ཞི་ཅིང་ཕིང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར། Posted on 2015-08-082015-08-08 By ཁ་བརྡ་ 12 Comments on ཞི་ཅིང་ཕིང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར། གློག་བརྙན་།
འཇམ་དབྱངས་མི་ཡི་རྣམ་སྤྲུལ་ཏང་གི་གོང་མ་ཆེན་པོ་ཞིང་ཅན་ཕིང་མཆོག་གི་བོད་ལ་འཛིན་པའི་སྲིད་ཇུས་ལ་རེ་བ་རྒྱབ་རྒྱུ་ཡོད་མདོག་མདོག་དང་། རྒྱ་ནག་གཞུང་གི་བཏོན་པའི་རྒྱ་ཤ་དཀར་པོའི་དེབ་དེ་ཏང་གི་གོང་མ་ཞིང་ཅན་ཕིང་གི་སྲིད་ཇུས་མིན་མདོག་མདོག རྒྱབ་ཤ་དཀར་པོའི་དེབ་གཏོན་མཁན་ཀྲུའུ་ཝན་ཆིན་དང་ཡེ་རྡོ་གཉིས་ཡིན་པའི་ཟོལ་འདྲ། ཀྲུའུ་ཝན་ཆིན་དང་ཡེ་རྡོ་གཉིས་འགན་ཁུར་མེད་པའི་མི་ཡིན་མདོག་མདོག ཏང་གི་གོང་མ་ཞིང་ཅན་ཕིང་གིས་བོད་ལ་འཛིན་པའི་སྲིད་ཇུས་གཞན་ཞིག་སླེབས་ཡོང་གི་མདོག་མདོག་བཤད་བཞིན་གདའ། སྔོན་མར་མི་འདི་གཉིས་ཀྱིས་མང་པོ་བཤད་སོང་། གུན་ཁྲན་ཏང་གི་དཔོན་རིགས་ནང་དུ་ལྟ་བ་མཁྲེགས་འཛིན་ཅན་དང་གུ་ཡངས་ཅན་གྱི་སྲིད་ཇུས་འཛིན་མཁན་གཉིས་མདོག་མདོག་ལོ་མང་ལ་བཤད་སོང་། ཧ་ལམ་མིན་ན་ལྟ་བ་མཁྲེགས་འཛིན་ཅན་གྱི་ཏང་གི་དཔོན་རིགས་རེ་གཉིས་མ་གཏོགས་གུ་ཡངས་ཅན་ཚང་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་མདོག་མདོག་བཤད་སོང་། ཟླ་ཤས་གོང་དུ་རྒྱ་གཞུང་གིས་ཏང་གི་ནང་དུ་དཔོན་རིགས་ལྟ་བ་མཁྲེགས་འཛིན་ཅན་དང་གུ་ཡངས་ཅན་ཟེར་བ་གཉིས་མེད་ལ་་སྔ་ཕྱི་བར་གསུམ་ཁ་བྲལ་རིང་ལུགས་ལ་ལྟ་བ་འཛིན་སྟངས་གཅིག་པ་ཡིན་ཞེས་གསལ་བསྒྲགས་བྱས་སོང་། དེས་་འབར་སྐལ་དང་ཀུན་འགལ་གཉིས་ལ་འགྲམ་ལྕག་ཚ་ཐག་ཆོད་རེ་བརྒྱབ་སོང་། དེང་སང་འདིར་བཤད་ཀྱི་མི་འདུག་ག་་་་ཧཧ རྒྱ་ནག་ནང་གི་དཔོན་རིགས་ལྟ་བ་མཁྲེགས་ཅན་རེ་གཉིས་ཀྱིས་མ་གཏོགས་གུ་ཡངས་ཅན་ཚོས་དབུ་མའི་ལམ་ལ་ངོས་ལེན་ཡོད་མདོག་མདོག་བྱས་ནས་དུས་ཚོད་མང་པོ་བཕྲོ་བརླག་བཏང་སོང་། ལོ་མང་པོའི་དུས་ཚོད་འཕྲོ་བརླག་བཏངས་སོང་། བློ་སེང་གི་དུས་ཚོད་ཚང་མ་འཕྲོ་བརླག་གཏངས་སོང་། ད་་་མུ་མཐུད་ནས་ཀྲུའུ་ཝན་ཆིན་དང་ཡེ་རྡོ་གཉིས་སྡུག་སྡུག་ནས་མ་གཏོགས་ཏང་གི་གོང་མ་ཞིང་ཅན་ཕིང་མཆོག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་རེ་བ་རྒྱབ་ཀྱི་ཡོད་མདོག་མདོག་བཤད་ནས་དུས་ཚོད་སྐྱེལ་ཐུབ་པའི་ཐབས་ཇུས་བཀོད་ཀྱི་ཡོད་པར་འདྲ། ཐབས་ཇུས་འདི་འཐབ་ཕྱོགས་གཅིག་ཁང་གི་ཐབས་ཇུས་ཡིན་ནམ། བོད་མི་དམངས་ཀྱིས་རྒྱལ་བཙོང་བ་ཚོའི་ཁ་ལ་བལྟ་ནས་མགོ་སྐོར་འོག་ཏུ་མི་ལྷུང་བར་གནང་རོགས། སྤྱང་པོ་གནང་རོགས།
བོད་རེ་བས་ཕུང་ཟེར་བ་འདི་འགྲུབ་ཡ་མེད་པའི་བྱ་བ་ཞིག་ལ་རེ་བ་བརྒྱབ་ནས་དུས་ཚོད་འཕྲོ་བརླག་ཤོར་འགྲོ་བ་དང་། དེའི་བར་དུ་བོད་མི་མགོ་སླ་པོ་མང་པོའི་རྒྱུད་ལ་རྒྱ་དགའ་བའི་འདུ་ཤེས་སྐྱེས་ཡོང་བ། ཏང་གི་ཨབ་ཕྲུག་རྒྱ་མི་དག་གིས་བཙན་བྱོལ་བོད་མི་ལ་བཀའ་སློབ་གནང་སའི་གོ་སྐབས་ཐོབ་ཀྱི་ཡོད་པ། འཐབ་ཕྱོགས་གཅིག་གྱུར་ཁང་གི་སྲིད་ཇུས་ལྟར་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་སེམས་པ་རྒྱ་གཞུང་གི་ཕྱོགས་སུ་འགུག་ཐབས་དང་འགའ་རེའི་སེམས་པ་གུག་ཡང་འགྲོ་གི་ཡོད་པ། རྒྱལ་བཙོང་བ་མགོ་མཐོ་བ། རྒྱལ་གཅེས་པ་ཉམས་ཕྲ་བ་སོགས་བོད་ཕུང་ལ་སྦྱར་བའི་གནད་དོན་མང་པོ་ཞིག་ཐོན་ཡོང་གི་ཡོད།
ད་སྐུ་ངོ་ལྷན་རྒྱས་ནས་དགོས་མེད་ཀྱི་གཏམ་བཤད་མ་སྤེལ་རོགས། ཞིས་ཅིན་ཕེན་ལ་དམིགས་བྱ་གཅིག་ཡོད་པ་ནི་གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གྱི་དབང་ཆ་རྒྱ་ནག་གཞུང་ལ་ཡོད་ཅེས་ཚིག་ཐག་ཆོད་པོས་བསྒྲགས་ཟིན་པ་ལྟར་རེད། དེ་ལ་དཔག་པའི་འགྱུར་བ་ཕྲན་བུ་གཏོང་སྲིད་ཀྱང་དེ་ནི་བོད་དོན་ལ་འབྲེལ་བ་སྤུ་ཙམ་ཡང་མི་འདུག་ག
ཀུན་དགའ་བཀྲིས་ནི་དབུ་མའི་ལམ་གྱིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་ལས་གཞན་ལམ་ཁ་ཞིག་མེད་པ་བཤད་མཁན་ཞིག་རེད། དེ་ནི་ཁོ་རང་གི་འཚོ་ཐབ་ཟེར་ན་རེད། གདན་ཐོབ་ཟེར་ན་ཡང་ཆོག། ཁོང་རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་གྱི་མ་རྩ་རེད། དེ་སྔོན་ཨ་རིའི་དོན་ཁང་དུ་མི་ལོ་ལྔ་དྲུག་ཞིག་གི་རིང་ལ་བོད་རྒྱ་འབྲེལ་མཐུད་པ་བྱས་སྐབས་སུ་རྒྱ་རིགས་མི་སྣ་འདྲ་མིན་བརྒྱ་སྐོར་ཞིག་ལ་ངོ་སྟོད་དང་མགྲོན་འབོད་ཐུགས་སྤྲོ་སོགས་གྱིས་ཨ་སྒོར་སྟོང་ཕྲག་མང་པོས་མགྲོན་བསུ་དང་འབྲེལ་དབུ་མའི་ལམ་གྱི་ཆེ་བ་བརྗོད་སྡོད་པ་རེད། སྐབས་དེ་དུས་ནས་དབུ་མའི་ལམ་ལ་རྒྱ་རིགས་མི་དམངས་དང་ཤེས་ཡོན་ཅན་སོགས་རྒྱ་རིགས་ཚོས་རྒྱབ་སྐྱོར་ཤུགས་ཆེ་ཡོད་ཚུལ་རྫུན་གཏམ་རྐྱང་བཤད་ནས་བོད་མི་རྣམས་མཁོ་སྐོར་བཏང་སྡོད་པ་རེད། དོན་དངོས་སུ་ཁོ་རང་གཙོས་པའི་བཙན་བྱོལ་དུ་རྒྱ་རིགས་འབྲེལ་མཐུད་པ་ཚོའི་རྒྱུད་ནས་རྒྱ་མི་རིགས་བརྒྱ་ཕྲག་ཁ་ཤོས་ཙམ་ལས་འབྲེལ་བ་བྱེད་ཐུབ་ཡོད་མ་རེད། ཐུགས་སྤྲོ་དང་ངོ་སྟོད་ཀྱིས་སྐྱོང་བའི་རྒྱ་རིགས་མང་ཆེ་བས་ཁོ་རང་ཚོའི་ལངས་ཕྱོགས་དང་དགོས་མཁོ་དང་འཚམས་པའི་ལས་དོན་སྒྲུབ་པ་ལས་བོད་པ་ཚང་ལ་ཁ་ཞེན་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་མེད་པ་གསལ་པོ་རེད། རྒྱུ་མགྲོན་དང་ངོ་སྟོད་བྱས་པའི་རིན་བབ་ཙམ་གྱིས་བོད་དོན་སྒྲུབ་ཀྱི་མེད། འགའ་ཞིག་གིས་ཁ་བཟང་ངོ་བཟང་གིས་རྣམ་འགྱུར་སྟོན་པ་དེ་ཡང་ཁོ་རང་ཚོའི་མིང་གྲགས་དང་ཁེ་བབ་སོགས་ཀྱི་ཆེད་དུ་གཙོ་གཉེར་བྱེད་ཀྱི་ཡོད། གྲངས་ཀྱི་ཆ་ནས་ཡང་ཆེས་ཉུང་ཉུང་ཙམ་ལས་མེད། ཕྱི་ཕྱོགས་སུ་བོད་ཀྱི་བླ་གྲྭ་ཆ་ངེ་ཆུང་ངེ་དེ་ཚོས་རྒྱ་རིགས་བརྒྱ་ཕྲག་མང་པོའི་བློ་ཁ་སྒྱུར་ནས་འགྲོ་སྡོད་ཀྱི་ཡོད། དེ་དག་ལ་ལྟོས་ན་རྒྱ་རིགས་འབྲེལ་མཐུད་པ་ཚོར་འཇོན་ཐངས་དང་ནུས་པ་གང་ཡང་མེད་པས་དབུ་ལམ་ལ་ཁ་བཟང་གིས་སྤྱི་རྒྱུ་སྒེར་སྤྱོད་ཙམ་གྱིས་བྱ་བ་རེ་གཉེར་ནས་དུས་ཚོད་སྐྱེལ་བ་རེད།
གངས་ཕྲུག་ནས་འདྲ་པོ་བཤད་སོང་། དབུ་མའི་ལམ་གྱི་ཁ་གཡང་སྒྲོགས་ནས་རང་ཉིད་ཐོབ་དང་གོ་ས་འཚོལ་སྡོད་མཁན་ནི་ཁོ་ཚོའི་གྲལ་རྣམས་རེད། དབུ་ལམ་སྤྱོད་ནས་རྒྱ་མི་རིགས་འགུག་རྒྱུ་ཕར་ཟད་རེད། བོད་མི་ཚོ་ཁ་བྲལ་འགྲོ་བའི་རྒྱུ་རྐྱེན་དུ་འགྱུར་བཞིན་པ་འདི་ཚོར་སེམས་ཀྱི་བཟོད་པར་ཡ་མཚན་རེད། འབྲས་བུ་མེད་པའི་དབུ་མའི་ཁོག་སྟོང་འདི་ཚོར་སྙིང་ན་གྱིན།
