་སྣང་རུང་མ་དམིགས་དང་མི་སྣང་མ་དམིགས་པའ་རྟགས་ཡང་བསྟན་པའི་ཚིག་ལ་ལོག་འགྲེལ་བརྒྱབ།
བཀའ་བསྟན་འགྱུར་སྒྱུར་མཁན་གྱི་མགོ་གཙོ་ཞིག་གིས་ངོས་ནས་བཀའ་བསྟན་གྱི་ཚིག་གལ་ཆེན་འདི་དག་ཤེས་ཀྱི་མེད་པར་མཐོང་དུས་བློ་ཕམ་ནས་སྙིང་ཁར་སྟོང་ལྷང་ལྷང་གྱུར་སོང་ང། ཤེས་ཚོད་འདི་ལས་མེད་པའི་མགོ་གཙོ་ཞིག་གིས་བཀའ་བསྟན་སྒྱུར་ན་ཨེན་ཡིག་ཐོག་ནས་ཤཀྱའི་བསྟན་པ་ལ་འཇུག་མཁན་ཚོ་ལོག་ལམ་དུ་ཁྲིད་ངེས་རེད་བསམས་ཀྱི་འདུག སངས་རྒྱས་ཀྱི་གོ་འཕང་འཐོབ་ཀྱི་ཕར་ཞོག
ཨེན་ཡིག་ཐོག་ནས་ཤཀྱའི་བསྟན་པ་ལ་དགག་པ་ཡིས་འཆར་པ་འབབ་ཡོང་གི་རེད་བསམས་ཀྱི་འདུག དེ་དུས་བསྟན་པ་རྒྱས་པ་རེད་དམ་ཉམས་པ་རེད། བཀའ་བསྟན་འགྱུར་གྱི་ནང་དུ་ཡོད་པ་རྣམས་སྒྱུར་ཡག་པོ་ཞིག་མ་ཐུབ་ན་ཤཀྱའི་རྒྱལ་པོའི་རུས་རྐང་བཅག་གི་རེད་ད། སྤྱི་སྟངས་ནས་ནུབ་ཕྱོགས་སུ་སྒོར་མོའི་ཆེད་དུ་ཆོས་མི་ཤེས་མཁན་ཚོས་ཆོས་བཤད་བྱས་བསྡད་ཀྱི་ཡོད་པ་འདི་དག་ནི་ལོག་འཚོ་རང་རེད་དོ། ཨུ་ཐུག་པའི་འཚོ་བ་རང་རེད། དེ་ལས་མི་ཚེ་སྤྲང་ལུས་ལེན་ནས་བསྡད་ན་དགའ་གི་རེད་བསམས་ཁུ།
སྐྱེས་མཆོག་དགེ་ཆོས་ཀྱིས།
བླུན་པོ་རང་གི་རྗེས་སུ་མི་འབྲངས་ཀྱང་།
རང་ཉིད་བླུན་པོའི་རྗེས་སུ་མི་འབྲངས་བར།
འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།
སྲོག་ལ་བབ་ཀྱང་འབད་པས་སྲུང་བར་ངེས།།།་་་་ཅེས་པའི་སྡོམ་ཚིག་རེད།
མཁས་དབང་ཚ་བ་མདའ་སྨྱུག་གྱིས།
ཉམ་ཆུང་མི་ཡི་གཉའ་ནས་མི་གནོན་ཞིང་།
ལོག་པ་སྨྲ་བར་ཡལ་བར་མི་དོར་བ།
མདའ་སྨྱུག་རང་གི་དམ་ཚིག་དང་པོ་སྟེ།
སྲོག་ལ་བབ་ཀྱང་འབད་པའི་སྲུང་བར་ངེས།་་་་་་ཅེས་པའི་སྡོམ་ཚིག་རེད།
བླུན་པོ་ཅོ་རིས།
ཉམ་ཆུང་མི་ཡི་གཉའ་ནས་མི་གནོན་ཞིང་།
སྒེར་གཅོད་མདུན་དུ་པུས་མོ་མི་འཛུགས་པར།
ཅོ་རི་རང་གི་དམ་ཚིག་དང་པོ་སྟེ།
སྲོག་ལ་བབ་ཀྱང་འབད་པའི་སྲུང་བར་ངེས།་་་་་་ཅེས་པའི་སྡོམ་ཚིག་ཡོད།
སྤྱིའི་ཆ་ནས་མཁྱེན་བརྩེ་སྤྲུལ་སྐུའི་ལོག་པ་སྨྲ་བ་ལ་ཅོ་རིས་དགག་པ་འདི་ཚ་བ་མདའ་སྨྱུག་གི་སྡོམ་ཚིག་གྱི་ཚབ་བྱས་ནས་དགག་པ་ཡིན། གཞན་ཁ་བརྡའི་དྲ་ཐོག་ཏུ་ལོག་བཤད་ཅི་ཙམ་བྱས་ཀྱང་སྡོམ་ཚིག་ཡོད་པའི་ཐོག་ནས་དགག་མཁན་དཀོན་པོ་རེད། སྤོབས་མ་ཤོར་རོགས་བྱོས། གསར་འགྱུར་ལ་སྐྲག་དགོས་མ་རེད། དྲང་བདེན་ཡོད་ན་གསར་འགྱུར་ལ་སྐྲག་དགོས་དོན་ཡོད་མ་རེད། གསར་འགྱུར་ལ་སྐྲག་མཁན་ཚོས་མ་བྷན་བྱེད་ཀྱི་ཡོད་པའི་རྟགས་རེད། མི་དམངས་མགོ་སྐོར་གཏོང་གི་ཡོད་པའི་རྟགས་རེད་དོ།
ཅོ་རི་ཉི་མ་ཟེར་བ་འདིས་ཡང་འུར་རྒྱག་གི་འདུག དགེ་སློང་ཚད་ལྡན་དང་འདུལ་ཁྲིམས་སྲུང་མཁན་ལ་གུས་བཀུར་དགོས་ན་གོང་ས་མཆོག་ལས་ལྷག་པ་སུ་ཡང་མེད་པས་དེ་ལ་གུས་བཀུར་དགོས་ཚོད་རེད། འོན་ཀྱང་ཁོང་ལ་རྟག་པར་རྟ་ལིས་ལས་མི་ཟེར་མཁན་ཚོས་འདུལ་ཁྲིམས་སྲུང་མཁན་དགེ་སློང་ལ་གུས་པ་བྱེད་དགོས་ཟེར་ན་གད་མོ་ཤོར་སྐྱེད་མ་རེད་དམ།
ཧེ་ཧེ་་་ལུག་རྟོག་ལགས། ངས་ངོས་ནས་གོང་ས་ཏ་ལའི་བླ་མ་མི་ཆོས་བླ་མའི་རྫུན་བཤད་མཁན་ཞིག་རེད་བསམས་ཀྱི་ཡོད་་་་དགེ་སློང་ཚོད་དང་ལྡན་གྱི་ཕར་ཞོགས་་་ལོ
གནས་མཆོག་རྡོ་རྗེ་གདན་དུ་མནའ་ཞིག་སྐྱེལ།
རང་བཙན་སླར་གསོ་བྱེད་པའི་མནའ་ཞིག་སྐྱེལ།
མནའ་གན་ཐུ་བོ་ཆེན་ཞེས་མཚན་ཞིག་གསོལ།
དེང་སང་མནའ་ཆེན་མོག་མོག་བཟའ་བཟའ་རེད།
རྒྱ་གར་རྡོ་རྗེ་གདན་གྱི་ས་འོག་ཏུ།
ལས་འབྲས་དཔང་དུ་བཙུགས་མཁན་ཆོས་རྒྱལ་གྱིས།
དྲང་པོ་སུ་ཡིན་ཁྲིམས་ཐག་གཅོད་སྐབས་སུ།
མནའ་བཟའ་སྐྱག་འཇིབས་ཁྲིམས་ལ་སྦྱར་ཁུ་ཟེར།
མནའ་ཆེན་དེ་འདྲ་བཟའ་མཁན་སྐྱེ་བོ་ཚོས།
རྫུན་གྱི་འཁོར་ལོ་སྐོར་བར་ཉུང་ཉུང་མིན།
གཅིག་ནས་གཉིས་སུ་ཕྱི་ལ་བཏོན་དགོས་ན།
རྨོངས་དད་མགོ་ཚོ་ཁོང་ཁྲོ་མ་ལང་ཨ་་་་་་་ཧཧ
སྤྱོད་འཇུག་ལས།
