སྨྱུག་རྒོད་གངས་བུ་དཔལ་ནས།
དེང་སང་མང་པོས་བྱ་མ་བྱི་ནི་འཕུར་རྩལ་ཅན་གྱི་ཐང་རྒྱུགས་རེད་ཟེར་བ་དང་། ཡང་ཁ་ཤས་ཀྱི་མ་རེད་ཙི་ཙི་སྒམ་པོ་རེད་ཟེར་ནས་རྩོད་བཞིན་ཡོད་མོད་ཀྱང་། ཁོ་བོས་ལྟར་ན་དེ་ལྟར་རྩོད་མི་དགོས་པར་བྱ་མ་བྱི་དང་བྱ་མ་བྱིའུ་ལ་ཁྱད་པར་ཞིག་འཆད་ན་མིང་ཚིག་ཕྱུག་ཏུ་འགྲོ་བས་མ་ཚད་རྩོད་པ་ཅང་མི་འདུག་སྙམ། དེ་ཡང་ཁོ་བོར་མཐའ་གཅིག་ཏུ་འདི་ཡིན་ཞེས་རྒྱུ་མཚན་ཁུངས་དང་བཅས་པའི་ངེས་བཟུང་གི་ཐ་སྙད་གང་མེད་ཀྱང་བོད་མི་སྤྱི་བྱིངས་ཀྱི་ངག་འགྲོས་ཀྱི་སྒྲ་གདངས་འདོན་སྟངས་དང་། ཐ་སྙད་ཀྱི་གོ་སྟངས་ལ་རིགས་པས་བརྟགས་ནས་བརྗོད་ན། དེ་ཡང་།
༡༽ བྱ་མ་བྱི་ནི་༼བྱ་ཡང་མ་ཡིན་བྱི་བ་ཡང་མ་ཡིན་པའི་དོན་ཡིན་པས་༽ཐང་རྒྱུགས་སམ་ནགས་བྱི་ཤིང་སྡོང་ཕན་ཚུན་བར་འཕུར་འགྲོ་མཁན་(fying squirrel)དེ་ཡིན་ལ།
༢༽བྱ་མ་བྱིའུ་ནི་༼ནམ་མཁའ་བྱ་ལྟར་འཕར་འགྲོ་བ་གང་ཞིག་ལ་བྱ་དང་བྱིའུ་གང་ཡང་མིན་པར་དོན་ཡིན་པས་༽ཙི་ཙི་སྒམ་པོའམ་ཕ་ཝང་ལ་གོ་དགོས་སྙམ།
ཀ བྱ་མ་བྱི་ནི། ཕ་ཝང་ངམ་པགས་བྱིའུམ་ཙི་ཙི་སྐམ་པོ་ལ་ཟེར།
ཁ བྱ་མ་བྱེའུ་ནི། སྲོག་ཆགས་སྨན་གཞུང་ལ་བཤད་པ་(flying squirrel)རེད་འདུག
ཀརྨ་རྡོ་རྗེ་ལགས། ཉིད་ཀྱི་བཀའ་མོལ་ལ་ང་རང་ཉན་འདོད་འདུག ཁྱེད་ཀྱིས་ངས་བཤད་པ་དེ་ལས་གོ་ལྡོག་སྟེ་གསུངས་འདུག འོན་ཀྱང་བསམ་ཚུལ་ལ་མཐུན་ཆ་འདུག་པས་རྒྱུ་མཚན་དང་ཁུངས་ཡོད་ན་གསུངས་རོགས།
བོད་རྒྱ་ཚིག་མཛོད་ཆེན་མོ་ལས། བྱ་མ་བྱི། ཕ་ཝང་ངམ་པགས་བྱིའུ། ་་་་་་་་་ནི་བྱ་དང་ཙི་ཙི་གཉིས་ཀ་ཡིན་ཁུལ་བྱེད་མཁན་བྱ་མ་བྱི་དང་འདྲ།
བྱ་མ་བྱེའུ། སྲོགས་ཆགས་སྨན་གྱི་རིགས་ཤིག་སྟེ། རོ་མངར། ་་་་་་
སུ་ཡིན་ཡང་གཅིག་གིས་གོ་ནོར་ཐེབས་ཏེ་སྔ་ཕྱི་གོ་ལྡོག་ཏུ་གོ་འདུག སྨན་པ་ཞིག་ལ་དྲིས་དང་དེས་ཤེས་ཐུབ།