ད་ཡིན་ན་ཀུན་དགའ་ཟེར་བ་དེས་རྫུན་གཏམ་བཤད་སོང། སྔོན་མ་ནེ་འུ་ཡོག་ལ་་ཡོད་དུས་རྒྱ་དམར་གཞུང་ཚབ་ནས་ཤོག་ཆག་དམར་པོའི་ནང་ལ་དངུལ་མང་པོ་བླང་པ་རེད་ཟེར་བའི་གཏམ་དེ་། ཀར་ཡོལ་ཆག་ཀྱང་། རི་མོ་བློ་ལ་ཡོད། ཞེས་པའི་དཔེ་ལྟར་ ད་དུང་ཡང་ལྷག་ཡོད།
རྒྱ་གཞུང་གི་སྒེར་གཅོད་མཐོ་རིམ་དཔོན་རིགས་ཚོར་རེ་བ་ཡོད་མདོག་མདོག་བརྗོད་བཞིན་ད་བར་དུ་མི་ལོ་ག་ཚོད་ཅིག་བསྐྱལ་མ་སོང་ངམ། རྒྱའི་ཉམས་ཞིབ་པར་རློམ་མཁན་འདི་རིགས་དང་། དམར་ཤོག་གིས་རིག་གནས་གསར་བརྗེའི་དོན་རྐྱེན་ཚང་མ་རྒྱ་མི་བཞི་ཡི་མགོར་འགེལ་སྟངས་གཉིས་འདྲ་བོ་མཐོང་སོང་། རྒྱ་དཔོན་ཅིག་ཅིག་ཉིས་ཉིས་ལ་རེ་བ་ཡོད་མདོག་བརྗོད་མཁན་འདི་ཚོར་གཞན་ཕར་ཞོག ཐ་ན་རྒྱ་ནག་གཅིག་གི་ལངས་ཕྱོགས་དང་མི་རིགས་ཆེན་པོའི་ལྟ་བ་ཤུགས་ཆེན་ལྷན་སྐྱེས་སུ་ཡོད་པའི་རྒྱ་རིགས་ཚོའི་སེམས་ཁམས་ཙམ་ལ་ཡང་རྒྱུས་ལོན་གཏན་ནས་མི་འདུག
རྒྱ་སྐད་ཐ་ཐོར་ཤེས་མཁས་འདི་ཚོས་བོད་རེ་བས་ཕུང་པའི་དབུ་ལམ་་ལ་སྐྱོར། ཐ་ན་གོང་ས་མཆོག་ལ་ཡང་དབུ་སྐོར་གཏང་བ་དེ། རྒྱ་ཐམ་པའི་ཁ་ཁོག་ཀྱང་། སྟོང་ཐམ་པའི་མིག་མི་ཁོག་ཞེས་པ་དཔེ་ལྟར་རེད། རྒྱ་རོས་བོད་ཇི་སྡུགས་དང་ཇི་དམ་གཏང་བ་དང། བོད་ནང་དུ་ཉི་རེར་བོད་མི་མང་པོ་བཙོན་བཅུག་པ་དང་། དོན་མེད་ཉེས་སྡུང་གཏང་བ་འདི་ཚོ་ལྟོས་དང། རྒྱ་འདྲེ་དམར་པོས། གོང་ས་མཆོག་ས་ཕྱོགས་གང་ལ་ཕེབས་ཀྱང་བཀག་འགོག་དང་། མཚན་དམས་གཏང་བ་ལས་གཞན་མེད་པས་ཁྱི་རྒན་རོ་ཡིན་ཕྱིན་ཆད་། ནང་པ་དང་ཁ་ཆེ་། ཡེ་ཤོས་གང་འདྲ་ཡིན་ཡང་བོད་ཟ་སེམས་མ་ཏོག་མེད་དོ།
ཡམ་བུ་ལ་སྒང་མཁར་དང་། ཡར་ལུང་རི་དང་བཅས་པའི་ས་བཀྲ་དེ་དངོས་མ་བཤུས་ཡོད་པ་ལྟ་བུ་འདུག གུས་པ་༡༩༨༧་ལོར་དེར་ལྟ་བསྐོར་དུ་སླེབས། ་ ཆོས་རྣམས་རྐྱེན་བཞིན་ཏེ། འདུན་པའི་རྩེ་ལ་རབ་ཏུ་གནས། ་ བོད་རེ་བས་ཕུངས། ཞེས་ཟེར་སྲོལ་ཡོད་ཀྱང་། རེ་བ་བྱེད་པས་དོན་ཡོངས་སུ་འགྲུབ་བོ།
ད་ཀུན་དགའ་འདྲ་བོ་བགད་མོ་སློང་ཡག་རེད་་་་་་རྒྱ་ཞེན་པ་རེད་་་་སྐད་ཆ་ཚང་མ་རྫུན་མ་མ་རེད་བེ་་་་་ངས་ནི་མི་དེ་ཚོའི་སྐད་ཆ་རྡོག་རྫིས་ཁོ་ན་ལས་མེད་་་