ལས་ཀྱིས་རྣམ་པ་སྨིན་པར་བསམ་མི་ཁྱབ། བརྩེ་བའི་བདག་ཉིད་ཆེན་ཡང་དུད་འགྲོ་སྐྱེས་་་་ཅེས་པའི་སྐད་ཆ་འདིར་གོ་མྱངས་ཡོད་ཆ་ཡིན་ད
དམ་པ་དགེ་ཆོས་ཀྱིས།
ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས།།
བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ།།
ཆོས་མཐུན་བཀུར་སྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས།།
སེང་གེ་ཁྱི་གཡོག་གྱུར་བའི་ངང་ཚུལ་འདི་སྐྱོ་བ།།་་་་་ཅེས་པའི་སྡུག་སྐད་འདི་ལ་བསམས་ན་བླུན་པོ་ནོར་རྐྱལ་ཅན་ཚོའི་དབང་ཤེད་དེ་ཡང་སྟོབས་ཤུགས་ཅན་ཞིག་ནི་རེད་འདུག ཡིན་ཀྱང་སྟོབས་ཤུགས་འདིས་སངས་བསྟན་བཤིག་གི་ཡོད་པར་གསལ་གསལ་དག་དག་རེད་ལ་་་་བོད་གངས་ཅན་པའི་ཡུལ་ལུང་ཕུང་ལ་སྦྱར་ཡོད་པ་ཡང་ཤེས་གསལ་རེད།
དེང་སང་མུ་མཐུད་ནས་
རྒྱལ་གཅེས་བོད་མི་མང་པོའི་ཆབ་སྲིད་ཀྱི་ཁ་སྟབས།
སྤྲུལ་སྐུ་ནོར་རྐྱལ་ཁུར་་བའི་དབང་ཤེད་ཀྱིས་བཅོམ་སྟེ།
ལུགས་མཐུན་རང་དབང་རང་བཙན་གོ་ལོག་ཏུ་བསྡེབས་ནས།
རང་ཡུལ་རྒྱ་ལ་སྒྱུར་པའི་ངང་ཚུལ་འདི་སྐྱོ་བ་་་་་ཅེས་སྡུག་སྐད་ཤིག་ཁ་ནས་ཤོར་ཐལ།
འོ་ལགས་སོ། ད་ཁྱེད་རྣམ་པས་ཅི་གསུང་ན་གསུངས། རྫོང་གསར་མཁྱེན་བརྩེ་ཡིན་ནམ་དེ་ཡར་བཀྱག་ན་མར་ཕབ་ན་ང་ལ་ནི་དགའ་སྡུག་གི་ཚོར་བ་སྤུ་ཙམ་ཡང་མེད། མི་སྣང་བ་སྐྱིད་པོ། ཕོ་བཟོ་དོད་པོ། ཁ་རུ་ཁ་ཐུག ཤེས་རྒྱ་ཆེན་པོ་འདྲ་ཞིག་ལ་མཐོང་སོང་། དེ་མིན་ཆོས་ཕྱོགས་ནས་ནི་དད་པ་མེད་ལ་དད་ལོག་ཀྱང་མེད།
མཁྱེན་བརྩེ་ཡིས་རྐུ་བྱས་པ་ནི་གོ་མ་མྱོང་། རྒྱོ་བརྒྱབ་པ་ཡང་གོ་མ་མྱོང་། མི་བསད་པ་ནི་གོ་མ་མྱོང་། ཆང་འཐུང་ཚུལ་ནི་གོ་མ་མྱོང་། རྫུན་བཤད་པ་ནི་གོ་མ་མྱོང་། རྩ་བཞི་ཆང་ལྔ་སྲུང་གི་ཡོད་མེད་ངས་ནི་མི་ཤེས། ཁོང་རང་གིས་ཁེངས་སྐྱུངས་གནང་གི་ཡོད་ན་ཡང་ཅི་ཤེས། དོན་དག་མེད་ས་ནས་ཁ་གཏོང་འདོད་ནི་ང་ལ་མེད། མ་གཞི་མི་སྒེར་བ་ཞིག་གི་མིང་ཐོག་ལ་རྒོལ་རྡུང་གཏོང་སྟངས་འདི་ངས་སྤངས་ཅི་ཐུབ་བྱེད་ཀྱིན་ཡོད།
# 25 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
August 6th, 2015 at 2:30 PM
སྤྱོད་འཇུག་ལས།
ལས་ཀྱིས་རྣམ་པ་སྨིན་པར་བསམ་མི་ཁྱབ། བརྩེ་བའི་བདག་ཉིད་ཆེན་ཡང་དུད་འགྲོ་སྐྱེས་་་་ཅེས་པའི་སྐད་ཆ་འདིར་གོ་མྱངས་ཡོད་ཆ་ཡིན་ད
ལུང་འདི་ཉིད་ཡོངས་གྲགས་ཀྱི་སྤྱོད་འཇུག་ལ་ལེའུ་བཅུ་ཡོད་པ་དང་། ལེའུ་གང་གི་ཚིགས་བཅད་ཨང་གྲངས་འགོད་ཐུབ་ན། རབ་དང་དེ་མིན་ཧོབ་ཚོད་ཀྱིས་མགོ་མཐའ་དབུས་འདི་འདྲ་ཞིག་ན་ཡོད་ཅེས་འགོད་ཐུབ་ན། སྤྱོད་འཇུག་ན་ད་བར་དུ་མཐོང་མྱོང་བའི་ལུང་ཞིག་མཐོང་བར་ཕན་ནོ།
མི་འགའ་ཞིག་དག་སྣང་ཆེ་མདོག་ཅིག་བཤད་ཡོང་གིས། མི་སྒེར་ད་ཕར་ཞོག་སངས་རྒྱས་ལའང་དམོད་བཅོལ་ག་རབས་བྱས་ཡོད།
https://www.youtube.com/watch?v=f4TuoHHAdFM
འབྲེལ་ཐག་འདིའི་སྐར་༢༩་ཡི་རྩ་ནས་ཉོན། དོལ་བརྟེན་པ་དགེ་བཤེས་དཀོན་མཆོག་རྒྱ་མཚོའི་སྐད་ཆ་རེད། གཅིག་ཡིན།
གཉིས་པ། དྲི་མེད་ལྷག་བསམ་ལགས་ཀྱིས་་་《སྲོལ་རྒྱུན་བཅོས་དགོས་མདོག་གིས། ཚན་རིག་དང་ནང་ཆོས་ཀྱིས་བཤདཔ་གཅིག་ཏུ་བསྲེས། སེམས་ཁམས་རིག་པ་དང་། ཕྱི་གླིང་མཚན་ཉིད་རིགས་པས་ལྷན་པོ་བརྒྱབ། ཕྱི་ནང་གང་ཡིན་ཡང་མགོ་འཐོམ་པར་བྱེད་པའི་གྲངས་ཅན་པའི་ལུགས་སྲོལ་གསར་བ་ཞིག་དར་ཡོད་པ་དེ་བསྟན་པ་སྲུང་བ་འདོད་བཞིན་དུ་དོན་གྱིས་བསྟན་པ་བསྲེ་ལྷད་ཅན་དུ་བསྒྱུར་བ་འདྲ། ནང་པའི་མཁས་པ་ཚོས་མུ་སྟེགས་པ་དང་བཤད་སྲོལ་ཙམ་ཡང་འདྲེ་མི་རུང་བའི་དམ་བཅའ་དེ་གྲུང་པོ་ཚོས་སྔ་མོ་ནས་དོར་ཟིན་པའི་ལྟས་སུ་གོ།》་་ཅེས་གསུངས་འདུག
དེ་རིང་་་དོལ་བརྟེན་པའི་དགེ་བཤེས་དཀོན་མཆོག་རྒྱ་མཚོ་དང་དོལ་རྒོལ་བ་དྲི་མེད་ལྷག་བསམ་གཉིས་ཀྱི་ལྟ་གྲུབ་ཕྱོགས་གཅིག་ཏུ་མཐུན་ཡོད་པའི་ཆ་ནས་ཁྱོད་གཉིས་ལ་སྐད་ཆ་ཞིག་མཉམ་དུ་མི་བཤད་དཀའ་མེད་བྱུང་། དགེ་བཤེས་དཀོན་མཆོག་གྱིས་གོང་ས་ཏ་ལའི་བླ་མ་རྒྱང་འཕེན་པ་ལྟ་བུ་རེད་འདུག་ཟེར་ནས་དགག་གི་ཡོད་པ་དང་།
