ཁྲོ་གཏུམ།
རྩྭ་ཐང་གི་མེ་ཏོག་བཏུ་ཞོར་རི་གླུ་བྲག་ཅས་བརྐུས
ལུག་གི་ན་བུན་དལ་བུར་སྤང་ཁུག་གི་རྒྱན་ལ་འདྲེས་དུས
ངས་རང་ཉིད་ཀྱི་སེམས་ཁམས་ཆེ་རུ་བསྐྱེད་དེ
མིག་གི་འོད་མདའ་རྒྱང་རིང་གི་གནམ་མཐར་འཕངས
མེ་ཏོག་དབྱར་གཞུང་ལ་འཐིབ་པའི་དྲི་བསུངས་ཆལ་ཆིལ
བྱ་བྱེའུ་འབའ་འབུ་ཡི་རོལ་དབྱངས་རྣ་བས་རོལ་དུས
ངས་རང་ཉིད་ལ་སེམས་གསོ་ཐེངས་གཅིག་བྱས་ཏེ
སྤྲོ་སྣང་གི་རོགས་པ་ཞིག་རག་པར་བསམ
འདི་དག་ནི་ངའི་ལོ་རྒྱུས་ཁྲོད་ཀྱི་གཏམ་རྒྱུད་དེ
ཕྱིར་མིག་དང་ཕྱིར་དྲན་ལ་ལས་བརྡ་བྱེད་ཞོར
ཆེས་རིང་བའི་ཚ་གཞུང་དུ་ལྷག་ཡོད
དྲན་ཡུལ་ལ་ནམ་རྒྱུན་ཟུག་པ་དེ་ནི
ངའི་ཆུང་དུས་ཀྱི་སྣང་བ་བསོར་མོ་འཁྲབ་ཡུལ་དེ་ཡིན
༢༠༡༥།༠༨༡༤ཉིན་བྲིས།