མཁས་དབང་ཆེན་མོ་རྒྱ་བོད་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་དང་འབར་པ་སྐལ་བཟང་རྒྱལ་མཚན་གཉིས་ལ་དེ་རིང་ཏང་གི་གོང་མ་ཞིང་ཅིན་ཕིང་གིས་འགྲམ་ལྕག་ཚ་ཐག་ཞིག་བརྒྱབ་འདུག་ག ཁྱོད་ཚོས་ཉམས་ཞིབ་དང་ཚོད་དཔག་བྱེད་སྟངས་དེ་དག་གི་གྲུབ་དོན་སྟོང་པ་ཉིད་དུ་གྱུར་འདུག་ག མ་ཤེས་ཤེས་མདོག་བྱེད་ཀྱི་ག་དུས་མཚམས་འཇོག་གི་ཡིན་ནམ།་་་་ཧཧཧཧ
འཇམ་དབྱངས་མི་ཡི་རྣམ་སྤྲུལ་ཏང་གི་གོང་མ་ཆེན་པོ་ཞིང་ཅན་ཕིང་མཆོག་གི་བོད་ལ་འཛིན་པའི་སྲིད་ཇུས་ལ་རེ་བ་རྒྱབ་རྒྱུ་ཡོད་མདོག་མདོག་དང་། རྒྱ་ནག་གཞུང་གི་བཏོན་པའི་རྒྱ་ཤ་དཀར་པོའི་དེབ་དེ་ཏང་གི་གོང་མ་ཞིང་ཅན་ཕིང་གི་སྲིད་ཇུས་མིན་མདོག་མདོག
རྒྱབ་ཤ་དཀར་པོའི་དེབ་གཏོན་མཁན་ཀྲུའུ་ཝན་ཆིན་དང་ཡེ་རྡོ་གཉིས་ཡིན་པའི་ཟོལ་འདྲ། ཀྲུའུ་ཝན་ཆིན་དང་ཡེ་རྡོ་གཉིས་འགན་ཁུར་མེད་པའི་མི་ཡིན་མདོག་མདོག ཏང་གི་གོང་མ་ཞིང་ཅན་ཕིང་གིས་བོད་ལ་འཛིན་པའི་སྲིད་ཇུས་གཞན་ཞིག་སླེབས་ཡོང་གི་མདོག་མདོག་བཤད་བཞིན་གདའ།
སྔོན་མར་མི་འདི་གཉིས་ཀྱིས་མང་པོ་བཤད་སོང་། གུན་ཁྲན་ཏང་གི་དཔོན་རིགས་ནང་དུ་ལྟ་བ་མཁྲེགས་འཛིན་ཅན་དང་གུ་ཡངས་ཅན་གྱི་སྲིད་ཇུས་འཛིན་མཁན་གཉིས་མདོག་མདོག་ལོ་མང་ལ་བཤད་སོང་། ཧ་ལམ་མིན་ན་ལྟ་བ་མཁྲེགས་འཛིན་ཅན་གྱི་ཏང་གི་དཔོན་རིགས་རེ་གཉིས་མ་གཏོགས་གུ་ཡངས་ཅན་ཚང་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་མདོག་མདོག་བཤད་སོང་།
ཟླ་ཤས་གོང་དུ་རྒྱ་གཞུང་གིས་ཏང་གི་ནང་དུ་དཔོན་རིགས་ལྟ་བ་མཁྲེགས་འཛིན་ཅན་དང་གུ་ཡངས་ཅན་ཟེར་བ་གཉིས་མེད་ལ་་སྔ་ཕྱི་བར་གསུམ་ཁ་བྲལ་རིང་ལུགས་ལ་ལྟ་བ་འཛིན་སྟངས་གཅིག་པ་ཡིན་ཞེས་གསལ་བསྒྲགས་བྱས་སོང་། དེས་་འབར་སྐལ་དང་ཀུན་འགལ་གཉིས་ལ་འགྲམ་ལྕག་ཚ་ཐག་ཆོད་རེ་བརྒྱབ་སོང་། དེང་སང་འདིར་བཤད་ཀྱི་མི་འདུག་ག་་་་ཧཧ
རྒྱ་ནག་ནང་གི་དཔོན་རིགས་ལྟ་བ་མཁྲེགས་ཅན་རེ་གཉིས་ཀྱིས་མ་གཏོགས་གུ་ཡངས་ཅན་ཚོས་དབུ་མའི་ལམ་ལ་ངོས་ལེན་ཡོད་མདོག་མདོག་བྱས་ནས་དུས་ཚོད་མང་པོ་བཕྲོ་བརླག་བཏང་སོང་། ལོ་མང་པོའི་དུས་ཚོད་འཕྲོ་བརླག་བཏངས་སོང་། བློ་སེང་གི་དུས་ཚོད་ཚང་མ་འཕྲོ་བརླག་གཏངས་སོང་།