དྲི་མེད་ལགས་ཀྱིས་གྲངས་ཅན་པ་རེད་ཅེས་བཤད་ཀྱི་ཡོད་པ་འདི་གཏམ་བཤད་ས་བུ་མོ་ཡིན་ཀྱང་གོ་དགོས་མཁན་མནའ་མ་རེད་ཅེས་པ་ལྟར་ཚན་རིག་དང་ནང་ཆོས་ཀྱིས་བཤད་པ་གཅིག་ཏུ་བསྲེས་མཁན་གོང་ས་ཏ་ལའི་བླ་མ་ལ་གྲངས་ཅན་པ་རེད་ཟེར་ནས་ཟུར་མདའ་འཕེན་གྱི་འདུག
གོང་ས་ཏ་ལའི་བླ་མས་རི་རྒྱལ་གླིང་བཞི་སོགས་སློབ་དཔོན་དབྱིག་གཉེན་གྱི་གསུངས་པ་ལྟར་ཚན་རིག་གི་ཉི་མ་ཤར་དུས་ཡོད་ན་མཐོང་དགོས་པའི་དུས་ཚོད་འདི་ལ་མཐོང་ཡ་མི་འདུག་པས་རིག་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ཐབས་མི་འདུག་པས་སློབ་དཔོན་ལ་དགོངས་དག་ཞུས་ཡོད། ལོ་རྒན་༨༠་ལོན་པའི་མི་རྒན་ཞིག་གིས་ངོས་ནས་སྐད་ཆ་འདི་འདྲ་བཤད་པ་ལ་རྗེས་སུ་ཡིད་རང་དང་། ཐུགས་རྗེ་ཆེ་ཞེས་རྒྱུ་ཡིན་ལ་་དོན་དངོས་མའི་ཐོག་ནས་དགའ་པོ་བྱུང་ཞེས་ཞུ་རྒྱུ་ཡིན།
གནད་དོན་འདིའི་ཐོག་ཏུ་ང་ཅོ་རི་ལ་འགན་ཁུར་ཏོག་ཙམ་ཡོད་པས་མི་བཤད་དཀའ་མེད་རེད། མ་གཏོགས་ཅོ་རིས་གོང་ས་ཏ་ལའི་བླ་མའི་རྐུབ་གཡོག་རྒྱུགས་ནས་ཁྱོད་གཉིས་ལ་དགག་པ་མིན། འཛམ་གླིང་འདི་ལ་ཚན་རིག་གི་ཉི་མ་ཤར་དུས་་ས་ཡི་གོ་ལའི་ནས་ཀེ་ལོ་མེ་ཊ་ས་ཡ་༦༥་ཡི་རྒྱང་ཐག་ཡོད་པའི་མཚམས་སུ་འཕྲུལ་འཁོར་བཏངས་ནས་ཞིབ་འཇུག་བྱས་ཀྱང་རི་ཡི་རྒྱལ་པོ་རི་རབ་དང་དབང་ཆེན་གསེར་གྱི་ས་གཞི་སོགས་མཐོང་གི་མེད་པ་རེད།
རྒྱང་ཐག་ཀེ་ལོ་མེ་ཊ་ཕྱེད་ཀའི་མཚམས་སུ་འབྲོང་གཡག་ཞིག་ཡོད་ན་མཐོང་དགོས་པ་ལས་མ་མཐོང་ན་དེ་རུ་འབྲོང་གཡག་མི་འདུག་ཅེས་ཐག་གཅོད་དགོས་པ་མིན་ནམ། ད་དུང་མ་མཐོང་ཕྱིར་ན་མེད་མི་དགོས་ཟེར་ནས་སྡོད་ཀྱི་ཡིན་ནམ། རི་བོང་གི་མགོ་ལ་རྭ་མེད་ཅེས་ཁྱོད་ཚོས་ཐག་བཅད་ནས་བཤད་པ་འདི་ཡོད་ན་མཐོང་དགོས་པ་ལས་མ་མཐོང་ནས་མེད་ཅེས་ཐག་བཅད་པ་མིན་ནམ། དེ་མིན་པའི་ཁྱོད་གཉིས་ཀྱིས་་རི་བོང་གི་མགོ་ལ་རྭ་མེད་པར་ཇི་ལྟར་བསྒྲུབ་ཀྱི་ཡིན་ནམ།
རི་རྒྱལ་གླིང་བཞི་སོགས་ཁྱོད་གཉིས་ཀྱིས་ཀྱང་མ་མཐོང་། ཚན་རིན་པས་ཀེ་ལོ་མེ་ཊ་ས་ཡ་༦༥་ཡི་མཚམས་སུ་འཕྲུལ་འཁོར་བཏངས་ནས་ཞིབ་འཇུག་བྱས་ཀྱང་སྟོང་པའི་ཁམས་ཆེན་པོ་འདིའི་ནང་དུ་དབྱིག་གཉེན་གྱི་གསུངས་པ་ལྟར་རི་ཡི་རྒྱལ་པོ་རི་རབ་ཟེར་བའི་དངོས་པོ་ཆེན་པོ་ཞིག་མཐོང་ཡ་མེད།
ད་་་རྒྱང་འཕེན་པ་ཟེར་ནའང་འདྲ། གྲངས་ཅན་པ་ཟེར་ནའང་རེད། ཚན་རིག་པ་ཟེར་ནའང་ཆོག ཚན་རིག་དང་ནང་ཆོས་ཀྱིས་བཤད་པར་གཅིག་ཏུ་བསྲེས་མཁན་ཟེར་ནའང་འདོད། ག་ཚོད་བཙལ་ནའང་རི་རྒྱལ་མཐོང་ཐུབ་ཀྱི་མེད། ཚན་རིག་དང་ནང་ཆོས་ཀྱིས་བཤད་པ་གཅིག་ཏུ་མི་བསྲེས་མཁན་དྲི་མེད་ལགས་དང་འཇམ་པའི་དབྱངས་དྲག་པོའི་སྐུ་བཞེས་པའི་དོལ་རྒྱལ་ལ་དད་པ་ཅན་དགེ་བཤེས་ལགས་གཉིས་ནི་ནང་པ་དངོས་མ་དང་། སློབ་དཔོན་གཉེན་གྱི་གསུངས་པ་ལྟར་ཁས་ལེན་ཐུབ་མཁན་ཡིན་ན་་ཁྱོད་གཉིས་ཀྱིས་རི་རྒྱལ་གླིང་བཞི་སོགས་ཡོད་པར་སྟོན་ཐུབ་རེད་དམ།
ལྷག་པ་ཏུ་དབང་ཆེན་གསེར་གྱི་ས་གཞི་ཡོད་པར་སྟོན་ཐུབ་ན་ཕྱུག་པོ་བཟོ་ཡ་ལས་སླ་མོ་རེད་བ། བོད་མི་རིགས་སྤྲང་ལུས་ལེན་ནས་སྡོད་དགོས་ས་མ་རེད། ཨ་རི་དང་རྒྱ་ནག་གཉིས་ཀྱིས་རྒྱབ་སྐྱོར་འོག་ནས་གསེར་ལེན་མཁན་འགྲོ་ཆོག་གི་རེད་བ། ཧཧ
རྡུལ་ཕྲ་རབ་མ་མཐོང་ཕྱིར་ན་མེད་མི་དགོས་ཡོད་ཅེས་ཕྱོགས་གླང་ཆོས་གྲགས་ཚོས་རྒྱང་འཕེན་པར་དགག་ཡོད་པའི་རྒྱུ་མཚན་གྱིས་དགེ་བཤེས་ལགས་ཀྱིས་མ་མཐོང་ཐམས་ཅད་མེད་མི་དགོས་པར་སྒྲུབ་ཀྱི་འདུག ཕྱོགས་གླང་ཆོས་གྲགས་ཚོས་མ་མཐོང་ཕྱིར་ན་ཡོད་དགོས་པའི་སྒྲུབ་བྱེད་བཀོད་མེད་པ། ཁྱོད་ལ་མ་མཐོང་ཕྱིར་ན་ཡོད་དགོས་པའི་སྒྲུབ་བྱེད་འདྲ་བཀོད་ཀྱི་ཡོད་དམ།
