ཕ་མའི་ཚོགས་ཆེན་སར་སྲིད་སྐྱོང་གིས་གསུང་བཤད་གནང་བ། Posted on 2015-08-152015-08-15 By ཁ་བརྡ 1 Comment on ཕ་མའི་ཚོགས་ཆེན་སར་སྲིད་སྐྱོང་གིས་གསུང་བཤད་གནང་བ། གློག་བརྙན་།
སྲིད་སྐྱོང་གིས་ཅི་ཞིག་གི་སྟབས་ཀྱིས་ད་ལྟ་གཞི་ནས་བོད་སྐད་ཡིག་གི་སྐོར་དང་། འདབ་གཤོག་གཉིས་ལྡན་ལྟ་བུའི་ཚིག་འདྲ་བརྗོད་ཁུལ་བྱེད་ཀྱི་འདུག བོད་སྐད་ཡིག་གི་སྐོར་ནས་བརྗོད་དུས་བོད་སྐད་ཡིག་གི་གལ་ཆེའི་རང་བཞིན་ཐད་དུ་ཁོང་ལ་རྒྱུས་མངའ་མེད་པའི་ཉམས་དེ་ནི་ཤུགས་ཀྱིས་གསལ་ཡོང་བ་ཞིག་རེད། སྔོན་ཆད་ནས་ཤེས་ཡོན་དེ་ཆེས་གལ་འགངས་ཆེན་པོ་ཞིག་ཏུ་གཟིགས་པའི་གནས་བབ་འོག་ནས་ད་ཡོད་སློབ་གྲྭ་ཁག་ཆེད་བཙུགས་བྱས་ཡོད་པ་ཀུན་གྱིས་མཁྱེན་གསལ་ཡིན་གཤིས། བཀའ་ཤག་སྐབས་བཅུ་བཞི་པས་ཞེས་ཤེས་ཡོན་ཐད་ནས་དམིགས་བསལ་ཞིག་བྱས་རབས་བསྐྱར་བསྒྲགས་བྱས་བསྡད་པ་དེ་ནི་”ཤེལ་ལ་ནོར་བུའི་ཁ་བསྒྱུར་ཡང་།། ཆུ་དང་འཕྲད་ན་རང་མདོག་སྟོན།།”ཞེས་པར་འགྱུར་ཉེན་ཆེ་བས་དམིགས་བཀར་མང་དུ་བྱེད་དོན་མི་འདུག ནུབ་ཕྱོགས་ཨ་རི་ལྟ་བུར་མཚོན་ན། སློབ་ཕྲུག་གི་ཕ་མ་ཚོའི་རང་འགན་ལེན་པ་དེ་བཞིན་སློབ་གྲྭའི་ངོས་ནས་ཀྱང་ཕ་མ་ཚོ་ལ་དུས་ལྟར་བརྡ་ལན་གཏོང་བ་དང་འོས་འགན་བསྐུལ་བ་ཡིན། དེ་ཙམ་དུ་མ་ཟད་གཞི་རིམ་སློབ་གྲྭ་རྣམས་ནི་ཐག་ཉེའི་ས་གནས་རང་དུ་ཡོད་རྐྱེན། སློབ་ཕྲུག་སུ་ཡིན་ཉིན་རེའི་སློབ་དུས་ཚར་མཚམས་ཕ་མའི་སར་ནང་དུ་ལོག་དགོས་པ་ལས་རྒྱ་གར་ལྟར་གྱི་སློབ་གྲྭར་རྒྱུན་སྡོད་བྱེད་དགོས་པ་དེ་རིགས་མེད་པས་སྟབས་བདེ་ཁྱད་ཆེན་པོ་ཡོད།
སྲིད་སྐྱོང་གིས་ཅི་ཞིག་གི་སྟབས་ཀྱིས་ད་ལྟ་གཞི་ནས་བོད་སྐད་ཡིག་གི་སྐོར་དང་། འདབ་གཤོག་གཉིས་ལྡན་ལྟ་བུའི་ཚིག་འདྲ་བརྗོད་ཁུལ་བྱེད་ཀྱི་འདུག བོད་སྐད་ཡིག་གི་སྐོར་ནས་བརྗོད་དུས་བོད་སྐད་ཡིག་གི་གལ་ཆེའི་རང་བཞིན་ཐད་དུ་ཁོང་ལ་རྒྱུས་མངའ་མེད་པའི་ཉམས་དེ་ནི་ཤུགས་ཀྱིས་གསལ་ཡོང་བ་ཞིག་རེད།
སྔོན་ཆད་ནས་ཤེས་ཡོན་དེ་ཆེས་གལ་འགངས་ཆེན་པོ་ཞིག་ཏུ་གཟིགས་པའི་གནས་བབ་འོག་ནས་ད་ཡོད་སློབ་གྲྭ་ཁག་ཆེད་བཙུགས་བྱས་ཡོད་པ་ཀུན་གྱིས་མཁྱེན་གསལ་ཡིན་གཤིས། བཀའ་ཤག་སྐབས་བཅུ་བཞི་པས་ཞེས་ཤེས་ཡོན་ཐད་ནས་དམིགས་བསལ་ཞིག་བྱས་རབས་བསྐྱར་བསྒྲགས་བྱས་བསྡད་པ་དེ་ནི་”ཤེལ་ལ་ནོར་བུའི་ཁ་བསྒྱུར་ཡང་།། ཆུ་དང་འཕྲད་ན་རང་མདོག་སྟོན།།”ཞེས་པར་འགྱུར་ཉེན་ཆེ་བས་དམིགས་བཀར་མང་དུ་བྱེད་དོན་མི་འདུག
ནུབ་ཕྱོགས་ཨ་རི་ལྟ་བུར་མཚོན་ན། སློབ་ཕྲུག་གི་ཕ་མ་ཚོའི་རང་འགན་ལེན་པ་དེ་བཞིན་སློབ་གྲྭའི་ངོས་ནས་ཀྱང་ཕ་མ་ཚོ་ལ་དུས་ལྟར་བརྡ་ལན་གཏོང་བ་དང་འོས་འགན་བསྐུལ་བ་ཡིན། དེ་ཙམ་དུ་མ་ཟད་གཞི་རིམ་སློབ་གྲྭ་རྣམས་ནི་ཐག་ཉེའི་ས་གནས་རང་དུ་ཡོད་རྐྱེན། སློབ་ཕྲུག་སུ་ཡིན་ཉིན་རེའི་སློབ་དུས་ཚར་མཚམས་ཕ་མའི་སར་ནང་དུ་ལོག་དགོས་པ་ལས་རྒྱ་གར་ལྟར་གྱི་སློབ་གྲྭར་རྒྱུན་སྡོད་བྱེད་དགོས་པ་དེ་རིགས་མེད་པས་སྟབས་བདེ་ཁྱད་ཆེན་པོ་ཡོད།