ད་་་མུ་མཐུད་ནས་ཀྲུའུ་ཝན་ཆིན་དང་ཡེ་རྡོ་གཉིས་སྡུག་སྡུག་ནས་མ་གཏོགས་ཏང་གི་གོང་མ་ཞིང་ཅན་ཕིང་མཆོག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་རེ་བ་རྒྱབ་ཀྱི་ཡོད་མདོག་མདོག་བཤད་ནས་དུས་ཚོད་སྐྱེལ་ཐུབ་པའི་ཐབས་ཇུས་བཀོད་ཀྱི་ཡོད་པར་འདྲ། ཐབས་ཇུས་འདི་འཐབ་ཕྱོགས་གཅིག་ཁང་གི་ཐབས་ཇུས་ཡིན་ནམ།
བོད་མི་དམངས་ཀྱིས་རྒྱལ་བཙོང་བ་ཚོའི་ཁ་ལ་བལྟ་ནས་མགོ་སྐོར་འོག་ཏུ་མི་ལྷུང་བར་གནང་རོགས། སྤྱང་པོ་གནང་རོགས།
བོད་རེ་བས་ཕུང་ཟེར་བ་འདི་འགྲུབ་ཡ་མེད་པའི་བྱ་བ་ཞིག་ལ་རེ་བ་བརྒྱབ་ནས་དུས་ཚོད་འཕྲོ་བརླག་ཤོར་འགྲོ་བ་དང་། དེའི་བར་དུ་བོད་མི་མགོ་སླ་པོ་མང་པོའི་རྒྱུད་ལ་རྒྱ་དགའ་བའི་འདུ་ཤེས་སྐྱེས་ཡོང་བ། ཏང་གི་ཨབ་ཕྲུག་རྒྱ་མི་དག་གིས་བཙན་བྱོལ་བོད་མི་ལ་བཀའ་སློབ་གནང་སའི་གོ་སྐབས་ཐོབ་ཀྱི་ཡོད་པ། འཐབ་ཕྱོགས་གཅིག་གྱུར་ཁང་གི་སྲིད་ཇུས་ལྟར་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་སེམས་པ་རྒྱ་གཞུང་གི་ཕྱོགས་སུ་འགུག་ཐབས་དང་འགའ་རེའི་སེམས་པ་གུག་ཡང་འགྲོ་གི་ཡོད་པ། རྒྱལ་བཙོང་བ་མགོ་མཐོ་བ། རྒྱལ་གཅེས་པ་ཉམས་ཕྲ་བ་སོགས་བོད་ཕུང་ལ་སྦྱར་བའི་གནད་དོན་མང་པོ་ཞིག་ཐོན་ཡོང་གི་ཡོད།
ད་སྐུ་ངོ་ལྷན་རྒྱས་ནས་དགོས་མེད་ཀྱི་གཏམ་བཤད་མ་སྤེལ་རོགས། ཞིས་ཅིན་ཕེན་ལ་དམིགས་བྱ་གཅིག་ཡོད་པ་ནི་གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གྱི་དབང་ཆ་རྒྱ་ནག་གཞུང་ལ་ཡོད་ཅེས་ཚིག་ཐག་ཆོད་པོས་བསྒྲགས་ཟིན་པ་ལྟར་རེད། དེ་ལ་དཔག་པའི་འགྱུར་བ་ཕྲན་བུ་གཏོང་སྲིད་ཀྱང་དེ་ནི་བོད་དོན་ལ་འབྲེལ་བ་སྤུ་ཙམ་ཡང་མི་འདུག་ག
ཀུན་དགའ་བཀྲིས་ནི་དབུ་མའི་ལམ་གྱིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་ལས་གཞན་ལམ་ཁ་ཞིག་མེད་པ་བཤད་མཁན་ཞིག་རེད། དེ་ནི་ཁོ་རང་གི་འཚོ་ཐབ་ཟེར་ན་རེད། གདན་ཐོབ་ཟེར་ན་ཡང་ཆོག། ཁོང་རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་གྱི་མ་རྩ་རེད། དེ་སྔོན་ཨ་རིའི་དོན་ཁང་དུ་མི་ལོ་ལྔ་དྲུག་ཞིག་གི་རིང་ལ་བོད་རྒྱ་འབྲེལ་མཐུད་པ་བྱས་སྐབས་སུ་རྒྱ་རིགས་མི་སྣ་འདྲ་མིན་བརྒྱ་སྐོར་ཞིག་ལ་ངོ་སྟོད་དང་མགྲོན་འབོད་ཐུགས་སྤྲོ་སོགས་གྱིས་ཨ་སྒོར་སྟོང་ཕྲག་མང་པོས་མགྲོན་བསུ་དང་འབྲེལ་དབུ་མའི་ལམ་གྱི་ཆེ་བ་བརྗོད་སྡོད་པ་རེད། སྐབས་དེ་དུས་ནས་དབུ་མའི་ལམ་ལ་རྒྱ་རིགས་མི་དམངས་དང་ཤེས་ཡོན་ཅན་སོགས་རྒྱ་རིགས་ཚོས་རྒྱབ་སྐྱོར་ཤུགས་ཆེ་ཡོད་ཚུལ་རྫུན་གཏམ་རྐྱང་བཤད་ནས་བོད་མི་རྣམས་མཁོ་སྐོར་བཏང་སྡོད་པ་རེད། དོན་དངོས་སུ་ཁོ་རང་གཙོས་པའི་བཙན་བྱོལ་དུ་རྒྱ་རིགས་འབྲེལ་མཐུད་པ་ཚོའི་རྒྱུད་ནས་རྒྱ་མི་རིགས་བརྒྱ་ཕྲག་ཁ་ཤོས་ཙམ་ལས་འབྲེལ་བ་བྱེད་ཐུབ་ཡོད་མ་རེད། ཐུགས་སྤྲོ་དང་ངོ་སྟོད་ཀྱིས་སྐྱོང་བའི་རྒྱ་རིགས་མང་ཆེ་བས་ཁོ་རང་ཚོའི་ལངས་ཕྱོགས་དང་དགོས་མཁོ་དང་འཚམས་པའི་ལས་དོན་སྒྲུབ་པ་ལས་བོད་པ་ཚང་ལ་ཁ་ཞེན་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་མེད་པ་གསལ་པོ་རེད། རྒྱུ་མགྲོན་དང་ངོ་སྟོད་བྱས་པའི་རིན་བབ་ཙམ་གྱིས་བོད་དོན་སྒྲུབ་ཀྱི་མེད། འགའ་ཞིག་གིས་ཁ་བཟང་ངོ་བཟང་གིས་རྣམ་འགྱུར་སྟོན་པ་དེ་ཡང་ཁོ་རང་ཚོའི་མིང་གྲགས་དང་ཁེ་བབ་སོགས་ཀྱི་ཆེད་དུ་གཙོ་གཉེར་བྱེད་ཀྱི་ཡོད། གྲངས་ཀྱི་ཆ་ནས་ཡང་ཆེས་ཉུང་ཉུང་ཙམ་ལས་མེད། ཕྱི་ཕྱོགས་སུ་བོད་ཀྱི་བླ་གྲྭ་ཆ་ངེ་ཆུང་ངེ་དེ་ཚོས་རྒྱ་རིགས་བརྒྱ་ཕྲག་མང་པོའི་བློ་ཁ་སྒྱུར་ནས་འགྲོ་སྡོད་ཀྱི་ཡོད། དེ་དག་ལ་ལྟོས་ན་རྒྱ་རིགས་འབྲེལ་མཐུད་པ་ཚོར་འཇོན་ཐངས་དང་ནུས་པ་གང་ཡང་མེད་པས་དབུ་ལམ་ལ་ཁ་བཟང་གིས་སྤྱི་རྒྱུ་སྒེར་སྤྱོད་ཙམ་གྱིས་བྱ་བ་རེ་གཉེར་ནས་དུས་ཚོད་སྐྱེལ་བ་རེད།
གངས་ཕྲུག་ནས་འདྲ་པོ་བཤད་སོང་། དབུ་མའི་ལམ་གྱི་ཁ་གཡང་སྒྲོགས་ནས་རང་ཉིད་ཐོབ་དང་གོ་ས་འཚོལ་སྡོད་མཁན་ནི་ཁོ་ཚོའི་གྲལ་རྣམས་རེད། དབུ་ལམ་སྤྱོད་ནས་རྒྱ་མི་རིགས་འགུག་རྒྱུ་ཕར་ཟད་རེད། བོད་མི་ཚོ་ཁ་བྲལ་འགྲོ་བའི་རྒྱུ་རྐྱེན་དུ་འགྱུར་བཞིན་པ་འདི་ཚོར་སེམས་ཀྱི་བཟོད་པར་ཡ་མཚན་རེད། འབྲས་བུ་མེད་པའི་དབུ་མའི་ཁོག་སྟོང་འདི་ཚོར་སྙིང་ན་གྱིན།