སྤྱིའི་ཆ་ནས་དོལ་རྒྱལ་ཚོགས་པའི་དགེ་བཤེས་ལགས་ཀྱི་ཐོག་ཏུ་དགག་ཚིག་འཕེན་འདོད་རྩ་བ་་ནས་མེད། ཡིན་ཀྱང་གནས་ལུགས་རྒྱུ་མཚན་ལ་མ་བལྟས་པར་གོང་ས་ཏ་འི་བླ་མའི་ཐོག་ཏུ་དགག་ཚིག་འཕེན་གང་ཐུབ་བྱས་པ་འདིར་ཁས་ལེན་ཐབས་མི་འདུག་པས་ཅིག་མི་བཤད་དཀའ་མེད་བྱུང་།
དགེ་བཤེས་ལགས་ཁ་བརྡའི་དྲ་ཐོག་ཏུ་ཡོང་ནས་ལན་རེ་རྒྱབ་འོང་པའི་རེ་བ་ཡོད། མུ་མཐུད་ནས་རྩོད་འདོད་ཡོད།།
དྲ་གྲོགས་རྣམས་པ་གསུམ་ཕེབས་པར་དགའ་པོ་བྱུང་། རྒན་ལ་དྭགས་ལ་ལགས་་་ལན་འབྲི་བའི་དུས་ཚོད་མི་འདུག ཁྱོད་ཀྱིས་ང་ལ་སྤྱོད་འཇུག་ཡིག་རྒྱུགས་ཤིག་བཏངས་འདུག་ག་་་་ཧཧ སྤྱོད་འཇུག་སྐོར་ཁྱོད་མཁས་དབང་ཡིན་པར་ངས་ཁས་ལེན་གྱི་ཡིན་ལགས།
ཅོ་རི། དང་པོ་མི་ཆོས་བླ་མའི་རྫུན་ཞེས་པ་དེ་ཅི་ཡིན་ཤེས་ཀྱི་ཨེ་ཡོད།
ཅོ་རི་ལེགས། ཁྱོད་ནི་ཉམས་ཆུང་ལ་དགྱེས་ཟེར། ཕྲན་ནི་ཤེས་རབ་དམན། དབང་ཐང་ཆུང་། རྒྱབ་རྩ་ཞན་པའི་ཉམས་ཆུང་ཞིག ཕྲན་གྱི་མགོ་ལ་ཁ་མཆུ་མི་འདྲེན་པར་ཞུ། ངས་ཐེག་པར་དཀའ།
༡༽༧གོང་ས་མཆོག་ནི་ཕྲན་གྱིས་གསོལ་བ་འདེབས་པའི་ཡུལ་ཡིན། དེ་ལ་མཚན་སྨོད་ནི་མངོན་ལྐོག་གཉིས་ནས་ཞུས་པ་མེད། བཀའ་བཞིན་སྒྲུབ་མ་ཐུབ་ཀྱང་བཀའ་ལ་རྒོལ་བ་ནི་ཤི་ཡང་མི་བྱེད་པའི་དམ་བཅའ་ཡོད། སྐབས་རེར་༧གོང་ས་མཆོག་གིས་གདུལ་བྱའི་ཁམས་དང་བསམ་པ་དང་བསྟུན་ནས་གསུང་པ་རྣམས་ངེས་དོན་དུ་འགྲེལ་ག་ལ་ཤེས འོན་ཀྱང་དགག་བྱ་ལས་ཀྱང་དགོས་པ་གཙོ་བས་ལེགས་སོ་ཞུ་རྒྱུ་ལས་མེད།
༢༽དགག་པ་མེད་པའི་རིགས། གོང་དུ་གསལ་བོར་བཤད་པ་ལྟར་ཚན་རིག་ལ་དགག་པ་མིན། ནང་ཆོས་ཀྱི་གོ་བ་གཏིང་ཟབ་ཡོད་པས་ཚན་རིག་ལ་སྦྱོང་བའང་ནམ་དུའང་དགག་པ་མེད། དེ་བཞིན་ཚན་རིག་ཟུར་གྱི་སློབ་ཚན་དུ་བཞག་ན་དགག་པ་མེད། ཞིབ་འཇུག་ཆེད་རྩོམ་གྱི་རྣམ་པ་དང་། ཚོགས་ཆེན་དུ་གཏམ་བཤད། ཚན་རིག་དང་ནང་པའི་བགྲོ་གླེང་། གཤིབ་བསྡུར་གྱི་བཤད་པ་སོགས་ལ་དགག་པ་མེད།ཛམ་གླིང་སྤྱི་སྲོལ་ཞིག་ཡོད་པ་དེ་དང་བསྟུན་དགོས་པ་རེད།
༣༽དགག་པ་བྱེད་པའི་རིགས། དབང་ལུང་གནང་དུས་ཟས་ཟོས་རབས། གྲོགས་བསྒྲིགས་རབས། དངུལ་དགོས་རབས་སོགས་ལ་བཤད་ལུང་བཤད་ཀྱིས་དམིགས་རིམ་སྐོར་མེད་པར་བྱས་པ། བར་ཏུ་ཏིང་འཛིན་ཟབ་མོ་ལ་བར་ཏུ་གཅོད་པའི་ཆགས་སྡང་གི་གཏམ་སྒོ་པྱེས་པ། གཞུང་བཤད་བྱེད་ཚེ་ཆོས་ལུགས་གཞན་བསྲེ་བ་མཁས་ཉམས་སུ་འདོད་པ། ཉམས་ལེན་ནང་ལ་ཚན་རིགས་ཀྱིས་དཔྱད་པ་ཤུགས་ཆེར་སྤེལ་སོགས་སྟེ། དཔེརན་ཉམས་ལེན་གསུངས་པའི་སྐབས་སུ། སྣོད་ལྡན་ཉན་པར་བསྐུལ་བ་དང་། ཀུན་སློང་བཅོས་ཐབས་སོགས་མེད་པར། ཧ་ལོ། ཚངས་མ་བདེ་མོ་ཡིན་ནམ། ཟེར་ནས་མཛད་སྒོ་ཞིག་གི་གཏམ་བཤད་ལྟ་བུ་བྱེད་པ། དེ་བཞིན་དམ་པ་རྣམས་ཀྱི་རྣམ་ཐར་བཤད་པའི་དུས་སུ་སངས་རྒྱས་ཀྱི་སྐྱེས་རབས། བརྒྱུད་པའི་རྣམ་ཐར་སོགས་མེད་པར་ངའི་གྲོགས་པོ་ཡེ་ཤི་བ་ཅིག་གིས་འདི་ཟེར། ཤེ་ཤིའི་ནང་ལ་བཟང་པོ་་འདི་ཡོད་ཅེས་ཕལ་ཆེར་ཆུ་ཚོད་ཀྱི་སུམ་ཆ་གཅིག་ཙམ་ཕྱི་རོལ་བའི་ལོ་རྒྱུས་བཤད་པ། མཐར་བསྔོ་བ་སྨོན་ལམ་ཙམ་ཡང་མེད་པར་ཁྱབ་བསྒྲགས་སྣ་ཚོགས་བཏང་། ལ་མོ་བརྡབ། ལག་པར་འུས། སྐེ་ལ་འཁྱུད་ནས་གྲོལ་འགྲོ་བ་དེ་ལ་ཟེར་བ་ཡིན། དེ་བཞིན་གཞུང་བཤད་དང་ཉམས་ལེན་ཀུན་ལ་ནུབ་ཕྱོགས་པའི་ལྟ་བ་ཤུགས་ཆེར་ཡོད་པའི་དཔེ་དེབ་རིགས་ལ་ཟེར་བ་ཡིན། དེ་གོང་ས་མཆོག་གཅིག་པོ་མ་རེད། དཔལ་ས་སྐྱ་པ་ཙམ་མིན་པར་རང་རེའི་ཆོས་རྒྱུན་ཀུན་ལ་ཁྱབ་ནས་ཡོད། དེའི་སྲོལ་རྒྱུན་གྱི་ཆོས་འཆད་སྟངས། བླ་མ་གོང་མའི་མན་ངག རྒྱ་ཆེ་བའི་གཞུང་གི་བཤད་སྲོལ་ཐབས་ཅད་འཇིག་པའི་རྐྱེན་དུ་གྱུར་འདུག་བསམ་ནས་བཤད་ཤོར་བ་ཡིན།
༤༽གྲངས་ཅན་ལྷ་ཡོད་པ་དང་གྲངས་ཅན་ལྷ་མེད་པའི་ལྟ་བ་རྒྱས་སུ་བཏང་བའི་རིགས་གཅིག་དང་། དེ་བཞིན་ཆད་ལྟ་བའི་རྗེས་སུ་འབྲངས་བའི་བོད་ཀྱི་ཆོས་དཔོན་མང་པོ་ཞིག་ཡོད། དེང་དུས་ནུབ་ཕྱོགས་ནས་ཆོས་བཤད་མཁན་འགའ་ཞིག་གི་གསུང་སྟངས་ལ་བལྟས་པས་ཤེས། དེབ་ཡང་མང་པོ་ཞིག་གིས་དེབ་ཁང་ཚང་མ་བཀང་འདུག །དེ་མི་གཅིག་མ་རེད། དུས་རབས་ཀྱིའགྱུར་བ་ཞིག་རེད། དེ་ལྡོག་པའི་ནུས་པ་ང་ལ་མེད་པ་ཤེས་མོད། བསྟན་པ་ཁོ་ན་ལ་བསམ་ནས་དཔྱད་པ་ཅུང་ཟད་ཅིག་ཤོར་སོང་། ཐུགས་ལ་ཕོག་ཡོད་མཁན་ཀུན་ལ་དགོངས་དག་ཞུ།