ནགས་བྱི་འཕུར་ཤེས་མཁན་དེར་བྱ་མ་བྱི་ལབ་དགོས། གང་ཡིན་ཟེར་ན་བྱ་དང་བྱི་བ་གང་ཡིན་དོགས་པ་ཟ་དུས་བྱ་དང་བྱི་བ་གང་ཡང་མ་རེད་ལབ་པ་ལ་བསམས་ནས་དེར་ལྟར་བཏགས།
ཙི་ཙི་སྒམ་པོ་ལ་བྱ་མ་བྱིའུ་ལབ་དགོས། ཙི་ཙི་སྒམ་པོ་ཆེ་བ་དེ་ཚོ་བྱ་མ་རེད་ལ། ཆུང་བ་དེ་ཚོ་བྱིའུ་ཡང་མ་རེད་ཅེས་ལབ་པ་ལས་བཏགས་པར་སེམས་ལ། ཙི་ཙི་སྒམ་པོའི་མིང་གི་ཚུལ་ལའང་བྱེའུ་ཞེས་པ་དེ་ཡོད་པར་པགས་བྱིའུ་ཞེས་པ་ལས་ཤེས། ཁ་སྐད་དུ་ཡང་ཙི་ཙི་སྒམ་པོ་ལ་བོད་ཀྱི་ཡུལ་ལུང་ཁ་ཤས་སུ་བྱ་མ་བྱིའུ་ཞེས་གསལ་པོ་འདོན་གྱི་ཡོད་ཚུལ་འདུག
བོད་རྒྱ་ཚིག་ཆེན་མོར་བྱ་རིགས་ཀྱི་མིང་འདོགས་ཚུལ་མང་པོ་ནོར་འདུག
བོད་སྐད་འགྲོ་སྟངས་ཀྱི་རིགས་པས་བསྒྲུབ་ན། བྱ་མ་རྟ། བྱ་མ་བྱི། ར་མ་ལུག ལྟ་བུའོ།
བྱ་མ་བྱིའི། བྱི་ནི་བྱི་བ་གོ་དགོས་ཏེ། བྱི་བ་ གླང་ སྟག་ ཡོས་ འབྲུག སྦྲུལ་བཞིན།
ཡང་། བྱ་མ་བྱིའུའི་ཚིག་གི་ཐད་ཀར་གོ་དོན་ནི། བྱ་ཡང་མ་ཡིན། བྱིའུ་ཡང་མ་ཡིན་པས་ཙི་ཙི་སྐམ་པོའམ་མི་མགོ་གཉིས་པའི་གོ་དོན་མི་ཚང་སྟེ། བྱ་དང་བྱིའུ་གཉིས་རིགས་གཅིག་པ་ཡིན་པའི་ཕྱིར་རོ། ད་དོགས་པ་སེལ་ངེས།
འདྲ་པར་ལ་བལྟས་ན་སྨྱུག་རྒོད་གངས་བུ་དཔལ་གྱིས་བཀོད་པ་ལྟར་དུ་གོ་རྒྱུ་ཡིན་པ་འདྲ།
ཀརྨ་རྡོ་རྗེ་ལགས། ཙི་ཙི་སྒམ་པོའི་མིང་ཚ་མ་ལ་མགོ་གཉིས་པའི་དོན་ཡོད་དགོས་ཀྱི་མ་རེད་བསམས།
ཀརྨ་རྡོ་རྗེ་ལགས། ཙི་ཙི་སྒམ་པོའི་མིང་ཚང་མ་ལ་མགོ་གཉིས་པའི་དོན་ཡོད་དགོས་པ་ཡོད་མ་རེད་བསམས།
གངས་བུ་ལགས།
སྲོང་བཙན་སྒམ་པོ་དང་ཙི་ཙི་སྒམ་པོ་གཉིས་ནོར་ཡོང་ཉེན་འདུག ཙི་ཙི་སྐམ་པོའི་དཔེ་དོན་དང་། ཙི་ཙི་སྐམ་པོའི་མིང་དོན་གཉིས་མ་ནོར་བར་གྱིས།
ཙི་ཙི་སྐམ་པོ་ཞེས་པ་དང་ཙི་ཙི་སྒམ་པོ་ཞེས་པ་གང་དག་ལྟ་རྒྱུ་ཡོད་སྙམ།