ད་ཡིན་ན་ཀུན་དགའ་ཟེར་བ་དེས་རྫུན་གཏམ་བཤད་སོང། སྔོན་མ་ནེ་འུ་ཡོག་ལ་་ཡོད་དུས་རྒྱ་དམར་གཞུང་ཚབ་ནས་ཤོག་ཆག་དམར་པོའི་ནང་ལ་དངུལ་མང་པོ་བླང་པ་རེད་ཟེར་བའི་གཏམ་དེ་། ཀར་ཡོལ་ཆག་ཀྱང་། རི་མོ་བློ་ལ་ཡོད། ཞེས་པའི་དཔེ་ལྟར་ ད་དུང་ཡང་ལྷག་ཡོད།
བདེན་པ་བདེན་རྐྱང་རེད། ཆབ་སྲིད་ཀྱི་མིག་ཡོད་མཁན་ཞིག་ཡིན་ན་ཞིས་ལ་རེ་་རྒྱབ་ཆོག
རྒྱ་གཞུང་གི་སྒེར་གཅོད་མཐོ་རིམ་དཔོན་རིགས་ཚོར་རེ་བ་ཡོད་མདོག་མདོག་བརྗོད་བཞིན་ད་བར་དུ་མི་ལོ་ག་ཚོད་ཅིག་བསྐྱལ་མ་སོང་ངམ།
རྒྱའི་ཉམས་ཞིབ་པར་རློམ་མཁན་འདི་རིགས་དང་། དམར་ཤོག་གིས་རིག་གནས་གསར་བརྗེའི་དོན་རྐྱེན་ཚང་མ་རྒྱ་མི་བཞི་ཡི་མགོར་འགེལ་སྟངས་གཉིས་འདྲ་བོ་མཐོང་སོང་།
རྒྱ་དཔོན་ཅིག་ཅིག་ཉིས་ཉིས་ལ་རེ་བ་ཡོད་མདོག་བརྗོད་མཁན་འདི་ཚོར་གཞན་ཕར་ཞོག ཐ་ན་རྒྱ་ནག་གཅིག་གི་ལངས་ཕྱོགས་དང་མི་རིགས་ཆེན་པོའི་ལྟ་བ་ཤུགས་ཆེན་ལྷན་སྐྱེས་སུ་ཡོད་པའི་རྒྱ་རིགས་ཚོའི་སེམས་ཁམས་ཙམ་ལ་ཡང་རྒྱུས་ལོན་གཏན་ནས་མི་འདུག
རྒྱ་སྐད་ཐ་ཐོར་ཤེས་མཁས་འདི་ཚོས་བོད་རེ་བས་ཕུང་པའི་དབུ་ལམ་་ལ་སྐྱོར། ཐ་ན་གོང་ས་མཆོག་ལ་ཡང་དབུ་སྐོར་གཏང་བ་དེ། རྒྱ་ཐམ་པའི་ཁ་ཁོག་ཀྱང་། སྟོང་ཐམ་པའི་མིག་མི་ཁོག་ཞེས་པ་དཔེ་ལྟར་རེད། རྒྱ་རོས་བོད་ཇི་སྡུགས་དང་ཇི་དམ་གཏང་བ་དང། བོད་ནང་དུ་ཉི་རེར་བོད་མི་མང་པོ་བཙོན་བཅུག་པ་དང་། དོན་མེད་ཉེས་སྡུང་གཏང་བ་འདི་ཚོ་ལྟོས་དང། རྒྱ་འདྲེ་དམར་པོས། གོང་ས་མཆོག་ས་ཕྱོགས་གང་ལ་ཕེབས་ཀྱང་བཀག་འགོག་དང་། མཚན་དམས་གཏང་བ་ལས་གཞན་མེད་པས་ཁྱི་རྒན་རོ་ཡིན་ཕྱིན་ཆད་། ནང་པ་དང་ཁ་ཆེ་། ཡེ་ཤོས་གང་འདྲ་ཡིན་ཡང་བོད་ཟ་སེམས་མ་ཏོག་མེད་དོ།
ཡམ་བུ་ལ་སྒང་མཁར་དང་། ཡར་ལུང་རི་དང་བཅས་པའི་ས་བཀྲ་དེ་དངོས་མ་བཤུས་ཡོད་པ་ལྟ་བུ་འདུག གུས་པ་༡༩༨༧་ལོར་དེར་ལྟ་བསྐོར་དུ་སླེབས།
་
ཆོས་རྣམས་རྐྱེན་བཞིན་ཏེ།
འདུན་པའི་རྩེ་ལ་རབ་ཏུ་གནས།
་
བོད་རེ་བས་ཕུངས། ཞེས་ཟེར་སྲོལ་ཡོད་ཀྱང་། རེ་བ་བྱེད་པས་དོན་ཡོངས་སུ་འགྲུབ་བོ།