༥༽དོལ་རྒྱལ་ཚོགས་པའི་ཅི་བཤད་ང་ལ་འབྲེལ་བ་མེད། དོལ་རྒྱལ་ལ་ནུས་པ་ཡོད་པའི་ཡིད་ཆེས་ཡང་མེད། ཡོད་ན་སྐུ་འདྲ་གཏོར་མཁན། ཆོ་ག་བསྲེག་མཁན་ཚོ་ལ་ཡོད་དགོས་དེ། དེ་ཚོ་ཇེ་དར་དང་་ཇེ་རྒྱས་རེད། དོལ་རྒྱལ་ལ་དགག་པའང་བྱེད་མ་མྱོང་།རིགས་དྲུག་སྙིང་རྗེའི་ཡུལ་དུ་གྱུར་བས་སོ། ། སྤྱིར་ལྷ་འདྲེ་བཟང་ངན་གང་ལའང་་རེ་དོགས་ཧ་ཅང་མེད། རྨོངས་པའི་དབང་གིས་བཤད་ནོར་བ་ཅི་ཡོད་དྲ་གྲོགས་ཀུན་ལ་དགོངས་དག་ཞུ། ཅོ་རི་ལ་དགོངས་དག་ཞུ། །
དྲི་མེད་ཕེབས་པར་ལེགས།
ད་་་གོང་ས་ཏ་ལའི་བླ་མ་ཞལ་བཞུགས་པའི་སྐབས་སུ་གསུངས་ལ་དྲང་ངེས་ཀྱི་ཁྱད་པར་འབྱེད་ན་དགོས་དོན་ཆུང་། ཁོང་གིས་སློབ་དཔོན་དབྱིག་གཉེན་ལ་དགོངས་དག་ཞུས་པ་དེས་བོད་མི་རིགས་ཀྱི་རྨོངས་དད་སེལ་བ་ཕན་ཐོགས་ཆེན་པོ་བྱུང་སོང་བསམས་ཀྱི་ཡོད། དངོས་གནས་དགའ་པོ་བྱུང་། དེ་ལ་དྲང་ངེས་འབྱེད་ན་ཁས་ལེན་གྱི་མིན།
དེ་ནས་་་ཁྱོད་ཀྱིས་དོལ་རྒྱལ་ལ་ཡིད་མེད་གསུངས་པ་ལྟར་གནས་ཆུང་གཙོ་བོ་གྱུར་པའི་ལྷ་འདྲེ་མདའ་ཁུར་མདུང་ཁུར་འཇིགས་སྐུལ་དྲག་སྤྱོད་པའི་མདོག་རྒྱབ་ཕྱི་རུ་ཐོན་བསྡད་ཡོད་པ་དེ་དག་གིས་དགོན་སྡེ་སྟོང་ཕྲག་གཏོར་མཁན་དང་བླ་སྤྲུལ་སྟོང་ཕྲག་བསད་མཁན་གྱི་རྒྱ་གུན་ཁྲན་ལ་གནོད་པ་སྤུ་ཙམ་བྱས་ཐུབ་མ་སོང་བས་གད་རྙིགས་ནང་དུ་གཡོགས་རོགས་བྱོས། གཅིག་མཚུངས་རེད།
ལྷ་གཅིག་ཡག་པོ་དང་འཇོན་པོ། ལྷ་གཅིག་སྡུག་སྐྱ་དང་འཇོན་མེད་ཀྱི་ཁྱད་པར་འབྱེད་པ་འདི་དྲང་བདེན་དང་འགལ་ཡོད། དྲང་བདེན་དང་འདྲ་མཉམ་བྱུང་ན་སྤྱི་ཚོགས་བདེ་ལ་འཁོད་ངེས་རེད་འདུག ཐུགས་རྗེ་ཆེ།
གསན་ཨ་་་་་བོད་ཆེན་པོའི་རྒྱལ་ཁབ་སིལ་བུ་ཐོར་སོང་བའི་རྒྱུ་མཚན་གཙོ་བོད་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱལ་མཆོག་འུ་དུམ་བཙན་པོའི་མགོ་ལ་གླང་རྭ་བཙུགས། རྒྱལ་རྒྱུད་བདུད་ལ་བསྒྱུར། འབངས་མི་སེར་གྱི་བློ་དཀར་གཞུང་ལ་མེད་པ་བཟོས་ནས་སྟོབས་ཆེན་བཙན་པོའི་རྒྱལ་ཁབ་རྩ་ཐོར་སོང་བ་རེད།
ཆོས་ལུགས་པས་རང་ཉིད་མི་དགའ་སའི་མི་དང་ཁྱིམ་ཚང། ལྷ་སྲུང་བཅས་ལ་འདྲེ་མིང་དང་བདུད་མིང་བཏགས་ནས་དད་ལྡན་དམངས་ཚོགས་ལ་ཁ་གཏད་བཅག་བཅུག རྩ་མེད་བཟོ་ཐབས་བྱས། དཔེར་ན། བོད་ལ་ཁྱིམ་ཅིག་ཅིག་ཚང་འདྲེ་རེད་ཟེར་བ་དང་། གཉིས་གཉིས་ཚང་བདུད་རེད་ཟེར་ནས་སྤྱི་ཚོགས་ནང་དུ་ཉེས་ཅན་བཟོས་པར་མང་པོ་མཐོང་མྱངས་ཡོད།
རྨོངས་དད་ཅན་གྱི་བོད་པའི་སྤྱི་ཚོགས་ནང་དུ་བླ་སྤྲུལ་ཚོས་རྒྱུད་སྐུལ་བྱས་ནས་འདྲེ་མིང་དང་བདུད་མིང་ཐོགས་པའི་ཁྱིམ་ཚང་མང་པོ་ལ་དཀའ་ངལ་བཟོས་ཡོད་པར་དངོས་ཡོད་གནས་ཚུལ་ཡིན། འདྲེ་མིང་ཅན་གྱི་ཁྱིམ་ཚང་དེ་དག་གི་བུ་དང་བུ་མོ་ཚོའི་གཉེན་སྒྲིག་བྱེད་སྐབས་ཀྱི་དཀའ་ངལ་དང་། སྤྱི་ཚོགས་ནང་ནས་ཟུར་དུ་ཕུད་འོང་པའི་དཀའ་ངལ་སོགས་མང་པོ་མྱངས་ཀྱི་རེད།
བྱས་སྟངས་འདི་ཆོས་ལུགས་པའི་ཁོག་ནས་བསླེབས་ཆབ་སྲིད་ཀྱི་ངན་ཇུས་ཤིག་རེད། དེང་སང་དོལ་རྒྱལ་ཚོགས་པའི་བོད་མི་རྣམས་དང་ཆོས་དང་ཟང་ཟིང་གི་འབྲེལ་བཅད། བཙན་བྱོལ་སྤྱི་ཚོགས་ནང་དུ་འདྲེ་འབོད་དང་ཁྱི་འབོད་འཐེན་ནས་དཀའ་ངལ་གང་མང་བཟོ་བཞིན་ཡོད།
ད་ནི་་་གོང་ས་ཏ་ལའི་བླ་མ་གཙོ་བོ་གྱུར་པའི་ཆོས་ལུགས་པའི་མགོ་གཙོ་ཚོས་ཤཀྱའི་བསྟན་པ་དང་མི་མཐུན་པའི་བྱེད་སྟངས་འདི་དག་མཚམས་བཞག་ནས་རྒྱལ་མཆོག་དར་མའི་མགོ་ལ་གླང་རྭ་བཙུགས་མྱངས་བ་འདི་ཡང་ལྷ་ཆོས་མི་ཆོས་གཉིས་ཀའི་ཕྱོགས་ནས་མཐུན་གྱི་མེད་པས་ནོར་འཁྲུལ་འདིར་ཁས་ལེན་ནས་སོ་སོའི་རྒྱལ་པོ་ལ་གུས་བཀུར་དང་། བོད་བཙན་པོའི་རྒྱལ་རྒྱུད་ལ་བོད་མི་རིགས་ཀྱིས་དགའ་ཞེན་སྐྱེས་ཐུབ་ཞིག་གནང་པའི་རེ་བ་ཡོད།
བོད་མི་རིགས་ཀྱི་ལས་དབང་ལ་བསམས་ན་ཆོས་དཔོན་ཚོས་སྤེལ་པའི་ལུགས་ངན་འདི་དག་མཚམས་འཇོག་དགོས་པའི་དུས་ལ་བབ་ཡོད། ད་དུང་མི་མཐུད་ནས་ལུགས་ངན་འདི་བེད་སྤྱོད་བྱེད་པ་ཡིན་ན་མི་རིགས་སིལ་བུ་ནས་སིལ་བུ་རུ་འཐོར་ངེས་རེད་ལ་་་་བོད་ཆེན་པོའི་རྒྱལ་ཁབ་འདི་རྩ་བ་བཙུགས་ས་དང་ཆ་བཞག་ས་མེད་པ་ཞིག་ཡོང་ངེས་རེད།
དེ་ལུགས་ཀྱིས་བོད་ཀྱི་བླ་སྤྲུལ་ཚོས་ཐུགས་བསམ་ཆེ་བཞེས་གནང་དགོས་པའི་དུས་ལ་བབ་ཡོད། གལ་སྲིད་ཁྱོད་ཚོས་མཚམས་རྩ་བ་ནས་འཇོག་གྱི་མིན་ན་ང་ཅོ་རིས་ངོས་ནས་ཀྱང་གྱེན་ལོག་བྱེད་ངེས་ཡིན་པར་དཀོན་གསུམ་པོར་དཔང་དུ་བཙུགས། ངས་ལོ་ནས་ལོ་མཐུད་ཏེ་ཅི་འཇོན་གང་ཤེས་ཀྱིས་བོད་མི་ཉམ་ཆུང་ཚོའི་ཆེད་དུ་སྨྱུག་ཁ་སྐོར་ངེས་ཡིན་ལ་དགག་པ་རྒྱབ་ཀྱི་ཡིན། བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཤི་གསོན་གྱི་ས་མཚམས་འདི་ལ་གདོང་ལེན་མི་བྱེད་ཀ་མེད་རེད།། རྒྱལ་གཅེས་བོད་མི་ཚོས་ངོས་ནས་རྒྱབ་སྐྱོར་ཡོང་བའི་རེ་བ་ཡོད་ལ་ཡིད་ཆེས་ཀྱང་ཡོད་དོ།
དགེ་བཤེས་དཀོན་མཆོག་རྒྱ་མཚོས་ང་ཅོ་རི་དང་ཆོས་དང་ཟང་ཟིང་འབྲེལ་བ་གཅོད་ཀྱི་མིན་ན་ཕེབས་འོང་རོགས་བྱོས། སྒུག་བསྡད་ཡོད། ངས་ནི་ཁྱོད་ཚོའི་མཉམ་དུ་ཆོས་དང་ཟང་ཟིང་གི་འབྲེལ་མི་གཅོད་ཐག་ཆད་ཡིན།
མཁས་མིང་འཛིན་ཆེད་ཅོ་རི་སྐྱེས་པ་མིན།
སྙན་གྲགས་རྒྱས་ཆེད་ཅོ་རི་ལངས་བ་མིན།
བཙན་པོའི་ཕ་ས་དགྲ་ལ་ཤོར་བ་འདི།
ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
ཅོ་རི་གྱེན་དུ་མི་ལངས་ཀ་མེད་རེད།།།
དཔལ་འབྱོར་ཆེད་དུ་ཅོ་རིས་བརྩམས་པ་མིན།
གོ་གནས་ཆེད་དུ་ཅོ་རིས་བྲིས་པ་མིན།
བཙན་པོའི་མི་རིགས་གྲལ་མཐའ་ལྷུངས་བ་འདི།
ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
སྨྱུག་གུས་དྲག་རྩལ་མི་ངོམས་ཀ་མེད་རེད།།།
ཐར་པ་འཐོབ་ཆེད་ལྷ་ཆོས་འཆད་པ་མིན།
དམྱལ་བར་སྐྲག་ནས་ཁ་འདོན་བྱས་པ་མིན།
ཉམ་ཐག་བོད་མི་ཤིག་གིས་མནར་བ་འདི།
ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
ཀི་ཤར་ལན་གསུམ་མི་བརྒྱབ་ཀ་མེད་རེད།།།
བླ་མ་དགའ་ཆེད་བསྟོད་གླུ་ལེན་པ་མིན།
མཛེས་མ་འགུགས་ཆེད་ཆགས་གླུ་ལེན་པ་མིན།
ཉམ་ཆུང་མགོ་ལ་ཉེས་ཞྭ་གོན་སྟངས་འདི།
ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
དྲུག་འགྱུར་ཐེངས་རེ་མི་ལེན་ཀ་མེད་རེད།།།
སྟག་མོ་གཞན་དུ་འཛུམ་དྲུག་ངོམས་པ་མིན།
གླང་རྒོད་བཞིན་དུ་གཤོག་རྩལ་ངོམས་པ་མིན།
ཉམ་ཆུང་ཕྱོགས་ལ་བརྙས་བཅོས་བྱེད་སྟངས་འདི།
ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
ཕོ་གཏམ་ཚིག་གསུམ་མི་བཤད་ཀ་མེད་རེད།།།
དགེ་རྒན་དགའ་ཆེད་རྩོམ་ཡིག་བྲིས་པ་མིན།
ཕ་མ་དགའ་ཆེད་འཕྲིན་ཡིག་བྲིས་པ་མིན།
གསལ་བྱེད་སུམ་ཅུའི་ལས་དབང་སྐྱོ་པོ་འདི།
ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
ལོ་ཟླ་མཐུད་ནས་མི་འབྲི་ཀ་མེད་རེད།།།
མཁྱེན་བརྩེའི་གོ་གནས་་་་་
https://www.facebook.com/179086715481162/photos/a.587241557999007.1073741825.179086715481162/766259780097183/?type=1&theater
འོག་ནས་རིགས་སྨྲ་བ་ཅོ་རི་ལ་གསལ་འདེབས་ཞིག་བྱ།
༡༽ལེན་ཌའི་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་ལས།
དུ་བ་ལས་ནི་མེ་སྐྱེད་དང་།
ཆུ་སྐྱར་ལས་ནི་ཆུ་སྐྱེད་ལྟར།
བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།
རིགས་ནི་མཚན་མ་དག་ལས་ཤེས།
ཞེས་ལུང་འདྲེན་བྱས་འདུག་མོད། དེ་ནི་ཚད་མ་རྣམ་འགྲེལ་མ་ཡིན་པར་ཆོས་བཅུ་བའི་མདོ་ཡི་ཚིག་ཡིན་ནོ། ད་དུང་ཡིག་ནོར་བཅོས་དགོས་པ།
དུ་བ་ལས་ནི་མེར་ཤེས་དང་།།
ཆུ་སྐྱེར་ལས་ནི་ཆུར་ཤེས་ལྟར།།
བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས།།
རིགས་ནི་མཚན་མ་དག་ལས་ཤེས།། ཞེས་བཅོས་སོ།
༢༽མདོ་ལས་་་་ང་དང་ང་འདྲ་བའི་གང་ཟག་གིས་གང་ཟག་ལ་ཚོད་བཟུང་གིས་་་་་གང་ཟག་གིས་གང་ཟག་ལ་ཚོད་བཟུང་བ་མི་བྱ་སྟེ།་་
བཅོས་པ། མདོ་ལས། ང་དང་ང་འདྲ་བས་གང་ཟག་གིས་ཚོད་བཟུང་གིས། གང་ཟག་གིས་གང་ཟག་གི་ཚོད་བཟུང་བར་མི་བྱ། བཟུང་ན་ཉམས་པར་འགྱུར་ཏ་རེ། ཞེས་སོ།
༣༽་སྤྱོད་འཇུག་ལས། ལས་ཀྱིས་རྣམ་པ་སྨིན་པར་བསམ་མི་ཁྱབ། བརྩེ་བའི་བདག་ཉིད་ཆེན་ཡང་དུད་འགྲོ་སྐྱེས་་་་ཅེས་པའི་སྐད་ཆ་འདིར་གོ་མྱངས་ཡོད་ཆ་ཡིན་ད
གོང་གི་ལུང་འདི་སྤྱོད་འཇུག་ན་མེད། སྐྱེས་རབས་ལས་གསུངས་པ་རེད། མདོ་ལུང་ལ་ཡང་བཟོ་བཅོས་བྱེད་ཕོད་པ་ཅུང་ཐལ་དྲག་པ་རེད། རྗེས་མ་ལུང་འདྲེན་མ་ཤེས་ན་ལུང་མ་དྲང་ན་ཡང་འགྲིག་ནི་རེད།
དྲི་མེད་ལྷག་བསམ་གྱི་བསམ་ཚུལ་དག་ལ་དགའ་བསུ་ཡོད། ཆོས་པ་རེད། བསམ་ཚུལ་འདི་དག་ཕུལ་ས་ཞིག་ལ་ཕུལ་དགོས་འདུག
དུ་བ་ལས་ནི་མེར་ཤེས་དང་།།
ཆུ་སྐྱེར་ལས་ནི་ཆུར་ཤེས་ལྟར།།
བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས།།
རིགས་ནི་མཚན་མ་དག་ལས་ཤེས།།
་
འདིར་རྐང་པ་གསུམ་པའི་བློ་ལྡན་གྱི། ཞེས་དགོས་ཏེ། ཤེས་མཁན་དེ་བྱང་ཆུབ་སེམས་དཔའ་བློ་ལྡན་མ་ཡིན་པར་བྱང་ཆུབ་སེམས་དཔའ་བློ་ལྡན་གྱི་རིགས་དེ་མཚན་མ་ལས་ཏེ། རྟགས་ཀྱི་སྒོ་ནས་གཞན་ཞིག་གིས་ཤེས་སོ།
སྤྱོད་འཇུག་བཟོད་པའི་ལེའུ་ན།
་
སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ།
འཁྱལ་ཞིང་འཇིག་པར་བྱེད་པ་ལའང་།
བདག་གིས་ཞེ་སྡང་མི་རིགས་ཏེ།
སངས་རྒྱས་སོགས་ལ་གནོད་མི་མངའ།། ༦༤ །།
གཞོན་ནུ་ཟླ་མེད་དང་གཅིག རྒན་ལ་དྭགས་པ་དང་གཉིས། ཀརྡོ་དང་རྣམས་པ་གསུམ་གྱིས་ང་བླུན་པོ་ཅོ་རི་ལ་སློབ་ཁྲིད་བྱས་པར་ཐུགས་རྗེ་ཆེ། ངའི་ནོར་བསྡད་ཡོད་པར་དགོངས་འགལ་མེད་པར་བྱོས། རྗེས་སུ་མདོ་དང་བསྟན་བཅོས་ཀྱི་ལུང་འདྲེན་འདྲ་བྱེད་དགོས་བྱུང་ན་་་བཟག་བཟག་བྱེད་ཀྱི་ཡིན། ཁྱོད་རྣམས་པས་མུ་མཐུད་ནས་ཅོ་རི་ལ་སློབ་ཁྲིད་ཡང་ཡང་གནང་བའི་རེ་བ་ཡོད། བཀའ་དྲིན་ཆེ།
རྒན་ལ་དྭགས་པ་ལགས། ཁྱབ་ལོག་སྒྲུབ་ན་ཁས་ལེན་གྱི་མིན། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི་རིགས་ནི་མཚན་མ་དག་ལས་ཤེས་ཅེས་པའི་སྐབས་སུ་བྱས་ཆུབ་སེམས་པའི་རིགས་ཤེས། མ་གཏོགས་བྱང་ཆུབ་སེམས་དཔའ་མི་ཤེས་མདོག་མདོག་འདྲ་ཞིག་གསུངས་འདུག་ཀྱང་། འདི་ནི་ཁས་ལེན་གྱི་མིན།
རྒན་ལ་དྭགས་ལ་ལགས། མིའི་རིགས་ཤེས་ན་མི་ཤེས་དགོས་པའི་མ་ཁྱབ་པར་ཐལ། ཤིང་གི་རིགས་ཤེས་ན་ཤིང་ཤེས་དགོས་པའི་མ་ཁྱབ་པར་ཐལ་་་ཐལ་བ་འཕེན་ན་་་་ཁྱོད་ལ་ལན་ཅི་ཡོད་དམ།
འོ་དགོངས་དག་རྒན་འཇམ་དཔལ་ལགས། མདང་དགོངས་དེར་གསུམ་པ་བྱེད་པ་མི་དགོས་སར་བྱེད་པ་ཁ་ཤས་ཤོར་འདུག རྒན་ཐུགས་དག རྟགས་བཀོད་པའི་ཚེ་ན་ཡང་། སྐྱེ་བུ་ཕ་རོལ་པོ་ཆོས་ཅན། བྱང་ཆུབ་སེམས་དཔའི་རིགས་ཅན་ཡིན་ཏེ། ཐེག་ཆེན་གྱི་ཆོས་བཤད་པའི་ཚེ་མིག་ནས་མཆི་མ་འཁོར་བ་དང་ལུས་ནས་བ་སྤུ་ལངས་པ་སོགས་ཀྱི་རྟགས་མཚན་ཁྱད་པར་ཅན་དང་ལྡན་པའི་ཕྱིར། ཟེར་ནས་བཀོད། དེ་བས་ན་རྐང་པ་གསུམ་པས་སྒྲུབ་བྱའི་ཆོས་བསྟན་པས་བྱེད་པ་མི་དགོས་པ་ཐུགས་དག དེ་བཞིན་དུ་རྟགས་འདི་ལ་ཡིག་ཆ་ལ་ལ་ན་གཡོ་ཅན་གྱི་ལུས་ངག་གི་སྤྱོད་པས་མ་ངེས་པའི་ཕྱིར་ཟེར་ས་ཡང་ཡོད་ཀི གཡོ་ཅན་ཟེར་བ་དེ་ཡ་མཚན་རེད།
འོ་རེད་གཡོ་ཅན་འགའ་ཞིག་མིག་ནས་འཆི་མ་གཏོང་གཏོང་ཆོག་རེད་ཐེག་ཆེན་གྱི་རིགས་སད་པས་མ་ཁྱབ། མིག་ནས་མཆི་མ་འབྲུག་པ་དང་ལུས་ཀྱི་བ་སྤུ་ལྡང་བ། ལུས་ཀྱི་སྐྱི་ཤ་ཟིངས་བ་དེ་འདྲ་ཕྱི་ཡི་རྟགས་རེད་
