ཨ་འདུས་སྐལ་བཟང་རྒྱ་མཚོ།
དམ་པ་ཁོང་གི་བླ་ན་མེད་པའི་མི་རིགས་ལ་བཅངས་པའི་ཐུགས་སེམས་དཀར་པོའི་མཛད་སྤྱོད་དང་། རང་ཉིད་ཆོས་ལུགས་པ་ཞིག་ཡིན་པའི་ངོས་ཐད་ནས་བྱམས་བརྩེ་དང་ཤེས་རབ་བསྣོལ་བའི་རྒྱུན་གྱི་ཉམས་བཞེས་དེས་ང་ཚོའི་སེམས་པར་ནམ་ཡང་གཟིམས་རྒྱུ་མེད་པའི་སྒྲོན་མེ་ཞིག་སྤར་ཡོད།
དེ་བས་ཀྱང་། ཁོང་རིན་པོ་ཆེ་སྐུ་མྱ་ངན་ལས་འདར་ཁར་བུ་སློབ་ཚོ་གཙོ་བྱས་པའི་རང་རེ་གངས་ཅན་པ་རྣམས་ལ། “རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས།” ཞེས་དུས་དང་འཚམས་པའི་ལུགས་གཉིས་ཀྱི་བསླབ་བྱ་རིན་ཐང་ཅན་འདི་འདྲ་གནང་བ་ནི། ཕྱི་ནང་སྣོད་བཅུད་གང་ཐད་ནས་ཧ་ཅང་ཉག་ཕྲ་བའི་རང་རེ་གངས་ཅན་པ་དག་ལ་མི་རེའི་ཐོད་ན་ནམ་ཡང་ལོང་མི་སྲིད་པའི་མིག་རེ་གནང་བ་ལས་ཀྱང་རླབས་ཆེ་བའི་མཛད་པར་མཐོང་ངོ་།།
ཕྱི་ལོ་༢༠༡༥། ༨། ༡༡། ཉིན་ཤར་ཕྱོགས་རྡོ་རྗེ་གླིང་ནས་ཕྱིར་དྲན་གྱི་ཟིན་ཐོར་བཀོད་པའོ།
“རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས།” འདི་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་པར་དང་མཉམ་དུ་ཡང་འདུག་པས་དོན་ངོ་མར་སུས་མཛད་པ་ཡིན། པཎ་ཆེན་གྱིས་ཁོང་ལ་གནང་བ་ཡིན་ནམ་ཁོང་གིས་པཎ་ཆེན་ལ་ཕུལ་བ་ཡིན། དྲི་ལན་ཡག་པོ་ཐོབས།
ངོ་མ་འཐོམ་སོང་། དོན་དངོས་ཐོག་གོང་ཚིག་འདི་སུས་གསུངས་པ་རེད། ངས་ཀྱང་ལན་ལ་སྒུག་བསྡད་ཡོད།
ཧ་ཧ་ཧི་ཧི། སྲིད་དོན་པ་དང་ཆབ་སྲིད་པ་ཟེར་བ་ཚོ་ལ་རང་ཚུགས་ཡོད་ན་རྣམ་རྟོག་རེད། གཞན་སེམས་མི་དཀྲུག་མཁན་ཆབ་སྲིད་པ་གཅིག་གང་ན་འདུག །
ཨ་ལེ་ཀླུ་སྨྱོན་ཧེ་རུ་ཀས་མ་མཁྱེན་པ་ཡིན་ནམ། ཅོ་འདྲི་བ་ཡིན་ནམ། གང་ལྟར་“རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས།”ཞེས་པ་འདི་གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་སམ་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འདའ་ཁའི་ཞལ་གདམས་རེད། པན་ཆེན་བཅུ་བས་གང་ན་གསུངས་འདུག་གམ། གལ་ཏེ་གསུངས་ཡོད་ན་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་གྱུར་པ་མ་ཡིན་ནམ། xxx
ཀླུ་ལགས། པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་པར་དང་མཉམ་དུ་ཡོད་པ་དེ་རྫུན་བཟོ་མ་རེད་དམ། མིན་ན་འདིའི་ནང་ལ་འགྲེམ་སྤེལ་གྱིས་དང་དཔྱད་ཆོག་རེད་སྙམ། གཞན་ཡོད་ཡོད་མང་པོ་བཙལ་དུས་དབུ་མ་ཐལ་འགྱུར་བའི་དགག་བྱ་དང་ཅིག་པ་རེད་འགྲོ་མ་རེད་ལེ།
རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས། འདི་པན་ཆེན་རིན་པོ་སྐུ་ཕྲེང་བཅུ་བ་མཆོག་གི་དང་ཐོག་གསེར་རྟ་བླ་རུང་སྒར་ཕྱག་འདེབས་གནང་སྐབས་བསྩལ་བའི་བཀའ་སློབ་ཞིག་ཡིན་པ་མ་ཟད་ཁོང་ཚང་གི་ཕྱག་བྲིས་གནང་སྟེ་དགོན་པའི་ནང་རྟེན་ཏུ་བཞག་ཡོད་པ་གོ་མྱོང་། ལོ་ཁ་ཤས་སྔོན་ལ་ཕྱག་བྲིས་དེའི་སྐུ་པར་དྲྭ་ཐོག་སོགས་ནས་འཇལ་ཐུབ་མོད། ད་སྐབས་འཇལ་ཡ་མི་འདུག གཅིག་བྱས་ན་འཕུར་སོང་བ་མིན་འགྲོ།
རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས། འདི་པན་ཆེན་ཪིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་གསེར་རྟ་མཁན་པོ་ལ་གནང་བའི་ཕྱག་བྲིས་ཡིན་པ་བོད་ནང་ལ་ཡོངས་གྲགས་རེད།