བོད་བརྒྱུད་ནང་བསྟན་རང་ཁུངས་ཀྱི་ཆོས་ལུགས་འཆད་སྤེལ་གནང་དུས་ཚན་རིག་དང་ཡེ་ཤུ་དང་ཧིན་རྡུ་སོགས་ཀྱི་དཔལ་ཡོན་གླེང་མི་ཆོག་ན། བོད་རང་ཁུངས་ཀྱི་རིག་གཞུང་དང་ལོ་རྒྱུས་འཆད་དུས་རྒྱ་དཀར་ནག་དང་འབྲེལ་རབས་དང་དེའི་དཔལ་ཡོན་སོགས་གླེང་གཞིའི་གཙོ་བོ་བྱས་ཏེ་སློབ་ཁྲིད་བྱེད་དགོས་པ་གང་ཡིན་ནམ། །
དེང་དུས་ཕྱི་རྒྱལ་གྱི་བོད་པའི་ཆོས་ཚོགས་མང་ཆེ་བའི་མིང་བྱང་དེ་ཚོ་བོད་སྐད་གཙང་མའི་མིང་བྱང་ཉུང་ཉུང་རེད། དཔེར་ན་མང་ཆེ་བ་འདི་ལྟར། མ་ཧཱ་སི་རྡ་སེན་ཀྲར། ཨ་མི་ཏ་སྦ་སེན་ཀྲར། རྡར་མ་ཅག་ར་སེན་ཀྲར། ན་ལེན་ཊ་སེན་ཀྲར། ཡ་མན་ཏ་ཀ་སེན་ཀྲར། ཀུ་རུ་ཀུ་ལ་སེན་ཀྲར། སྦ་ཇ་ར་སེན་ཀྲར། ཊཀ་ཀི་ནི་སེན་ཀྲར། ཏ་ར་སེན་ཀྲར། ཀར་མ་སེན་ཀྲར། མ་ཧཱ་ཀ་ལ་སེན་ཀྲར། ཨེ་ཀ་རྫ་ཏི་སེན་ཀྲར། མིང་བྱང་འདི་ཚོའི་འོག་ནས་ཕྱི་རྒྱལ་བ་ཚོ་ལ་བོད་རང་ཁུངས་ཀྱི་་ཆོས་དང་རིག་གཞུང་ལོ་རྒྱུས་སོགས་སློབ་ཁྲིད་གནང་གི་ཡོད་གསུངས་ནས་མི་ཚེ་སྐྱེལ་བཞིན་གནས་ཡོད། །
གཞོན་ནུ་ཟླ་མེད་མཆོག་དང་། བདག་རང་སོགས་སུ་ཡིན་རུང་།
་
གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས།
ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང་།
ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ།
ཞེས་གསུངས་ཉམས་མྱོང་དུ་མཆིས་སོ།྄།
དཔལ་སྤྲུལ་རིན་པོ་ཆེས། །
བསམ་པ་བཟང་དང་སྙིང་རྗེ་ཕྱོགས་རེ་བས། །
གནས་སྐབས་མིག་ཆུ་གཡོ་བར་བསླ་བ་ཕལ། །
བླུན་པོའི་བྱང་ཆུབ་སེམས་དཔར་སྒྲོ་འདོགས་ཀྱང་། །
དེ་དག་བྱང་ཆུབ་སེམས་མཆོག་ཡིན་རེ་ཀན། །ཞེས་སོ། །
ཆོས་ལུགས་གང་ཡིན་ཡང་རང་གི་འབྱུང་ཁུངས་དང་འབྲེལ་བའི་ཡུལ་དུས་གནས་སྐབས་ཀྱི་ལོ་རྒྱུས་སྨྲ་བ་དོན་དང་འབྲེལ། བྱང་ཆུབ་སེམས་དཔའི་དཔེར་མཚོན་ལ། ལྟ་གྲུབ་མཚུངས་པའི་ཐེག་ཆེན་བྱང་ཆུབ་སེམས་དཔའ་ཞིག་འཇོག་དགོས་པ་ལས་ཡེ་ཤིའི་ཨ་མ་ལྟ་བུ་བཀོད་པས་མི་རུང་། བྱ་དང་རི་དྭགས་མུ་སྟེགས་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་དོན་གྱིས་བྱང་སེམས་ཡིན་ཀྱང་ཐ་རྙད་དུ་གང་སྣང་བ་དེ་ལྟར་བརྗོད་པ་ཇོ་བོའི་ལུགས་སྟེ། ཨ་ཏི་ཤའི་བླ་མ་གནས་བརྟན་དྷརྨ་རཀྵི་ཏའང་ཐེག་དམན་བྱང་ཆུབ་སེམས་དཔའི་རིགས་ཅན་དུ་བཞེད་པ་ལྟ་བུའོ། །དེ་ལྟར་མ་བྱས་ན་བདེ་གཤེགས་སྙིང་པོ་ཅན་གྱི་སེམས་ཅན་ལ་མཐའ་མེད་པས་ཐམས་ཅད་བྱང་ཆུབ་སེསམ་དཔར་གྱུར་ཏེ། ཆོས་ལུགས་ཐམས་ཅད་ཀྱི་ལྟ་གྲུབ་ཀྱི་ས་མཚམས་ཞིག་མི་རྙེད་དོ། །རྙིང་མའི་ལུགས་ལ་སྣང་བའི་རྫུན་ཕུག་རྡིབ། གྲུབ་མཐའི་ཞེན་འཛིན་ཞིག བློས་བྱས་ཀྱི་འཆིང་བ་གྲོལ། བྱར་མེད་ཡངས་པ་ཆེན་པོ། ཆོས་ཉིད་གདལ་ཁྱབ་ཀྱི་ས་ཟེར་བ་ཞིག་ལ་སླེབས་པའི་དུས་ཤིག་ཡོད་པར་གསུངས། དེར་མ་ཕྱིན་པར་ཕྱི་ནང་གི་གྲུབ་མཐའི་རགས་ས་ནས་ལོ་རྒྱུས། ཕྲ་ས་ནས་ལྟ་གྲུབ་སོགས་བླ་རབས་བརྒྱུད་པའི་འཆད་ཉན་གྱི་རྣ་རྒྱུད། ཉམས་ལེན་གྱི་དོན་བརྒྱུད། ཚིག་མ་འདྲེས། དོན་མ་ནོར། སཱཙྪཱ་རྐོས་པོར་ནས་བཏོན་པ་ལྟ་བུ། མར་མེ་ལག་བརྒྱུད་ལྟ་བུ་ཞིག་དགོས་པ་འདི་མཁན་ཆེན་ཞི་བ་འཚོ་དང་མཉམ་མེད་ཨ་ཏི་ཤ་སོགས་ཀྱི་རིང་ལུགས་ཡིན་པར་སྨྲའོ། །
རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་བོད་ཡུལ་རྫོང་གསར་དགོན་དུ་ཕེབས་ནས་ཆོས་ཀྱི་འཁོར་ལོ་སྐོར་བཞིན་པ་དང་། དེ་ནས་ཅིང་སུའུ་པདྨ་དགོན། པེ་ཅིན་སློབ་གྲྭ་ཆེན་མོ་སོགས་སུ་གསུང་བཤད་གནང་འཆར་བཅས་ལ་བཀྲ་ཤིས་བདེ་ལེགས་དང་། སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་ཞུ།
དཀོན་བརྩེགས་ལས།
འོད་སྲུངས་ངའམ་ང་དང་འདྲ་བས་ཆོས་དང་གང་ཟག་གི་ཚོད་གཟུང་བར་རུང་གིས། གཞན་དག་གིས་ནི་མ་ཡིན་ཏེ་ལོག་པར་ལྷུང་བའི་ཕྱིར་རོ།། ཞེས་གསུངས་འདུག
ངའི་བློ་ཐོག་ལ་ཡོད་པ་ཅིག་ནི།
ང་དང་ང་འདྲ་བའི་གང་ཟག་གིས་གང་ཟག་ཚོད་གཟུང་གིས། གང་ཟག་གིས་གང་ཟག་ཚོད་མི་གཟུང་སྟེ། ཉམས་པར་འགྱུར་ལྟ་རེ། ཞེས་པ་ཞིག་ཁ་ནས་ཐོན་བགྱིད་འདུག